མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་བོད་དོན་བགྲོ་གླེང་།

བོད་ཀྱི་དུས་བབ།
༢༠༠༩/༠༨/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་བལ་ཡུལ་ནང་བོད་དོན་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་ཏེ། བལ་ཡུལ་ནའེ་རོ་སློབ་གྲྭ་ཆེན་མོའི་མཁས་དབང་ཨ་ནན་མཆོག་གིས་བལ་ཡུལ་གྱིས་སོ་སོའི་རྒྱལ་པོར་མི་སྐྲག་པར་གཞན་པའི་མགོ་བར་སྐྲག་པ་དང་། སོ་སོའི་ཨ་ཕ་མི་བརྩི་བར་ཁྱིམ་མཚེས་ཨ་ཕར་བརྩི་བའི་སྤྱོད་ངན་དེ་དོར་ནས་རང་ཚུགས་ཐུབ་པ་ལ་ཁ་ཕྱོགས་རྒྱུ་གལ་ཆེན་ཡིན། ཞེས་གསུངས་ཡོད།

 

ཟླ་འདིའི་ཕྱི་ཚེས་ ༣ ཉིན་བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གོ་སྒྲིག་འོག རྒྱ་གར་དང་ཧྥ་རན་སི་བཅས་ནས་མཁས་དབང་དང་ཆབ་སྲིད་སྲིད་དོན་པ། བོད་དོན་རྒྱབ་སྐྱོར་བ་ཁག་གཅིག་བཅས་འདན་ཞུས་ཐོག བོད་དོན་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་འཚོགས་ཡོད། ཚོགས་འདུའི་ཐོག་རྒྱ་གར་གྲོས་ཚོགས་གྱི་ཚོགས་མི་དང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་བྷེ་རྒྱ་ཤེས་བྷུ་ཤན་ཏེ་བཱ་རེ་དང་། རྒྱ་གར་ཧིན་བོད་མཛའ་འབྲེལ་ཚོགས་པའི་དྲུང་ཆེ། ནེ་རོའི་སློབ་གྲྭ་ཆེན་མོའི་མཁས་དབང་ཨ་ནན་ཀོའུ་མར། ཧྥ་རན་སི་ནས་བོད་དོན་རྒྱབ་སྐྱོར་བ་ཧྥུ་རན་སེསུ། བལ་ཡུལ་གྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་གཙོ་སྐུ་ཞབས་སོའུ་ཏེབ། བོད་མི་མང་སྤྱི་འཐུས་ཚེ་བརྟན་ནོར་བུ་ཚོགས་ཞུགས་གནང་སྟེ། རིམ་པ་བཞིན་བོད་དོན་དང་འབྲེལ་བའི་བརྗོད་གཞི་འདྲ་མིན་སྟེང་གཏམ་བཤད་གནང་ཡོད།

 

ཚོགས་ཐོག་ནས་བོད་མི་ཚོའི་བདེན་པའི་འཐབ་རྩོད་དང་ཞི་བའི་ལས་འགུལ་ཁག་ལ་བལ་ཡུལ་གཞུང་དམངས་གཉིས་ནས་རྒྱབ་སྐྱོར་འཚོལ་ཐབས་བྱ་རྒྱུ་ནི་གལ་ཆེན་ཡིན་པ་དང་། དེ་ཡང་ཐོག་མར་བོད་མི་ཚོས་བལ་ཡུལ་གྱི་སྐད་ཡིག་ཐོག བོད་དོན་སྐོར་གྱི་ཚགས་པར་འདོན་རྒྱུ་དང་། བལ་ཡུལ་མཐོ་སློབ་ཁག་གཙོས་བའི་སློབ་གྲྭ་ཁག་ཏུ་ནང་ཆོས་སྡེ་ཚན་དང་བོད་ཀྱི་རིག་གནས་སྡེ་ཚན་འཛུགས་རྒྱུ། བལ་བོའི་གྲོས་ཚོགས་དང་མི་དམངས་ཁྲོད་བོད་གྱི་གྲོགས་པོ་དང་མཛའ་འབྲེལ་ཚོགས་པ་འཛུགས་རྒྱུ། ལྷག་པར་བལ་ཡུལ་ཧི་མ་ལ་ཡའི་ནང་བའི་མི་རིགས་ཚོ་ལ་བོད་མི་ཚོས་མཛའ་འབྲེལ་དམ་པོ་འཛུགས་རྒྱུ་སོགས་ཧ་ཅང་གལ་ཆེན་ཚུལ་དང་། ལྷག་པར་མཁས་དབང་ཨ་ནན་མཆོག་གིས་བལ་ཡུལ་གྱིས་སོ་སོའི་རྒྱལ་པོར་མི་སྐྲག་པར་གཞན་པའི་མགོ་བར་སྐྲག་པ་དང་། སོ་སོའི་ཨ་ཕར་མི་བརྩི་བར་ཁྱིམ་མཚེས་ཨ་ཕར་བརྩི་བའི་སྤྱོད་ངན་དེ་དོར་ནས་རང་ཚུགས་ཐུབ་པ་ལ་ཁ་ཕྱོགས་རྒྱུ་གལ་ཆེན་ཡིན་སྐོར་བཅས་གསུངས་སོང་།

 

ཡིན་ཡང་ཟླ་འདིའི་ཟླ་འགོར་བལ་ཡུལ་བོད་ཀྱི་བདེ་དོན་ལས་ཁུངས་ནས་གནས་ཡུལ་རྒྱལ་ནང་གི་གནས་སྟངས་དང་བསྟུན་པ་བྱས་ནས་བོད་མི་ཚོས་བོད་དོན་འཐབ་རྩོད་གྱི་ལས་འགུལ་སྤེལ་མཚམས་འཇོག་དགོས་པའི་འབོད་སྐུལ་ཡིག་ཆ་གང་སར་བཀྲམས་པ་དང་། བོད་མི་ཚོས་ལས་འགུལ་སྤེལ་ནས་དཀའ་ངལ་དང་རྙོག་དྲ་རིགས་འཕྲད་ཚེས་འབྲེལ་བ་མེད་ཚུལ་ཀྱང་འཁོད་ཡོད།  གསལ་བསྒྲགས་དེའི་ཐད་བོད་མི་དང་ལྷག་དོན་སྔོན་མ་ནས་བོད་དོན་ལས་འགུལ་སྤེལ་མཁན་དྭངས་བླངས་བ་ཚོའི་ཁྲོད་འདོད་པ་མ་ཁེངས་བའི་བསམ་ཚུལ་སྟོན་མཁན་དང་བློ་ཕམ་བྱེད་མཁན་མང་པོ་ཡོང་བཞིན་པ་རེད། གོང་གི་གནས་ཚུལ་དེ་སྐུ་ཞབས་ཀླུ་ལགས་ཀྱི་ཟིན་བྲིས་ལས་འདྲེན་བཀོད་བྱས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་རྒྱལ་མཚན་ནོར་བུར་རག་རྡིས་ནང་བཞིན་གྱི་ལས་ཀ་སྤྲོད་རྒྱུ་ཡིན་པ་ཉམས་ཞིབ་པས་བརྗོད།

༢༠༢༥/༠༦/༠༧
US President Donald Trump and Chinese President Xi Jinping. Getty Images
Mobile App

ཊོམ་ཕུ་དང་ཞི་ཅིན་ཕིན་གྱིས་ཡུན་རིང་གི་རྗེས་ནས་ཚོང་འབྲེལ་གྱི་གྲོས་མོལ་བྱས་འདུག

༢༠༢༥/༠༦/༠༦
Tourists hike to visit the Nigardsbreen glacier in Jostedal, Norway in August 2022. Bram Janssen/AP
Mobile App

འཛམ་གླིང་གི་འཁྱགས་རོམ་བརྒྱ་ཆ་ ༤༠ ཙམ་ཞུ་ཟིན་འདུག

༢༠༢༥/༠༦/༠༦
Mobile App

ཊོམ་ཕུས་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་གི་ཁྲིམས་དཔོན་བཞི་ལ་ཉེས་ཆད་བཏང་།

༢༠༢༥/༠༦/༠༦
Front Slider

བོད་སྐོར་གློག་བརྙན་གྲགས་ཅན་བོད་ནང་ལོ་བདུན་གྱི་ནང་འཁྲབ་སྟོན་གནང་མྱོང་བའི་ཁྱོ་ཤུག་གཉིས།

༢༠༢༥/༠༦/༠༦
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་འཚམས་འདྲི་མཛད། བོད་ཀྱི་དུས་བབ་ཀྱིས་སྐུ་པར་སྒྲིག་སྦྱོར་བྱས། ༢༠༢༥།༦།༥
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྷོ་ཀོ་རི་ཡའི་སྲིད་འཛིན་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese