མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཐོ་རིམ་སློབ་མས་བོད་ཀྱི་རིག་གནས་བགྲོ་གླེང་།

བོད་ཀྱི་དུས་བབ།
༢༠༠༩/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

སྤྱིར་ང་ལ་དེ་རིང་གི་བརྗོད་གཞི་འདིའི་སྒང་ལ་སྐད་ཆ་བཤད་རྒྱུའི་སྤོབས་པ་གང་ཡང་མི་འདུག གང་ཡིན་ཟེར་ན། ད་ལྟ་ང་ཚོའི་སྤྱི་ཚོགས་ཀྱི་དཀའ་ངལ་གཙོ་བོ་དེ། ངའི་ཟོལ་འདྲ་བོ། རིག་གནས་གང་ལ་མཁས་པ་རེད་ཟེར་ན། མཐར་ཕྱིན་པ་སྣ་གཅིག་ཀྱང་མེད་པ། སློབ་སྦྱོང་ཁྱོན་ནས་མེད་དམ་ཟེར་ན། ཕྱོགས་ཚང་མ་ཁུངས་འཁྱོལ་ལ་མ་འཁྱོལ་བ་རེ་ཤེས་པ་རྐྱང་རྐྱང་གིས་ཁེངས་ཡོད། ཟབ་སྦྱོང་དང་ལས་འགུལ་འགའ་རེའི་ཐོག་སྐད་ཆ་བཤད་པ་ཙམ་གྱིས་མཁས་དབང་གི་མིང་འདོག་གིན་ཡོད། ངེས་པ་དོན་གྱི་མཁས་པ་ཞིག་བགྲང་དགོས་ན་ཕལ་ཆེར་མཛུབ་མོ་འཛུགས་ས་གཅིག་ཀྱང་མེད་པའི་ཚད་དུ་སླེབས་ཡོད་ཟེར།

 

ཕྱི་ཚེས་ ༢༧ ཉིན་ས་རཱ་བོད་ཀྱི་གཞོན་ནུའི་གོ་སྒྲིག་འོག ས་རཱ་མཐོ་སློབ་ཏུ་༼ བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་གསུམ་པ ༽ དེ་འཚོགས་ཡོད་པ་དང་། རིག་གནས་བགྲོ་གླེང་འདིའི་འབུ་འབྱེད་མཛད་སྒོར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དབུས་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན། དེ་བཞིན་ངྷ་ས་རིག་ལམ་སློབ་གཉེར་ཁང་གི་འགན་འཛིན་བཅས་ཕེབས་ཡོད། ཕྱི་ཚེས་ ༢༧ ནས་ ༣༠ བར་ཉིན་གྲངས་ ༤ རིང་གི་བོད་ཀྱི་རིག་གནས་བགྲོ་གླེང་འདིར་རྒྱ་གར་ནང་གི་མཐོ་སློབ་ཁག་ ༡༠ ནས་སློབ་མ་ ༣༢ ཙམ་འཛུལ་ཞུགས་གནང་ཡོད།

 

སྐབས་དེར་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་མཆོག་གིས་ས་རཱ་བོད་ཀྱི་རིག་གནས་སློབ་གཉེར་ཁང་ངོ་སྤྲོད་དང་སྦྲགས། ས་རཱ་གཞོན་ནུའི་སྐུ་ཚབ་ཀྱིས་ཐེངས་འདིའི་བགྲོ་གླེང་གི་དམིགས་ཡུལ་བརྗོད་དོན། ཐེངས་འདིའི་བགྲོ་གླེང་ལ་དམིགས་ཡུལ་གཙོ་བོ་གསུམ་ཡོད། དང་པོ། ༧གོང་ས་མཆོག་གིས་མི་ལོ་ ༣༠ རིང་ཤེས་ཡོན་འཐུས་ཤོར་ཕྱིན་སྐོར་ནན་གྱིས་གསུངས་པ་དེར། བོད་རིགས་མཐོ་རིམ་སློབ་མ་ཚོར་ངོས་འཛིན་དང་དགོངས་འཆར་གང་འདྲ་ཡོད་པ། གཉིས་པ། བོད་ཀྱི་རིག་གནས་བགྲོ་གླེང་སྔ་མ་གཉིས་ཀྱི་ནང་དོན་ལྟར། རྒྱ་གར་མཐོ་སློབ་ཁག་གི་སློབ་ཕྲུག་ཚོའི་འབྲེལ་ལམ་ཇེ་ཟབ་དང་བོད་ཡིག་བོད་སྐད་ལ་འདྲིས་གོམས་ཆེ་རུ་གཏོང་རྒྱུ། གསུམ་པ། བོད་གཞིས་བྱེས་གཉིས་སུ་གྱེས་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་དང་བསྟུན་ཏེ། བཙན་བྱོལ་བོད་མིའི་ཤེས་ཡོན་གནས་བབ་ལ་ཕྱིར་རྟོག་དང་འབྱུང་འགྱུར་ཇི་ལྟར་འཕེལ་རྒྱས་སུ་གཏོང་རྒྱུར་བགྲོ་གླེང་བཅས་ཡིན། ཞེས་ངོ་སྤྲོད་གནང་བྱུང་།

 

དེའི་རྗེས་བོད་ཀྱི་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་ཀྱིས་གཏམ་བཤད་ཡིག་ཐོག་ནས་སྒྲོག་སྦྱང་གནང་བའི་སྙིང་དོན། རིག་གནས་ནི་མི་རིགས་དང་རྒྱལ་ཁབ་ཀྱི་མཚོན་རྟགས་དང་ཡར་རྒྱས་འཛུགས་སྐྲུན་གྱི་ལག་ཆ་ཉག་གཅིག་ཡིན། ད་ཆར་བོད་ཀྱི་ངོ་བོ་དང་ངོས་འཛིན་ལ་ཕྱོགས་འདྲ་མིན་ནས་འཇིག་ཉེན་འཕྲད་བཞིན་པའི་སྐབས་འདིར། བོད་ཀྱི་རིག་གནས་ནི་དེ་བས་ཀྱང་ང་ཚོའི་བླ་སྲོག་དང་སྟོབས་ཤུགས་གལ་ཆེན་ཞིག་ཆགས་ཡོད་སྟབས། དེ་རིང་གི་བརྗོད་གཞི་འདི་ཧ་ཅང་གི་གལ་ཆེན་དང་རིན་ཐང་ཅན་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད། ཅེས་དང་།  

 

ཉེ་རབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྤྱི་ཡོངས་ཤེས་ཚད་དང་ཡང་སྒོས་རིགས་གཅིག་རྐང་འཛིན་ཐད་འཐུས་ཤོར་ཕྱིན་པ་ནི། དམངས་གཙོའི་སྤྱི་ཚོགས་ཤིག་གི་ངོས་ནས་ཐུན་མོང་གི་ནོར་འཁྲུལ་ཞིག་ཏུ་ངོས་འཛིན་དགོས་པ་ཆགས་ཡོད། མཛུབ་མོ་གཞན་ལ་འཛུགས་རྒྱུ་མ་ཡིན་པར་རང་ཉིད་ནས་མགོ་བཙུགས་ཏེ། སྐྱོན་དག་སེལ་དང་མ་འོངས་ལེགས་བཅོས་མདུན་སྐྱོད་ཀྱི་ཁ་ཕྱོགས་སྟོན་ཐུབ་དགོས། ཐུན་མིན་རིག་གནས་དར་སྤེལ་དང་རྒྱུན་འཛིན་ཡོང་བར་ངེས་པར་ཚང་དགོས་པ་ནི། རང་གི་རིག་གནས་དང་རང་གི་མི་རིགས་ལ་སྤོབས་སེམས་དང་གཅེས་ཞེན་གྱི་འདུན་པ་ལྷོད་མེད་རང་ཚུགས་ཅན་ཞིག་དགོས་ལ། དེ་དང་མཐུན་པའི་སློབ་གསོའི་ཁ་ཕྱོགས་དང་སློབ་ཚན་གྱི་རིམ་པ་ཞིག་ཀྱང་མེད་དུ་མི་རུང་བའི་ཆ་རྐྱེན་ཡིན། ཞེས་སྒྲོག་སྦྱོང་གནང་སོང་།

 

བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། སྤྱིར་ང་ལ་དེ་རིང་གི་བརྗོད་གཞི་འདིའི་སྒང་ལ་སྐད་ཆ་བཤད་རྒྱུའི་སྤོབས་པ་གང་ཡང་མི་འདུག གང་ཡིན་ཟེར་ན། ད་ལྟ་ང་ཚོའི་སྤྱི་ཚོགས་ཀྱི་དཀའ་ངལ་གཙོ་བོ་དེ། ངའི་ཟོལ་འདྲ་བོ། རིག་གནས་གང་ལ་མཁས་པ་རེད་ཟེར་ན། མཐར་ཕྱིན་པ་སྣ་གཅིག་ཀྱང་མེད་པ། སློབ་སྦྱོང་ཁྱོན་ནས་མེད་དམ་ཟེར་ན། ཕྱོགས་ཚང་མ་ཁུངས་འཁྱོལ་ལ་མ་འཁྱོལ་བ་རེ་ཤེས་པ་རྐྱང་རྐྱང་གིས་ཁེངས་ཡོད། ཟབ་སྦྱོང་དང་ལས་འགུལ་འགའ་རེའི་ཐོག་སྐད་ཆ་བཤད་པ་ཙམ་གྱིས་མཁས་དབང་གི་མིང་འདོག་གིན་ཡོད། ངེས་པ་དོན་གྱི་མཁས་པ་ཞིག་བགྲང་དགོས་ན་ཕལ་ཆེར་མཛུབ་མོ་འཛུགས་ས་ཞིག་མེད་པའི་ཚད་དུ་སླེབས་ཡོད། ལྷག་པར་དུ་སློབ་མ་ཞིག་ལ་མཚོན་ན། ཤེས་ཡོན་ཅི་ཙམ་སྦྱང་བ་དེ་ཙམ་གྱིས་བསམ་བློ་དང་ཀུན་སྤྱོད་ཡར་རྒྱས་སུ་གཏོང་དགོས། དེང་གི་སྤྱི་ཚོགས་ནང་ཤེས་ཡོན་པ་ཡིན་ཟེར་མཁན་མང་ཡང་། བསམ་བློ་དང་སྤྱོད་པའི་ཐད་ནས་ལྟ་ས་གང་ཡང་མེད་མཁན་མང་པོ་ཡོང་བསྡད་ཡོད། 

 

ང་བྷེལ་ཀོབ་གཞིས་ཆགས་ཀྱི་བྱིས་པ་དགུ་ཡོད་པའི་ཁྱིམ་ཚང་ཞིག་གི་བུ་ཕྲུག་གསུམ་པ་ཡིན། ནང་ལ་དཔལ་འབྱོར་གྱི་དཀའ་ངལ་ཡོད་སྟབས་སོ་སོའི་འདོད་པ་ལྟར། རིགས་གཅིག་རྐང་འཛིན་སོགས་གནས་རིམ་མཐོ་བའི་སློབ་སྦྱོང་རག་ཡོད་པ་མ་རེད། ངས་དཔལ་འབྱོར་ལ་སློབ་སྦྱོང་བྱས་ཡོད་ཀྱང་། སྐབས་དེར་རང་ཉིད་ལ་འཚམ་པའི་མཐོ་སློབ་གང་དུ་ཡོད་པ་དང་། དེ་ལ་ཇི་ལྟར་འཛུལ་དགོས་པ་སོགས་ཤེས་ཀྱིན་ཡོད་པ་མ་རེད། གཞི་རིམ་སློབ་གྲྭའི་སྐབས་སུ་ཞིང་ལས་དང་ཁྱིམ་ལས། ཐ་ན་བ་ཕྱུགས་ཀྱི་འོ་མ་ཡང་བཞོ་དགོས་པ་རེད། མཐོ་སློབ་སྐབས་སུའང་དགོང་མོའི་ཆུ་ཚོད་ ༧ ནས་ ༡༡ བར་ཟ་ཁང་ནས་ལས་ཀ་བྱས་པ་ཡིན། ང་ཚོའི་སྔོན་མ་དག་གིས་དེ་བས་ཀྱང་དཀའ་ལས་བརྒྱབས་ཡོད། སྔ་མ་དག་གི་གྲུབ་འབྲས་ཟེར་ན་འདྲ་ལ། དུས་ཀྱི་འགྱུར་འགྲོས་ཟེར་ནའང་འདྲ། ཁྱེད་ཅག་ལ་ཐོབ་ཡོད་པའི་སྐལ་བ་བཟང་པོ་དང་མཐུན་རྐྱེན་འཛོམ་པོ། གོ་སྐབས་ཡག་པོ་འདི་ཆུད་ཟོས་སུ་མ་སོང་བ་གནང་དགོས། ཞེས་གསུངས་བྱུང་།

 

མཇུག་མཐར་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་བཤད་གནང་དོན། དེ་རིང་འདིར་ཕེབས་པ་ཚོས་བགྲོ་གླེང་གི་ཆ་ཤས་ལེན་པ་ཙམ་མ་ཡིན་པར་བགྲོ་གླེང་གི་མཐའ་སྡོམ་ཁག་བོད་རིགས་ན་གཞོན་སྤྱི་ཡོངས་ཀྱིས་སྤྱོད་ཐུབ་པ་དང་། དེ་ལ་བརྟེན་ནས་བོད་ཀྱི་རིག་གནས་དང་ལེགས་བྱང་གོང་འཕེལ་ལ་ཕན་ཐོགས་པ་ཞིག་ལ་དགོངས་པ་བཞེས་དགོས། ཁྱེད་ཅག་གིས་བགྲོ་གླེང་འདིའི་མཚན་ལ། བོད་ཀྱི་རིག་གནས་བགྲོ་གླེང་བཏགས་འདུག དེ་ལ་དཔྱད་ཞིབ་མང་པོ་བྱས་ཏེ་བཏགས་པ་ཞིག་ཡིན་ནམ། ཡང་ན། དགོངས་པར་གང་འཁོར་སྟབས་བདེ་བོས་བཏགས་པ་ཡིན། ངས་ཤེས་ཀྱིན་མེད་མོད། སྤྱི་ཡོངས་ཀྱིས་བོད་ཀྱི་རིག་གནས་ཞེས་པའི་སྐབས་སུ་བོད་པ་རང་གི་རིག་གནས་ཡིན་པ། ལུང་པ་གཞན་པའི་རིག་གནས་མ་ཡིན་པ་ཞིག་འཚོལ་རྒྱུ་ཅུང་དཀའ་མོ་ཡིན། སྐད་ཡིག་འཕུད་པའི་རིག་གནས་ཟེར་བ་དེ་སྤྱི་ཡོངས་ལ་ཁྱབ་པ་ཞིག་ཡིན།

 

བོད་ཀྱི་ནང་དོན་རིག་པ་ཟེར་སྐབས་བོན་དང་ཆོས་གཉིས་སུ་འདུ་བ་རེད། བོན་དེ་བོད་ནས་བྱུང་ངམ་གཞན་ཞིག་ནས་བྱུང་བ་ཡིན། ངས་གསལ་བོ་ཤེས་ཀྱིན་མེད་མོད། ཆོས་ལ་མཚོན་ན་ནང་ཆོས་ཡོངས་རྫོགས་རྒྱ་གར་ནས་བྱུང་བ་རེད། འོན་ཀྱང་། བོད་པའི་ནང་བསྟན་རིག་པ་ཟེར་བར་རྒྱུ་མཚན་གཉིས་ཡོད། དང་པོ། བོད་སྐད་ནང་ཡོད་པའི་ནང་ཆོས་ཆ་ཚང་ལ་སྤུས་དག་པོ་འདི་ལྟ་བུ་ཞིག་གཞན་པའི་སྐད་རིགས་གང་དུའང་ཡོད་པ་མ་རེད། གཉིས་པ། སྤྱིར་སངས་རྒྱས་ཀྱི་བཀའ་དང་རྒྱ་གར་གྱི་བསྟན་བཅོས་ལ་གཞི་བཅོལ་ཡོད་ཀྱང་། རྒྱ་གར་མཁས་པའི་དགོངས་པར་མ་འཁོར་བའི་གནད་མང་པོ་ཞིག་བོད་པའི་མཁས་པ་ཚོས་བཀྲལ་ཡོད། རྒྱ་མཚན་འདི་དག་ལ་བརྟེན་ཏེ་བོད་ཀྱི་ནང་དོན་རིག་པ་ཟེར་ན་མི་ཆོག་པ་མེད། ཅེས་བོད་ཀྱི་རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་རེ་རེ་བཞིན་བོད་རང་གི་ཐུན་མིན་གྱི་ཁྱད་ཆོས་ལྡན་ཚུལ་ལུང་དང་རིགས་པས་བསྒྲུབས་སོང་།

 

བགྲོ་གླེང་དབུ་འཛུགས་མཛད་སྒོ་གྲུབ་མ་ཐག་ས་རཱ་གཞོན་ནུའི་ཚོགས་གཙོ་བཟོད་པ་ལགས་སུ་བགྲོ་གླེང་གི་སྔ་ཕྱི་དང་དབུ་འཛུགས་མཛད་སྒོའི་གཏམ་བཤད་ཁག་གི་ཐད་དགོངས་ཚུལ་དྲིས་པར་ཁོང་གིས། ང་ཚོས་སྔོན་མ་ནས་འདི་ལྟ་བུའི་བགྲོ་གླེང་ཞིག་གལ་ཆེ་བར་མཐོང་སྟེ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་མདུན་དུ་བཅར་སྐབས། ཁོང་གིས་ཧ་ཅང་དོ་སྣང་ཆེན་པོས་སྐུ་སྒེར་ཡིག་ཚང་ལ་འབྲེལ་བ་ཞུས་ཏེ་ཧིན་སྒོར་ཆིག་འབུམ་བསྩལ་བྱུང་། དེའི་རྗེས་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ཧིན་སྒོར་ལྔ་ཁྲི་བསྩལ་སོང་། དེའི་སྟེང་ས་རཱ་གཞོན་ནུའི་ངོས་ནས་ཧིན་སྒོར་ལྔ་ཁྲི་བཅས་གྲ་སྒྲིག་གིས་ཐེངས་འདིའི་བགྲོ་གླེང་མགོ་འཛུགས་ཞུ་ཐུབ་པ་བྱུང་སོང་།

 

ཐོག་མར་ང་ཚོས་མཐོ་སློབ་ཁག་ ༡༣ ལ་མགྲོན་བརྡ་བཏང་ཡོད་ཀྱང་། འབྲི་གུང་དང་མན་ལོ། ནོར་གླིང་གསུམ་ཞུགས་ཐུབ་མ་སོང་། བགྲོ་གླེང་ལ་དངོས་སུ་ཞུགས་ཡོད་པ་སློབ་གྲྭ་ཁག་ ༡༠ ནས་སློབ་མ་ ༣༢ ཙམ་ཡོད། དེ་རིང་གི་བགྲོ་གླེང་དབུ་འཛུགས་གཏམ་བཤད་ཁག་ང་ཚོའི་དམིགས་ཡུལ་ནང་བཞིན་ཞིག་བྱུང་མ་སོང་། གང་ཡིན་ཟེར་ན། བགྲོ་གླེང་འདིའི་དམིགས་ས་གཙོ་བོ་༧གོང་ས་མཆོག་གིས་ལོ་ངོ་ ༣༠ ཤེས་ཡོན་འཐུས་ཤོར་བཏང་འདུག་གསུངས་ཡོད། མཐོ་རིམ་སློབ་མའི་ངོས་ནས་འཐུས་ཤོར་ངོས་འཛིན་བྱེད་སྟངས་དང་། དེ་ལ་བཅོས་སྒྱུར་དང་ཁ་ཕྱོགས་གསར་བ་འཚོལ་ཐབས་སྐོར་ཡིན་སྟབས། དེ་ལ་ལམ་སྟོན་གསལ་བཤད་དང་གནད་དུ་འཁེལ་བའི་ཁ་ཕྱོགས་གསལ་སྟོན་བྱ་དགོས་པར་མཐོང་སོང་། ཞེས་བརྗོད་སོང་།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 13

  1. རྒྱང་ཤེལ། says:
    ལོ་ 16 སྔོན།

    ཁྱེད་ཀྱི་རྣ་ལམ་དུ་མ་སོང་ནའང་བོད་འདི་རྗེས་ལུས་ཡིན་ཁོ་ཐག་རེད། ང་ཚོ་བོད་པ་སྔོན་ཐོན་གྱི་མི་རིགས་ཤིག་ཡིན་ཞེས་ག་ཚོད་འབའ་ནའང་དོན་དངོས་དང་འགལ་བའི་འུར་ཤོམ་ཞིག་ལས་དངོས་ཡོད་མཐོང་ཡུལ་དུ་གྱུར་པའི་སྐད་ཆ་བདེན་པ་ཞིག་གཏན་མིན། དེས་ན་ང་ཚོ་རྗེས་སུ་ལུས་ཙང་རང་བཙན་ཤོར་བ་རེད་ཅེས་བཤད་ན་དུངས་ཞེན་གྱི་དབང་དུ་མ་ཤོར་བའི་སྐྱེ་བོ་ཚོའི་གནས་ལུགས་ཤིག་ཏུ་ནམ་ཡང་འཛིན།

    Reply
  2. Dhonling Bhu says:
    ལོ་ 16 སྔོན།

    ནད་པ་ལགས། ཁྱེད་ནི་ངོ་མོ་ནད་པ་ཞིག་ཡིན་ན་རེད། ང་ཚོ་བོད་པ་འདི་རྗེས་ལུས་ཟེར་བ་དེ་བདེན་པ་ཞིག་རྩ་བ་ནས་མིན། རྗེས་ལུས་ཀྱིས་རང་བཙན་ཤོར་བ་རེད་ཟེར་བ་འདི་ངའི་རྣ་ལམ་དུ་འགྲོ་དཀའ།
    ཉེ་ལམ་མཁས་དབང་འཇམ་དབྱངས་ནོར་བུ་ལགས་ཀྱིས་བོད་རང་བཙན་ཁུངས་སྐྱེལ་གྱི་གཏམ་བཤད་སོགས་ཀྱི་ནང་དུ་ང་ཚོ་མི་རིགས་འདི་ངོ་མ་དོན་རྗེས་ལུས་ཞིག་རྩ་བ་ནས་མིན། དགོངས་དག་་

    Reply
  3. Dhonling Bhu says:
    ལོ་ 16 སྔོན།

    ནད་པ་ལགས། ཁྱེད་ནི་ངོ་མོ་ནད་པ་ཞིག་ཡིན་ན་རེད། ང་ཚོ་བོད་པ་འདི་རྗེས་ལུས་ཟེར་བ་དེ་བདེན་པ་ཞིག་རྩ་བ་ནས་མིན། རྗེས་ལུས་ཀྱིས་རང་བཙན་ཤོར་བ་རེད་ཟེར་བ་འདི་ངའི་རྣ་ལམ་དུ་འགྲོ་དཀའ།
    ཉེ་ལམ་མཁས་དབང་འཇམ་དབྱངས་ནོར་བུ་ལགས་ཀྱིས་བོད་རང་བཙན་ཁུངས་སྐྱེལ་གྱི་གཏམ་བཤད་སོགས་ཀྱི་ནང་དུ་ང་ཚོ་མི་རིགས་འདི་ངོ་མ་དོན་རྗེས་ལུས་ཞིག་རྩ་བ་ནས་མིན། དགོངས་དག་་

    Reply
  4. Dhonling Bhu says:
    ལོ་ 16 སྔོན།

    དེ་ལྟ་བུའི་བགྲོ་གླེང་ཞིག་ས་རཱ་གཞོན་ནུས་གོ་སྒྲིག་ཞུས་པ་འདི་ཧ་ཅང་གི་ཡག་པོ་རེད། མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ལ་དོ་སྣང་ཆེན་པོ་གནང་བར་ཐུགས་རྗེ་ཆེ་གྲངས་མེད་ཞུ་རྒྱུ་ཡིན།
    ངས་བགྲོ་གླེང་འདིའི་ནང་དུ་ཆ་ཤས་ལེན་མཁན་གྱི་བོད་རིགས་ན་གཞོན་རྣམས་ལ་རྗེས་སུ་ཡིད་རངས་ཞུ། ཁྱེད་ཚོའི་མི་རིགས་ཤིག་གི་སྐད་ཡིག་དང་རིག་གནས་ལ་དོ་འཁུར་གནང་བ་དེ་རླབས་ཆེན་གྱི་མཛད་རྗེས་ཤིག་ཡིན།

    བོད་རྒྱལ་ལོ། བོད་ཀྱི་སྐད་ཡིག་རྒྱལ་ལོ། བོད་ཀྱི་རིག་གནས་རྒྱལ་ལོ།

    Reply
  5. གོང་དཀར་ངག་རྣམ། says:
    ལོ་ 16 སྔོན།

    བློ་བཟང་ལགས། ད་ལྟའི་བོན་ཆོས་ནི་སྔ་མ་དང་གཏན་ནས་མི་འདྲ་བས་སྐད་ཆ་འདི་ཚོར་ང་ཚཽས་ཐལ་མི་དྲགས་པ་བྱ་རྒྱུ་གལ་ཆེ་བར་མཐོང།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    མཁས་དབང་ཚོའི་གསུང་བཤད་ལ་དེ་ཙམ་ངོ་མཚར་ཆེ་རྒྱུ་མིན་འདུག མ་ཟད་དྲ་གྲོགས་སངས་རྒྱས་ཆོས་འཕེལ་གྱིས། ཟམ་གདོང་རིན་པོ་ཆེས་བོད་ཀྱི་ནང་དོན་རིག་པ་ཟེར་བ་བོན་དང་ཆོས་གཉིས་སུ་འདུ་བ་རེད་གསུང་པ་ལ་དཔག་ན་བོན་དེའང་ནང་པ་ཞིག་ཡིན་པར་འདྲ། ཞེས་པར་མོས་མཐུན་རྩ་བ་ནས་མེད། གང་ཡིན་ཞེས་ན་ཚང་མས་མཁྱེན་གསལ་ལྟར་ནང་ཆོས་མ་དར་གོང་ལ་བོད་ནང་བོན་གྱིས་ཁྱབ་ཡོད། གལ་སྲིད་བོན་དེ་ནང་པ་ཡིན་ན་བོན་ས་དར་རྡོ་དར་སྐབས་སུ་སྔོན་གྱི་ལོ་པན་བཀའ་དྲིན་ཅན་ཚོས་ཆོས་ཀྱི་ཆེད་དུ་ལུས་ལོངས་སྤྱོད་གྲངས་མེད་བཏང་སྟེ་རྒྱ་གར་འཕགས་པའི་ཡུལ་ལ་ཕེབས་པར་དགོས་པ་ཆེས་མེད་པར་འགྱུར། པན་ཆེན་བསོད་ནམས་གྲགས་པས་ཀྱང་བོན་པོ་ནང་པ་མ་ཡིན་པ་གསལ་པོ་གསུངས་ཡོད། དེང་སང་གི་གསུང་རྒྱུན་ལ་ཡང་བོད་ཀྱི་ཆོས་རྒྱུན་ཆེན་པོ་བཞི་དང་གཡུ་དྲུང་བོན་དང་བཅས་པ་ཞེས་ལོགས་སུ་བོན་པོ་སྨྲོས་པར་དགོས་པ་ཆེན་པོ་ཡོད།
    ཟམ་གདོང་རིན་པོ་ཆེས་གཉིས་སུ་འདུ་བར་གསུངས་བའི་དགོངས་པ་ནི། བོད་ཀྱི་ནང་དོན་རིག་པའི་ཁོངས་སུ་གཏོགས་པའི་དོན་ཡིན་པར་མངོན། དཔེ་ན་སངས་རྒྱས་ཀྱི་གསུང་ཐམས་བཅད་འཁོར་ལོ་གསུམ་དུ་འདུ་ཡང་འཁོར་ལོ་གསུམ་པོ་རེ་རེ་ནས་ཡིན་མི་དགོས་པ་བཞིན། དེ་ལས་ཀྱང་རག་ཙམ་བརྗོད་ན་སྭ་ར་སློབ་གྲྭ་དེ་མཚན་ཉིད་སློབ་གྲྭའི་ཁོངས་སུ་འདུ་ཡང་མཚན་ཉིད་སློབ་གྲྭ་ཡིན་མི་དགོས་པ་བཞིན་ནོ། འོན་ཀྱང་དེང་སང་བོན་ལ་ནང་ཆོས་འདྲེས་ནས་བོན་དང་ནང་པ་འབྱེད་དཀའ་བའི་གནས་ལ་སླེབས་འདུག་སྙམ། བོན་གྱི་སྐོར་ལ་མཁྱེན་རྒྱ་ཆེ་བའི་དྲ་གྲོགས་ཚོས་དེའི་སྐོར་ལ་བགྲོ་གླེང་མང་ཙམ་གནང་བའི་རེ་བ་ཡོད།

    Reply
  7. ནད་པ says:
    ལོ་ 16 སྔོན།

    ཁམས་བཟང་། བོད་ཀྱི་རིག་གནས་བགྲོ་གླེང་ཞེས་བོད་ཀྱི་རིག་པའི་སྐོར་ལ་རྐྱང་རྐྱང་བཤད་བསྡད་ན་ཐབས་སྐྱོ་པོ་རེད། ད་ཆ་འཛམ་གླིང་སྤྱི་ཡོངས་ལ་བལྟ་ཞིབ་བྱས་ནས་དེང་རབས་ཀྱི་འོད་སྟོང་འཕྲོ་བའི་ཚན་རིག་དང་ལག་རྩལ་གསར་པར་ཟུར་སྦྱོང་སྤྲོད་ཐུབ་ན་དགེ་མཚན་ཆེ་བར་མངོན།

    སྔ་མོ་ང་ཚོ་རྗེས་ལུས་ཐེབས་ནས་རང་ཡུལ་ཡང་ཤོར་ལ་ད་ཆ་ང་ཚོའི་མི་རབས་གསར་པ་ཚོ་ཡང་ཚན་རིག་གི་ཤེས་བྱའི་ཐད་ལ་རྗེས་ལུས་ཐེབས་ཡོད།

    དུས་གཏན་དུ་ཆེས་རྗེས་ལུས་ཀྱི་རྣམ་པར་བསྡད་ན་ང་ཚོར་དུས་གཏན་དུ་མངོན་འགྱུར་གྱི་བྱ་གཞག་དང་། རེ་འབྲས། རྒྱལ་ཁ་སོགས་གཏན་ནས་འཐོབ་ཐབས་བྲལ་བ་ཞིག་རེད། དེའི་ཕྱིར་ང་ཚོ་རྨོངས་གཉིད་ལས་སངས་དགོས།

    Reply
  8. སྒྲོལ་མ། says:
    ལོ་ 16 སྔོན།

    སྐུ་མགྲོན་དག་གི་གཏམ་བཤད་ཀྱི་ནང་དོན་དང་། བགྲོ་གླེང་བྱ་འགུལ་གྱི་གོ་རིམ་སོགས་ཀྱི་ཐད་ལ་གུས་མོར་རྒྱུས་མངའ་མེད་སྟབས། ལེགས་ཉེས་ཡག་བཙོག་གི་སྐད་ཆ་བཤད་རྒྱུའི་ཐོབ་ཐང་མི་འདུག་མོད། ཕྱི་ཕྱོགས་ཀྱི་བོད་རིགས་མཐོ་རིམ་སློབ་མ་ཚོས་འདས་པའི་མི་ལོ་ལྔ་བཅུའི་ཤུལ་ལམ་ལ་ཞིབ་འཇུག་དང་ཕྱིར་རྟོག་བྱས་པ་འདིས། མི་རབས་གསར་བའི་འོས་འགན་ལ་ངེས་ཟིན་སྐྱེས་ཤིང་། འབྱུང་འགྱུར་ལ་འགན་འཁུར་བའི་མངོན་རྟགས་གསལ་བོ་ཡིན་པས་ཡི་རེངས་ཡོད།

    གོང་དུ་ལྷོ་མཐའི་ཕུག་རོན། ཞུ་བ་ཞིག་གིས་གྲྭ་བ་དང་སློབ་མ་བསྲེས་བའི་པར་མཐོང་སྟེ། ཡིད་ཐང་ཆད་རབས་བསྟན་འདུག་མོད། ངས་ཀྱང་པར་དག་ཐོག་མར་མཐོང་མ་ཐག་དེ་འདྲའི་ཚོར་བ་ཞིག་སྐྱེས་སོང་། འོན་ཀྱང་། ཞིབ་ཏུ་བསམ་ན་དེ་ལའང་དགེ་སྐྱོན་གཉིས་ཀྱི་ཆ་འདུག་སྙམ། དགེ་བའི་ཆ་ནི། ཡ་ང་བའི་འདས་པའི་ལོ་རྒྱུས་ཁྲོད་ཀྱི་སྲོལ་རྒྱུན་དང་དེང་རབས་བར་གྱི་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་དེ་རང་སར་ཞི་སྟེ། ཆོས་གྲྭ་དང་སློབ་གྲྭའི་བར་ལ་བརྗེ་རེས་དང་འགྲོ་འོང་གི་གསེར་ཟམ་བཙུགས་པ་དེ་རེད་ལ། སྐྱོན་གྱི་ཆ་ནི། ད་དུང་མཁྲེགས་འཛིན་དང་ཕྱོགས་ཞེན། སྒེར་སྤྱོད། རྨོང་འཐོམ་བཅས་ཀྱི་ལྷག་རོ་ལུས་མེད་དམ་སྙམ་པའི་དོགས་པ་དེ་རེད།

    Reply
  9. ལྷོ་མཐའི་ཕུག་རོན། says:
    ལོ་ 16 སྔོན།

    གོང་གི་ བགྲོ་གླེང་དང་འགྲེལ་བ་ཞེས་པ་འབྲེལ་པ་དང་དེ་འདིའི་རིགས་ཞེས་པ་དེ་འདྲའི་རིགས། འདི་དག་སྤྱིར་བཏང་བ་ཞིན་ཞེས་བ་ཞིག་ལ་བཟོ་བཅོས་ཡོང་བའི་འབོས་བསྐུལ་ཞུ།

    Reply
  10. ལྷོ་མཐའི་ཕུག་རོན། says:
    ལོ་ 16 སྔོན།

    ངོ་མ་ཡག་པོ་རེད། འོན་ཀྱང་གོང་གི་པར་དེ་བལྟས་རྗེས་རྦད་དེ་ཁོ་ཐག་ཆད་སོང་། བོད་ཀྱི་མཐོ་རིམ་སློབ་གྲྭའི་སློབ་མའི་རིག་གནས་བགྲོ་གླེང་འདྲ་བོ་མི་འདུག གྲྭ་དང་ཨ་ནེའི་རྩོད་པ་བྱེད་ས་ཞིག་ལ་སླེབས་ཡོད་པའི་ཚོར་བ་ངང་གིས་སླེབས་སོང་། ད་དུང་གོང་གི་མཁས་དབང་དག་གི་གསུངས་བཤད་ལ་བལྟོས་དང་། བགྲོ་གླེང་དང་འགྲེལ་བ་ཞེ་དྲག་མེད་ཀི སྤྱིར་ཡིན་ན་ང་ཚོའི་སྤྱི་ཚོགས་ནང་ལ་དེ་འདྲིའི་རིགས་མང་བོ་ཡོད་རེད། རྟ་བཤད་ས་བོང་བུ་བཤད། ཆུ་འཐུང་ས་རྩ་ཟ། ངོ་མ་གནད་ལ་ཕོགས་པའི་སྐད་ཆ་ཞིག་མི་འདུག་ཀ ཤུ་རེ་ཀོ་ཡིན་ན། འདི་དག་སྤྱིར་བཏང་བ་ཞིན་མིན་ཟེར་ཀི་ཡོད་ནི་རེད། བཀའ་བློན་ཁྲི་བ་དང་སྤྱི་འཐུས་ཚོགས་གཙོ་ ལ་སོགས་པ་ལ་སོགས མང་བོ་མང་བོ་ཞིག ངོ་མ་ཡིད་རེ་སྐྱོ་

    Reply
  11. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    སྤེན་པ་ཚེ་རིང་ལགས་ཀྱིས་སྙིང་གཏམ་ཁཽལ་མ་ཞིག་སྐྱུག་འདུག་་་་ཡིན་ཡང་ཁོང་གསུམ་ཀས་་བགྲོ་གླེང་གི་བརྗོད་བྱ་དང་འབྲེལ་བའི་བསམ་ཚུལ་ལམ་སྟོན་གང་ཡང་བཤད་མི་འདུག་

    Reply
  12. སྦྲ་དཔལ་ལྡན། says:
    ལོ་ 16 སྔོན།

    ཚོགས་གཙོ་བཟོད་པ་ལགས་ཀྱིས་དངོས་ནས་དཀལ་ལས་རྒྱབ་འདུག སྤྱིར་མི་རིགས་ཤིང་ལ་ཤ་ཚ་ཞིང་སྙིང་ཉེ་མཁན་ཁོ་ལྟ་བུ་མང་བོ་ཞིག་ཡོད་ན། ད་གཟོད་འུ་ཚང་གི་གོད་ཆགས་དེ་གསར་བསྐྲུན་བྱེད་ཐུབ་ངེས། རྒྱུ་མཚན་དེས་ཐོག་ནས་ང་རང་མཐོ་སློབ་ཅིག་གི་སློབ་མ་ཞིག་ཡིན་པས་ཆ་ནས་ཐུགས་རྗེ་ཆེ་ཞུ་གི་ཡོད། རིག་གནས་བགྲོ་གླེང་འདི་ཞིབ་ཚགས་པོ་ཞིག་འོང་རྒྱུའི་རེ་བ་ཡོད།

    Reply
  13. སངས་རྒྱས་ཆོས་འཕེལ། says:
    ལོ་ 16 སྔོན།

    སྤྱི་མཐུས་སྤེན་པ་ཚེ་རིང་གིས་བཀའ་སློབ་དེ་རྣ་བར་འཐད་པོ་བྱུང་གང་ཡིན་ཞུས་ན་ང་རང་ཚོ་བོད་པར་ཨུ་ཚུགས་རྒྱ་མི་རིགས་ནང་བཞིན་ཞིག་ཀྱང་མེད་ལ་ཤེས་རབ་ཀྱི་རྩལ་རྒྱ་གར་གྱི་མི་རིགས་ནང་བཞིན་མེད་པ་ནི་གསལ་པོ་རེད། འོན་ཀྱང་སློབ་མཚན་དེ་མང་དྲག ཨུ་ཚུགས་མཐའ་བསྐྱེལ་དེ་མེད་དྲག ཤེས་རབ་ཀྱི་རྩལ་ཞན་དྲག དམིགས་ཡུལ་འདུན་ལམ་དེ་ཆུང་དྲགས་པས་གཙན་བྱོལ་བོད་རྣམས་སློབ་སྦྱོང་ལ་མཐུས་ཤོར་སོང་བ་རེད་ལ་ད་ལྟ་གཙན་གནོན་འོག་ཏུ་གནས་པའི་བོད་ཀྱི་སློབ་གྲྭ་རྣམས་ལས་ཀྱང་ཤེས་ཡོན་ཀྱི་ཆུ་ཚད་དམའ་བ་འདི་བྱུང་བ་རེད། དེ་བས་རིག་གཅིག་རྐང་འཛིན་བྱེད་མཁན་མང་དུ་གཏང་རྒྱུ་དེ་ཐབས་ལམ་བཟང་ཤོས་སུ་མཐོང་། ཟམ་གདོང་རིན་པོ་ཆེས་བོད་ཀྱི་ནང་དོན་རིག་པ་ཟེར་བ་བོན་དང་ཆོས་གཉིས་སུ་འདུ་བ་རེད་གསུང་པ་ལ་དཔག་ན་བོན་དེའང་ནང་པ་ཞིག་ཡིན་པར་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese