མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚེ་རིང་བདེ་སྐྱིད་ལགས་འདི་ལོའི་ཨ་རིའི་ཁུན་སི་གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ནང་མིང་འདོན་བྱས། 

བོད་ཀྱི་དུས་བབ།
༢༠༢༦/༠༤/༠༩
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་ཚེ་རིང་བདེ་སྐྱིད་ལགས་ཕྱི་ལོ་ ༢༠༢༦ ལོའི་ (Queens) གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ནང་མཚན་འདོན་དང་བསྟན་འཛིན་གསལ་སྒྲོན་ལགས་ལོ་སི་ཨན་ཇི་ལེ་སི་གསར་ཤོག་གི་ཕྱི་ལོ་ ༢༠༢༦ ལོའི་དངུལ་ཁང་དང་དངུལ་རྩིས་ལས་དོན་གྱི་མཁས་པའི་ཆེ་བསྟོད་ཐོབ་འདུག

ཚེ་རིང་བདེ་སྐྱིད་ལགས་ལ་ཕྱི་ལོ་ ༢༠༢༦ ལོའི་ (Queens) གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ནང་མིང་འདོན་བྱས། དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།

ལོ་ལྟར་ནེའུ་ཡོག་གྲོང་ཁྱེར་དང་མངའ་སྡེ་ (City & State New York: Home) ཞེས་པའི་གསར་ཁང་ཞིག་གིས་ལོ་གཅིག་ནང་ཨ་རིའི་ནེའུ་ཡོག་ནང་གི་གྲོང་ཁྱེར་ཆེ་ཤོས་(Queens) ནང་གི་ཆབ་སྲིད་དང་། ཚོང་འབྲེལ། སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ཐོག་ནས་ཤུགས་རྐྱེན་ཆེ་ཤོས་ཀྱི་མི་སྣ་རྣམས་མཚན་འདོན་གནང་གི་ཡོད་པ་ལྟར། ཕྱི་ལོ་ ༢༠༢༦ ལོའི་ཐོ་གཞུང་ནང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་གནས་བཞུགས་བོད་པའི་བུད་མེད་ཚེ་རིང་བདེ་སྐྱིད་ལགས་མཚན་འདོན་གནང་འདུག

ནེའུ་ཡོག་བོད་པའི་ཞབས་ཞུ་ཁང་ (NY Tibetan Service Center) གི་འཛིན་སྐྱོང་འགན་འཛིན་ཚེ་རིང་བདེ་སྐྱིད་ལགས་གྲོང་ཁྱེར་དེའི་སྤྱི་ཚོགས་ཞབས་ཞུའི་སྣེ་ཁྲིད་ཐོག་ཤུགས་རྐྱེན་ཆེ་ཤོས་ཡོད་པའི་ངོས་འཛིན་འོག ཕྱི་ལོ་ ༢༠༢༦ ལོའི་ (Queens) གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ནང་ནས་ཨང་རིམ་ ༩༨ པར་འདེམས་ཐོན་བྱུང་འདུག

དེ་འབྲེལ་ཚེ་རིང་བདེ་སྐྱིད་ལགས་ཀྱིས་སྒེར་གྱི་ངོ་དེབ་སྟེང་། ཕྱི་ལོ་ ༢༠༢༦ ལོའི་ (Queens) གྲོང་ཁྱེར་གྱི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ནང་བསྐྱར་དུ་ཐོ་འགོད་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ལ་རྒྱབ་སྐྱོར་བྱེད་མཁན་དང་ཡིད་ཆེས་བྱེད་མཁན་རྣམས་ལ་ཐུགས་རྗེ་ཆེ། ཁྱེད་ཚོའི་སེམས་ཤུགས་དེས་ཁྱད་པར་ཆེན་པོ་བཟོ་ཡི་འདུག ཅེས་བརྗོད་འདུག

ཚེ་རིང་བདེ་སྐྱིད་ལགས་ནི་ནེའུ་ཡོག་བོད་པའི་ཞབས་ཞུ་ཁང་གི་འཛིན་སྐྱོང་འགན་འཛིན་ཡིན་ལ། གནས་སྤོའི་ཁྱིམ་ཚང་རྣམས་ལ་སོ་སོའི་རིག་གཞུང་དང་སྐད་ཡིག་གི་ལས་རིམ་དང་། སྤྱི་ཚོགས་ཞབས་ཞུ། རྒྱལ་ཁབ་གཞན་ནས་གནས་སྤོ་བྱས་པའི་གཞོན་སྐྱེས་རྣམས་ལ་ཤེས་ཡོན་དང་ལས་ཀའི་གོ་སྐབས་སྤྲོད་ཀྱི་ཡོད་ཅིང་། དེ་བཞིན་ཁོང་མོས་བདེ་སྐྱིད་སྔོན་འགྲོའི་སློབ་གྲྭ་ཞེས་བྱིས་པ་ལྟ་སྐྱོང་ཁང་དྲུག་གསར་འཛུགས་བྱས་ཡོད་པའི་ཁྲོད། བྱིས་བཅོལ་ཁང་ལྔ་ནེའུ་ཡོག་གྲོང་ཁྱེར་དུ་གསར་འཛུགས་བྱས་འདུག འདས་ལོར་བྱིས་པ་ལྟ་སྐྱོང་ཁང་དུ་ཆུ་ཚོད་ཕར་འགྱངས་ཀྱི་ཚོད་ལྟའི་ལས་གཞི་སྤེལ་བར་གྲོང་ཁྱེར་གྱི་འཆར་དངུལ་ནས་འགྲོ་གྲོན་གཏོང་དགོས་པའི་ཞུ་གཏུག་བྱས་ཡོད་པ་མ་ཟད། ཁོང་མོས་ས་གནས་ཀྱི་ཧི་མ་ལ་ཡ་དང་བོད་པའི་ཚོགས་པ། དེ་བཞིན་གྲོང་ཁྱེར་ལྷན་ཚོགས་ཀྱི་འཐུས་མི་ཇུ་ལི་ (Julie Won) དང་ལྷན་དུ་ནེའུ་ཡོག་གྲོང་ཁྱེར་དུ་བོད་ཀྱི་ལོ་གསར་ཉིན་མོར་གཞུང་འབྲེལ་གྱི་ཐོག་ནས་གུང་གསེང་ཡིན་པའི་ཁྲིམས་གཞི་གཏན་འབེབས་བྱེད་པའི་རོགས་རམ་བྱས་ཡོད་པ་རེད། འདས་ལོར་ཡང་ཚེ་རིང་བདེ་སྐྱིད་ལགས་ནེའུ་ཡོག་གྲོང་ཁྱེར་དང་མངའ་སྡེ་ཞེས་པའི་གསར་ཁང་གི་ཕྱི་ལོ་ ༢༠༢༥ ལོའི་ (Queens) གྲོང་ཁྱེར་ནང་གི་སྟོབས་ཤུགས་ཆེ་བའི་མི་སྣ་ ༡༠༠ ཁོངས་སུ་ཚུད་འདུག

ནེའུ་ཡོག་བོད་པའི་ཞབས་ཞུ་ཁང་ནི་ཕྱི་ལོ་ ༢༠༡༢ ལོར་བོད་མི་དང་། རྒྱལ་ཁབ་གཞན་ནས་གནས་སྤོས་ཡུལ་མིའི་ཁྱིམ་ཚང་རྣམས་ཀྱིས་རྒྱལ་ཁབ་གཞན་དུ་འཚོ་བ་སྐྱེལ་བར་རྒྱབ་སྐྱོར་དང་། ལམ་སྟོན། སོ་སོའི་རིག་གཞུང་དང་འབྲེལ་བ་འཛུགས་ཐུབ་པའི་ས་ཆ་ཞིག་བསྐྲུན་རྒྱུའི་ཆེད་དུ་བཙུགས་པ་ཞིག་རེད། ཚོགས་པ་དེས་བྱིས་པ་དང་། ན་གཞོན། རྒན་རྒོན་སོགས་ལ་ཤེས་ཡོན་དང་ལས་ཀ དེ་བཞིན་སྨན་བཅོས་ལྟ་སྐྱོང་སོགས་ཀྱི་ཞབས་ཞུ་དང་། སོ་སོའི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུར་རོགས་འདེགས་ཞུ་ཡི་ཡོད་འདུག

ཡང་། ལོ་ལྟར་ལོ་སི་ཨན་ཇི་ལེ་སི་དུས་བབ་གསར་ཤོག་གི་ཚོང་ལས་སྡེ་ཚན་གྱིས་དངུལ་ཁང་དང་དངུལ་རྩིས་ལས་རིགས་ནང་གི་ཆེད་ལས་མི་སྣ་གྲགས་ཅན་རྣམས་མིང་འདོན་གནང་གི་ཡོད་པ་ལྟར། ཨ་རིར་གནས་བཞུགས་བོད་པའི་བུད་མེད་བསྟན་འཛིན་གསལ་སྒྲོན་ལགས་ལ་ལོ་སི་ཨེན་ཇི་ལེ་སི་དུས་བབ་ (Los Angeles Times) གསར་ཤོག་གི་ཕྱི་ལོ་ ༢༠༢༦ ལོའི་དངུལ་ཁང་དང་དངུལ་རྩིས་ལས་དོན་གྱི་མཁས་པའི་ཆེ་བསྟོད་ (Finance Visionary) ཐོབ་ཡོད་འདུག་ལ། ཁོང་མོས་ཕྱི་ལོ་ ༢༠༢༢ ལོར་ཁེ་ལས་མ་རྩའི་ལས་ཁུངས་ (Pulse Fund) ཞེས་པ་གསར་འཛུགས་དང་དོ་དམ་མཉམ་ལས་གནང་ཡོད་འདུག ཕྱི་ལོ་ ༢༠༢༥ ལོར་ཐབས་ཇུས་ལྡན་པའི་མ་རྩ་འཛུགས་འཇོག་གི་ལས་གཞི་བཞི་དངོས་སུ་འཚོལ་སྒྲུབ་གནང་ཞིང་། དེ་ཡང་ནགས་ཚལ་བསྐྱར་གསོའི་ལས་གཞི་ (Mast Reforestation) ལ་ཨ་སྒོར་ས་ཡ་ ༢༥ ཡི་ (Series B) ཅན་གྱི་མ་རྩ་བསྡུ་རུབ་ནང་མཉམ་འབྲེལ་སྣེ་ཁྲིད་གནང་བ་དང་། གློག་ཤུགས་འཕྲུལ་ཆས་མཁོ་སྤྲོད་བྱེད་མཁན་ (Endera) ལ་ཨ་སྒོར་ས་ཡ་ ༤༩ ཡི་མ་རྩ་བསྡུ་རུབ་ནང་མཉམ་ཞུགས་གནང་ཡོད་འདུག

དེ་འབྲེལ་བསྟན་འཛིན་གསལ་སྒྲོན་ལགས་ཀྱིས་སྒེར་གྱི་སྤྱི་ཚོགས་དྲ་ལམ་ནང་། ཕྱི་ལོ་ ༢༠༢༦ ལོའི་ལོ་སི་ཨན་ཇི་ལེ་སི་དུས་བབ་གསར་ཤོག་གི་དངུལ་ཁང་དང་དངུལ་རྩིས་ལས་དོན་གྱི་མཁས་པའི་ཆེ་བསྟོན་ཐོབ་པར་དགའ་སྤོབས་ཆེན་པོ་བྱུང་། དུས་རྒྱུན་ནས་མི་རྣམས་ཀྱིས་དངུལ་ཁང་དང་དངུལ་རྩིས་ལས་དོན་གྱི་མཁས་པའི་ཆེ་བསྟོད་ (Finance Visionary) ཅེས་ཐོས་སྐབས་ལོ་ན་ ༣༠ སོན་པའི་བུད་མེད་ཅིག་ཡིན་པར་ཡིད་ཆེས་བྱེད་ཀྱི་མེད་པ་དང་། ངོས་འཛིན་དེ་ནི་ང་ཚོའི་རུ་ཁག་གིས་ལོ་མང་རིང་ཡིད་ཆེས་བརྟན་པོ་དང་དཀའ་ལས་རྒྱག་པའི་འབྲས་བུ་ཞིག་མཚོན་གྱི་ཡོད། ཅེས་སོགས་བརྗོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese