མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཐུན་སྒྲིལ་བྱོས་གསུངས་སོང་།

བོད་ཀྱི་དུས་བབ།
༢༠༠༩/༠༨/༡༥
Share on FacebookShare on TwitterShare on EmailShare on Whatsapp
 
དཔལ་༸ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་སྦེལ་ཀོབ་སེར་སྐྱ་མང་ཚོགས་ལ་ད་ལྟའི་དུས་འདིར་བོད་ཆོལ་ཁ་གསུམ་དང་ཆོས་ལུགས་ཕན་ཚུར་བར་འཆམ་མཐུན་བྱ་རྒྱུ་གལ་ཆེན་པོ་རེད་ཅེས་གསུངས་ཡོད།
ཕྱི་ཚེས་ ༡༤ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་གཞི་སྤྱི་རྒྱལ་བའི་ཕོ་བྲང་དུ་དཔལ་༸ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་གཞིས་མགོ་རྣམ་གཉིས་གཙོས་སེར་སྐྱ་མང་ཚོགས་རྣམས་ལ་གང་བློ་མ་དང་མ་ཎི་ཡིག་དྲུག བཛྲ་གུ་རུ། སངས་རྒྱས་འོད་དཔག་མེད་བཅས་ཀྱི་གཟུགས་སྔགས་ཀྱི་ལྗངས་ལུང་གནང་ཡོད་ལ། དེའི་རྗེས་མི་མང་ལ་བཀའ་སློབ་གསུང་བཤད་གནང་ཡོད།
ཉིན་དེར་དཔལ་༸ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས། དེ་རིང་ང་ང་རང་ཚོའི་དགོན་པའི་ནང་ཆོས་ཕྱོགས་ཀྱི་ལས་དོན་ཁ་ཤས་ཆེད་འདིར་འབྱོར་སྐབས། གཞིས་ཆགས་ཁག་གི་འགན་འཛིན་གཙོ་བོར་གྱུར་བའི་དགོན་སྡེ་ཁག་དང་ཚོགས་སྡེ་ཁག་གི་འགན་འཛིན། དགེ་འདུན་པ་དང་སློབ་ཕྲུག་རྣམས་པ། མི་མང་ཚོ་ཚང་མས་དགའ་བསུ་ཆེན་པོའི་ཐོག་ནས་སྣེ་ལེན་གཟབ་རྒྱས་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། གོ་སྐབས་འདི་བརྒྱུད་དེ་འདིར་ཕེབས་པའི་སེར་སྐྱ་མང་ཚོགས་ཚང་མར་སྙིང་ནས་མཛའ་ཞིང་བརྩེ་བའི་དགའ་བསུའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན་ཞེས་མི་མང་ལ་འཚམ་འདྲི་མཛད་པ་དང་།
ཁོང་གིས་མི་མང་གསུངས་དོན། ང་ཚོ་ཚང་མར་རྟེན་ཐོབ་པར་དཀའ་བ་དལ་འབྱོར་གྱི་མི་ལུས་ཐོབ། མཇལ་དཀའ་བ་སངས་རྒྱས་ཀྱི་བསྟན་པ་དང་མཇལ། འཕྲད་དཀའ་བ་དགེ་བའི་བཤེས་གཉེན་དང་འཕྲད། འཕྲད་པ་དེ་ཡང་གངས་ཅན་མགོན་པོའི་གདུལ་ཞིང་དུ་སྐྱེས་ཏེ། འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་ཡོད་སྟབས། དལ་འབྱོར་ལ་སྙིང་བོ་ལེན་པ་དེ་གལ་ཆེན་པོ་ཡིན་པ་རེད། ད་ལྟ་ང་ཚོ་ལུས་དང་སེམས་གཉིས་ལས་ལུས་པོ་དེ་མིག་གིས་མཐོང་རྒྱུ་ཡོད་པ་དང་ལག་པས་རེག་རྒྱུ་ཡོད་པ་རེད་ལ། ཆེ་ཆུང་གི་ཚད་དང་ཁ་དོག དབྱིབས། ཐོག་མའི་འབྱུང་ཁུངས་དང་བར་དུ་གང་འདྲ་བྱས་ནས་གནས་ཡོད་མེད། མཐའ་མར་གང་འདྲ་བྱས་ནས་མེད་པ་ཆགས་ཀྱི་ཡོད་པ་དེ་ཚང་མས་མཁྱེན་མཁྱེན་པ་རེད། ཡིན་ནའང་།  རྣམ་པར་ཤེས་པ་ཟེར་བ་དེ་རྡོག་རྡོག་རིལ་རིལ་ཞིག་མིག་གིས་མཐོང་རྒྱུ་ཡོད་པ་དང་ལག་པས་འཛིན་རྒྱུ་ཡོད་པ་ཞིག ཡང་ན་ཁ་དོག་དང་དབྱིབས། ཆེ་ཆུང་སོགས་འགྲེལ་རྒྱུ་མེད་པ་རེད། དེར་བརྟེན་ང་ཚོ་སྐྱེས་པའི་གཞུག་ལ་ནམ་ཞིག་ཚེ་འདི་རྫོགས་འགྲོ་གི་རེད་ལ། རྫོགས་པའི་ཉིན་མོར་ད་ལྟའི་ང་ཚོའི་ལུས་དེ་མེ་ལ་སྲེག་པའམ་ཆུས་ཁྱེར་བ་སོགས་གང་ལྟར་མེད་པར་གྱུར་འགྲོ་གི་ཡོད་ནའང་། རྣམ་པར་ཤེས་པ་ཟེར་བ་དེ་རྡོག་རྡོག་རིལ་རིལ་ཅིག་མེད་པར་བརྟེན་མེད་པར་ཆགས་རྒྱུ་ཡོད་པ་མ་རེད། ཐོག་མ་མེད་པ་ནས་ད་ལྟའི་བར་དུ་གྱོན་གོས་བརྗེ་བ་ནང་བཞིན་ལུས་མང་བོ་བརྗེས་ཡོད་ནའང་རྣམ་པར་ཤེས་པ་དེ་མུ་མཐུད་དེ་འགྲོ་དགོས་ཀྱི་ཡོད་པ་རེད། སྐྱེས་པ་འདི་འཕོས་ཏེ་འགྲོ་དུས་ད་ལྟའི་ང་ཚོའི་གཉེན་དང་མཛའ་གྲོགས། འཁོར་ལོངས་སྤྱོད། དབང་ཐང་དང་སྙན་གྲགས་སོགས་གང་ཡང་རྗེས་སུ་འབྲང་གི་ཡོད་པ་མ་རེད། སྐད་གྲགས་ཆེ་བ་དང་འབྱོར་ལྡན་ཅན་ཞིག་ཡིན་ནའང་ཤི་བའི་ཉིན་མོར་ཚང་མ་བཞག་ནས་འགྲོ་དགོས་པ་རེད། དེ་ཙམ་མ་ཟད་ལུས་དེ་ཡང་དོར་དེ་རྣམ་པར་ཤེས་པ་གཅིག་པུ་མར་གྱི་ནང་ནས་སྤུ་བཏོན་པ་ལྟར་འགྲོ་དགོས་ཀྱི་ཡོད། དེའི་སྐབས་སུ་ང་ཚོས་ལས་བཟང་ངན་གང་བསགས་པ་དེ་གཟུགས་པོ་གང་དུ་འགྲོ་བཞིན་ཡོད་ནའང་གྲིབ་མ་མཉམ་དུ་འགྲོ་གི་ཡོད་པ་བཞིན་རྣམ་པའི་ཤེས་པའི་རྗེས་སུ་འབྲང་ནས་ཡོང་གི་ཡོད་ལ། སྐབས་དེར་སྡིག་པ་མི་དགེ་བའི་ལས་བསགས་པ་རྣམས་ངན་འགྲོ་ངན་སོང་གི་གནས་སུ་ལྷུང་ནས་སྡུག་བསལ་བསམ་གྱིས་མི་ཁྱབ་པ་མྱོང་དགོས་པ་དང་། དགེ་བ་བསགས་པ་ལ་བརྟེན་ནས་མཐོ་རིས་ལྷ་མའི་གོ་འཕང་ཐོབ་ཀྱི་ཡོད་པ་རེད། དེར་བརྟེན་ད་ལྟ་ང་ཚོ་ལ་ཐོབ་པའི་མིའི་ལུས་རྟེན་བཟང་བོ་འདི་དང་། དེ་ཡང་འདྲ་འདྲའི་ནང་ནས་མི་འདྲ་བ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཟེར་བ་ནི་ཧ་ཅང་གི་ཐོབ་ཁག་པོ་ཡིན་པར་བརྟེན་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདིར་སྙིང་བོ་ལེན་པ་གལ་ཆེན་པོ་རེད་ཅེས་གསུངས་ཡོད་ལ།
ཡང་ཁོང་གིས་མུ་མཐུད་དེ་བོད་ནང་ཁུལ་ཕན་ཚུན་འཆམ་མཐུན་བྱེད་དགོས་པའི་སྐོར་ལ་བཀའ་སློབ་གསུངས་དོན། ང་ཚོའི་སྐྱོན་ཆེ་ཤོས་འདས་པའི་ལོ་རྒྱུས་ནང་བོད་མི་ནང་ཁུལ་ཕན་ཚུན་མ་འཆམ་པར་བརྟེན་ནས་བྱུང་ཡོད་པ་རེད་ལ། སྔ་ཕྱི་བར་གསུམ་གྱི་ལོ་རྒྱུས་ལ་ལྟ་སྐབས། བོད་མི་ནང་ཁུལ་མ་མཐུན་པའི་སྐྱོན་ཆ་ཆེན་པོ་མང་བོ་བྱུང་ཡོད་པ་རེད། དེ་ཚོ་ཉམས་མྱོང་ལ་བླངས་ཏེ་ད་ལྟའི་དུས་འདིར་ང་ཚོ་ཚང་མ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་དེ་ཧ་ཅང་གི་གལ་འགངས་ཆེན་པོར་ཆགས་ཡོད། དཔེར་ན་ཆོས་ལུགས་ལ་ཆ་བཞག་ན་ང་ཚོ་ཚང་མ་ནང་པ་སངས་རྒྱས་པ་རེད་ལ། སྟོན་པ་ཤཀྱ་ཐུབ་པའི་རྗེས་འཇུག་ཤ་སྟག་རེད་མ་གཏོགས་ཕན་ཚུན་ལ་རྒྱང་ཐག་རིང་བོ་ཡོད་པའི་ཆོས་ལུགས་དེ་འདྲ་མ་རེད། དེར་བརྟེན་རང་རང་སོ་སོའི་རང་ལུགས་གཙོ་བོར་བཟུང་བའི་ཐོག་ནས་ཆོས་ལུགས་ཚང་མར་དད་པ་དམ་ཚིག་གཙང་མར་བྱེད་རྒྱུ་གལ་ཆེན་པོ་རེད་ལ། ཆོས་རྒྱུད་ཆེན་པོ་དེ་དག་ང་ཚོ་བོད་གངས་ཅན་ལྗོངས་ཀྱི་སྤྱི་ནོར་ལྟ་བུར་ཆགས་བསྡད་ཡོད་པ་རེད། དེ་རིང་ཁ་སང་སྔོན་དང་མི་འདྲ་བར་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་ཆོས་ལུགས་ཚང་མ་མཐུན་སྣང་དང་དམ་ཚིག་ཡོང་གི་ཡོད་པ་རེད། བླ་མ་ཚོ་དང་གནད་འགག་མཁྱེན་མཁན་ཚོས་གནད་འགག་མཁྱེན་བཞིན་པ་རེད། ཡིན་ནའང་མི་ཤེས་མཁན་ཚོས་འགའ་ཤས་མ་འདྲ་བ་ཞེ་དྲག་ཡིན་རྒྱུ་རེད་བསམ་སྲིད་པས་ཕྱོགས་རེས་འཐེན་འཁྱེར་ལྟ་བུ་འབྱུང་སྲིད་པར་བརྟེན། དེ་ལྟར་བྱེད་ཀྱི་ཡོད་པ་མ་རེད་ཅེས་གསུངས་ཡོད་ལ་བོད་ཆོལ་ཁ་གསུམ་ནང་ཁུལ་དུའང་ཕན་ཚུན་ལ་མཆམ་མཐུན་བྱེད་དགོས་པའི་བཀའ་སློབ་གནང་ཡོད།
ཉིན་དེར་སྦེལ་ཀོབ་ལུགས་བདེ་གཉིས་ཀྱི་གཞིས་མགོ་རྣམ་གཉིས་ཀྱིས་རིན་པོ་ཆེ་ཁོང་ལ་གཞིས་ཆགས་འདི་གཉིས་ཀྱི་གནས་སྟངས་སོགས་སྙན་གསན་ཞུས་ཡོད་ལ། ལུགས་བདེ་གཉིས་ཀྱི་མཉམ་འབྲེལ་ཚོགས་གཙོ་རྣམ་གཉིས་ཀྱིས་མནྜལ་རྟེན་གསུམ་འདེགས་འབུལ་བྱས་ཡོད།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༩ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 38

  1. གདོང་དམར་གྱི་བུ། says:
    ལོ་ 16 སྔོན།

    གོང་དུ་བསམ་གཏན་ཟེར་བ་དེས་གདོང་དམར་གྱི་མིང་སྤྱོད་བཞིན་ཁོ་རང་གི་ལག་ཆ་དོལ་འདྲེའི་མིང་ངོམ་བཞིན་ཉོག་བཤད་མང་པོ་བྲིས་ཡོད་པ་མཐོང་སོང་། འོན་ཀྱང་ཀློག་མཁན་གཞན་པ་ཚོ་སུན་པོ་མི་བཟོ་ཆེད་སྣང་མེད་བཏང་ནས་བཞག་ཡིན།

    Reply
  2. མིའུ་ཕྲུག says:
    ལོ་ 16 སྔོན།

    ཁོ་རེ་སངས་རྒྱས་ཆོས་འཕེལ་ཡིན་ན་ཁྱོད་ཉོན་ཅིག ད་ཁྱོད་སངས་རྒྱས་ཀྱི་ཆོས་དེ་ཅི་འཕེལ་ས་མ་རེད་ཡག་པོ་བསྡོད་མ་གཏོགས་སྟག་སྨྱོན་གྱིས་ཟ་འོང་བསམ་གཏན་གྱིས་བསད་ཡོང་ཨེ་གོ་ཐལ། ད་དུང་ཆེད་དུ་ཞུ་དགོས་པ་ཞིག་ལ་སྟག་སྨྱོན་དང་བསམ་གཏན་ཟེར་བ་འདི་གཉིས་ཀྱིས་དོན་མེད་རྙོག་གླེང་ཁྲོད་༧སྐྱབས་རྗེ་པད་ནོར་རིན་པོ་ཆེ་རྩོད་གཞི་བཞགས་ཏེ་སྔ་འགྱུར་རྙིང་མ་པའི་བླ་གྲྭ་མང་པོ་ཐུགས་ཕམ་མཛད་དགོས་པ་བྱས་སོང་། ད་ཡང་ཁོང་ཚོ་གཉིས་ཀྱིས་༧ས་སྐྱ་གོང་མ་རིན་པོ་རྩོད་གཞི་བཞགས་ནས་དཔལ་ལྡན་ས་སྐྱ་པ་ལ་ཆེད་དུ་སྙད་བརྐོ་བཞིན་ཡོད་པ་འདྲ། དེས་ན་ང་མིའུ་ཕྲུག་མཆན་འདི་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན་པས་ཁྱོད་སངས་རྒྱས་ཆོས་འཕེལ་ལ་བཤད་རྒྱུ་ཡོད་ན་ང་མིའུ་ཕྲུག་གི་ཟིན་བྲིས་ནང་ལ་ཤོག།

    Reply
  3. གདོང་དམར་གྱི་བུ། says:
    ལོ་ 16 སྔོན།

    བསམ་གཏན་ལགས། གདོང་དམར་གྱི་བུ་ཟེར་བ་དེ་ང་སྟག་སྨྱོན་གྱི་མིང་གཞན་ཞིག་ཡིན་པ་དང་། མིང་དེ་སྤྱད་ནས་དཀྲུག་ཤིང་གང་མང་བརྒྱབ་པ་ཡང་བརྗེད་ཚར་འདུག ད་དྲན་དུས་ངོ་མ་ངོ་ཚ་ནི་ཞིག་རེད། ངས་དོལ་རྒྱལ་རྟེན་གསོལ་བྱེད་རྒྱུ་མཚམས་བཞག་ནས་ཡུན་རིང་འགྲོ་གི་ཡོད་མོད། ངའི་སྙིང་འདི་སྔོན་མ་ཁོ་རྟེན་སྐབས་ནས་ཁོས་ཁྱེར་སོང་བ་འདྲ། ད་ཅི་དྲག མ་འོངས་པར་ངས་བོད་གཞུང་མང་གཉིས་ལ་སྐུར་འདེབས་བྱེད་རྒྱུ་མཚམས་བཞག་པ་ཡིན། ང་རང་ལ་ཡང་ལས་འབྲས་འཁོར་གྱི་འདུག དེས་ན་ཐོག་མར་བསམ་གཏན་ཁྱེད་ལ་སྙིང་ཐག་པ་ནས་དགོངས་དག་ཞུ། ང་སྟག་སྨྱོན་དང་གདོང་དམར་དང་པོ་ཚུར་ཡོང་ས་དེ་ཁ་བརྡ་དང་དུས་བབ་ཀྱི་ཐོག་ནས་ཡོང་བ་ཡིན་པས་ཁྱེད་ཀྱིས་ཀྱང་ཁ་བརྡ་དང་དུས་བབ་ཀྱི་ཐོག་ནས་ལན་མི་རྒྱག་གང་ནས་རྒྱག ཁྱེད་ཀྱི་ཞབས་སྤྱི་བོར་བླངས་ན་དགོངས་དག་ཞུ་བ་ཡིན། ང་རང་ལ་ཡང་ཉམས་མྱོང་ཞིག་རག་སོང་། ཁྱེད་ཀྱིས་ང་དྲ་ཐོག་ནས་བསད་པས་ང་ངུ་བཞིན་དུ་བུད་སོང་། ང་ཕམ་སོང་། གཏན་ནས་གཏན་དུ་ཕམ་སོང་། ངུ་བཞིན་་་་་་གཏན་དུ་ངུ་བཞིན་་་་་་་

    Reply
  4. གདོང་དམར་གྱི་བུ། says:
    ལོ་ 16 སྔོན།

    སངས་རྒྱས་ཆོས་འཕེལ་ལགས་སུ་ཐུགས་ཁག་མེད། ཁོ་བོས་མི་ངན་འདི་རིགས་དང་རྩོད་པ་བརྒྱག་ཞོར་དུ་དྲ་གྲོགས་ཚོ་ཚད་མེད་ཀྱིས་སུན་པོ་བཟོས་སོང་བས་དགོངས་སེལ་ཞུ་གི་ཡོད། འོན་ཀྱང་བསམ་གཏན་ཟེར་བ་འདིས་ག་དུས་ཡིན་ན་ཚིག་ངན་རྐྱང་བྲིས་ནས་ཆེད་དུ་མི་ལ་ཞེ་སྡང་སློང་གི་འདུག དེའི་དབང་གིས་གོང་དུ་བྲིས་པ་དེ་ཚོ་ལ་བཟོད་གསོལ་ཞུ་གི་ཡོད། མ་འོངས་པར་མི་འདིའི་ཀུན་སློང་རྩུབ་མོ་དང་ཚད་མེད་ཀྱི་ཚིག་ངན་རྣམས་མ་མཐོང་མདོག་མདོག་གིས་སྣང་མེད་དུ་གཏོང་ཨེ་ཐུབ་ལྟ་ངེས་ཡིན།

    Reply
  5. སངས་རྒྱས་ཆོས་འཕེལ། says:
    ལོ་ 16 སྔོན།

    མིའུ་ཕྲུག་ཁྱེད་ག་བར་ཕེབས་སོང་། མིའུ་ཕྲུག་ཁྱེད་མིའུ་ཐུང་ནག་པོའི་སྐུར་གཞེངས་ནས་བསྟན་དགྲ་འདི་རྣམས་ཐལ་བ་རྡུལ་དུ་རློགས་ན་ག་འདྲ་འདུག དངོས་གནས་བགྲོ་གླེང་ལ་བར་ཆད་བྱེད་ཀྱི་འདུག་ག ༧སྐྱབས་མགོན་གོང་མ་རིན་པོ་ཆེ་མཁྱེན་ཐུགས་རྗེས་གཟིགས་ཤིག འདི་རྣམས་ཀྱི་རྒྱུད་ལ་ཡང་དག་པའི་བློ་གྲོས་བསྐྱེད་པར་མཛད་དུ་གསོལ ཚུལ་མིན་གྱི་བསམ་གནོ་དོར་ནས་བདེན་པ་དང་དྲངས་པོའོ་ལམ་དུ་འགྲོ་ཐུབ་པར་བྱིན་གྱིས་རླབས་ཏུ་གསོལ སྨྱོན་པ་རྣམས་རང་སེམས་རང་གིས་ཟིན་ཐུབ་པར་བྱིན་གྱིས་བརླབ་ཏུ་གསོལ། དུད་འགྲོ་རྣམས་བོད་ཀྱི་མི་ལུས་གཙང་མ་ཞིག་ཐོབ་ནས། བོད་སྐད་དང་བོད་ཡིག་ཤེས་པའི་གོ་ཆོད་ཐུབ་པར་བྱིན་གྱིས་བརླབ་ཏུ་གསོལ།

    Reply
  6. གདོང་དམར་གྱི་བུ། says:
    ལོ་ 16 སྔོན།

    སྟག་སྨྱོན་གྱིས་དྲ་ཁང་དང་ཀློག་མཁན་ཚོའི་ཆེད་མི་ངན་འདི་དང་རྩོད་མཚམས་བཞག་པ་མ་ཟད། ཐ་ན་རང་གི་ཟིན་བྲིས་ཀྱང་སྒོ་བརྒྱབ་ཟིན་འདུག་མོད། བསམ་གཏན་ཟེར་བ་འདིས་སྟག་སྨྱོན་གྱི་མིང་སྤྱད་ནས་མུ་མཐུད་མཆན་གང་བྱུང་འདེབས་བཞིན་པ་མ་ཟད། མི་འདི་ལ་དགོས་པ་རྙོག་དྲ་དང་གཏོར་བཤིག་ཁོ་ན་ཡིན་པ་འདྲ་བོ་མི་འདུག་གམ།

    Reply
  7. གདོང་དམར་གྱི་བུ། says:
    ལོ་ 16 སྔོན།

    ཀློག་མཁན་ཡོངས་དང་ལྷག་པར་དུ་དྲ་དཔོན་ཚོ་ལ་དགོངས་སེལ་འབུམ་ཕྲག་ཞུ་བ་སྦྲགས་ཞུ། གུས་པས་ད་བར་དུ་དྲ་ཁང་དང་མི་གཞན་པ་ལ་བསམ་བློ་བཏང་ནས་གཟབ་གཟབ་བྱས་བསྡད་ཀྱང་། མི་ངན་འདིས་ཁོས་དཔའ་རྟགས་བཞག་པ་འདྲ་བོ་ངུ་ཟུག་བྱེད་ཀྱི་འདུག་པ་མ་ཟད། དྲ་འགོང་འདིས་འདྲེ་དོལ་རྒྱལ་དང་རྒྱ་དམར་གྱི་སོ་བ་སོགས་ཆེས་སྐྱུགས་བྲོ་བའི་ལག་ཆ་འདི་དག་སྤྱད་ནས་དྲ་ཁང་འབག་བཙོག་བཟོས་པས་མ་ཟད། བོད་མིའི་ནང་ཁུལ་གྱི་མཐུན་འབྲེལ་ལའང་དོགས་པ་དང་འཇིགས་དངངས་ཚབས་ཆེན་བཟོ་གི་ཡོད་སྟབས། མི་འདི་ལ་དྲ་ཐོག་ནས་ཐེར་འདོན་མི་བྱེད་ཐབས་མེད་ལ་སོང་། ཞོར་དུ་ཁྱེད་ཅག་ལ་སུན་པོ་དང་མ་སྐྱིད་གང་བཟོས་པ་རྣམས་དགོངས་གད་གྲངས་མེད་ཞུ་གི་ཡོད། མི་འདི་ལ་ལག་ཆ་གཉིས་ཡོད་པ་རེད། གཅིག་རྒྱལ་འགོང་དོལ་འདྲེའི་མིང་རེད། གཉིས་པ་དེ་རྒྱ་དམར་གཞུང་མིང་དེ་རེད། མི་འདི་ལ་ལག་ཆ་འདི་གཉིས་ལས་ངོམ་རྒྱུ་ཡོད་པ་མ་རེད། ཡང་ཡང་བྲིས་ན་དྲ་ཁང་དང་ཀློག་མཁན་ལ་གནོད་འགྲོ་བའི་གང་ཉུང་ཉུང་ཞིག་ལས་འབྲི་མི་དགོས་པའི་འབད་བརྩོན་བྱེད་ཀྱི་ཡོད།

    Reply
  8. གདོང་དམར་གྱི་བུ། says:
    ལོ་ 16 སྔོན།

    གཡོན་པས་རྒྱ་ཡི་ཞགས་པ་དམར་མོ་ཐོགས།།
    གཡས་པས་རྒྱལ་འགོང་དོལ་འདྲེའི་ཤི་ཐོད་འཛིན།།
    འཁོན་སྡང་དྲགས་པོའི་མིག་རྩ་ཁྲག་གི་ཁེངས།།
    དྲ་འགོང་བསམ་གཏན་སྙིང་ལ་ར་མ་ཡ།།

    Reply
  9. གདོང་དམར་གྱི་བུ། says:
    ལོ་ 16 སྔོན།

    གཡོན་པས་རྒྱ་ཡི་ཞག་ཞགས་པ་དམར་མོ་ཐོགས།།
    གཡས་པས་རྒྱལ་འགོང་དོལ་འདྲེའི་ཤི་ཐོད་འཛིན།།
    འཁོན་སྡང་དྲགས་པོའི་མིག་རྩ་ཁྲག་གི་ཁེངས་།།
    དྲ་འགོང་བསམ་གཏན་སྙིང་ལ་ར་མ་ཡ།།

    Reply
  10. གདོང་དམར་གྱི་བུ། says:
    ལོ་ 16 སྔོན།

    བསམ་གཏན ཁྱེད་ཀྱི་ལག་ཆ་གཉིས་ཀ་གང་ཡོད་ན་བརྗེད་དུ་མ་འཇུག་པར་ཁྱེར་ཤོག་མ་གཏོགས་ཁྱེད་ཀྱིས་ཐུབ་ས་མ་རེད།

    Reply
  11. གདོང་དམར་གྱི་བུ། says:
    ལོ་ 16 སྔོན།

    ཁྱེད་ཀྱིས་ཡང་བསྐྱར་དོལ་རྒྱལ་གྱི་མིང་དང་རྒྱ་མིའི་སོ་བ་ཟེར་བའི་ཁྱེད་རང་གི་ལག་ཆ་གཉིས་པོ་ཁྱེར་ནས་ཤོག་མ་གཏོགས་ཐུབ་ས་མ་རེད། དེ་མིན་ཁྱེད་ལ་རེ་བ་ཡོད་པ་མ་རེད།

    Reply
  12. གདོང་དམར་གྱི་བུ། says:
    ལོ་ 16 སྔོན།

    བསམ་གཏན་ཁྱེད་དགའ་རྒྱུ་སྔ་དྲགས་མ་སོང་ངམ། ད་དུང་གདོང་དམར་གྱི་བུ་དྲ་ཐོག་ལ་ཡོང་བྲོ་ཡོད། ཁྱེད་ཀྱིས་བོད་གཞུང་དང་བླ་མ་ཚོའི་མཚན་དང་། ཆོས་ལུགས་ཀྱི་མིང་རྩེད་སྤྱད་བྱེད་རྒྱུ་མང་དྲགས་མ་སོང་ངམ། མ་ཟད་ཁྱེད་མིང་འདྲ་མིན་འདྲ་སྣ་ཚོགས་ནས་དྲ་ཁང་ལ་གཏོར་བཤིག་ག་ཚོད་ཅིག་གཏོང་གི་ཡོད་པ་ཤེས་མི་འདུག་དྲན་སོང་ངམ། གལ་སྲིད་སྟག་སྨྱོན་ལ་མི་དགའ་ན་དུས་བབ་དང་ཁ་བརྡ་འབག་བཙོག་བཟོ་དོན་གང་ཡིན་ནམ། དུས་བབ་དུས་བབ་རེད། སྟག་སྨྱོན་དེའི་ནང་མི་སྣ་གཅིག་རེད། བསམ་པ་ངན་ས་དང་ལམ་ཡང་ངན་ཟེར་བ་ལྟར། ཁྱེད་ལ་དྲ་ཐོག་འདི་ནས་བདེ་སྣང་ཞིག་ཡོང་གི་འཇུག་མདོག་ཁ་བོ་མ་རེད།

    Reply
  13. འཇམ་དཔལ། says:
    ལོ་ 16 སྔོན།

    དངོས་གནས་ཡག་པོ་རེད། འདི་ལྟ་བུའི་སྐྱེས་ཆེན་་རེ་བྱྲོན་ན་ཆོས་ལུགས་མཐུན་སྒྲིལ་ནི་ནམ་ལྕིག་གོང་བཞིན་གནས་ངེས་རེད།

    Reply
  14. ཡོན་ཏན says:
    ལོ་ 16 སྔོན།

    བསྟན་འཛིན་གྱི་སྐྱེད་བུ་དམ་པ་འདི་ལྟ་བུ་རྣམས་བསྟན་འགྲོ་སྤྱི་དང་བོད་མི་རིགས་ཀྱི་ཆེད་དུ་སྐུ་ཚེ་སྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ།

    Reply
  15. བསམ་གཏན། says:
    ལོ་ 16 སྔོན།

    ཧ་ཧ་ཧ་ཧ་ཧ་ཧ་ཧ།
    བསམ་གཏན་རྫུན་མ་བཟོ་མཁན་གྱི་གྲོགས་པོ་ལགས། ཉིད་ནས་དཀའ་ལས་དེ་འདྲ་རྒྱག་དགོས་ནི་མ་རེད། སྔོན་མ་ཞིག་ལ་ཁ་བརྡའི་ནང་དུ་ངས་བཤད་མྱོང་། ང་ལ་དམིགས་བསལ་གྱི་གསར་འགྱུར་མེད་ལ་དམིགས་བསལ་གྱི་ལེགས་བཤད་དེ་འདྲ་གང་ཡང་མེད་མཁན་ཞིག་ཡིན་པས་དུས་རྒྱུན་དྲ་ཐོག་ཏུ་རྩ་བ་ནས་ཞུགས་ཀྱི་མེད། ང་དྲ་ཐོག་ཏུ་ཞུགས་པ་ནི་སྟག་སྨྱོན་གྱི་ཕུང་དཀྲུགས་ལ་ཁ་གཏད་གཅོག་ཆེད་ཁོ་ན་ཡིན། མ་འོངས་པར་ཡང་སྟག་སྨྱོན་སླེབས་ན་ཡང་བསྐྱར་བསམ་གཏན་སླེབས་ཀྱི་རེད། སྟག་སྨྱོན་མ་སླེབས་ན་བསམ་གཏན་བཙལ་རུང་སླེབས་ཀྱི་མ་རེད། དེར་བརྟེན་བསམ་གཏན་རྫུན་མ་ག་ཚོད་སླེབས་རུང་མ་སླེབས་རུང་སྟག་སྨྱོན་མེད་དུས་བསམ་གཏན་མེད། སྟག་སྨྱོན་ཐོན་དུས་བསམ་གཏན་ཐོན་གྱི་ཡོད། ཁྱེད་ཚོས་ལྟོས་དང་། དེ་རིང་བར་དུ་སྟག་སྨྱོན་མ་ཐོན་ས་ཞིག་ལ་བསམ་གཏན་གྱི་མཆན་རྐང་གཅིག་རྒྱག་མྱོང་མེད། ཧ་ལམ་གོང་གི་གླུ་བླངས་ཡོད་སའི་མཆན་འདི་གཉིས་ཐོག་དང་པོ་ཡིན་རྒྱུ་རེད། འདི་སྔོན་ཡང་བསམ་གཏན་རྫུན་མ་གཅིག་ཡོང་ནས་མགོ་ལོག་དམ་ཆོས་ལ་ཁ་རྡུང་གཏོང་བ་སོགས་བྱས་ཀྱང་དྲ་དཔོན་གྱིས་དེ་བསམ་གཏན་རྫུན་མ་ཡིན་པའི་ཁྱབ་བསྒྲགས་བྱས་སོང་། ཁོང་གིས་ཁྱབ་བསྒྲགས་མ་བྱས་གོང་ནས་ངས་མཐོང་སོང་ཡང་དོ་སྣང་བྱས་མེད། མ་འོངས་པར་ཡང་དེ་ཡིན། སྟག་སྨྱོན་མེད་ས་ཞིག་ལ་བསམ་གཏན་གྱིས་མཆན་འབྲི་རྒྱུའི་ཐ་མ་འདི་ཡིན་ངེས། ཁྱེད་ཚོས་བསམ་གཏན་རྫུན་མ་བཅུ་བཟོས་ནས་མཆན་བརྒྱབ་རུང་ང་ལ་བསམ་འཆར་དང་དགག་བྱ་མེད། གང་འདོད་གནོང་ཤིག གང་ཡིན་ཟེར་ན་བསམ་གཏན་ཟེར་བའི་མིང་འདི་ང་ལ་གལ་ཆེན་པོ་གང་ཡང་མིན་པས་གང་ཡང་བྱེད་ཀྱི་མ་རེད། ངས་ཡང་བསྐྱར་གསལ་བོར་བཤད་རྒྱུ་ཞིག་ལ། ནམ་རྒྱུན་ལྟར་བསམ་གཏན་རང་ངོས་ནས་དྲ་ཐོག་ཏུ་ཞུགས་ཀྱི་མེད་པས་ཁྱེད་ཚོས་ཅི་ཞིག་བྲིས་ཀྱང་ལན་རྒྱག་རྒྱུ་མིན་ལ་བྲོས་ཀྱི་ཡང་མིན། གལ་ཏེ་མ་འོངས་པར་སྟག་སྨྱོན་ཡང་བསྐྱར་ཐོན་སྲིད་ན། བསམ་གཏན་ནི་ཀི་གཅིག་གིས་བོས་ན་གློག་ཞགས་ལས་མྱུར་བ་ཞིག་བྱས་ནས་ཐོན་ངེས་ཡིན་པས་ཐུགས་ལ་ཟུངས། བསམ་གཏན་རྫུན་མ་ག་ཚོད་ཐོན་མ་ཐོན་ལ་ཁྱད་པར་མེད། གོང་གི་བསམ་གཏན་རྫུན་མ་འདི་སྟག་སྨྱོན་ཡིན་ན་ད་ཁྱོད་ཀྱིས་བསམ་གཏན་རྫུན་མ་བཅུ་བཟོས་རུང་སྟག་སྨྱོན་བསད་པའི་རོ་སྐྱིན་ལོན་གྱི་མ་རེད་ཅེས་ཟེར་རྒྱུ་དང་། གལ་ཏེ་སྟག་སྨྱོན་མིན་པར་བསམ་ཤེས་དང་བློ་གྲོས་སོགས་ཀྱི་གློག་ཀླད་ལས་ཡོང་གི་ཡོད་པ་ཞིག་ཡིན་ན། གྲོགས་པོ་ཁྱེད་ཀྱིས་སྙིང་རྗེ་བོ་ཞིག་བཟོས་འདུག་ཅེས་ཁྱེད་དང་མཉམ་དུ་གད་མོ་དགོད་རོགས་བྱེད་ཀྱི་ཡིན། ད་ཕྱིན་ཆད་སྟག་སྨྱོན་མ་ཡོང་ན་ང་ཚོ་སྐྱེ་བ་རྗེས་མར་ཤམྦྷ་ལ་སོགས་དག་པའི་ཞིང་ཁག་ནས་མཇལ་བར་སྨོན། གལ་ཏེ་སྟག་སྨྱོན་སླེབས་ཡོང་ན་ཡང་ང་ཚོ་དྲ་ཐོག་འདི་ནས་མཇལ་ཡོང་། ཐུགས་རྗེ་ཆེ། ཧ་ཧ་ཧ་ཧ་ཧ་ཧ།

    Reply
  16. མིའུ་ཕྲུག says:
    ལོ་ 16 སྔོན།

    ད་ཡིན་ན་རྒྱུ་འབྲས་ཀྱི་འཁོར་ཕྱོགས་ཤིན་ཏུ་མགྱོགས་པ་ཞིག་རེད། བསམ་གཏན་སྟག་སྨྱོན་ལ་བརྫུས་ནས་སྟག་སྨྱོན་དྲ་རྒྱ་ནས་རྒྱང་ཕུད་བཏང་སོང་། ད་སྟག་སྨྱོན་བསམ་གཏན་ལ་བརྫུ་ནས་བསམ་གཏན་དྲ་རྒྱ་ལས་བྲོས་དགོས་ཐུག་པ་བྱེད་བཞིན་པ་འདྲ།

    Reply
  17. བསམ་གཏན། says:
    ལོ་ 16 སྔོན།

    དྲ་ཁང་འདི་ལ་མིང་རྫུན་མ་སྤྱད་ནས་ཁ་གཏད་ཀྱི་མི་ནག་པོ་བཟོ་སྟངས་ཀྱི་རིག་པ་དྲན་མཁན་དང་པོ་ང་ཡིན། རང་ཉིད་མི་དགའ་སའི་མི་ལ་དོལ་རྒྱལ་དང་རྒྱ་ཁྱི་ཟེར་ནས་གཤེ་གཤེ་གཏོང་སྟངས་ཀྱི་ཐབས་ཤེས་དེ་གསར་གཏོད་བྱེད་མཁན་ཡང་ང་ཡིན། དེ་རིང་ངའི་ཐབས་ཤེས་དང་རིག་པ་དེ་མི་གཞན་པ་ཚོས་ངའི་ཐོག་ལ་བེད་སྤྱོད་གཏོང་བཞིན་པ་ཐབས་སྐྱོ་བོ་རེད།

    Reply
  18. བསམ་གཏན། says:
    ལོ་ 16 སྔོན།

    དོལ་རྒྱལ་གྱི་མིང་འདི་མ་སྤྱད་ན་ངས་སྟག་སྨྱོན་ལ་གླགས་ཁེལ་ས་མ་རེད། འོན་ཀྱང་སྨྱོན་པ་དེ་ལ་རྒྱ་མིའི་རྒྱུགས་ཁྱི་དང་དོག་རྒྱལ་ཟེར་ནས་འཇིགས་ཞེད་སྣང་བསྐུལ་བ་དང་། མི་དེ་དྲ་ཐོག་ནས་བྲོས་སོང་། ང་ལ་མཚོན་ན་དོལ་རྒྱལ་དང་རྒྱ་ཁྱི་ཟེར་བའི་མིང་འདི་གཉིས་ཕན་ཐོགས་པོ་དང་བྱིན་རླབས་ཆེན་པོ་བྱུང་སོང་། གོང་དུ་སྟག་སྨྱོན་མིང་འབྲི་མཁན་དེ་ང་ཡིན། ཁོ་ངས་དྲ་ནས་རྩ་མེད་བཏང་ཚར་བ་ཡིན། གོང་དུ་སྟག་སྨྱོན་ཟེར་བ་སྟག་སྨྱོན་ངོ་མ་དེ་མ་རེད།

    Reply
  19. བསམ་གཏན། says:
    ལོ་ 16 སྔོན།

    ངས་སྟག་སྨྱོན་ལ་དོལ་རྒྱལ་དང་རྒྱ་མིའི་རྒྱུགས་ཁྱི་ཅེས་གཤེ་གཤེ་བཏང་བ་ཡིན། དེའི་ཕྱིར་ཁོ་སྐྲགས་ཏ་དྲ་ཐོག་ནས་བྲོས་སོང་། ཧ་ལམ་སྟག་སྨྱོན་ཟེར་བ་འདི་ནང་ལ་མ་གཏོགས་རྒྱ་མི་དང་དོལ་རྒྱལ་ལ་ཞེད་སྣང་བྱེད་མཁན་ཞིག་ཡིན་པ་འདྲ། གང་ལྟར་ཁོ་བྲོས་སོང་། ང་ལ་དོལ་རྒྱལ་གྱི་མིང་འདིས་རོགས་པ་ཐུབ་སོང་།

    Reply
  20. བསམ་གཏན། says:
    ལོ་ 16 སྔོན།

    དེང་ཕྱིན་ཆད་ཚོད་ཚོད་མེད་ལ་བོད་གཞུང་མང་གཉིས་ཀྱི་སྟེང་ལ་ཁྱི་ཟུག་ཟུག་བྱེད་བསྡད་མཁན་ཚོར། ཨ་རོགས། ད་ཚོད་ཟུངས་མ་གཏོགས་ཡང་སྟག་སྨྱོན་གྱི་སྒང་ལ་ཡོང་རྒྱུ་དེ་ཡོང་ན་ཐང་ཀོ ཟེར་རྒྱུ་ཞིག་བྱུང་བ་རེད། དེའི་མིང་ལ་དཔེ་གླིང་ལ་བཞག་པ་ཟེར། ད་མ་དགའ་རུང་སྡུག་གྱོང་རེད་ཡ།
    ངས་ད་དུང་གླུ་ཞིག་བླང་ན་ཆོག་གམ། ཨ་ལ་ཡེ་་་་་་་་་་་་་་་་སྟོད་གན་ན་རྫ་ཞིག་སོ་་་་་་་་་་་་ཨ་ལེ་རིག་རྒྱུ་བོ།་་་་་་་་་་་་་་་་་་་་་་་་་་་་

    Reply
  21. བསམ་གཏན། says:
    ལོ་ 16 སྔོན།

    ཀློག་མཁན་ཚོ། གོང་གི་བསམ་གཏན་ཟེར་བའི་མཆན་གཉིས་བཏབས་འདུག་པ་དེ་ང་བསམ་གཏན་གྱིས་བྲིས་པ་མིན་པ་ཤེས་སླ་བོ་འདུག གཅིག་བྱས་ན་སྟག་སྨྱོན་ཁོ་རང་གི་ཆོ་འཕྲུལ་རེད། ཡང་མིན་ན་སྟག་སྨྱོན་གྱི་གྲོགས་པོ་རེའི་ཆོ་འཕྲུལ་ཡིན་སྲིད། ངོ་མས་མགོ་སྐོར་གཏོང་བ་དང་དཀྲོགས་གཏམ་བཟོ་བའི་ཆེད་དུ་ཡིན་ནམ། ངས་ཧ་གོ་མ་སོང་། དེ་ནས་སྟག་སྨྱོན་དང་སྟག་སྨྱོན་གྱི་གྲོགས་པོ་མགོ་འཐོམས། ལྐུག་སྐྱལ། ལུག་གི་ཀླད་པ་ཅན་ཚོ་ལ་སྐད་ཆ་བདེན་པ་ཞིག་ཤོད་རྒྱུར། སྟག་སྨྱོན་ཟེར་བ་གཞན་ཞིག་ཡོད་མེད་མི་ཤེས། གལ་ཏེ་ཡོད་ན་དེ་ང་བསམ་གཏན་མིན། རང་ཉེས་འགེབས་སྲུང་གི་ཆེད་དུ་རང་ལ་མི་དགའ་བའི་མི་ཡོད་ཚད་མི་གཅིག་རང་ཡིན་མདོག་བྱེད་པ་དེ་འུ་ཐུག་པའི་སྐད་ཆ་རེད། དཔེར་ན་རྒྱ་ནག་གཞུང་གིས་བོད་ཀྱི་སྒེར་ལངས་དང་། འདི་ལོའི་ཤིན་ཅང་གི་སྒེར་ལངས་གཉིས་ཀ་མི་མང་གི་འདོད་བློ་མ་ཡིན་པར་མི་གཉིས་ཀྱིས་ངན་སྐུལ་རེད་ཟེར་གྱི་འདུག་པ་ལྟ་བུ་རེད། དེས་ན་ཁྱེད་ཚོ་ལ་རྒྱ་མིའི་དཀྲུགས་ཤིང་དང་རྒྱ་མིའི་སློབ་གསོ་གཉིས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་འདུག་པས་ཁྱེད་ཚོ་ངོ་མ་ཡག་པོ་ཡོད་ས་རེད།

    ཡང་བདེན་པ་གཞན་ཞིག་ཤོད་རྒྱུར། ང་བསམ་གཏན་དྲ་ཁང་དུ་མ་སླེབས་གོང་ནས་སྟག་སྨྱོན་དང་སྲོག་གི་འགྲན་བསྡུར་བྱེད་རྒྱུ་ཡིན་ཟེར་མཁན་ག་ཚོད་བྱུང་འདུག མཆན་ཧ་ཅང་རྙིང་པ་ཚོ་བསྔོགས་དང་ཤེས་ཀྱི་འདུག ངས་ལག་པ་དྲོན་པོས་སྟག་སྨྱོན་གྱི་དམར་ཆུང་སྲོག་ལ་བརྙབ་རྒྱུ་ཡིན་ཞེས་ནམ་ཡང་བཤད་མ་མྱོང་། འོན་ཀྱང་སྟག་རྒན་གོབ་ཐོ་དེ་དྲ་ཐོག་ནས་དབུགས་རླུམ་བཏང་སྟེ་བསད་པ་ཡིན། ད་སྟག་སྨྱོན་གྱི་རོ་ཁྱིས་ཟ་ཚར་སོང་། ང་སྐྱིད་པོ་བྱུང་། དེ་རིང་ཕྱི་དགྲ་རྒྱ་མི་མ་ཐུབ་རུང་ནང་དགྲ་དོལ་ཕྲུག་ཁྲག་དྲི་བྲོ་བའི་མི་ཞིག་གསོད་ཐུབ་སོང་བས་ངོ་མ་སྐྱིད་ཀི་ཡ། དེ་རིང་འདྲ་ཟིག་ཡིན་ན་རྒྱལ་ཁབ་མེད་པ་དང་སྐྱབས་བཅོལ་བ་ཞིག་ཡིན་པ་ཡང་བརྗེད་འདུག མི་འདིའི་སྙིང་བསྔོགས་རྒྱུ་མང་སོང་བས་མི་འདི་ཅན་པོ་ལ་མི་འདོད་པ་ཞིག་ཡོང་དུས་ངོ་མ་སྐྱིད་ཀི་ཡ། ཨ་ལ་ཡེ་་་་་་་་་་་་་་་་གླུ་མགོ་གི་ལེན་ན་སོ་་་་་་་་་་་་ཨ་ལེ་རྡ་མགོ་གི་ལེན།་་་་་་་་་་་་་་་་་་་་་་་་་་་་

    Reply
  22. བསམ་གཏན། says:
    ལོ་ 16 སྔོན།

    གྲོགས་པོ་ཚོ་ང་བོད་ཀྱི་བླ་མ་ཚོ་ལ་དགའ་བོ་མེད། འོན་ཀྱང་ཁོང་ཚོར་དད་པ་ཆེ་ཁུལ་བྱས་ན་བོད་མི་ཚོར་མགོ་སྐོར་དང་བོད་མིའི་སྤྱ་ཚོགས་ནང་རྙོག་དྲ་བཟོ་བདེ་བོ་འདུག

    Reply
  23. བསམ་གཏན། says:
    ལོ་ 16 སྔོན།

    གྲོགས་པོ་ཚོ། གོང་གི་མཆན་དེ་དག་སྟག་སྨྱོན་མ་རེད། འོན་ཀྱང་ཁོ་དྲ་ཁང་དུ་ཡོང་གི་མི་འདུག་པས། ངས་ཁོས་མིང་སྤྱད་ནས་མཆན་འདེབས་ཀྱི་ཡོད། དྲ་ཁང་མགོ་སྐོར་གཏོང་ས་དང་དཀྲོགས་གཏམ་བཟོ་ས་བྱེད་ན་འདོད་པ་དེ་ཡིན།

    Reply
  24. སངས་རྒྱས་ཆོས་འཕེལ། says:
    ལོ་ 16 སྔོན།

    སྟག་སྨྱོན་ནི་སྟག་སྨྱོན་རང་རེད། སྟག་དམར་མདོ་མེད་མགོ་སྟོང་ཆང་དམར་གྱིས་མྱོས་ནས། ད་བར་ཙམ་ཟན་ཀུན་བོད་པ་ཡིན་ཟེར་ཕྱོགས་གཅིག་བསྡུས་བའི་ཐག་པར་བཀུར་འདེབས་ཚད་མེད་གཅིག་བྱས། དེའི་ཆེད་དུ་སྐུ་ལས་ཚད་མེད་གཅིག་བསྐྱངས་ཤིང་ཞབས་འདེགས་ཚད་མེད་གཅིག་ཞུས་པ་རྣམས་ནི་བོད་ཡུལ་ཤོར་བའི་བྱེ་གཏེ་དུ་ངོས་ཟིན་ཅིང་། མཛམ་གླིང་ཀུན་ལ་ངོམ་རིན་ཆོག་པའི་བོད་ཀྱི་གཅེས་ནོར་གཅིག་ཡོད་པ་དེ་ལ་བདག་འཛིན་བྱེད་པ་ནི་རྨོངས་དད་དུག་ཆུར་བརྩི་བ་ནི་ཆང་དམར་གྱིས་རབ་ཏུ་གཟི་བའི་དན་རྟགས་སོ།

    Reply
  25. སྟག་སྨྱོན། says:
    ལོ་ 16 སྔོན།

    ཡུན་རིང་གཤིབ་པའི་ཆང་གི་ལྷ་མོ་བུམ་པ་ཁྱེར་ནས་ལམ་སང་ཤོག།
    ལོ་མང་བསྙལ་བའི་བདུད་རྩིའི་ཉིང་བཅུད་ཤེལ་དཀར་ནང་ལ་ལྟེམ་སེ་བླུགས།།
    ཕྲ་མོ་ལུས་ཀྱི་རྩ་ཕྲན་རེ་རེ་བསིལ་མངར་ཆང་གིས་བྲན་བྱས་ཏེ།།
    རྨོངས་དད་དུག་ཁུས་སྙིང་ཁམས་དཀྲུགས་པའི་ལོག་སྨྲའི་ཚོགས་ལ་ལན་ཞིག་འདེབས།།
    བོད་མིའི་ཁྲོད་ཀྱི་རྨོངས་དད་འདི་ནི་འབྲུ་ཆུ་སྔོན་མོའི་བཞུར་རྒྱུན་འདྲ།།
    གྲོང་རོང་ཟབ་མོའི་ལྟོ་བར་འཁྱུད་བཞིན་ཐུར་ནས་ཐུར་དུ་ཤུགས་ཀྱིས་འབབ།།
    ཤིན་ཏུ་ཕྲ་བའི་ཆུ་ཐིག་རེ་རེ་དབང་མེད་བཙན་གྱིས་བསྡུས་ནས་ཁྱེར།།
    འགྲམ་དུ་བཞད་པའི་མེ་ཏོག་རྣམས་ཀྱང་རྦ་རླབས་བཙན་པོས་བཅོམ་ནས་འགྲོ།།
    དམར་པོའི་དཔུང་གིས་འཕྲུལ་མཚོན་སྤྱད་དེ་བོད་མི་རྩྭ་བཞིན་འཐག་ན་ཡང་།།
    བཅོས་མའི་གདུང་སེམས་སྐད་ཅིག་མ་རེ་བློ་ལ་ཤར་མཁན་ཧ་ཅང་ཉུང་།།
    ཚེ་ཡི་མར་ཁུ་རིམ་གྱིས་ཟད་དེ་སྐུ་ཡི་བཀོད་པ་དབྱིངས་སུ་བསྡུས།།
    རང་དབང་ཆེན་པོའི་གཤེགས་མཁན་ཚོ་ལ་ལྷ་མི་ཡོངས་ཀྱིས་མྱ་ངན་བྱེད།།
    རྒྱུ་འབྲས་མེད་པའི་བྱེ་ཐང་འདི་རུ་རྫུན་གྱིས་རྨུག་རྒྱུས་ཕྱོགས་བཞི་གཡོ།།
    དྲང་བདེན་གཏམ་གྱི་ཆུ་ཐིགས་ཕྲ་མོ་ལོ་བརྒྱར་བཙལ་གྱང་མོ་གཤམ་བུ།།
    གོ་ཐོབ་ཅན་གྱི་བླ་སྤྲུལ་རེ་རེ་འབར་ལ་ཉེ་བའི་མེ་རི་བཞིན།།
    བོད་མིའི་ཁྲོད་དུ་བརྗིད་ཀྱིས་འགྱིང་ཞིང་དད་པའི་ཞལ་འདེབས་བཙན་གྱིས་བསྡུ།།
    ཁོ་བོ་ཨ་མའི་བྲང་ཁར་འབྱར་ནས་ནུ་ཞོ་འཐུང་བའི་དུས་སྐབས་ནས།།
    ཡིད་བཞིན་ནོར་བུས་བོད་ཁམས་བཞག་ནས་རྒྱ་གར་ཕྱོགས་སུ་ཕེབས་ཚར་འདུག།
    པན་ཆེན་བླ་མ་བཙོན་ནས་གློད་དེ་ལོ་ངོ་འགའ་ལས་སོང་མི་འདུག།
    དེ་འདྲ་དེ་ཡང་བྱིས་པ་བདག་གིས་ནང་དཀྲུགས་བྱས་པས་ནོངས་སམ་ཅི།།
    ཡུག་ས་བརྒྱ་སྟོང་ཤེད་ཀྱིས་ངུ་བཞིན་ཁྱོ་གའི་རུས་པ་འཐུ་རུ་འགྲོ།།
    དྭ་ཕྲུག་མང་པོ་རྩྭི་ཤིང་བཞིན་དུ་བོད་ཁམས་ཡོངས་སུ་ཁྱབ་ནས་འདུག།
    དགོན་པ་ལྷ་ཁང་བཤིག་པའི་གྱོང་རོ་གནམ་ལ་བསྟན་ནས་ངུ་བ་མཐོང་།།
    བརྒྱད་བཅུའི་ནང་གི་ལྟད་མོ་འདི་ཡང་བྱིས་པ་བདག་གིས་བཟོས་སམ་ཅི།།
    ཆོས་རྒྱུད་བཞི་ཡི་ཆོས་དཔོན་རྣམས་པས་བོད་ཡུལ་དུམ་བུ་བཞི་རུ་བཏང་།།
    ཆོལ་ཁའི་མིང་གི་ལག་ཆ་སྤྱད་ནས་བོད་ཀྱི་མགོ་ལུས་ཡན་ལག་གཏོར།།
    རྒྱ་དམག་ཁྲི་ཁྲི་འབུམ་འབུམ་མང་པོས་བོད་ས་ཡོངས་སུ་མནན་ནས་འདུག།།
    ལོ་རྒྱུས་ཐོག་གོད་ཆགས་འདི་ཡང་འབྲོག་ཕྲུག་བདག་གི་བཟོས་སམ་ཅི།།
    རང་ལོ་བདུན་པའི་མེ་ཏོག་ཁྱེར་ཏེ་སློབ་ཆུང་ནང་ལ་འགྲོ་དུས་ཡང་།།
    རྒྱལ་བ་ཡིད་བཞིན་ནོར་བུ་དྲན་ནས་མིག་མཐར་མཆུ་མའི་མེ་ཏོག་འཁོར།།
    མོ་ཚེ་ཐུང་གི་མགོ་པར་མཐོང་ཡང་ཞེ་ནས་ཁྲོ་བཞིན་མིག་ལོག་བལྟས།།
    དེ་འདྲ་དེ་ཡང་བྱིས་པ་བདག་གི་ལྷག་བསམ་དག་པའི་དཔག་རྟགས་ཡིན།།
    བཙན་གྱིས་དཀྲོགས་པའི་སེམས་པའི་བྱིའུ་ཆུང་སླར་ཡང་ལྷོད་ཀྱིས་བྲང་ཁར་བབས།།
    ཟུངས་ཁྲག་དམར་པོའི་ཆུ་མིག་ཕྲ་མོ་སྙིང་གི་རྩ་ནས་དལ་གྱིས་འབབ།།
    ཧུབ་ཀྱིས་འཐུང་བའི་ཆང་གི་ངར་ཤུགས་ཡུན་གྱིས་རྩ་འདབ་ཀུན་ལ་ཁྱབ།།
    བྱིང་ཞིང་དུབ་པའི་ཚོར་བ་ཞིག་གིས་ཉལ་དུ་རན་པའི་སྔོན་བརྡ་གཏོང་།།
    བོད་མིའི་ཁྲོད་ཀྱི་རྨོངས་དད་འདི་ནི་འབྲུ་ཆུ་སྔོན་མོའི་བཞུར་རྒྱུན་འདྲ།།
    གྲོང་རོང་ཟབ་མོའི་ལྟོ་བར་འཁྱུད་བཞིན་ཐུར་ནས་ཐུར་དུ་ཤུགས་ཀྱིས་འབབ།།
    ཤིན་ཏུ་ཕྲ་བའི་ཆུ་ཐིག་རེ་རེ་དབང་མེད་བཙན་གྱིས་བསྡུས་ནས་ཁྱེར།།
    འགྲམ་དུ་བཞད་པའི་མེ་ཏོག་རྣམས་ཀྱང་རྦ་རླབས་བཙན་པོས་བཅོམ་ནས་འགྲོ།།

    Reply
  26. སངས་རྒྱས་ཆོས་འཕེལ། says:
    ལོ་ 16 སྔོན།

    མཐར་རང་སྲོག་ཡང་རང་གིས་སྐྱོབ་མ་ཐུབ་པ་རེད།

    Reply
  27. སངས་རྒྱས་ཆོས་འཕེལ། says:
    ལོ་ 16 སྔོན།

    གང་ལྟར་བདག་ཅག་གི་སྟོན་པས་ཀྱང་ལུགས་གཉིས་ཟུང་འཇུག་མ་ནུས་ནས་རྒྱལ་སྲིད་དོར། སྟོང་འཁོར་ལོ་བསྒྱུར་བའི་རྒྱལ་བརྒྱུད་དེས་ཆོས་ཀྱིས་རླན་ནས་ཆབ་སྲིད་ཤོར་བ་དང་། མངའ་བདག་རལ་བ་ཅན་ཡང་ཆོས་ཀྱིས་རླན་ནས་ཆབ་སྲིད་ཀྱི་གོ་རྟོགས་ཞན། རང་གི་ཆབ་སྲིད་མཐུས་ཤོར་སོང་ནས་མཐར་རང་སྲོག་སྐྱོབ་མ་ཐུབ་པ་རེད།

    Reply
  28. མིའུ་ཕྲུག says:
    ལོ་ 16 སྔོན།

    སངས་རྒྱས་ཆོས་འཕེལ། ཁྱོད་ཀྱིས་སྲོང་བཙན་སྒམ་པོའི་གདུང་བརྒྱུད་ཀྱིས་ཆབ་སྲིད་མ་ཟིན་ཤོར་བ་འདིས། ཆབ་སྲིད་པ་ཆོས་ཀྱིས་ཀྱིས་རླན་ན། ཤིང་རློན་ཕྲ་མོས་ཀ་བ་དང་གདུང་མ་བྱས་པ་དང་འདྲ་བ་བསྟན་ནོ་ཟེར། ༧ས་སྐྱ་གོང་མ་ཆབ་སྲིད་ཀྱི་དྲི་མས་མ་གོས་པ་མི་ཤེས་ཏེ་ཁྱོད་ཉིད་ངོ་མ་ལོ་རྒྱུས་ཤེས་ཡོན་གྱི་དྲི་མས་མ་གོས་པ་ཞིག་རེད། སྲོང་བཙན་སྒམ་པོའི་གདུང་བརྒྱུད་ཆབ་སྲིད་པ་ཆོས་ཀྱིས་གོས་པ་དག་གིས་རྒྱལ་སྲིད་ཚུལ་བཞིན་བཟུང་བ་ནི་མངའ་བདག་ཁྲི་རལ་ཡན་གྱིས་རྒྱལ་པོ་དག་གི་ལོ་རྒྱུས་མི་ཤེས་སམ། སྙིང་རྗེ་བ་ལ། སྲོང་བཙན་གདུང་བརྒྱུད་ཀྱིས་ཆབ་སྲིད་ཤོར་བ་ནི་གླང་དར་མའི་སྐབས་སུ་རེད། ཁྱེད་ཀྱིས་གླང་དར་མའི་བྱེད་ལས་དག་ལ་ཆོས་ཀྱི་ངོ་བོར་བརྩི་བཞིན་ཡོད་ན་ནི་ང་ལ་ཤོད་རྒྱུ་ཅང་མེད། ང་ཚོ་གཉིས་པོ་ཆོས་ཞེས་པ་ངོས་བཟུང་སྟངས་ཐ་དད་ཆགས་སོང་ནི་རེད།

    Reply
  29. སངས་རྒྱས་ཆོས་འཕེལ། says:
    ལོ་ 16 སྔོན།

    ནམ་མཁར་འཆར་བའི་ཁྲི་གདུག་དེས་མུན་པ་སེལ་ཚུལ་སྨྲ་བ་ལ་དགོས་གལ་ཆེར་མ་མཐོང་དེ་སྐྱེ་བོ་དམུས་ལོང་རྣམས་ཕུད་ཀུན་ཀྱིས་གསལ་པས་སོ། འོན་ཀྱང་ངས་ཁ་སྔོས་ཞུས་པ་འདི་ལན་འདྲ་གསུངས་རྒྱུ་ཡོད་ན་དགའ་བསུ་ཞུ། ངས་ཀློག་བདེ་ཆེད་སླར་ཡང་ཡང་བྲིས་བྱེད་ཀྱི་ཡིན། འགྲོ་མགོན་ཆོས་རྒྱལ་འཕགས་པས་དགོས་དབང་གིས་ཆབ་སྲིད་རེ་ཞིག་ཟིན་རུང་ཆོས་དང་མི་མཐུན་པར་གཟིགས་ནས་དོར་བ་དེས་ཆོས་པ་ཆབ་སྲིད་ཀྱིས་གོས་ན་ཤིང་སྡོང་ཁོང་རུལ་དང་མཚུངས་པར་བསྟན། སྲོང་བཙན་སྒམ་པོའི་གདུང་བརྒྱུད་ཀྱིས་ཆབ་སྲིད་མ་ཟིན་ཤོར་བ་འདིས། ཆབ་སྲིད་པ་ཆོས་ཀྱིས་ཀྱིས་རླན་ན། ཤིང་རློན་ཕྲ་མོས་ཀ་བ་དང་གདུང་མ་བྱས་པ་དང་འདྲ་བ་བསྟན་ནོ། ལོ་རྒྱུས་ཀྱི་རྒྱབ་རྒྱང་ལ་བལྟས་ན་ཁྱེད་མིའུ་ཕྲུག་གཅིག་མི་འདྲ། མིའུ་ཆེན་པོ་ཞིག་འདྲ། ཐུགས་རྗེ་ཆེ།

    Reply
  30. རལ་གྲི་ཅན། says:
    ལོ་ 16 སྔོན།

    ཨ་རོགས་མིའུ་ཕྲུག་ཁྱེད་ཀྱིས་ཡག་པོ་གཟིགས་རོགས་སངས་རྒྱས་ཆོས་འཕེལ་གྱིསསྐྱ་གོང་མ་ལ་བསྟོད་པ་ལས་སྨད་པ་མི་འདུག་དཱ། དེ་འདྲ་དཀྲ ུག་
    ཤང་མ་རྒྱག་རོགས། ངས་ཀྱང་ས་སྐྱ་བླ་རྒན་ལ་དགའ་བསུ་ཡོད།

    Reply
  31. མིའུ་ཕྲུག says:
    ལོ་ 16 སྔོན།

    རེད་ཡ་་་་་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཐུན་མིན་རྣམ་དཔྱོད་སྐྱེན་པོས་ཆེན་པོ་གོ་དན་གྱི་ང་རྒྱལ་བཅོམ་སྟབས་ཁྲི་སྐོར་བཅུ་གསུམ་མཆོད་རྫས་སུ་བཏབས་པ་ནས་བཟུང་དཔལ་ལྡན་ས་སྐྱ་པ་ནི་བོད་ཁམས་ཡོངས་ཀྱི་ལུགས་གཉིས་བསྟན་པའི་རྩ་ལག་ཉིད་དུ་གྱུར། དེ་ནས་གདུང་བརྒྱུད་རིམ་བྱོན་དག་གིས་མཛད་པའི་ཕྱག་རྗེས་རླབས་པོ་ཆེ་ཡིས་གངས་ལྗོངས་བོད་མིའི་སེམས་ལ་བརྗེད་པར་དཀའ་བའི་དྲིན་པོ་ཆེའི་ལོ་རྒྱུས་ཀྱི་རི་མོ་མངོན་པར་བཀོད། ཁྱད་པར་༧བདག་ཁྲི་རྡོ་རྗེ་འཆང་གིས་༧གོང་ས་ཐམས་ཅད་མཁྱེན་པའི་བཀའ་དགོངས་དང་གངས་ཅན་བོད་པ་ཚང་གི་ལས་དབང་ཐུགས་ལ་ཉར་ཏེ་ཡུལ་དུས་རྣམ་པར་ཀུན་ཏུ་བྱ་གཞག་དང་ལག་ལེན་ངོ་མའི་ཐོག་བཀའ་སློབ་གཟབ་ནན་རེ་རེས་མི་སེམས་འགུལ་བའི་སློབ་གསོ་བསྩལ། དེས་ན་ཆོས་སྲིད་ལུགས་གཉིས་གང་ལ་མཁྱེན་པའི་སྤྱན་རས་མངོན་པར་ཡངས་པ་འདི་ཉིད་ལ་ལོག་རྟོག་ཅན་གྱི་སྐྱེ་བོ་སངས་རྒྱས་ཆོས་འཕེལ་ཟེར་བ་ཞིག་གིས་ཆབ་སྲིད་མི་ཤེས་པའམ་མི་འཇོན་པར་བཤད་པ་མ་ཟད་ཆབ་ཆོས་གཉིས་ཀ་ཤེས་པ་དང་བྱེད་ཆོག་མཁན་ནི་༧རྒྱལ་བ་རིན་པོ་ཆེ་ཁོ་ན་ཡིན་ཟེར། དེས་ན་ངས་ཁྱོད་ལ་འདྲི་བ་ནི་༧ས་སྐྱ་གོང་མ་སོགས་བོད་ཀྱི་བླ་ཆེན་གཞན་དག་གིས་༧རྒྱལ་བ་རིན་པོ་ཆེ་བཞིན་ཆོས་དང་ཆབ་སྲིད་གཉིས་ཀ་བྱེད་མི་ཆོག་པའི་རྒྱུ་མཚན་ཁུར་ཤོགས

    Reply
  32. བཙན་པོ། says:
    ལོ་ 16 སྔོན།

    བསྟན་པ་དང་འགྲོ་བའི་དོན་དུ་སྐུ་ཚེ་བརྟན་པར་ཤོག

    Reply
  33. སྟག་སྨྱོན། says:
    ལོ་ 16 སྔོན།

    འོ། ས་སྐྱ་གོང་མ་རིན་པོ་ཆེ་མཁྱེན། བཀའ་སློབ་ཟབ་མོ་དེ་འདྲ་གནང་བར་སྐུ་དྲིན་རི་རབ་ལས་ཀྱང་ཆེ། འདི་ཕྱི་བར་དོ་གསུམ་ནས་མཇལ་བར་ཤོག། མཇལ་ནས་བྱིན་གྱིས་རློབས་པར་ཤོག། བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ།། ཆོས་ལམ་དུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ།། ལམ་འཁྲུལ་བ་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ།། འཁྲུལ་སྣང་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ།། ཆོས་མིན་རྣམ་རྟོག་འགག་པར་བྱིན་གྱིས་བརླབ་ཏུ་གསོལ།། ཉིན་མཚན་ཆོས་ལ་འདའ་བར་བྱིན་གྱིས་བརླབ་ཏུ་གསོལ།། སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་།། འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་།། ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས།། རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོག་ཤོག།།

    Reply
  34. འཇམ་དཔལ། says:
    ལོ་ 16 སྔོན།

    དཔལ་ས་སྐྱ་༧གོང་མ་རིན་པོ་ཆེ་མཆོག་ནས་ང་ཚོ་སྦེལ་ཀོབ་བོད་མི་ཞིས་ཆགས་བ་རྣམས་ལ་གླང་དོར་བཀའ་སློབ་ཟབ་རྒྱས་གནང་བ་ལ་ཐུགས་རྗེ་ཆེད་དང་༧གོང་མ་མཆོག་བསྟན་པ་འགྲོ་བའི་དོན་དུ་སྐུ་ཚེ་ཞབས་པད་བརྟན་པའི་གསོལ་འདེབས་བཅས་
    དིང་རི་མཚོ་སྒོ་བ་འཇམ་དཔལ་ནས་

    Reply
  35. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ས་སྐྱ་བདག་ཁྲི་ཚང་གི་སྐུ་ཚེ་བརྟན་ཞིང་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་༧གོང་ས་མཆོག་གི་བཀའ་དགོངས་བཞིན་དུ་སྐུ་ཚེ་བཀང་བོར་འབད་པ་བརྟེན་པ་དེ་ལ་རྗེས་སུ་ཡི་རང་དང་བཀའ་དྲིན་སྙིང་བཅིངས་བྱེད་ཀྱི་ཡིན།

    Reply
  36. སངས་རྒྱས་ཆོས་འཕེལ། says:
    ལོ་ 16 སྔོན།

    མི་ཤེས་གདོལ་བའི་ཕྲུག་གུ་འཕོང་པ་ཡིས། །འཁོར་གྱིས་གཏེགས་ལ་འཇིག་རྟེན་འདྲེན་པ་ཞེས། །སྨིག་སྒྱུ་འབབ་ཆུར་སྒྲོག་པའི་གྲགས་སྟོང་སྒྲས། །འཇིག་རྟེན་ཡོམ་ཡོམ་བྱེད་དང་འདི་མི་མཚུངས། ཐུགས་རྗེས་གཟིགས།

    Reply
  37. གཉན་མདང་ཕོ་ཉ། says:
    ལོ་ 16 སྔོན།

    ས་སྐྱ་བདག་ཁྲི་རིན་པོ་ཆེ་ཁྱེད་སྐུ་ཚེ་ཡུན་དུ་བརྟན་པར་ཤོག

    Reply
  38. ལི་ཐང་བཤད་སྒྲུབ says:
    ལོ་ 16 སྔོན།

    ༧་ས་སྐྱ་གོང་མ་རིན་པོ་མཁྱིན་་དེ་འདྲའི་བཀའ་སློབ་ཞིག་གནང་བ་དངོས་གནས་དད་པ་ཇེ་ཆེ་རེད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese