མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲག་ཡིག་རྩོམ་པ་པོ་བོར་སོང་།

བོད་ཀྱི་དུས་བབ།
༢༠༠༩/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

སྔར་ལོའི་བོད་ནང་གི་དོན་རྐྱེན་སྐོར་གྱི་དོན་དངོས་བརྗོད་མཁན། ༼ ཁྲག་ཡིག ༽ དཔེ་དེབ་ཀྱི་རྩོམ་པ་པོ་བོད་རིགས་ན་གཞོན་བཀྲ་ཤིས་སམ། སྨྱུག་མིང་ལ་ཐེའུ་རང་ལགས་རྒྱ་གཞུང་གིས་ཆབ་སྲིད་དོགས་གཞིའི་འོག ཉིན་འགའི་སྔོན་ལྐོག་ནས་འཛིན་བཟུང་བྱས་ཏེ་ད་ལྟ་གར་སོང་ཆ་མེད་ཆགས་ཡོད་འདུག

དེ་རིང་བོད་ནང་གི་དྲི་ཚིགས་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཚེས་ ༢༦ ཉིན་བོད་རིགས་ན་གཞོན་རྩོམ་པ་པོ་རྩོམ་པ་པོ་བཀྲ་ཤིས་སམ། སྨྱུག་མིང་ལ་ཐེའུ་རང་ཞུ་བར་ཆབ་སྲིད་ཀྱི་དོགས་གཞིའི་འོག རྒྱ་གཞུང་འབྲེལ་ཡོད་ཚན་པས་ལྐོག་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ། ད་ལྟ་གར་སོང་ཆ་མེད་ཆགས་ཡོད་འདུག ཁོང་གི་གྲོགས་པོ་ཚོས་བརྗོད་པ་ལྟར་ན། བཀྲ་ཤིས་ཀྱིས་ཉེ་ལམ་༼ ཁྲག་ཡིག ༽ཅེས་པའི་དེབ་ཅིག་བཏོན་ཡོད་པ་དང་། དེབ་དེའི་ནང་། ཁྲག་དྲི་བྲོ་བའི་དོན་རྐྱེན་དང་དེའི་ལྟག་རྒྱབ་ཀྱི་གསང་བ། ཞེས་པ་དང་།  འུ་ཚོས་ཀྱང་རང་རང་ས་ནས་བསྒྲགས་གཏམ་སྤེལ་ཆོག ཞེས་པ། མྱ་ངན་དང་འགྱོད་བཤགས་སོགས་སྔར་ལོའི་བོད་ནང་གི་དོན་རྐྱེན་སྐབས་ཀྱི་དངོས་ཡོད་གནས་ཚུལ་ཁག་ཅིག་ཚོར་ཤུགས་ཆེན་པོས་བཀོད་ཡོད་སྟབས། རྒྱ་གཞུང་གིས་དཔེ་དེབ་དེ་ལ་ཆབ་སྲིད་གནད་དོན་ཆེན་པོ་ཡོད་པའི་དོགས་གཞིའི་འོག ཉེ་ལམ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་དེབ་དེ་ཕྱིར་བསྡུ་དང་བཀག་སྡོམ་བྱས་ཡོད་པ་མ་ཟད། འབྲེལ་ཡོད་ཚན་པས་རྩོམ་པ་པོར་ལྐོག་ནས་འདྲི་བརྩད་ཡང་ཡང་བྱས་ཤིང་། དུས་རྒྱུན་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལའང་རྟོག་ཞིབ་ནན་ཏན་བྱས་ཡོད་འདུག བོད་ནང་གི་ཧི་གཟུགས་དྲ་བའི་སྟེང་གི་རྩོམ་པ་པོ་བཀྲ་ཤིས་ལགས་ཀྱི་ཟིན་བྲིས། ཐེའུ་རང་གི་བཙན་ས། ཞེས་པའི་སྟེང་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཁོང་གིས་ ( འདང་རྒྱག་རན་རེད། ) ཞེས་པའི་ཟིན་ཐོ་མཐའ་མ་དེ་སྤེལ་འདུག

 ད་ལོའི་སྤྱི་ཟླ་ ༡ ཚེས་ ༢༥ ཉིན་རྩོམ་པ་པོ་ཁོང་གིས་༼ ཁྲག་ཡིག ༽ དཔེ་དེབ་མཚམས་སྦྱོར་ཐུང་ངུ་ཞིག་སྤེལ་བའི་ནང་། དེབ་ཆུང་འདི་ལ་བསྡོམས་པའི་རྩོམ་ཡིག་ ༣༢ ཀྱིས་གྲུབ་ཡོད་ལ། དམྱལ་ཁམས་ཀྱི་ཟིན་ཐོ་དང་རྣམ་ཤེས་ཀྱི་དབྱངས། ང་ཡི་བོད།སེམས་ཀྱི་དམར་མཆོད། བདེན་པའི་གཏུག་བཤེར་སོགས་ཚན་པ་ལྔ་རུ་བགོས་ཡོད། ཚན་པ་སྔ་མ་བཞི་སྙན་ངག་ཡིན་ལ། རྗེས་མ་དེ་འབོལ་རྩོམ་ལྔ་ཡིས་གྲུབ་པར་བྱས་ཡོད། ཅེས་བཀོད་འདུག རྩོམ་པ་པོ་ཐེའུ་རང་ལགས་ཀྱིས་སྔོན་མ་ནས་བོད་ནང་གི་ཤར་དུང་རི་སོགས་དུས་དེབ་དང་ཚགས་པར་ཁག་ཏུ་རིན་ཐང་ཅན་གྱི་རྩོམ་ཡིག་མང་པོ་བཀོད་མྱོང་ཞིང་། ལྷག་པར་དུ་ ༼ ཁྲག་ཡིག ༽ ཅེས་པའི་དཔེ་དེབ་ནང་སྔར་ལོའི་བོད་ནང་གི་ཞི་བའི་གྱེན་ལངས་ཆེན་མོ། རྒྱ་དམར་གྱིས་རྐང་བཙུགས་ཏེ་དྲག་རྒོལ་གྱི་ངོ་བོར་བསྒྱུར་བའི་སྐོར་གསལ་རྗེན་དུ་བཀོད་དོན། ང་ཚོའི་ཞི་བའི་འོས་ལངས་ཆེན་མོ་སུ་ཞིག་གིས་འཆར་གཞི་དང་སྒྲིག་འཛུགས་ཡོད་པའི་སྒོ་ནས་རྡུང་གཅོག་འཕྲོག་བསྲེག་གི་ངོ་བོར་བསྒྱུར་སོང་བའི་བདེན་དབང་དང་པོ། ( སངྐ་པོར་གྱི་གསར་འགོད་པ་ཞིག་གིས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་དུ་བསྒྲགས་པའི་གནས་ཚུལ ) དང་། བདེ་དཔང་གཉིས་པ། ( ལྷ་སར་སློབ་སྦྱོང་དུ་ཡོང་བའི་འབར་མའི་བུད་མེད་ཅིག་གིས་གྲི་རིང་བཟུང་བའི་བོད་ལ་གྱོན་མཁན་གྱི་དམག་མི་ཞིག་གིས་བོད་ལ་ཕུད་དེ་དམག་ལ་གྱོན་པ་དངོས་སུ་མཐོང་བ། ) བདེན་དཔང་གསུམ་པ། ( ཉིན་དེའི་བོད་མིའི་ཞི་རྒོལ་ཁྲོད་ཀྱི་དྲག་པོའི་བྱ་སྤྱོད་སྤེལ་མཁན་དག་ལྷ་སའི་ཡུལ་མི་ཚོས་སྔར་མཐོང་མྱོང་མི་འདུག་ལ། ལས་འགུལ་གྲུབ་རྗེས་ཀྱང་གར་སོང་ཆ་མེད་ཆགས་ཚུལ་ ) བདེན་དཔང་བཞི་བ། ( རྡུང་གཅོག་འཕྲོག་བསྲེག་གི་བྱ་འགུལ་ཡོད་ཚད་རྒྱ་ནག་གིས་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་འཆར་གཞི་དང་སྒྲིག་འཛུག་ཡོད་པའི་སྒོ་ནས་སྤེལ་བ། ) བཅས་ཡིན། ཞེས་དོན་དངོས་ཁག་འཇིགས་ཞུམ་བྲལ་བའི་ངང་བཀོད་འདུག

གོང་གི་གནས་ཚུལ་དེའི་ཐད། དེ་རིང་སྔ་དྲོ་བོད་ནང་གི་ཧི་གཟིགས་དྲ་བར་རྩོམ་པ་པོ་དཔྱིད་མྱུག་ལགས་ཀྱིས་གནས་ཚུལ་སྤེལ་དོན། བློ་རིག་གཉིས་འཛོམས་དང་དཔའ་སྟོབས་གཉིས་ལྡན་ཅན་གྱི་ཁ་བ་རི་བའི་སྤུན་ཟླ་བཀྲ་ཤེས་སམ་ཐེའུ་རང་ལགས་སྤྱི་ཟླ་ ༧ ཚེས་ ༢༦ ཉིན་ནག་ཕྱོགས་དགྲ་བོས་ལྐོག་འཛིན་བྱས་ཏེ། རྡོ་ཐོག་བྱ་འཕུར་རྗེས་མེད་བཞིན་གར་སོང་ཆ་མེད་དུ་གྱུར།  ཁོ་བོའི་བློས་ཐུབ་ཀྱི་གྲོགས་པོ་ཁ་ཤས་ཀྱི་བཤད་པ་ལྟར་ན། ༢༠༠༨ ལོའི་ཡར་ལངས་གི་རྗེས་ནས་བཟུང་། སྲིད་གཞུང་གིས་ཁོང་ལ་ལན་མང་འདྲི་སྤྱོད་དོགས་ཟོན་བྱས་པ་མ་ཟད། ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་གཅིག་རྗེས་གཉིས་མཐུད་ཀྱིས་གསལ་ཆ་ལན་གིན་འདུག་ཟེར།  ༢༠༠༨  ལོའི་ལོ་མཇུག་ལ་ཁོང་གིས་བོད་རིགས་སྤུན་ཟླའི་ཉག་ཕྲ་བའི་ལས་དབང་ལ་བསམ་བློ་བཏང་སྟེ། ཤ་དང་ཁྲག་ལ་འདྲེས་པའི་སྐད་ཆ་གསོན་པོ་ཁྲག་ཡིག་ལ་སྦྱར་ནས་དམར་པོའི་སྲིད་གཞུང་གི་ནག་ཉེས་དང་གཉའ་གནོན། ངན་ཚང་ཡོད་ཚད་གསལ་བསྒྲགས་བྱས་ཡོད་པས་ཁོང་ཉིད་སྔ་མོ་ནས་སྲིད་གཞུང་གིས་མིག་ནང་གི་འཚེར་མ་ལྟ་བུར་གྱུར་ཡོད། བློ་རིག་རྟུལ་ཕོད་ཅན་ཁོང་ཉིད་ད་ལྟ་དམར་པོའི་སྲིད་གཞུང་གི་མུན་ནག་བཙོན་ནང་ནས་སྡུག་བསྔལ་དང་། ན་ཟུག་ག་ཚོད་མྱོང་དགོས་པ་ང་ཚོའི་སེམས་ན་གསལ་བོ་ཡིན། ༢༠༠༩ ལོའི་ཟླ་ ༧  ཚེས་ ༢༨ ཉིན་ལྷ་ས་ནས་གཏམ་ངན་འདི་ཐོས་ཏེ་བློ་བུར་དུ་སྦྱར། ཞེས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
Russian President Vladimir Putin shakes hands with his Chinese counterpart Xi Jinping during a welcoming ceremony before their talks at the Kremlin in Moscow, Russia, May 8, 2025. REUTERS/Evgenia Novozhenina
Mobile App

ཞི་ཅིན་ཕིན་དང་པུ་ཊིན་གཉིས་ཀྱིས་དངོས་སུ་ཐུག་འཕྲད་བྱས།

ཆུ་ཚོད་ ༡༩ སྔོན་ལ།
Front Slider

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
བོད་ཆབ་མདོ་སྟེང་ཆེན་རྫོང་། དྲ་ལམ་གྱི་པར།
Mobile App

ཆུ་གློག་བཀག་པའི་གནས་ཚུལ་དྲ་ལམ་དུ་སྤེལ་བའི་ཉེས་མིང་འོག་བོད་མི་ཞིག་བཀག་ཉར་བྱས།

༢༠༢༥/༠༥/༠༧
བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པའི་ཡུལ་དངོས། ༢༠༢༥།༥།༧
Mobile App

བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་ཉེར་བརྒྱད་པ་འཚོག་མགོ་བཙུགས།

༢༠༢༥/༠༥/༠༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆེ་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཇར་མན་གྱི་སྲིད་བློན་ཧྥི་རི་ཌི་རི་ཆི་མཆོག་ལ་འཚམས་འདྲི་མཛད།

༢༠༢༥/༠༥/༠༧

མཆན། 25

  1. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ཚོགས་པ་ལྔའི་ཚོགས་གཙོ

    Reply
  2. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    འགྲོ་ན་འགྲོ། དགྲ་བོ་ཡོད་སར་འགྲོ། གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་ཚོགས་མི་ཚོ་དགྲ་བོ་ལ་སྐྲག་ན་སྡོད་དང་ཆོག ཁྱེད་རང་ཚོའི་ད་བར་དུ་མི་རིགས་ཀྱི་ངོ་བོ་གླེང་ནས་སྦྱིན་བདག་གི་ལག་ནས་ཐོབ་ཡོད་པའི་རོགས་དངུལ་ང་ཚོ་ལ་སྤྲོད་དང་། བོད་ས་ཡོངས་སུ་རྒྱ་མི་གཅིག་ཀྱང་སྡོད་མི་བཟོད་པ་ཞིག་བྱེད་ཁོ་ཐག་ཡིན། གངས་རིའི་ལྗོངས་ལ་རང་སྲོག་དོར་ཐུབ་པའི་དཔའ་བོ་དཔའ་མོ་མེད་པའི་སེམས་ཁྲལ་དགོས་ནི་མ་རེད། ཤི་ན་ཐམས་ཅད་མཉམ་དུ་ཤི།། མཉམ་དུ་ཤི་ན་དཔའ་བོ་ཡིན།། གསོན་ན་ཡོད་ཚད་མཉམ་དུ་གསོན།། མཉམ་དུ་གསོན་ན་གཟི་བརྗིད་ཡིན།། ཤི་མ་གསོན་གྱི་འཐབ་རྩོད་འདིར།། འཇིག་རྟེན་སྐྱེ་བོ་དགོདཔའི་རྒྱུ།།

    Reply
  3. ཟུངས་ཁྲག says:
    ལོ་ 16 སྔོན།

    འུ་ཚང་གི་ཟུངས་ཁྲག་དྲོན་མོ་ཨ་ཞང་ཚང་གི་མཆེ་བར་ན་འཛར་བའི་དོན་དངོས་ཀྱི་ཁྲག་ཡིག་དང་རང་ཉིད་ཀྱི་མགོ་བོ་མཐོན་པོ་སུ་དང་གང་གི་རྐང་འོག་ཏུ་འཇོག་འདོད་མེད་པའི་གངས་རིའི་དཔའ་རྒོད་ཐེའུ་རེང་གཉིས་ད་སྐབས་གང་ན་ཡོད་དམ་གང་དུ་བརླགས་སོང་ངམ ཐེའུ་རེང་ལགས་ཀྱི་སེམས་ཤུགས་ཆགས་མི་སྲིད་ལ་ཆགས་དགོས་དོན་ཡང་མེད་གི འུ་ཚང་གི་ཟུངས་ཁྲག་དྲོན་མོའི་བཞུར་རྒྱུན་གངས་རི་དང་བདེན་པ་ལ་ཐུག་ཡོད་པས་འུ་ཚང་ཤི་ན་གཟི་བརྗིད་ཀྱིས་ཤི་དགོས་ལ་གསོན་ན་བརྔམས་བརྗེད་ཀྱིས་འགྲེང་དགོས། གངས་རིའི་བུ་རྒོད་ཚོ་གཏུགས་གཤེར་ལ་འགྲོ་ཟུངས་ཁྲག་གི་གཏུགས་ཤེར་བྱེད་དུ་འགྲོ འགྲོ འགྲོ འགྲོ མྱུར་དུ་འགྲོ

    Reply
  4. རང་རྟོན། says:
    ལོ་ 16 སྔོན།

    སེམས་…………

    Reply
  5. རང་རྟོན། says:
    ལོ་ 16 སྔོན།

    སེམས་…………

    Reply
  6. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    གང་ལྟར་ཀྱང་མགོ་གསེར་སྐུའི་བཅག་དང་། རྡོ་སྐུའི་བཅག་དེ་བྱིན་རླབས་ཡོད་མེད་ཁྱད་པར་མེད། བོད་ལ་དུས་རབས་དང་མཐུན་པའི་འཇིག་སྐུལ་ཚོགས་པ་ཞིག་ཡོད་ན་གུང་ཁྲན་ཏང་རྩ་མེད་གཏོང་མ་ཐུབ་རུང་ལྟས་ངན་ཀླ་གློའི་རིགས་ལ་མི་སེལ་སྤེལ་ཡུལ་གྱི་གོ་སྐབས་ཞིག་ག་བ་ཡོད་ཀྱི་རེད། ཡིན་འང་བློ་འཕམ་པ་ཞིག་ལ་གཞོན་ནུ་ཚོགས་པ་སོགས་གཞུང་འབྲེལ་མིན་ཚོགས་པ་ཚོས་རྒྱལ་ཁབ་གཞན་གྱི་ཤིང་ནགས་གསེང་ནས་སྐད་འབོད་རེ་བྱས་པ་ལས་་་་་་་་་་

    མ་ཧྰ་གན་དེས་བྱམས་དང་སྙིང་རྗེས་ས་ཆེན་གོ་ལ་ཡང་ཡང་བསྒུལ།།
    སུའུ་བྷ་ཅན་དྷར་བྷོ་ཡི་སྙིང་སྟོབས་ཨེ་ཤར་གླིང་གི་ཡུལ་ལ་ཁྱབས།།
    གང་གིས་ཞི་བའི་དར་ཆ་བསྒྲེངས་ཤིང་སྐྲ་སེར་དཔོན་པོའི་སེམས་པ་ཞུམ།།
    ཁོང་གིས་རྣོན་པོའི་མཚོན་ཆ་བཟུང་ནས་དབྱིན་དམག་སྡར་མའི་སྙིང་རྩ་བྲེགས།།

    Reply
  7. རི་བོང། says:
    ལོ་ 16 སྔོན།

    ངའི་སེམས་རྩ་སྡུག་གིས་གཟིར་ནས་ཀློག་གི་ཡོད། ངའི་མིག་མཐའ་མཆི་མས་བསྐོར་ནས་ཀློག་གི་ཡོད། རིགས་ཞེན་དང་ལ་རྒྱས་བཟི་བའི་བུ་རྒོད་ཚོ་འདི་ལྟར་བཞུད་དུས། ང་ཚོའི་སེམས་སྡུག་ཙམ་ལས་ཅི་ཞིག་འཇོན།

    Reply
  8. གནས་ཚང་། says:
    ལོ་ 16 སྔོན།

    ཚང་མས་གདུང་སེམས་མཉམ་བསྐྱེད་ཡག་པོ་རེད་དེ། དེ་ལས་ཀྱང་གལ་ཆེ་བ་ནི་གོང་བཀོད་གསར་གནས་དབྱིན་བསྒྱུར་གྱིས་འཛམ་གླིང་ལ་སྤེལ་རྒྱུ་གལ་ཆེན་རེད།

    Reply
  9. ལྷ་ཆེན་བུ། says:
    ལོ་ 16 སྔོན།

    ཨ་ཁུ་རྩོམ་པ་པོ་ཐེའུ་རེང་ལགས་གདུང་སེམས་གཉམ་སྐྱིད་ཡོད་།

    Reply
  10. ཆོས་ལོ says:
    ལོ་ 16 སྔོན།

    རྩོམ་པ་པོ་ཐེའུ་རེང་གི་སྙིང་སྟོབས་དངལྷག་བསམ་དུས་ནམ་ཡང་མི་བརྗེད།

    Reply
  11. སྒོ་བུ་གྲགས་པ། says:
    ལོ་ 16 སྔོན།

    ཨ་ཁུ་རྩོམ་པ་པོ་ཐེའུ་རེང་ལགས་སེམས་ཤུགས་མ་ཆགས་བློ་མ་ཕམ་དཀོན་མཆོག་གིས་མགོན་སྐྱབས་གནང་གི་རེད།་ང་ཚོར་ཁྱེད་ཀྱིས་ཕྱོགས་ལ་སེམས་ཁུར་བྱེད་ཀྱི་ཡོད། ང་ཚོར་ཁྱེད་རང་ལ་ག་དུས་ཡིན་ན་རྒྱབ་སྐྱོར་ཡོད། ཁྱེད་ཀྱིས་སྙིང་སྟོབས་དང་ལྷག་བསམ་ལ་ཧ་ཅང་དགའ་ཞིང་ཧ་ཅང་དུངས། མྱུར་དུ་ཕེབས་པར་ཤོག

    Reply
  12. ཨ་བུ་གངས་དཀར says:
    ལོ་ 16 སྔོན།

    དགོངས་དག་ཞུ་ཆད་སོང་ཕྲག་་་་་་འོག་

    Reply
  13. ཨ་བུ་གངས་དཀར says:
    ལོ་ 16 སྔོན།

    ཡང་ཚར་སོང་བོད་མི་རིགས་འདིའི་ཆེའི་ཉམས་ཆུང་བའི་བླ་སྲོག་ཕག་ཏུ་འཁུར་མཁན་གྱི་གསེར་ནག་གི་བུ་ཆུང་ཞིག་དགྲ་བོའི་ལག་ཌྷོག་་ཏུ་ཤོར་སོང་ནི་རེད།་ཆེའི་སྙན་གྲགས་ཆེ་བའི་གླུ་བ་བདུད་བྷེ་ཡིས་ཨ་མའི་བུ་ང་ཚོ་འདུག་ཁོམ་མེད་ལ་འདུག་པའི་དུས་ཡང་མ་ཡིན་ཟེར་བ་ལྟར།་ང་ཚོ་ཆོ་ཁའི་འཐེན་ཁྱེར་དང་བླུན་རྨོང་རྗེས་ལུས་ཀྱི་བསམ་བློ་ཕར་བཞག་ནས་བཞུད་ཟིན་པའི་དཔའ་་བོ་དག་དང་ཆེའི་གདུག་རྩུབ་ཆེ་བའི་རྒྱ་དམར་གྱི་བཙོན་འོག་གི་སྤུན་ཟླ་ཚོའི་མངོན་འདོད་ཆེ་བའི་རེ་བ་བསྒྲུབ་ཕྱིར་རང་་རང་གི་ལས་ལ་བརྩོན་ནས་སེམས་ཤུག་སྐྱེདདགོས་ཨ་མའི་བུ་ཚོ་ཡར་ལངས་ཤོག།།

    Reply
  14. སྒྲོལ་མ། says:
    ལོ་ 16 སྔོན།

    ༼ དྲོད་ངག་སྒྲོན་ལགས་ཀྱིས་སྐུ་ཞབས་ཐེའུ་རང་ལ་ཕུལ་བའི་སྙན་ཚིག ༽
    འདི་ལྟར་སེམས་ཀྱི་དམར་ས་ཡོད་པའི་མི་བུ་ཞིག་གློ་བུར་དུ་བོར་སོང་ན
    འདི་ལྟར་དྲང་བདེན་དང་གནས་ལུགས་བརྗོད་མཁན་ཞིག་གློ་བུར་དུ་བོར་སོང་ན
    འདི་ལྟར་མི་རིགས་ཀྱི་ཆེད་དུ་སྐད་ཆ་བཤད་མཁན་ཞིག་གློ་བུར་དུ་བོར་སོང་ན
    འདི་ལྟར་རང་དབང་གི་གད་རྒྱངས་སྒྲོགས་མཁན་ཞིག་གློ་བུར་དུ་བོར་སོང་ན

    ཁ་བ་གངས་ཅན་པའི་ལྗོངས་ཀྱི་ཡོན་ཏན་པའི་སྡེ
    ང་ཚོ་འདི་ལྟར་ཁ་ཁུ་སིམ་པོར་འདུག་དགོས་སམ
    འདི་ནི་ང་ཚོ་ལ་གཉའ་གནོན་དང་བཙན་འཛུལ་བྱས་པ་མ་ཡིན་ནམ
    དོན་དངོས་སུ་ང་ཚོ་ལ་སྨྲ་བརྗོད་རང་དབང་ག་ཙམ་ཡོད

    དོན་དངོས་སུ་་་་་་་་་
    རང་རིགས་ཀྱི་ཆེད་དུ
    དྲང་བདེན་གྱི་ཆེད་དུ
    གནས་ལུགས་ཀྱི་ཆེད་དུ
    རང་དབང་གི་ཆེད་དུ
    སྐད་ཆ་བཤད་མཁན་ག་ཚོད་ཡོད

    འདི་ལྟར་གནས་ལུགས་བརྗོད་མཁན་གྱི་མི་བུ་དཔྱོད་ལྡན་པ་ཚོ
    གཅིག་ཅིག་ཉིས་ཉིས་ཀྱི་བོར་སོང་བ་ནི་ཆེས་ཡིད་ཕངས་པའི་གནད་དོན་ཞིག་རེད་ཨང
    དོན་ངོ་མར་འགྲོ་བ་མིའི་ཐོབ་ཐང་ལ་བདག་པོ་རྒྱག་མཁན་ཞིག་ཡོད་དམ

    ཁ་སང་་་་་་་་་་་་་་ཁྱེད་ཀྱི་སྙིང་སྟོབས་དང་སྤོབ་པགླེང་བཞིན
    ཁ་སང་་་་་་ཁྱེད་ཀྱི་སྒལ་ཚིགས་དང་མྱི་གཞི་གླེང་བཞིན
    ཁ་སང་་་་་ཁྱེད་ཀྱི་ཁྲག་ཡིག་དང་བྱས་རྗེས་གླེང་བཞིན
    དོན་ངོ་མའི་ཁྱེད་རང་ཆང་ཕོར་ཁ་ན་འཚོལ་དུས

    ཁྱེད་ཀྱི་གྲོགས་པོ་བཙོན་མ་དང་བོད་ཕྲུག་ད་དུང་དཔྱིད་མྱུག་དང་གཉན་སོགས་ཀྱིས
    ཁྱེད་ལ་དམྱུལ་ཡུལ་ལྟ་བུའི་བཙོན་ཁང་ནང་ན་འཇིགས་སྐྲག་དང་སུན་སྣང་མེད་པའི་སྨོན་འདུན་རིང་མོ
    པོ་ཏ་ལའི་རྒྱབ་རོལ་ནས་བསྐུར་ཡོད
    ཐེའུ་རེང་་་་་་་་་

    དོན་ངོ་མར་འཇིག་རྟེན་ན་ལས་རྒྱུ་འབྲས་དང་ལས་རྒྱུ་འབྲས་ཀྱི་བདག་པོ་ལྟ་བུའི་ལྷ་སྲུང་ཞིག་ཡོད་ན
    ཐེའུ་རེང་ལ་མགོན་སྐྱབས་དང་སྡོང་གྲོགས་མཛོད་ཅིག

    ཨ་མའི་བུ་ཐེའུ་རེང་་་་་་
    ཁྱེད་རང་སྔར་བཞིན་སྙིང་སྟོབས་དང་སྤོབ་པའི་ངང་ཆས་ཤོག
    ཁྱེད་རང་སྔར་བཞིན་རྒྱལ་ཁ་དང་གཟི་བརྗིད་ངང་ཆས་ཤོག
    ཐེའུ་རེང་་་་་་་་་་་་་་་་་་་་་་་་
    ཐེའུ་རེང་་་་་་་་་་་་་་་་
    ཐེའུ་རེང་་་་་་་

    Reply
  15. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ཁྱེད་རང་གཏན་ནས་མི་བརྗེད།

    Reply
  16. ཀླུ། says:
    ལོ་ 16 སྔོན།

    ཐེའུ་རང་ལ་ཕུལ་བ།
    བོད་ནས་ལྷམ་ཀོག་གིས།
    མགོ་འདི་བྲག་ལ་གཏུགས་ནས་ལུས་འདི་བསྒུར་ནས་ཡོད།།
    སེམས་འདིར་འཇིགས་སྐུལ་བྱས་ནས་དཔའ་འདི་ཞུམ་ནས་ཡོད།།
    ལག་འདིར་ལྕག་གིས་བྲབས་ནས་བྲང་འདི་གཤོང་ནས་ཡོད།།
    ཁ་འདིར་ལ་ཙི་བླུགས་ནས་ལྕེ་འདི་སྦྲིད་ནས་ཡོད།།

    བྲག་ལ་ཨུ་ཁུང་བཏོད་པའི་གྲོགས་ཁྱེད་མཐོང་གིན་ཡོད།།
    ས་ལ་སྤར་ཉོབ་བྱེད་པའི་གྲོགས་ཁྱེད་སེམས་ཀྱིན་ཡོད།།
    གྲི་ལ་ཁུ་ཚུར་སྣོན་པའི་གྲོགས་ཁྱེད་གླེང་གིན་ཡོད།།
    ལག་ལ་དཔའ་སྤོབས་བཏེགས་པའི་གྲོགས་ཁྱེད་འདྲི་གིན་ཡོད།།

    Reply
  17. མེ་སྟག says:
    ལོ་ 16 སྔོན།

    སྤྱིར་ཡིན་ན་རྩོམ་པོ་ཚོའི་བདེ་སྡུག་གི་སྐོར་འདི་ལྟ་བུ་ནི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གཙོས་གླེང་ན་འོས་ཤིང་འཚམ་པ་ཞིག་རེད་པས། འོན་ཀྱང་འདི་ཚོས་ལྐོག་ནས་ཕྱི་སྐྱོད་ལག་འཁྱེར་ཚོང་སྒྱུར་བྱ་རྒྱུ་ལས་གཞན་ཅི་ཡང་མི་བྱེད་པ་ཅི་ཡིན་ནམ།

    Reply
  18. རྭ་ལོ། says:
    ལོ་ 16 སྔོན།

    ཉི་མ་ཞིག་ལ་ཀྲང་ཆིན་ལིའི་བུ་མོ་ཡང་རང་ཕྱོགས་ཀྱི་མི་ཞིག་གིས་ཁ་རོག་གེར་མི་གཏའ་ལ་ཁྲིད་འགྲོ་སྲིད་ལ། སུ་ཞིག་གི་སྣུམ་འཁོར་འོད་ཡུག་མ་དེ་ཡང་ཐལ་དང་རྡུལ་དུ་གཏོང་སྲིད་པ་རེད། ཡིན་ཡང་། ངས་འདི་ནས་སྐུལ་སློང་བྱེད་ཀྱིན་མེད་ཨཱ།

    Reply
  19. རྭ་ལོ། says:
    ལོ་ 16 སྔོན།

    རྒྱ་ལག་ལ་ཤོར་ཚར་དུས་ཕྱིར་ང་ཚོའི་ལག་ལ་རག་ཁག་པོ་ཡིན། བྱ་གླག་གིས་ལུ་གུ་འཁུར་འཁུར་བྱེད་ཀྱིན་འདུག རི་ཡུལ་གཉིས་ཀ་ནས་ཀི་ཧོ་ཇི་ལྟར་བཏབས་རུང་ཁ་ནས་ཕྱིར་མི་ལོན། ཁ་སང་དེ་རིང་དོན་གྲུབ་དབང་ཆེན་ཡང་རྒྱ་ནག་ལས་ལོན་གི་མེད།

    Reply
  20. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    ངའི་སེམས་གཟར་སོང་་་་ངའི་སྙིང་འཕར་བྱུང་་་་ངའི་འགྲིན་པ་མཆི་མས་བརྣངས་སོང་་་་་གཏམ་ངན་འདིས་ངའི་ཚེ་སྲོག་གི་ཕྱེད་ཀ་འཕྲོག་སོང་་་་་ཁོང་ནི་བོད་མི་རིགས་ཀྱི་དངོས་ཡོད་ཀྱི་བདེ་སྡུག་་་་་་་གཟིན་རྗེའི་གྲི་མདའ་ཁར་མཛད་མེད་དུ་སྒྲོགས་མཁན་ཞིག་ཡིན།་་་ཁོང་མེད་ན་གཞི་ལུས་ཀྱི་སྐད་ཆ་ལ་ངར་སྒྲ་མེད་་་་ཁོང་མེད་ན་བོད་ཀྱི་གཞཽན་སྐྱེས་ཚོའི་སྨྱུག་གུ་ལ་འོད་མདངས་མེད་་་་་་ང་ཚོས་རྟག་་ཏུ་ཁོང་གླེང་དགོས་ང་ཚོས་ཁོང་བཙལ་དགོས་

    Reply
  21. བདེ་བ་ཅན། says:
    ལོ་ 16 སྔོན།

    ཁྲག་ཡིག་རྩོམ་པ་པོ་ཁོང་གི་དེབ་དངོས་སུ་མཐོང་མ་བྱུང་ཡང་། ཟིན་བྲིས་དེ་དག་སྟེང་ནས་གནས་ཚུལ་དོན་རྟོགས་བྱུང་བར་ཁོང་ལ་གདུང་སེམས་མཉམ་སྐྱེད་ཡོད། ཡིན་ནའང་ང་ཚོས་བསམ་གཞིགས་གཟབ་ནན་གྱི་ཐོག་ནས་ཁོང་ དངོས་སུ་འཛིན་བཟུང་བྱས་ཡོད་མེད་ལ་ཞིབ་འཇུག་དོ་ནན་བྱ་དགོས་ཀྱི་འདུག ཉེ་སྔོན་རིན་བཟང་གི་མུ་འབྲེལ་ཟིན་ཐོ་འབྲི་མཁན་མཐོང་རྒྱུ་མེད་པ་ཆགས་སོང་ཞེས་ཟིན་ཐོ་ཁག་ཅིག་སྟེང་བཀོད་ཐོན་བྱུངསོང༌། འོན་ཏེ་དེ་མཇུག་བསྐྱེལ་མཁན་ཞིག་རྩ་བ་ནས་བྱུང་མ་སོང་།་ མི་ཞིག་གི་ལས་དོན་གཟེངས་སུ་ཐོན་པ་དང་གདེངས་འཇོག་ཡོང་ཐབས་སུ་ངེས་པར་ཁོང་གི་རྒྱབ་ལྗོངས་ལོ་རྒྱུས་རགས་ཙམ་ བཀོད་དགོས་ཀྱི་འདུག་ལ། དངོས་སུ་འཛིན་བཟུང་བྱས་ཡོད་མེད་དེ་དོན་དངོས་དང་བསྟུན་ནས་གསལ་པོ་བཤད་དགོས་ཀྱི་འདུག དེ་སྔ་ང་ཚོས་འཇམ་དབྱངས་སྐྱིད་སླར་ཡང་འཛིན་བཟུང་བྱས་སོང་ཞེས་གནས་ཚུལ་གཅིག་མཇུག་གཉིས་མཐུད་དུ་སྤེལ་བ་རེད། འོན་ཏེ་ཁོང་ནས་མུ་མཐུད་ཟིན་བྲིས་སྤེལ་ཏེ་ཁོང་སྐབས་དེར་དགུང་སེང་དུ་བསྐྱོད་ཡོད་པའི་གནས་ཚུལ་སྤེལ་སོང་ ། དེ་འདྲ་སོང་ཙང་ང་ཚོས་ཁོང་དངོས་སུ་འཛིན་བཟུང་བྱས་ཡོད་མེད་དེ་ཁ་གསལ་བཟོ་དགོས་ཀྱི་འདུག གལ་སྲིད་ཁོང་འཛིན་བཟུང་བྱ་བའི་དུས་ཚོད་ཤེས་རྟོགས་ཡོང་གི་ཡོད་ཚེ་ས་གནས་དང་འཛིན་བཟུང་བྱ་མཁན་གང་ནས་ཡིན་པ་རོབ་ཙམ་ཤེས་ཡོད་ངེས་ཡིན་སྟབས་དེ་དག་ངེས་པར་བཀོད་དགོས་ཀྱི་འདུག དེ་མིན་རང་ཉིད་ཀྱི་མི་མཐོང་ཚེ་ལམ་སེང་འཛིན་བཟུང་བྱས་པར་རྩིས་ཏེ་བཀོད་རྐྱང་བྱས་ཚེ་དེ་ནི་གནས་ཚུལ་ཆ་ཚང་པོ་ཞིག་མཐོང་གི་མི་འདུག

    Reply
  22. བསེ་རུ། says:
    ལོ་ 16 སྔོན།

    ཨ་ཁ་ཁ་ཤ་ཁྲག་གཅིག་པའི་མིང་དོན་མཚུངས་པའི་གཞོན་སྐྱེས་རྩོམ་པ་པོ་ཞིག་འདི་ལྟར་འཇའ་ལྟར་ཡལ་དུས་འདི་ཡང་བོད་མི་རིགས་ཀྱི་གྱོང་གུད་ཅིག་རེད།

    གསར་འགྱུར་ནང་གི་ཡིག་ནོར།
    དྲི་ཚིགས། དྲ་ཚིགས།
    བདེན་དབང་། བདེན་དཔང་།
    བདེ་དཔང་། བདེན་དཔང་།
    སྒྲིག་འཛུག སྒྲིག་འཛུགས།
    ཧི་གཟིགས། ཧི་གཟུགས།
    བཀྲ་ཤེས། བཀྲ་ཤིས།
    གསལ་ཆ་ལན་གིན། གསལ་ཆ་ལེན་གྱིན།
    འདི་རྣམས་ངས་མཐོང་བའི་ཡིག་ནོར་ཡིན།

    གཤམ་དུ་བློ་བུར་ཞེས་པའི་ཐད། སྔར་གྱི་ཕྱག་དཔེ་རྙིང་པའི་རིགས་ཁག་ཅིག་གི་ནང་བློ་བུར་འདི་རང་འདུག་ཀྱང་།
    དེང་དུས་ཡོངས་གྲགས་སུ་གློ་བུར་ཞེས་སྤྱོད་ཀྱིན་ཡོད། གོང་གི་དེ་དང་འདི་གཉིས་འབྲི་སྲོལ་མི་གཅིག་པ་ཙམ་མ་གཏོགས་དོན་གཅིག་རེད་འདུག་སྙམ།

    Reply
  23. སྦྲ་དཔལ་ལྡན། says:
    ལོ་ 16 སྔོན།

    ཡང་གཏམ་ངན་དེ་འདྲ་རེ་གོ་ཡི་འདུག་ཀ ད་ཡིན་ན་ཡང་དམྱལ་བའི་ལས་ཀ་ལས་ནོ་ཁོ་དག་ཡིན།་ ཡང་འདྲེའི་ལག་པ་བསྲིངས་ཚར་འདུག་ཨ། དཀོན་མཆོག་མཁྱེན། ན་གཞོན་དེ་ཚོའི་ངོ་མ་མྱང་གི་འདུག་ཡ།

    Reply
  24. ཨ་མྱེ says:
    ལོ་ 16 སྔོན།

    ཁོང་ཉིད་ལ བཙན་པོའི བོད་པ་ཅེས བྱ་རྒྱུ།

    Reply
  25. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བཤད་མཁན་དང་བསྡོད་མཁན་གང་ཡིན་ཡང་། བོད་ནང་ནས་ལས་སླ་བོ་ཞིག་འཇོག་གི་མེད་ཀྱང་། བྱེས་པ་དག་གིས་གང་ཞིག་བྱས་དེ་དེ་དག་གི་བདེ་སྡུག་ལ་ཁ་ཡ་ཡག་པོ་བྱེད་ཐུབ་མིན་ཐད་དུ་ལས་འགུལ་རྒྱུན་ཆད་མེད་པ་རེད་སྤེལ་མཁན་ནི་ཉིན་རེ་ཉིན་རེ་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་འདི་ནི་དེ་བས་ཀྱང་ཡིད་སྐྱོ་བ་ཞིག་མ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese