མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་ཕྲུག་ཚོར་ནང་ཆོས་ངོ་སྤྲོད།

བོད་ཀྱི་དུས་བབ།
༢༠༠༩/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp
ཕྱི་དངོས་པོ་ཡར་རྒྱས་ཕྱིན་པ་མཉམ་དུ་ནང་སེམས་རྒྱུད་ཀྱང་ཡར་རྒྱས་གཏོང་རྒྱུ་གལ་འགངས་ཆེན་པོ་རེད་ཅེས་དཔལ་༸ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་སློབ་ཕྲུག་རྣམས་ལ་གསུངས་ཡོད།
ཕྱི་ཚེས་ ༡༡ ཉིན་གཉའ་ཁྲི་ཆོས་རིག་ཞབས་ཞུ་རེས་མེད་བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག དཔལ་༸ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་བ་ཡན་དང་སྦེལ་ཀོབ་དབུས་ཉིན་སློབ་ཀྱི་འཛིན་རིམ་བཅུ་བ་ཡན་གྱི་སློབ་ཕྲུག་རྣམས་ལ་ནང་ཆོས་ངོ་སྤྲོད་གནང་ཡོད་ལ། ནང་ཆོས་ངོ་སྤྲོད་གྲུབ་རྗེས་སློབ་ཕྲུག་ཚོས་ནང་ཆོས་དང་འབྲེལ་བའི་དྲི་བ་དྲིས་ལན་ཡང་བྱས་ཡོད། ཉིན་དེར་རིན་པོ་ཆེ་ཁོང་གིས་སློབ་ཕྲུག་རྣམས་ལ་གསུངས་དོན། མི་སུ་འདྲ་ཞིག་ཡིན་རུང་དེའི་རྒྱུད་ལ་སོ་སོའི་ཆོས་ལུགས་དང་སོ་སོའི་ཕ་ཡུལ། ས་སོའི་རིག་གཞུང་ལ་ཞེན་ཁོག་དང་དང་དོད། ཡིད་ཆེས་བྱེད་པའི་གཤིས་ཀ་ཞིག་རང་བཞིན་གྱིས་འཇགས་ཡོད་པ་རེད། ཡིན་ནའང་། ང་ཚོའི་སོ་སོའི་ཆོས་ལུགས་ཡིན་པའི་རྒྱུ་མཚན་ཙམ་མིན་པར་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་ནི་དོན་དངོས་ཐོག དཔེ་ཆའི་ནང་། འགྲོ་བའི་སྡུག་བསྔལ་སྨན་བྱེད་པོ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་ཡུན་རིང་བཀུར་བསྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཅེས་གསུངས་པ་ལྟར། སྡུག་བསྔལ་མ་ལུས་པ་སེལ་བ་དང་བདེ་སྐྱིད་མཐའ་དག་འབྱུང་བའི་གཞི་རྩ་དངོས་གནས་དེ་ཆགས་ཡོད་པ་རེད། དེ་གང་རེད་ཅེ་ན། ཤར་ཕྱོགས་པ་དང་ནུབ་ཕྱོགས་པ་སོགས་མི་སུ་འདྲ་ཞིག་ཡིན་ནའང་། སྡུག་བསྔལ་མི་འདོད་པ་དང་བདེ་སྐྱིད་འདོད་མཁན་ཤ་སྟག་རེད། དེར་བརྟེན་སྡུག་བསྔལ་སེལ་བ་དང་བདེ་སྐྱིད་ཐོབ་པའི་ཆེད་དུ་མི་སྒེར་དང་ཚོགས་པ་ཁག རྒྱལ་ཁབ་ཁག་བཅས་ཚང་མས་འབད་བརྩོན་བྱས་ཏེ་ཡར་རྒྱས་གཏོང་གི་ཡོད་ལ། ཡར་རྒྱས་བཏང་སྟེ་འདས་པའི་དུས་རབས་ནང་ཚན་རིག་དང་འཕྲུལ་འཁོར་སོགས་ཧ་ལས་པའི་ཡར་རྒྱས་ཕྱིན་ཏེ། མིའི་སྤྱི་ཚོགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། དཔེར་ན་ལོ་མང་བོའི་སྔོན་ལ་གཏན་ནས་བཅོས་མི་ཐུབ་པའི་ནད་ཚ་ཁ་ཤས་དེ་རིང་ཁ་སང་ལས་སླ་བོའི་ཐོག་ནས་སྨན་བཅོས་བྱེད་ཐུབ་ཀྱི་ཡོད་པ་དང་། སྔོན་མ་གཏན་ནས་འགྲོ་མི་ཐུབ་པའི་ལུང་པ་ཁ་ཤས་ནང་དེ་རིང་ཁ་སང་ཆུ་ཚོད་གཅིག་གཉིས་ནང་དུ་སླེབས་ཐུབ་ཀྱི་ཡོད་པ་རེད། དེ་བཞིན་སྔོན་མར་ལུང་པ་ཕན་ཚུན་བར་འབྲེལ་གཏུགས་བྱེད་ཐུབ་ཀྱི་མེད་སར་དེང་སྐབས་ལས་སླ་བོར་འབྲེལ་གཏུགས་བྱེད་ཐུབ་ཀྱིན་ཡོད། དེ་ལྟར་ཕྱི་དངོས་པོའི་དཔལ་ཡོན་ཡར་རྒྱས་འགྲོ་བཞིན་ཡོད་ནའང་། དོན་དངོས་ཚན་རིག་དང་འཕྲུལ་འཁོར་ཡར་རྒྱས་ཕྱིན་པ་དེས་ང་ཚོའི་སེམས་ཀྱི་ཞི་བདེ་དང་བདེ་སྐྱིད་བསྐྲུན་ཐུབ་ཀྱི་བསྒྲུབ་ཐུབ་ཀྱི་མེད་པ་མ་ཟད། ཕྱི་དངོས་པའི་ཚན་རིག་ཅི་ཙམ་གྱིས་ཡར་རྒྱས་ཕྱིན་པ་དང་མཉམ་དུ་ནང་སེམས་རྒྱུད་ཡར་རྒྱས་འགྲོ་མ་ཐུབ་པར། མིའི་སེམས་རྒྱུད་ཉོན་མོངས་པ་ཤུགས་ཆེན་པོ་ཡོད་མཁན་ཚོའི་དབང་འོག་ཏུ་ཕྱིན་ཚེ། འཛམ་གླིང་ནང་ཧ་ལས་པའི་གོད་ཆགས་དང་དཀའ་སྡུག་ཆེན་པོ་མྱོང་བའི་ཉེན་ཆ་ཆེན་པོ་ཡོད་པ་རེད། དེ་གང་ཡིན་ཟེར་ན་ཕྱི་དངོས་པོ་ཡར་རྒྱས་ཕྱིན་པ་དེས་བཟང་ཕྱོགས་ནས་བལྟས་ན་ཕན་ཐོགས་ཆེན་པོ་བྱུང་ཡོད་ཀྱང་། སྡུག་ཕྱོགས་ནས་བལྟ་སྐབས་གཏོར་བཤིག་གཏོང་བ་དང་། མིའི་ཚེ་སྲོག་ལ་ཉེན་ཁ་ཡོང་བའི་རྒྱུ་བསྐྲུན་བཞིན་ཡོད་པ་རེད། རྒྱུ་མཚན་དེར་བརྟེན་ནས་ཕྱི་དངོས་པོ་ཡར་རྒྱས་ཕྱིན་པ་དང་ནང་སེམས་རྒྱུད་ཀྱང་ཡར་རྒྱས་གཏོང་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད་ལ། ནང་སེམས་རྒྱུད་ཡར་རྒྱས་གཏོང་རྒྱུ་ནི་ཕྱི་དངོས་པོ་དང་འཁྲུལ་འཁོར་ལ་བརྟེན་ནས་ཡར་རྒྱས་གཏོང་རྒྱུ་མེད་པར། ཆོས་ཀྱི་བསླབ་བྱའི་ཐོག་ནས་ནང་སེམས་བཟོ་བཅོས་རྒྱག་དགོས་ཀྱི་ཡོད་པ་རེད་ཅེས་གསུངས་ཡོད།
གཞན་ཡང་འཛམ་གླིང་ནང་ཆོས་ལུགས་མི་འདྲ་བ་མང་བོ་ཡོད་པ་དང་། ཆོས་ལུགས་སོ་སོར་ལེགས་པའི་ཆ་མང་བོ་ཞིག་ཀྱང་ཡོད་ལ། མིའི་སྤྱི་ཚོགས་ལ་ཆོས་ལུགས་འདྲ་མི་འདྲ་མང་བོ་ཡོད་པ་དེ་དག་གིས་ཕན་པའང་ངེས་ཅན་ཡོང་གི་ཡོད་ནའང་། དེ་དག་ལས་ནང་པ་སངས་རྒྱས་པའི་ཆོས་ནི་རྩ་ཆེན་པོ་རེད་ཟེར་བ་ཙམ་མིན་པར། རིག་པའི་ལམ་ནས་བཤད་དུ་ཡོད་པ་དང་རྒྱུ་མཚན་གྱི་ཐོག་ནས་དཀོན་མཆོག་རྩ་ཆེན་པོ་ཟེར་བ་ཙམ་མིན་པར་དཀོན་མཆོག་རྩ་ཆེན་པོ་ཡིན་པ་རིག་པས་བསྒྲུབ་དུ་ཡོད་པར་བརྟེན། དེ་རིང་ཁ་སང་མི་ཚང་མས་རིག་པས་དཔྱད་སྐབས། དངོས་གནས་ནང་པ་སངས་རྒྱས་པའི་ཆོས་ནི་གཞན་དང་མི་འདྲ་བར་འཚམ་པོ་ཞིག་ཆགས་བསྡད་ཀྱི་ཡོད་པ་རེད། དེ་ཉམས་ལེན་བྱས་ན་ཕན་ཐོགས་འདུག་ཅེས་བརྗོད་ཀྱིན་ཡོད་སྐོར་སོགས་གསུངས་ཡོད།
རིན་པོ་ཆེ་ཁོང་ཕྱི་ཚེས་ ༡༢ ཉིན་རྣམ་གྲོལ་གླིང་དང་སེ་ར་དགོན་པར་ཆིབས་བསྒྱུར་བསྐྱངས་ཏེ། ཆོས་ཕྱོགས་ཀྱི་མཛད་པ་ཁག་མུ་མཐུད་བསྐྱངས་དང་སྐྱོང་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 12

  1. འདྲེ་རིག་ལྡན། says:
    ལོ་ 17 སྔོན།

    ལྡུད་ཅིག འཐུངས་ཤིག མུ་མཐུད་དུ་གཉིད་སྨན་ལྡུད་པ་དང་འཐུང་བར་རེམ་དང་། གང་ལྟར་ང་ཚོ་ཤི་རྒྱུ་ནི་རེད། དེ་བས་གཉིད་ནས་ཤི་ན་འཇིགས་དངངས་ཡོད་ནི་མ་རེད།

    Reply
  2. སངས་རྒྱས་ཆོས་འཕེལ། says:
    ལོ་ 17 སྔོན།

    འགྲོ་མགོན་ཆོས་རྒྱལ་འཕགས་པས་དགོས་དབང་གིས་ཆབ་སྲིད་རེ་ཞིག་ཟིན་རུང་ཆོས་དང་མི་མཐུན་པར་གཟིགས་ནས་དོར་བ་དེས་ཆོས་པ་ཆབ་སྲིད་ཀྱིས་གོས་ན་ཤིང་སྡོང་ཁོང་རུལ་དང་མཚུངས་པར་བསྟན། སྲོང་བཙན་སྒམ་པོའི་གདུང་བརྒྱུད་ཀྱིས་ཆབ་སྲིད་མ་ཟིན་ཤོར་བ་འདིས། ཆབ་སྲིད་པ་ཆོས་ཀྱིས་ཀྱིས་རླན་ན། ཤིང་རློན་ཕྲ་མོས་ཀ་བ་དང་གདུང་མ་བྱས་པ་དང་འདྲ་བ་བསྟན་ནོ། ལོ་རྒྱུས་ཀྱི་རྒྱབ་རྒྱང་ལ་བལྟས་ན་ཁྱེད་མིའུ་ཕྲུག་གཅིག་མི་འདྲ། མིའུ་ཆེན་པོ་ཞིག་འདྲ། ཐུགས་རྗེ་ཆེ།

    Reply
  3. མིའུ་ཕྲུག says:
    ལོ་ 17 སྔོན།

    སངས་རྒྱས་ཆོས་འཕེལ་ལགས། ཆོས་པ་ཆབ་སྲིད་ཀྱིས་གོས་ན་ཤིང་གདོང་ཁོང་རུལ་དང་འདྲ་ཞེས་ཤིང་ལ་ངོ་གདོང་ཡོད་པ་ཞིག་རུལ་སོང་བ་འདིའི་དཔེ་མཚོན་ཇི་ཡིན་གསལ་ཁ་མ་ངེས་ཀྱང་གང་ལྟར་ཁྱེད་ཀྱིས་བཤད་འདོད་པ་ནི་ཆོས་པས་ཆབ་སྲིད་ཀྱི་ལས་འགན་ཁུར་མི་ཆོག་པའམ་དེ་ཉིད་མི་འཇོན་པ་ཞིག་དགོས་པར་བཤད་ཀྱིན་ཡོད་པ་འདྲ། དེ་ནི་ཁྱེད་ཀྱིས་ཆབ་སྲིད་ཀྱི་གོ་བ་མ་ལེན་པའམ་དེའི་དོན་མི་ཤེས་པ་ཉིད་དུ་ངེས། དེས་ན་ངས་དཔེར་བརྗོད་ཐུང་ངུས་གསལ་བཤད་གོ་བདེ་ཞིག་བྱེད་ཆོག ཡུལ་དུས་གནས་བབ་དང་བསྟུན་ནས།། ཆོས་པ་ཆབ་སྲིད་ལ་མཁས་ན།། རང་གཞན་དོན་གཉིས་དེ་འགྲུབ་པར།། འགྲོ་མགོན་ཆོས་འཕགས་ལ་གཟིགས་དང་།། གནས་སྐབས་་མཐར་ཐུག་གི་ཆེད་དུ།། ཆབ་སྲིད་པ་ཆོས་ཀྱིས་གོས་ན།། འགྲོ་མང་ལེགས་ལམ་ལ་བསྒྱུར་བ།། སྲོང་བཙན་སྒམ་པོ་ལ་སོམས་ཤིགས།། བུ་སངས་རྒྱས་ཆོས་འཕེལ་ལ་བསྔོའོ།།

    Reply
  4. སངས་རྒྱས་ཆོས་འཕེལ། says:
    ལོ་ 17 སྔོན།

    ཆོས་པ་ཆབ་སྲིད་ཀྱིས་གོས་ན། ཤིང་གདོང་ཁོང་རུལ་བ་དང་འདྲ། ཆབ་སྲིད་པ་ཆོས་ཀྱིས་རླན་ན། ཤིང་རློན་ཕྲ་མོ་གདུང་མ་བྱས་པ་དང་འདྲ། གཉིས་ཀ་ཐོན་པའི་མི་ནི་༧གོང་ས་སྐྱབ་མགོན་ཆེན་པོ་ཁོ་ནར་ངེས།

    Reply
  5. ལི་ཐང་བཤད་སྒྲུབ says:
    ལོ་ 17 སྔོན།

    ༧ས་སྐྱ་གོང་མ་རེན་པོ་མཆོག་གི་བཀའ་སློག་ནི་དངོས་གནས་གལ་ཆེ་པོ་གསུངས་འདུག་

    Reply
  6. མིའུ་ཕྲུག says:
    ལོ་ 17 སྔོན།

    སངས་རྒྱས་ཆོས་འཕེལ་ཟེར་བ་འདིས་བཤད་པ་ལྟར་༧་ས་སྐྱ་གོང་མ་མཆོག་ཆབ་སྲིད་ཀྱི་དྲི་མས་མ་གོས་པ་ཞིག་ཡིན་ཚེ་ང་ཚོ་བོད་པ་ཚང་ལ་ཕན་པ་མེད་ཀི། ད་ལྟའི་དུས་སུ་ང་ཚོརཆེས་དཀའ་ངལ་འཕྲད་པ་ནི་ཆབ་སྲིད་ཀྱི་གནད་དོན་རེད། དེ་ཡང་ཆོས་དང་རིག་གཞུང་དང་འབྲེལ་བའི་ཆབ་སྲིད་ཀྱི་ལངས་ཕྱོགས་ཡིན་སྟབས་བླ་ཆེན་དག་ལ་དམིགས་བསལ་གྱི་འགན་བབ་ལྡན་སྙམ། ངའི་སེམས་ནང་གི་༧ས་སྐྱ་གོང་མ་ནི་བོད་མི་རིགས་འདིའི་བསྟན་པ་ཆོས་སྲིད་ཟུང་གི་གནས་བབ་འགྱེལ་དུ་མི་བཅུག་པའི་ཀ་ཆེན་ཞིག་རེད་དྲན་གྱིན་ཡོད། དེས་ན་བུ་སངས་རྒྱས་ཆོས་འཕེལ། བསྟོད་པ་ཕལ་ཆེར་སྨད་པའི་རྒྱུ་རུ་འགྲོ།། ཞེས་པའི་ལེགས་བཤད་འདི་ཉིད་དྲན་པ་གྱིས་ཤིགས

    Reply
  7. ཤེལ་དཀར་བློ་བཟང་། says:
    ལོ་ 17 སྔོན།

    སྐྱབས་སུ་འགྲོ། དངོས་གནས་ཡག་པོ་འདུག ༸གོང་ས་སྐྱབས་མགོན་རྒྱལ་བའི་དབང་པོ་གཅིག་པུ་ཙམ་མ་ཡིན་པར་བླ་ཆེན་མི་ཆེན་ཚང་མས་ཆར་བ་གྲུབ་འདེགས་བྱེད་རྒྱུ་ཤིན་ཏུ་གལ་ཆེ་སྙམ།
    སྐུ་ཚེ་ཡུན་དུ་གནས་པའི་སྨོན་འདུན་ཞུ།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བསྐལ་བ་བཟང་བོའི་དུས་ཀྱི་སློབ་བུ་ཟེར་ན་འདྲ། སྔོན་བསགས་ལས་སྔོན་གྱི་འཐུ་ཟེར་ན་ཆོག ས་སྐྱ་བདག་ཁྲི་ཚང་གི་བཀའ་ཆོས་དེ་དག་སེམས་རྒྱུད་དུ་བཞག་ནས་རང་རེ་གངས་ཅན་བོད་པ་ཚང་གི་སྐྱེ་ཆེན་དམ་པ་འདི་དག་གི་བཀའ་དྲིན་ལ་བསམ་ཤེས་རེ་བྱེད་ཐུབ་པ་ཡིན་ན་དངོས་ནས་བོད་མི་རིགས་ཀྱི་བུ་རབས་ཚ་བརྒྱུད་དག་ཡར་ཐོན་ཁྱད་པར་བ་ཞིག་ཡོང་ངེས་ཡིན།

    Reply
  9. སངས་རྒྱས་ཆོས་འཕེལ། says:
    ལོ་ 17 སྔོན།

    ༧སྐྱབས་མགོན་གོང་མ་རིན་པོ་ཆེ་ནི། དངོས་ནས་ཆབ་སྲིད་ཀྱི་དྲི་མས་མ་གོས། དམ་ཚིག་པད་མོའི་སྦུག་ལྟར་གཙང་ཞིང་། བོད་དུ་དར་བའི་སྒྲུབ་བརྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་གདམས་ཟབ་མ་ལུས་པའི་མཛོད་གཅིག་པུར་གྱུར་ཞིང་། འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་གཞི་མདོའི་རྩ་བཞིན་དོར། མདོ་སྔགས་གཉིས་ནས་དགེ་བའི་བཤེས་གཉེན་དང་། རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་གསུངས་པ་མ་ལུས་པ་མངའ་བའི་སྐྱེས་ཆེན་དམ་པ་ཞིག་ཏུ་མངོན་པས། ཆོས་འབྲེལ་ཐོབ་བ་རྣམས་མ་ཟད་ཞལ་མཇལ་གསུང་ཐོས་ཙམ་གྱིས་མི་ལུས་དོན་ལྡན་དུ་འགྱུར་བ་གདོན་མི་ཟ། དེས་ན་སློབ་ཕྲུག་འདི་རྣམས་དང་། ལྷོ་ཕྱོགས་དུ་མཆིས་པའི་སྐྱ་སེར་རྣམས་ལ་ད་ལེན་སྐལ་བ་ལྡན་ནོ་ཞེས་ངག་ནས་རང་དབང་མེད་པར་ཤོར་སོང་།

    Reply
  10. ནད་པ says:
    ལོ་ 17 སྔོན།

    དཔལ་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ནས་གསུངས་པ་ལྟར་ང་ཚོའི་གཞོན་སྐྱེས་ཚོས་ངེས་པར་དུ་ནང་ཆོས་ཀྱིས་གཙོས་པའི་གནའ་བོའི་ཤེས་རིགས་དག་ལ་སློབ་སྦྱོང་མང་ཙམ་བྱེད་ཐུབ་ན་དངོས་གནས་ཕན་ཐོགས་ཆེན་པོ་ཞིག་འབྱུང་བར་གདོན་མི་ཟ།
    དེ་ཙམ་མ་ཟད་དེང་རབས་ཚན་རིག་གི་ཤེས་བྱར་ངེས་པར་དུའང་སློབ་གཉེར་དཔྱིས་ཕྱིན་པ་ཞིག་བྱེད་དགོས་པའི་དུས་ཚོད་གཅིག་རེད་འདུག

    Reply
  11. བདེ་བ་ཅན། says:
    ལོ་ 17 སྔོན།

    ཟླ་བ་གཉིས་རེའི་མཚམས་ཉིན་གཅིག་གམ་གཉིས་ཙམ་རིང་གཅིག་པུར་ཞུ་གི་ཡོད།

    Reply
  12. བདེ་བ་ཅན། says:
    ལོ་ 17 སྔོན།

    ང་ཚོའི་བླ་ཆེན་རྣམ་པ་ཚོས་མཛད་པ་འདི་ལྟར་སྐྱོང་གནང་ན་དངོས་གནས་དག་ེམཚན་འདུག རང་རིགས་ན་གཞོན་རྣམས་ལ་ནང་ཆོས་ངོ་སྤྲོད་བྱ་རྒྱུ་འདི་ད་ལྟ་དང་མ་འོངས་གང་དུ་བསམ་ཀྱང་ཧ་ཅང་གལ་ཆེན་པོ་འདུག དེ་མིན་ང་ཚོའི་རིག་གཞུང་ཡོད་ཚད་ཕྱི་མིར་བསླབ་པ་དང་སྤེལ་བ་ལས་ནང་ཁོངས་སུ་སྣང་ཆུང་དུ་སོང་ཚེ་ང་ཚོའི་མི་རབས་རྗེས་མ་ཚོ་ཕྱི་མིའི་ལག་འོག་ནས་རང་གི་རིག་གཞུང་སློབ་སྦྱོང་བྱ་དགོས་པའི་དུས་ལ་བབས་ཉེན་འདུག བླ་མ་སྐྱེས་ཆེན་ཁོང་ལྟ་བུར་༸གོང་ས་མཆོག་གི་གཡས་གཞོགས་གཡོན་འདེགས་གནང་སྟེ་གདན་ས་ཁག་གི་དགེ་བཤེས་ཁག་དང་བཅས་ཚང་མས་ང་ཚོའི་མ་འོངས་པའི་ན་གཞོན་ཚོར་འདི་ལྟར་སློབ་འཁྲིད་གནང་ཐུབ་ན་ཡག་པོ་འདུག་ལ། ད་དུང་རང་ཉིད་ཀྱི་བསམ་ཚུལ་དུ་སྦེང་ལོར་དང་། ལྡི་ལི། ཅན་རྡི་སྒར་སོགས་བོད་རིགས་མཐོ་སློབ་ཀྱི་སློབ་ཕྲུག་གནས་སྡོད་བྱ་ཡུལ་ཁག་ཏུ་ཉིན་གྲངས་གཉིས་ཙམ་ལས་མ་བྱུང་ཡང་ཟླ་བ་གཉིས་རེའི་མཚམས་འབྲེལ་ཡོད་ཁག་ཅིག་ནས་ཐུགས་འགན་བཞེས་ཏེ་ནང་ ཆོས་སློབ་འཁྲིད་ཀྱི་ལས་གཞི་ཞིག་སྤེལ་ཚེ་ཏན་ཏན་སློབ་གཉེར་བརྒྱབ་རིང་ཙམ་མ་ཡིན་པར་འཕྲལ་ཕུགས་གཉིས་ཀར་དགེ་ཕན་ཆེན་པོ་ཡོང་རྒྱུར་གདོན་མི་ཟ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese