མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༸ས་སྐྱ་གོང་མ་རིན་པོ་ཆེས་ཆིབས་བསྒྱུར།

བོད་ཀྱི་དུས་བབ།
༢༠༠༩/༠༨/༠༣
Share on FacebookShare on TwitterShare on EmailShare on Whatsapp
དཔལ་༸ས་སྐྱ་གོང་མ་རིན་པོ་ཆེ་མཆོག་བདུན་ཕྲག་གཉིས་ལྷག་རིང་སྦེལ་ཀོབ་གཞིས་ཆགས་སུ་ཆིབས་བསྒྱུར་བསྐྱངས་ཏེ། ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་ཅིག་བསྐྱང་གཏན་འཁེལ་ཡོད།
ཕྱི་ཚེས་ ༣ ཉིན་ནམ་དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤ ཙམ་ལ་ཆར་བ་ཟམ་ཟིམ་ཞིག་དང་མི་མང་གིས་ཆིབས་བསུའི་ཁྲོད་ནས་དཔལ་༸ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་། ས་དགོན་བརྩེ་ཆེན་ཆོས་འཁོར་གླིང་དུ་ཆིབས་བསྒྱུར་བསྐྱངས་ཡོད་ལ། ཐེངས་འདིར་རིན་པོ་ཆེ་ཁོང་དབུ་བཞུགས་ཐོག་ ༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་གིས་ས་དགོན་བརྩེ་ཆེན་ཆོས་འཁོར་གླིང་གི་དབུ་བླ། ༸སྐྱབས་བརྗེ་ཁྲི་འདུ་རིན་པོ་ཆེ་སྐུ་ཕྲེང་བཞི་བ་གསེར་ཀླུ་ལྡིང་སྤྲུལ་འཇམ་དབྱངས་ལུང་རྟོགས་རྒྱལ་མཚན་མཆོག་གི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་། སྐུ་ཕྲེང་ལྔ་བ་མཚན་ལ་ངག་དབང་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་གསོལ་བ་ཁོང་ཡང་སྲིད་ཁྲི་སྟོན་མཛད་སྒོ་གནང་རྒྱུ་ཡིན་འདུག་ལ། ད་ལྟ་དགུང་ལོ་བདུན་ལ་ཕེབས་པའི་ཡང་སྲིད་ངག་དབང་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་ཁོང་རྡེ་ར་ལྡུན་བདེ་སྐྱིད་གླིང་གཞིས་ཆགས་སུ་ཡབ་ཀརྨ་བརྟན་པ་དང་ཡུམ་ལྷག་པ་ཆོས་འཛོམས་རྣམ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཡོད་འདུག
དཔལ་༸ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་ཚེས་ ༦ ཉིན་ཀྱེ་རྡོར་བཀའ་དབང་སྟ་གོན་དང་ཚེས་ ༧ ཉིན་ཀྱེ་རྡོར་བཀའ་དབང་དངོས་གཞི་སྩོལ་རྒྱུ། ཚེས་ ༨ ཉིན་ཀུན་རིག་བཀའ་དབང་སྩོལ་རྒྱུ། ཚེས་ ༩ ཉིན་མི་མང་ལ་ཚེ་དབང་དང་དྲག་པོ་གསུམ་འདྲིལ་རྗེས་གནང་སྩོལ་རྒྱུ་བཅས་ཕྱི་ཚེས་ ༡༤ བར་ཆོས་ཕྱོགས་དང་འབྲེལ་བའི་མཛད་པ་འཕྲིན་ལས་ཁག་ཅིག་བསྐྱང་གཏན་འཁེལ་ཡོད་པ་དང་། ཕྱི་ཚེས་ ༡༥ ཉིན་སྦེལ་ཀོབ་ནས་བྷེང་ལོར་དུ་ཆིབས་ཐོན་གནང་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོབ་བྱུང་།

ཆུ་ཚོད་ ༤ སྔོན་ལ།
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

ཆུ་ཚོད་ ༥ སྔོན་ལ།
People jostle each other to buy subsidized sacks of wheat flour in Quetta, Pakistan, Thursday, Jan. 12, 2023
Mobile App

འཛམ་གླིང་གི་རྒྱལ་ཁབ་ཆུང་གྲས་མང་པོ་ཞིག་རྒྱ་ནག་གི་བུ་ལོན་ནང་ལྷུང་འདུག

ཆུ་ཚོད་ ༧ སྔོན་ལ།
China has been accused of trying to block Penpa Tsering, the head of Tibet’s government-in-exile, from speaking at the National Press Club
Mobile App

རྒྱ་ནག་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨོ་གླིང་ནང་ཕེབས་རྒྱུར་ངོ་རྒོལ་བྱེད་བཞིན་འདུག

ཆུ་ཚོད་ ༩ སྔོན་ལ།
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་མགོ་ཁྲིད་ཅིག་འཛིན་བཟུང་བྱས་ཡོད་ཟེར།

༢༠༢༣/༠༦/༠༣
Odisha train accident LIVE: Locals, security personnel and NDRF during the search and rescue operation at the site where Coromandel, Bengaluru-Howrah Express trains derailed last night, in Balasore district, Saturday, June 3, 2023. (PTI Photo)
༧གོང་ས་མཆོག གསུང་འཕྲིན།

མེ་འཁོར་གདོང་ཐུག་བྱུང་ནས་མི་གྲངས་ ༢༣༣ ལྷག་རྐྱེན་འདས་སུ་གྱུར་བར་ཐུགས་སྨོན་མཛད།

༢༠༢༣/༠༦/༠༣

མཆན། 6

  1. མིའུ་ཕྲུག says:
    ལོ་ 14 སྔོན།

    སངས་རྒྱས་ཆོས་འཕེལ་ལགས། ཉིད་ཀྱིས་ལན་གོང་དུ་བཏབས་ནས་བཀའ་འདྲི་འོག་ཏུ་གནང་བ་འདི་རྒྱུ་མཚན་ངེས་ཅན་ཞིག་མེད་ན་ཁྱེད་ཉིད་མི་ལྐུག་པ་ཞིག་མ་ཡིན་པའི་ངེས་པར་མི་འདུག ༧ས་སྐྱ་གོང་མ་ཁོང་རང་གི་མི་སེར་སྤེལ་བར་ཐབས་མཁས་པོ་ཞི་དྲག་མེད་མཁན་ཡིན་ཚེ་དེའི་སྙན་གྲགས་དང་མངའ་ཐང་མི་རྒྱས་པ་ནི་ཆོས་ཉིད་རེད། སྙན་གྲགས་མངའ་ཐང་རྒྱས་དགོས་ཚེ་འཁོར་དང་གདུལ་བྱ་མང་དུ་སྤེལ་དགོས་རེད།

    Reply
  2. འཇམ་དཔལ། says:
    ལོ་ 14 སྔོན།

    ས་སྐྱ་༧གོང་མ་རིན་པོ་ཆེ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ནང་ཕེབས་པ་ང་ཚོ་སྦེལ་ཀོབ་བོད་མི་གཞིས་ཆགས་ཡོངས་ནས་མཚམས་འབྲེལ་བཀྲ་ཤིས་བདེ་ལེགས་དང་མགོན་པོ་གང་ཉིད་སྐུ་ཚེ་ཞབས་པད་བརྟན་པར་ཤོག་བཅས་
    དིང་རི་མཚོ་སྒོ་བ་འཇམ་དཔལ་ནས་

    Reply
  3. དཀོན་མཆོག says:
    ལོ་ 14 སྔོན།

    ས་སྐྱ་༸གོང་མ་མཁྱེན་ནོ། སྐུ་ཚེ་བརྟན་པར་ཤོག།

    Reply
  4. ནད་པ says:
    ལོ་ 14 སྔོན།

    དྲ་གྲོགས་ཆོསའཕེལ་ལགས། དཔལ་ས་སྐྱ་བའི་༸ ཁྲི་འཛིན་རྡོ་རྗེ་འཆང་ཆེན་པོ་འདི་ཉིད་ནི་དངོས་གནས་མཁས་བཙུན་བཟང་གསུམ་ལྡན་པའི་སྐྱེས་བུ་དམ་པ་ཞིག་ཡིན།

    ཁོང་ཉིད་ཀྱི་དུས་དང་རྣམ་པ་ཀུན་ཏུ་༸ གོང་ས་༸ སྐྱབས་མགོན་ཆེན་པོའི་བཀའ་དགོངས་ལྟར་བོད་ཀྱི་ཆོས་སྲིད་གཉིས་ཀར་ཐུགས་འགན་ཕྲག་ཏུ་བཞེས་ནས་མཛད་འཕྲིན་སྐྱོང་བཞིན་ཡོད།
    སྐུ་ཆེ་ཞབས་པད་བརྟན་པའི་སྨོན་ལམ་སདེབས།།

    Reply
  5. སངས་རྒྱས་ཆོས་འཕེལ། says:
    ལོ་ 14 སྔོན།

    ས་སྐྱ་པ་དེས་

    Reply
  6. སངས་རྒྱས་ཆོས་འཕེལ། says:
    ལོ་ 14 སྔོན།

    ས་སྐྱ་བའི་གདུང་བརྒྱུད་ནང་དུ་སྔགས་འཆང་ཞིག་ལ་སྐྱབས་མགོན་གོང་མ་རིན་པོ་ཆེ་འདི་ནང་བཞིན། རིས་སུ་མ་ཆད་པའི་བསྟན་འཛིན་ཡོངས་ཀྱི་གཙུག་ནོར་དུ་ཆགས་པ་ཞིག་སྲིད་ཡོད་དམ། གོ་ཐོས་ལ། སྐྱབས་མགོན་གོང་མ་རིན་པོ་འདི་ལ། འཇིག་རྟེན་ཆོས་བརྒྱད་ཀྱིས་མ་གོས་པའི་ཐོག་དུས་དང་རྣམ་པ་ཀུན་ཏུ་ཐུགས་དམ་ཉམས་ལེན་དང་། དབང་ལུང་ཁྲིད་གསུམ་གྱིས་དུས་འདའ་ཞིང་། ས་སྐྱ་པའི་མི་སེར་སྤེལ་བ་ལ་ཐབས་མཁས་པོ་ཞི་དྲག་མེད་མཁན་ཞིག་ཡོད་རབས་རེད། ལོ་རྒྱུས་ཀྱི་ཐོག་ནས་བལྟས་ན་ས་སྐྱ་བ་དེ་བོད་སྤྱི་ཡོངས་ལ་གང་སྤྱིས་ཐོག་ནས་ཞབས་འདེགས་ཆེན་པོ་ཞུས་ཡོད་པ་གསལ་པོ་རེད། ཡིན་ནའང་ད་ལྟའི་ཆར་བོད་ཀྱི་སྤྱི་ཚོགས་ནང་དུ་ཡིན་ནའང་རེད་ཕྱི་རྒྱལ་གྱི་ཡུལ་གྲུ་ཁག་ཡིན་ནའང་རེད་ས་སྐྱ་པ་དེ་ལ་སྙན་གྲགས་ཆོས་ལུགས་གཞན་རྙིང་མ་དང་བཀའ་བརྒྱུད་དགེ་ལུགས་ནང་བཞིན་ཞིག་ཡོད་ཟོ་མི་འདུག་པས་རྒྱུ་མཚན་གང་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist