མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་གཞུང་ཟློས་གར་ཚོགས་པའི་ལོ་ ༥༠ དུས་དྲན།

བོད་ཀྱི་དུས་བབ།
༢༠༠༩/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp

བོད་གཞུང་ཟློས་གར་ཚོགས་པའི་ངོས་ནས་གཞས་དང་ཞབས་བྲོ། རྣམ་ཐར་སོགས་སླར་གསོ་དང་མེད་པ་གསར་གཏོད་བྱས་ཏེ་ཡར་རྒྱས་སུ་གཏོང་རྒྱུ་དང་། སྔར་ཡོད་སྲོལ་རྒྱུན་གྱི་འཁྲབ་སྟོན་གཅིག་པུ་མ་ཡིན་པར་དེང་དུས་དང་མཐུན་པའི་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུ་དེ་ལས་ཀྱང་གལ་ཆེན་དུ་མཐོང་གི་འདུག་ཟེར།

བོད་གཞུང་ཟློས་གར་ཚོགས་པ་དབུ་བརྙེས་ཏེ་ལོ་འཁོར་ ༥༠ འཁོར་བའི་དུས་དྲན་སྲུང་གཙིའི་མཛད་སྒོ་དེ་ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོ་ཟློས་གར་ཚོགས་པའི་ཞི་བདེ་སྤྲོ་སྐྱིད་ཁང་དུ་ཚུགས་ཏེ། སྐུ་མགྲོན་གཙོ་བོ་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་གཙོས། དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ཁག་ཅིག གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་དང་ལས་ཁུངས་ཁག་གི་དྲུང་ཆེ་རྣམ་པ། སྡེ་ཚན་ཁག་དང་སློབ་གྲྭ་ཁག་གི་སློབ་སྤྱི་རྣམ་པ། ཚོགས་པ་ཁག་གི་འགོ་འཛིན། ཟློས་གར་ཚོགས་པའི་ཚོགས་མི་ཟུར་པ་བཅས་འདུ་འཛོམས་ཐོག་ཟློས་གར་ཚོགས་པའི་སྐལ་བཟང་ཕོ་བྲང་གི་གཟིམ་ཆུང་ནས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཕེབས་བསུ་གྱིས་བཞུགས་ཁྲིར་བཀོད་དེ་ཁ་བཏགས་བསྟར་འབུལ་གནང་བ་དང་བསྟུན་མཛད་སྒོ་དབུ་འཛུགས་གནང་སོང་ལ།   སྐབས་དེར། བོད་གཞུང་ཟློས་གར་ཚོགས་པའི་འགན་འཛིན་དབང་ཕྱུགས་ཕ་ཟུར་ལགས་ཀྱིས་འདས་པའི་མི་ལོ་ ༥༠ ལོ་རྒྱུས་ངོ་སྤྲོད་དང་འབྲེལ་གསུངས་དོན།

༧གོང་ས་མཆོག་གི་བཀའ་སློབ་དང་དགོངས་དོན་ལྟར་བོད་རྒྱལ་ལོ་ ༢༠༨༦ ཕྱི་ལོ་ ༡༩༥༩ ལོའི་ཟླ་  ༧ པའི་ཚེས་ ༡༡ ཉིན་བོད་གཞུང་ཟློས་གར་ཚོགས་པ་དངོས་སུ་དབུ་བརྙེས་ཏེ་དེ་རིང་མི་ལོ་ ༥༠ འཁོར་ཡོད་པ་རེད།  སྐབས་དེར། བཀའ་ཤོད་བར་མཚོ་རྡོ་རྗེ་དོན་གྲུབ་ལགས་དང་རྩེ་དྲུང་སྐལ་བཟང་ཀུན་དགའ་ལགས། ཤོད་དྲུང་སྤྱི་ལྕགས་རྡོ་རྗེ་ལགས། ཕྱག་ནང་ལྷ་དབང་ཚེ་རིང་ལགས། ནོར་ནང་ངག་དབང་ནོར་བུ་ལགས། རྨ་བྱ་ངག་དབང་མཐུ་སྟོབས་ལགས་བཅས་གཞུང་ཞབས་པ་རྣམས་ཀྱི་སྐུ་ངལ་འཛེམས་མེད་ཀྱིས་ཟློས་གར་ཚོགས་པ་འགོ་འཛུགས་གནང་བ་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་ཆེས་ཐོག་མའི་ལོ་རྒྱུས་ཀྱི་རྨང་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་དང་། ཁོང་ཚོ་གཙོས་པའི་འགན་འཛིན་རིམ་པ་དང་ཚོགས་མི་པའི་བཀའ་དྲིན་ལ་བརྟེན་ནས་ད་ལྟའི་གྲུབ་འབྲས་འདི་བྱུང་ཞིང། ད་ལྟ་སློབ་དགེ་ ༥ དང་འཁྲབ་སྟོན་པ་བྲོ་པ་རྒན་གཞོན་ ༥༠ ། ལས་བྱེད་ ༡༩  དགེ་ལས་བགྲེས་ཡོལ་ ༣ ། འཁྲབ་སྟོན་དང་འབྲེལ་བའི་བཟོ་ལས་པ་ ༡༣ བཅས་ཁྱོན་མི་ ༩༠ ལྷག་ཡོད། སྔོན་མ་འཁྲབ་སྟོན་པ་མ་རག་པའི་དཀའ་ངལ་བྱུང་ནའང་། ད་ལྟ་འཁྲབ་སྟོན་པ་དེ་དག་གིས་གླུ་གཞས་གཏོང་བ་དང་མཉམ་དུ་རོལ་ཆས་དཀྲོལ་ཐུབ་པ་མ་ཟད། ཟློས་གར་དང་ལྷ་མོ། རྣམ་ཐར་སོགས་ཚོགས་པ་གཞན་དང་མི་འདྲ་བའི་ཁྱད་ཆོས་འབུར་དུ་ཐོན་ཡོད་ལ། རྒྱལ་སྤྱིའི་སྡིངས་ཆའི་སྟེང་གདེངས་སྤོབས་ཆེན་པོའི་མི་རིགས་ཀྱི་རིག་གཞུང་དང་ངོ་བོ་འདྲེས་ལྷད་མེད་པར་གསལ་སྟོན་ཐུབ་མཁན་གྱི་ཟློས་གར་ཚོགས་པ་ཞིག་ཏུ་གྱུར་ཡོད།   ཕྱི་ལོ་ ༡༩༩༣ ལོ་ནས་ང་ཚོས་རོག་དངུལ་འཚོ་ཐབས་བྱས་ཏེ་རྒྱ་བལ་གཉིས་ཀྱི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ལྷ་མོ་ཚོགས་པ་ ༨ གསར་འཛུགས་བྱས་ཡོད་པ་དང་། ༧གོང་ས་མཆོག་དང་རང་གཞུང་གི་བཀའ་དྲིན་འོག་རང་ཁ་རང་གསོའི་ངང་ལོ་རེར་བོད་ཀྱི་ཞོ་སྟོན་རྒྱས་པ་སྲུང་གཙི་བྱེད་བཞིན་ཡོད་ལ། ཟློས་གར་གྱི་དགེ་རྒན་རྣམས་ཀྱང་ཕྱི་ནས་གདན་ཞུ་བྱེད་མི་དགོས་པར་ཚོགས་པ་རང་ནས་བསྐྱེད་བསྲིངས་བྱས་པའི་དགེ་རྒན་དངོས་ཡིན་པའི་གནས་སྟངས་ཆགས་ཡོད། ང་ཚོའི་ཚོགས་པ་འདི་ཉིད་ནི་བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་རྩ་བརླག་མི་འགྲོ་བའི་རིག་གཞུང་སྲུང་སྐྱོབ་དང་འབྲེལ་བའི་ཚོགས་སྡེ་སྔ་ཤོས་དང་མེད་དུ་མི་རུང་བ་ཞིག་ཆགས་ཡོད་སྟབས། མ་འོངས་པར་ང་ཚོས་དགེ་རྒན་དང་ཚོགས་མི་རྣམས་ཀྱི་མཐུན་རྐྱེན་ཇེ་ལེགས་སུ་བཏང་སྟེ། ཟློས་གར་ཚོགས་པའི་སྒྱུ་རྩལ་འདི་ཉིད་བལྟས་ན་མཐོང་རྒྱུ་ཡོད་པ་དང་། ཉན་ན་གོ་རྒྱུ་ཡོད་པའི་ལམ་སྲོལ་གསར་བ་ཞིག་གསར་གཏོད་བྱ་རྒྱུ་ཡིན། ཅེས་གསུངས་བྱུང་ལ། དེ་བཞིན། ཟློས་གར་ཚོགས་པའི་ངོས་ནས་འདས་པའི་མི་ལོ་ ༥༠  རིང་གི་ཟློས་གར་ཚོགས་པའི་དངོས་བྱུང་འཕེལ་རིམ་དང་འབྲེལ་བའི་གློག་བརྙན་གཟིགས་འབུལ་དང་། སྐུ་མགྲོན་གཙོ་བོ་མཆོག་ནས་མི་ལོ་ ༢༠ འཁོར་བའི་ཚོགས་མི་རྣམས་དང་འཛིན་རིམ་བཅུ་བའི་སློབ་ཐོན་ལག་འཁྱེར་དང་བྲོ་པ་གཞོན་པའི་ཡིག་རྒྱུགས་བསླབ་པ་མཐར་སོན་གྱི་སློབ་མ་ཁག་ཅིག་ལ་བྱ་དགའ་གསོལ་རས་ཀྱང་གནང་ཡོད། 

མཇུག་མཐར། སྐུ་མགྲོན་གཙོ་བོ་བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་ལགས་ཀྱིས་གསུངས་དོན། དེ་རིང་གི་ངོ་སྤྲོད་བཞིན་ང་ཚོས་འདས་པའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་ན། བོད་ཟེར་བ་འདི་ལོ་རྒྱུས་ཀྱི་སྟེང་འཛམ་གླིང་གི་ཡང་སྟེང་དུ་ཆགས་ཡོད་པ་ཞིག་དང་།  འཛམ་གླིང་སྤྱི་ལ་ཆོས་དང་ཁོར་ཡུག་སོགས་ཀྱི་ཐད་འབྲེལ་བ་དམ་ཟབ་ཡོད་པ་ཞིག་དང་རྒྱལ་སྤྱིའི་ནང་ཕན་ཐོགས་ཡོད་བསྡད་པ་ཞིག་ཆགས་ཡོད་པ་ལྟར། བོད་གཞུང་ཟློས་གར་ཚོགས་འདི་ཉིད་ཀྱང་ ༡༩༥༩ ལོ་ནས་༧གོང་ས་མཆོག་བཀའ་དགོངས་གཞིར་བཟུང་ཐོག་དཀའ་ངལ་གང་མང་ལ་གདོང་ལེན་བྱས་ཏེ་ད་ལྟའི་ཡར་རྒྱས་ཀྱི་དུས་རིམ་འདི་ལ་སླེབས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་རིག་གནས་གསར་བརྗེ་ཆེན་པོའི་དུས་སྐབས་ནས་ད་ལྟའི་བར་ང་ཚོའི་ཆོས་དང་རིག་གཞུང་གཙོས་ཁོར་ཡུག་སོགས་བོད་འདི་ཉིད་རྩ་མེད་དུ་གཏོང་ཐུབ་པའི་བསམ་འདུན་བཅངས་ཡོད་ཀྱང་ང་ཚོ་དེ་ལྟར་རྩ་མེད་དུ་གཏོང་ཐུབ་ཡོད་པ་མ་རེེད། དེ་གཙོ་བོ་མི་རིག་རང་གི་རིག་གཞུང་འདི་ཉིད་ཡུན་གནས་ཐུབ་པ་ལ་བརྟེན་ནས་བྱུང་བ་ཞིག་རེད། དེ་བས། ཟློ་གར་ཚོགས་པས་ཀྱང་རང་མི་རིགས་ཀྱི་རིག་གཞུང་འདི་ཉིད་རྩ་ཆེན་པོ་ཡིན་པར་དགོངས་ཏེ་ཟློ་གར་གཙོས་པའི་རིག་གནས་འདི་ཉིད་རྒྱལ་སྤྱིའི་སྒང་ལ་སྟོན་ཐུབ་པར་བྱ་རྒྱུ་དེ་གལ་ཆེན་དུ་མཐོང་གི་འདུག  ད་ལྟའི་ཆར་ང་ཚོའི་ཟློས་གར་གྱི་ཕྱོགས་ནས་སྔར་ལས་ལྷག་པའི་རྒྱས་ས་ཕྱིན་ཡོད་ན་འང།  མ་འོངས་པར་གཞས་དང་ཞབས་བྲོ་ཙམ་མ་ཡིན་པར་རྣམ་ཐར་སོགས་ཡོད་པ་སླར་གསོ་དང་མེད་པ་གསར་གཏོད་བྱས་ཏེ་ཡར་རྒྱས་སུ་གཏོང་རྒྱུ་དང་། སྔར་ཡོད་སྲོལ་རྒྱུན་གྱི་འཁྲབ་སྟོན་གཅིག་པུ་མ་ཡིན་པར་དེང་དུས་དང་མཐུན་པའི་ཕྱོགས་སུ་འཕེལ་རྒྱུ་གཏོང་རྒྱུ་དེ་ལས་ཀྱང་གལ་ཆེན་དུ་མཐོང་གི་འདུག་ལ། འཁྲབ་སྟོན་པ་དེ་དག་ཀྱང་མ་འོངས་རྒྱལ་ཁབ་གང་དུ་འཁྲབ་སྟོན་དུ་ཆས་ཀྱང་༧གོང་ས་མཆོག་དབུས་པའི་བོད་མི་རིགས་འདི་ཉིད་ཀྱི་ཆེད་དུ་ལྷག་བསམ་རྣམ་དག་གིས་གནང་རོགས། ཅེས་འབོད་སྐུལ་ཡང་གནང་སོང།

དེ་བཞིན། ཉིན་དེའི་ཕྱི་དྲོ་བོད་གཞུང་ཟློས་གར་ཚོགས་པའི་ངོས་ནས་བཞུགས་སྒར་ཕྱི་སྲིད་སྣེ་ཤན་ལས་ཁུངས་ཀྱི་ངེས་སྟོན་པ་ལྕམ་མ་ཎི་ཀ་ཇན་མཆོག་གཙོས་རྒྱ་གར་གྱི་སྐུ་མགྲོན་ཁག་ཅིག་གདན་ཞུ་གནང་སྟེ།  ༢༠༠༩ ལོའི་རྐང་བྲོ་གླུ་གཞས་འགྲན་བསྡུར་དང་དབྱར་སྐྱིད་བརྙན་འཕྲིན་འོད་སྡེར་དབུ་འབྱེད་ཀྱང་ཡོད།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 1

  1. སངས་རྒྱས་ཆོས་འཕེལ། says:
    ལོ་ 17 སྔོན།

    བོད་གཞུང་ཟློས་གར་ཚོགས་པ་འདི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཞིག་ཡིན་ནམ། མིན་ན་རང་ཁ་རང་སོས་ཟེར་བའི་དོན་གང་། ཡིན་ན་བོད་གཞུང་ཟེར་བའི་ཚིག་འདི་མཚམ་པོར་མ་སྣང་། བོད་གཞུང་གཞོན་ནུ་ཚོགས་པ། བོད་གཞུང་བུད་མེད་ཚོགས་པ་ཟེར་བ་དང་འདྲ།
    བོད་ཀྱི་སྲོལ་རྒྱུན་ཟློས་གར་ཚོགས་པ་ཟེར་བོས་ན་མཚམས་ཤོས་སུ་སྣང་། གསར་གཏོད་ཀྱི་བོད་ཀྱི་ཟློས་གར་ཚོགས་བ་ཞིག་བྱུང་ན་ཡར་རྒྱས་ཀྱི་རྣམ་པར་ངོས་འཛིན་ཆོག གྱོན་ཆས་དང་འབུད་རྡུང་དཀྲོལ་གསུམ་སྤུས་ཚད་ལེགས་པས་ནི་བོད་ཀྱི་ཟློས་གར་རིགས་གཞུང་ཡར་རྒྱས་སུ་མཚོན་མི་ནུས།
    བོད་དུ་གསར་གཏོད་བྱས་རྒྱ་གར་དུ་བསྐྱར་འཁྲབ་བྱེད་པ་རྣམས་ནི་བོད་ཀྱི་ཟློས་གར་ཡར་རྒྱས་སུ་ངོས་འཛིན་ཆོག རྒྱ་གར་དུ་གསར་གཏོད་བྱས་པའི་བོད་ཀྱི་ཟློས་གར་དང་། དེང་རབ་ཀྱི་ཟློས་གར་སྤྱི་ཚོགས་ལ་གོ་རྟོགས་སྤེལ་ཐུབ་བ་ཞིག་འཁྲབ་ཐུབ་ཅིང་། འོས་བབས་ཀྱི་མི་གསར་རྙིང་གང་དུ་བྱུང་ནའང་ཕྱོགས་ཞེན་གྱིས་མ་སླད་པར་འདེམས་སྒྲུབ་བྱས་ན་བོད་ཀྱི་ཟློས་གར་ཚོགས་པ་མིང་དོན་མཐུན་པ་ཆགས་སྲིད་དོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese