མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཇི་ནེ་ཝའི་བོད་དོན་ཚོགས་ཆེན།

བོད་ཀྱི་དུས་བབ།
༢༠༠༩/༠༧/༢༧
Share on FacebookShare on TwitterShare on EmailShare on Whatsapp

བོད་རིགས་དང་རྒྱ་རིགས་ཤེས་ཡོན་པ། རྩོམ་པ་པོ། གསར་འགོད་པ། ཁྲིམས་རྩོད་པ། སྤྱི་ཚོགས་ཞབས་ཞུ་བ་བཅས་མི་གྲངས་ ༡༠༠ ལྷག་བརྒལ་བའི་ཚོགས་ཆེན་ཞིག་ཇི་ནེ་ཝར་འཚོགས་རྒྱུ་རེད། གོང་གསལ་ཚོགས་ཆེན་འདིའི་གསར་འགོད་འབྲེལ་གཏུགས་པ་ཆོས་འཕེལ་སྦ་ལོག་ལགས་ཀྱིས་དེ་རིང་གསར་འགོད་གསལ་བསྒྲགས་སྤེལ་བ་ལྟར་ན། བོད་རིགས་དང་རྒྱ་རིགས་གཉིས་ལས་གྲུབ་པའི་ཚོགས་ཆེན་འདི་ནི་འཆར་ཟླའི་ཚེས་ ༦ ཉིན་ཇི་ནེ་ཝར་འཚོགས་གཏན་འཁེལ་ཡོད་པ་དང་། འདི་ནི་བོད་རྒྱ་མི་རིགས་གཉིས་ཁོ་ནས་གྲུབ་ཡོད་སྟབས་སྔར་གྱི་ཚོགས་ཆེན་ཁག་དང་བསྡུར་ན་རྣམ་པ་གསར་པ་ཞིག་ཡིན་པར་བརྗོད་ཀྱིན་ཡོད། ཚོགས་ཆེན་འདི་བསྡུ་མཁན་ནི་རྒྱལ་སྤྱིའི་འདུམ་སྒྲིག་མཐུན་ཚོགས་དང་སུད་སིའི་བོད་ཀྱི་གྲོགས་པོའི་མཐུན་ཚོགས་གཉིས་ཡིན་པ་དང་། རྒྱལ་སྤྱིའི་འདུམ་སྒྲིག་མཐུན་ཚོགས་ཀྱི་སྐུ་ཞབས་ཇོ་ན་ཐན་སི་སོན་ལགས་ཀྱིས། ཚོགས་ཆེན་འདིའི་དམིགས་ཡུལ་ནི་བོད་རྒྱའི་སྤྱི་ཚོགས་གཉིས་ཀྱི་བར་ཕན་ཚུན་གོ་རྟོགས་ཡག་པོ་ཞིག་ཡོང་བའི་ཆེད་དང་། བོད་ཀྱི་གནད་དོན་འདིར་ཞི་བའི་ཐག་གཅོད་ཀྱི་ལམ་ཁ་ཞིག་འཚོལ་ཆེད་ཡིན་ཅེས་གསུངས་ཡོད། སུད་སིའི་བོད་ཀྱི་གྲོགས་པོའི་མཐུན་ཚོགས་ཀྱི་སྐུ་ཞབས་བཀྲ་ཤིས་སྟག་ཚང་ལགས་ཀྱིས། འདི་ནི་བོད་རྒྱ་མི་རིགས་གཉིས་ཀྱི་མངོན་འདོད་ཡིན་པ་མ་ཟད། འདིའི་རྒྱ་ནག་གི་ཕུགས་རྒྱང་རིང་པོའི་ཡར་རྒྱས་ཞབས་འདེགས་དང་། ཨེ་ཤ་ཡའི་མངའ་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་ཕན་ནུས་འདོན་ཐུབ་པར་གསུངས། ཕྱི་ཚེས་ ༦ ཉིན་༧གོང་ས་མཆོག་ཚོགས་ཆེན་འདིའི་ཚོགས་མགོན་དུ་ཕེབས་ཏེ། ཚོགས་འདུ་དབུ་འབྱེད་ཀྱི་གཏམ་བཤད་གནང་རྒྱུ་དང་། དེ་བཞིན་ ༡༩༨༠ གྱ་གྲངས་ནང་སྐབས་དེའི་རྒྱ་ནག་གི་སྲིད་འཛིན་ཀྲའོ་ཙི་དབྱང་གི་འོག་ཏུ་རྒྱ་ནག་གི་ཆབ་སྲིད་བསྒྱུར་བཅོས་ཚོགས་ཆུང་གི་ནང་དུ་ཕྱག་ལས་གནང་མཁན་དང་། རྒྱ་ནག་གི་རང་དབང་འཐབ་རྩོད་པའི་ཕྱོགས་ཀྱི་མཁས་དབང་སྐུ་ཞབས་ཡན་ཅ་ཆིས་ཉིན་དེར་དམིགས་བསལ་གསུང་བཤད་གནང་རྒྱུ་ཡིན་འདུག

མཆན། 6

  1. ནད་པ says:
    ལོ་ 14 སྔོན།

    བསེ་རུ་ལགས་ཐུགས་རྗེ་ཆེ། སྐྱོན་བརྗོད་ནི་རོགས་རམ་ཡིན་པས་དགའ་བསུ་ཞུ།

    Reply
  2. བསེ་རུ། says:
    ལོ་ 14 སྔོན།

    དྲ་གྲོགས་ནད་པ་ལགས།
    ཉིད་ཀྱི་ཚིག་གི་ནང་
    གོ་སྒྲིགས།
    ཐགས་རྗེ་ཆེ། གཉིས་ཡིག་ནོར་ཡིན་པས་བཅོས་ཡོད། གོ་སྒྲིགས་ནི་གོ་སྒྲིག་དང་། ཐགས་རྗེ་ཆེ་ནི་ཐུགས་རྗེ་ཆེ་ཡིན། འདི་ནི་བླུན་པོ་འཕྱུགས་ན་མཐོ་གང་། །མཁས་པ་འཕྱུགས་ན་འདོམ་གང་། ཞེས་པའི་དཔེ་ཟླར་འགྲོ་སྲིད་པས་ཡིད་འཇགས་ཡོད་པ་ཞུ།

    Reply
  3. ནད་པ says:
    ལོ་ 14 སྔོན།

    རྒྱལ་སྤྱིའི་འདུམ་སྒྲིག་ཚོགས་པ་དང་སུད་སིའི་བོད་ཀྱི་གྲོགས་པོ་ཚོགས་པས་གོ་སྒྲིགས་འདི་འདྲ་ཞིག་གནང་བར་སྙིང་དབུས་ནས་ཐགས་རྗེ་ཆེ་ཞུ།

    ངའི་བསམ་པར་ཚོགས་ཆེན་འདིའི་ཚོགས་མགོན་དུ་༸ གོང་ས་མཆོག་མ་ཕེབས་པར་དེའི་ཚབ་ཏུ་ཁོང་གི་སྐུ་ཚབ་གཅིག་ཕེབས་ཐུབ་ན་ལེགས།

    རྒྱ་ནག་གི་སྐུ་ཞབས་ཡན་ཅི་ཆིས་རྒྱ་ནག་གཞུང་འབྲེལ་གྱི་འཐུས་མི་ཞིག་ཡིན་ན་༸ གོང་ས་མཆོག་ཕེབས་ན་དགེམཚན་ཆེ་པར་མངོན།

    Reply
  4. དྲ་རྒྱའི་དོ་དམ་པ། says:
    ལོ་ 14 སྔོན།

    བསྒྱུར་བཅོས་ནི་རང་སོར་བཞག་ཡོད། བོད་རྒྱ་ཚིག་མཛོད་ཆེན་མོའི་ནང་དུའང་དེ་ལྟར་དུ་བྲིས་འདུག

    Reply
  5. དྲ་རྒྱའི་དོ་དམ་པ། says:
    ལོ་ 14 སྔོན།

    སྐུ་ཞབས་བསེ་རུ་ལགས། བཅོས་ཡོད་དོ། ཐུགས་རྗེ་ཆེ།

    Reply
  6. བསེ་རུ། says:
    ལོ་ 14 སྔོན།

    རྒྱལ་སྤྱིའི་འདུམ་སྒྲིག་མཐུན་ཚོགས་དང་སུད་སིའི་བོད་ཀྱི་གྲོགས་པོའི་མཐུན་ཚོགས་གཉིས་ཀྱིས་འདི་ལྟར་ཞི་མཐུན་གྱི་ལམ་བུ་ཞིག་འཚོལ་ཆེད་གོ་སྒྲིག་གནང་བར་ང་རང་བོད་མི་དཀྱུས་མ་ཞིག་ཡིན་པའི་ངོས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

    འདིའི་ནང་རང་ཉིད་ཀྱིས་མཐོང་བའི་ཡིག་ནོར་རྣམས་བཅོས་ཁུལ་བྱས་ཡོད།

    མ་དག་པ། དག་པ།

    མཐིན་ཚོགས་ མཐུན་ཚོགས།
    ཕུག་རྒྱང་ ཕུགས་རྒྱང་།
    གོང་ས་ ༸གོང་ས།
    བསྒྱུར་བཅོས་ སྒྱུར་བཅོས།

    ལྷག་པར་མཇུག་དེར།

    གསུང་བཤད་གནང་རྒྱུ་རེད་ཡིན་འདུག ཅེས་པ་དེ་གསུང་བཤད་གནང་རྒྱུ་ཡིན་འདུག་ཅེས་འབྲི་ན་འོས་ཤིང་འཚམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist