མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྔ་མོ་རང་ལ་འདི་ལྟར་སེམས་གསོའི་སྡོམ་ཚིག་བཙལ།

བོད། ཤ་ཁྲག་རུས་གསུམ།
༢༠༠༩/༠༨/༡༩
Share on FacebookShare on TwitterShare on EmailShare on Whatsapp
༡༦
བཤད་ཚུལ་གྱིས་སེམས་ཅན་དག་ནི་སྙིང་རྗེ་ཟེར་བ་ཙམ་གྱིས་ཅི་ཡང་མི་ཕན། ཕན་ཐོག་པའི་ལས་ཤིག་བྱེད་འདོད་ཡོད་པ་ངོ་མ་བདེན་ན། ཕན་སེམས་ཀྱི་རང་ཉིད་བཙལ་རྗེས། གང་ཐུབ་ཀྱི་ལས་སུ་ཞུགས་དགོས།
༠༦།༠༩།༠༥ཉིན་བྲིས།
༡༧
རྟེན་འབྱུང་གི་བསམ་བློ་ནི། ནང་ཆོས་ཉམས་ལེན་ཐར་ཕྱིན་བྱེད་མཁན་གྱི་སྐྱེ་བུ་ཞིག་གི་ལས་འགན་ཡིན་ཞིང་། འཚེ་བ་སྤང་བའི་ལས་ཀ་དེ་ནི་རང་ཉིད་སྲུང་སྐྱོབས་བྱེད་མཁན་གྱི་སྲུང་མ་ཡིན།
༡༨
མི་ཡུལ་བས་ལས་བཟང་ངན་གང་ཞིག་ལ། ཡིད་གཏོད་བྱེད་ཐུབ་མིན་དེ་ནི། མཐར་ཐུག་ན་རང་ཉིད་ཀྱི་རྣམ་དཔྱོད་གཅིག་བུ་ལ་རེག་ལས་པ་ཡིན།
༡༩
ལམ་ཞེས་པ་ནི་མི་ཚང་མ་འགྲོ་ས་ཞིག་ཡིན། ལམ་ལ་འདྲ་མིན་སྣ་ཚོགས་ཤིག་ཡོད། ཐོག་མར་ལམ་འདྲ་མིན་སྣ་ཚོགས་སུ་ཞུགས་དེ་འགྲོ་མཁན་ཡང་མི་ཡིན་པས། རང་གི་ལམ་ཁ་བཟང་ངན་གང་ཞིག་དུ་འགྲོ་མིན་གྱི་རང་དབང་ཡང་། རང་ཉིད་ཁོ་ན་ལ་ཡོད་པ་ཞིག་ཡིན།
༢༦།༡༠།༠༥ཉིན་བྲིས།
༢༠
རང་ཉིད་བློ་གྲོས་ལྡན་པའི་མི་ཞིག་བྱེད་འདོད་ཡོད་ན། རང་ཉིད་སྐྱེ་སའི་མི་རིགས་སྐྱབས་མེད་དུ་ལུས་ཡོད་པ་ཞིག་ཡིན་ན། རང་ཉིད་མི་རིགས་དེའི་ཆེད་དུ་ཕྱོགས་སྟོན་བྱེད་མཁན་གྱི་མི་སྣ་ཞིག་ཅིས་ཀྱང་བྱེད་དགོས་སོ།
༢༡
རང་ཉིད་སྐྱེ་སའི་མི་རིགས་དེ་རང་དབང་ལྡན་པའི་སྤྱི་ཚོགས་ཤིག་དུ་ཕྱོགས་ཤིང་འཚོ་ཡོད་ན། མི་རིགས་དེའི་ཆེད་དུ་བྱམས་བརྩེ་དང་སྙིང་རྗེའི་ཕོ་ཉ་ཞིག་ཅིས་ཀྱང་བྱེད་ཐུབ་པར་འབད་བརྩོན་བྱེད་དགོས།
༢༢
རང་ཉིད་སྐྱེ་སའི་ཁོར་ཡུག་ན། དམག་འཁྲུག་དང་དམར་འཛིང་། མུ་གེ་སོགས་ཀྱི་ཁྲོད་དུ་ལུས་ཡོད་ན། ཞི་བདེ་དང་ལྷིང་འཇག་བསྐྲུན་མཁན་གྱི་མི་སྣ་ཞིག་ཅིས་ཀྱང་བྱེད་པར་རང་ཉིད་ལ་འགན་ཡོད་པ་ཤེས་དགོས།
༢༣
རང་ཉིད་སྐྱེ་སའི་མི་ཡུལ་ན། ཞི་བདེ་དང་ལྷིང་འཇག་ལ་གནས་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་ན། ཐར་བ་དང་ཐམས་མཁྱེན་པའི་ཞིང་ཁམས་སྙེགས་མཁན་གྱི་དམ་པ་ཞིག་བྱེད་པར་དམ་བཅའ་འཇོག་པ་དང་བརྩོན་འགྲུས་ལྷོད་མེད་གནང་དགོས་ཀྱི་ཡོད།
༢༤
རང་ཉིད་སྐྱེ་སའི་མི་ཡུལ་ན། མུན་ནག་ཁྲོད་དུ་གཉིད་སྟུག་པོ་ཞིག་གིས་བཟུང་ཡོད་ཚེ། འོད་གསལ་གྱི་མུན་པ་སེལ་པའི་སྨན་སྔགས་བཟློ་མཁན་གྱི་དགྲ་བཅོམ་པའི་གོ་གནས་ཟིན་མཁན་གྱི་སངས་གྲོལ་ཞིག་ཆགས་པར་ཉེ་རང་ཕྱོགས་ཞེན་འདོར་དགོས།
༡༩།༡༡།༠༥ཉིན་བྲིས།
༢༥
གང་ཞིག་བྱེད་འདོད་ཀྱི་བསམ་བློ་འཁོར་བ་དང་ལྷན་དུ། བྱ་བ་དེ་ལེགས་ཉེས་ཅི་བྱུང་གི་གྲྭ་སྒྲིག་དུས་མཉམ་དུ་བྱེད་དགོས།
༢༦
ལམ་ཞིག་རྙེད་པ་ན། ལམ་ཁ་དེ་ནི་ཀྱག་ཀྱོག་དང་དཀའ་ཚེགས་ཆེ་བར་ཅིས་ཀྱང་ངོས་ཟིན་པའི་སྒོ་ནས། ལམ་དེའི་ཁྲོད་དུ་སྙིང་སྟོབས་ལྡན་པའི་ངང་དུ་བསྐྱོད་ཐུབ་པ་དགོས། དེ་ལྟར་བྱས་པ་ཡིན་ད་གཟོད་མཐར་ཐུག་གི་རྒྱལ་ཁ་ཡོད།
༢༧
ཤ་ལ་དགའ་བའི་མི་ཞིག་ཡིན་ན། ཤ་དེ་ནི་ཟ་མ་རན་གོང་དུ། ཤ་ཟོས་ནས་རང་གི་གཟུགས་པོའི་བདེ་ཐང་དང་དབུགས་ཐོག་གཞན་གྱི་ཚེ་སྲོག་ལ་བརྩི་བཀུར་བྱེད་མཁན་གྱི་གང་ཟག་ཁྲོད་དུ་རང་ཉིད་ཡོད་མེད་དེར་བསམ་བློ་གཏོང་དགོས་པ་དང་། རང་ཉིད་ཤ་ལ་ཅིའི་ཕྱིར་དགའ་བ་ཤེས་པར་རིག་པའི་དཔྱད་ན་ཧ་ཅང་ལེགས་པོ་ཡོད་ལ་དུད་འགྲོ་གཞན་གྱི་ཚེ་སྲོག་ལ་འགན་ལེན་བྱེད་པར་ཕན་ཐོག་ཡོད།
༢༨
སྐབས་རེར་མི་ཞིག་མཐོང་བ་ཙམ་གྱིས། རང་ཉིད་ལ་གཟོོད་མི་བདེ་བའི་ཚོར་བ་ཞིག་ཡོང་སྐབས། མི་བདེ་བའི་ཚོར་བ་རང་ཉིད་ལ་བྱུང་བའི་གནད་འགག་རང་ཉིད་ལ་ཐུག་ཡོད་དུས། ཅིས་ཀྱང་རང་ཉིད་ཀྱི་ཚོར་བ་དེའི་འཁོར་ཕྱོགས་འཚོལ་ཐུབ་པ་བྱེད་དགོས། ཚོར་བ་དེ་ངོས་ཟིན་ཐོབ་ན་ད་གཟོད་མི་སུ་ཞིག་མཐོང་ཡང་མ་བདེ་བའི་ཚོར་བ་དེ་ཡོང་མི་སྲིད་པ་ཡིན།
༢༩
ཚུར་སྐད་ཆ་རྩུབ་མོ་ཞིག་བཤད་དེ་འོང་དུས། ཕར་སྐད་ཆ་རྩུབ་མོ་བཤད་དགོས་པར་གཏན་ནས་བསམ་མི་རང་། ཁྱེད་རང་གིས་ཅིས་ཀྱང་སྐད་ཆ་འཇམ་པོ་བཤད་ཐུབ་པ་དགོས། སྐད་ཆ་འཇམ་པོ་བཤད་པ་ཙམ་གྱིས་སྡར་མ་ཡིན་པར་ཐག་གཅོད་བྱེད་མཁན་མེད་ལ། ཡོད་སྲིད་ཀྱང་། དེ་ནི་རང་གཤིས་ལ་ལྷད་ཞུགས་པའི་མི་དག་ཡིན། བཤད་པའི་སྐད་ཆ་འཇམ་པོ་ཟེར་བ་ནི། གཡོ་སྒྱུ་དང་ཁྲེལ་གཞུང་མེད་པའི་གཏམ་དག་མིན་པ་ཤེས་པའི་བསམ་བློ་ཞིག་འཁུར་ནས་སྐད་ཆ་བཤད་དགོས་ཀྱི་ཡོད་པ་དེ་ཡིན།
༣༠
རང་ཉིད་གང་དུ་གནས་ཡོད་མེད་ཀྱི་བསམ་ཤེས་བཏང་རྗེས་སུ། ཤེས་རབ་ཀྱི་འབད་པ་ལྷོད་མེད་བྱེད་རྒྱུ་ལས་ཕྱིར་ནུར་རྒྱག་མི་རང་།
༣༡
ཕྱིའི་གྲིབ་གཟུགས་ཤིག་གི་འགྲུལ་བསྐྱོད་མཐོང་བ་ཙམ་གྱིས། མི་གཟུགས་ཀྱི་རི་མོ་འབྲི་བཞེང་བྱེད་པ་དག་ནི་གླེན་པ་ཡིན།
༣༢
གལ་ཏེ། རང་ཉིད་སུ་ཞིག་ལ་དགའ་བ་དང་བརྩེ་བ་ཆགས་འདོད་ཡོད་ན། ཐོག་མར་མི་དེའི་གླེང་ཕྱོགས་དང་བསམ་ཚུལ་ལ་གང་ཐུབ་ཀྱི་རྒྱུས་ལོན་བྱེད་རྒྱུ་ལས། རང་གི་ཚོར་བ་དང་སྡུག་གཏམ་རྐྱང་བས་མི་དེའི་སེམས་པ་ཚུར་འཁོར་རྒྱུ་ཧ་ཅང་དཀའ།
༢༦།༡༢།༠༥ཉིན་བྲིས།
༣༣
མི་མང་བོ་ཞིག་ནས། འཇིག་རྟེན་ལ་སྙིང་བོ་མེད་ཚུལ་གླེང་། ངོ་མ་བཤད་ན། འཇིག་རྟེན་ལ་སྙིང་བོ་མེད་པའི་རྒྱུ་མཚན་དང་གནས་ལུགས་མི་ཤེས་མཁན་གྱི་ཐོག་མ་ཡང་ཁོང་ཚོ་ཡིན།
༢༡།༠༡།༠༦ཉིན་བྲིས།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 26

  1. tsekyis says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་དགོངས་པ་དྭངས་པར་འཚལ།།

    Reply
  2. tsekyis says:
    ལོ་ 16 སྔོན།

    སྡོད་གནས་ཁྱིམ་དང་དྲ་ཁང་ཐག་རིང་ཞིང་།།
    ཙག་ཙིག་བྱ་བས་བྲེལ་ཟིང་ཆེ་གྱུར་བས།།
    གཅེན་པོ་ནོངས་པའི་བཤགས་ཚིག་འགྱངས་གྱུར་པས།།
    ཤ་ཁྲག་རུས་གསུམ་དགོངས་དྭངས་པར་འཚལ།།

    སྐྱེ་ཐོབ་རིག་པའི་རྩལ་ཁ་མ་རྒྱས་ཤིང་།།
    སྦྱངས་སྟོབས་རིག་པའི་ནོར་གྱིས་དབུལ་གྱུར་པས།།
    རིགས་ལ་ཞེན་དུངས་ཆེ་བའི་གྲོགས་ཁྱེད་ནས།།
    དུས་རྒྱུན་བཀའ་སློབ་བདུད་རྩིའི་རྒྱུན་བཟང་སྩོལ།།

    Reply
  3. sonjam says:
    ལོ་ 16 སྔོན།

    ཨ་རོ་

    Reply
  4. sha tak ri sim says:
    ལོ་ 16 སྔོན།

    ཁ་ཁར་སོང་བའི་ཕྱིར་ཉིན་དེ་ནས་བཟུང་།།
    བ་ལི་རྐང་གཅིག་འབུལ་ཐབས་མ་བྱུང་ཡང་།།
    སྐམ་ཤིང་རིད་པའི་ལུས་ཕུང་ཆལ་སྟོང་འདི།།
    པོ་ཏི་གཅིག་གི་རིན་ཐང་ཡོད་མི་སྲིད།།

    Reply
  5. sha tak ri sim says:
    ལོ་ 16 སྔོན།

    གཉའ་ཤིང་ཕྲག་པར་འཇོག་མཁན་འུ་ཚོར་མེད།།
    འབྲོང་གི་ཕ་ཡུལ་བཞག་ནས་རང་དབང་ཡུལ།།
    ཐུ་བོའི་ཤུལ་འཛིན་བྱེད་ཐུབ་མ་བྱུང་རུང་།།
    བུ་ང་ཁྱེད་དང་འུ་ཚོས་བོད་བརྗེད་མེད།།

    Reply
  6. sha tak ri sim says:
    ལོ་ 16 སྔོན།

    གཅེན་པོ་ཐོན་ནས་གསུང་ལན་གནང་བ་དེ།།
    དུས་ཐོག་ལན་ཞིག་མ་འཕྲོད་གནོང་ན་ཡང་།།
    རིགས་ཀྱི་དུངས་ཤ་ཟབ་མོའི་སྐད་ཆའི་གཏམ།།
    ཡིད་ལ་བཞག་ཡོད་ཟེར་ནས་ཞུ་འདོད་ཡོད།།

    Reply
  7. kawakampo says:
    ལོ་ 16 སྔོན།

    ཀླགས་ཟིན། སྡོམ་ཚིག་གི་འཁྱུག་འགྲོས་ལས་རི་མོ་ཞིག་གསལ་འདུག་་་་

    Reply
  8. kawakampo says:
    ལོ་ 16 སྔོན།

    ཀླགས་ཟིན། སྡོམ་ཚིག་འཁྱུག་འགྲོས་སྒྱུ་རྩལ་གྱི་རི་མོ་གསལ་བོ་འདུག

    Reply
  9. dongthe says:
    ལོ་ 16 སྔོན།

    ཤ་ཁྲག་ལགས་ཀྱི་བསླབ་བྱ་དག་དེ་རིང་ཆུ་ཚོད་ཀྱི་དབང་གིས་ཀློག་ཐུབ་མ་སོང་རྗེས་མ་ག་ལེར་ཀློག་གི་ཡིན་ལ་ཕན་པའི་སྐོར་ལེན་རྒྱུ་ཡང་ཡིན།

    Reply
  10. tsekyis says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་བརྟེན་འབྲེལ་ངང་ལས་བྱུང་།།
    བསེ་རུའི་ར་ཅོའི་ངོ་བོ་སྙིང་པོ་སྟོང་།།
    བདེན་མ་གྲུབ་པའི་སྣོད་བཅུད་འདི་ཉིད་ཀྱི།།
    གསང་བ་ཟབ་མོ་རྟོགས་པའི་དངོས་གྲུབ་ཞུ།།

    Reply
  11. tsekyis says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་བརྟེན་འབྲེལ་ངང་འཁྲུངས།།
    བསེ་རུའི་སེམས་ཀྱི་ངོ་བོ་རང་བཞིན་སྟོང་།།
    གང་ཡང་མ་གྲུབ་འཇིག་རྟེན་སྣོད་བཅུད་ཀུན།།
    མྱུར་དུ་རྟོགས་པའི་ཤེས་རབ་སྣང་བ་སྩོལ།།

    Reply
  12. sha tak ri sim says:
    ལོ་ 16 སྔོན།

    ཨ་ཅེ་ཆུ་སྐྱེས་སྒྲོལ་མ་ལགས། ཀློག་དུ་ཕེབས་པ་ཐུགས་རྗེ་ཆེ། རྗེས་ཕྱོགས་ཁོམ་ལོང་བྱུང་ན་བསམ་ཚུལ་རེ་ཡང་གསུང་རོགས་ཞུ།

    Reply
  13. sha tak ri sim says:
    ལོ་ 16 སྔོན།

    བསེ་རུ་ལགས། བདེན་གི་ཡ། ངེད་ཅག་ཕན་ཚུན་ནས་མཆན་པུ་རེ་འདེབས་དུས་སུ། ཕན་ཚུན་ལ་སྒུག་རྒྱུའི་བརྡ་རེ་བཞག་པ་ཡིན་ན། དངོས་ནས་བགྲོ་གླེང་བྱེད་རྒྱུ་ལ་ཕན་ངེས་རེད། དེ་མིན་ཙི་ཙི་འཛིན་དུ་འགྲོ་དགོས་དུས་རྐང་མགྱོགས་འཐུ་རྩལ་མེད་པ་ཡིན་ན་དཀའ་རྒྱུ་རེད་ལགས།

    Reply
  14. chokey says:
    ལོ་ 16 སྔོན།

    བཀྲ་ཤིས་བདེ་ལེགས།
    བཀླགས་ཟིན་ནས་ཡོད།

    Reply
  15. samkhar says:
    ལོ་ 16 སྔོན།

    ཁྱེད་ད་ལྟ་དྲ་ཐོག་ནས་ཡོད་དམ།

    ཟིན་བྲིས་ལ་མཆན་འདེབས་སྐབས་ཙི་ཙི་བཟུང་བར་འགྲོ་བཞིན་གང་སར་མྱུལ་དགོས་ཀྱི་འདུག མཆན་འདེབས་པ་ནི་ཕྱེ་ལེབ་བཟུང་བ་དང་འདྲ་ཞེས་ལུང་རིགས་ལགས་ཀྱིས་གསུངས་ཟིན། ད་ལྟ་ངས་བསམ་ན་འདི་ལྟའི་གནས་སྐབས་ཤིག་ལ་ཟེར་གྱི་མེད་དམ་སྙམ།

    Reply
  16. sha tak ri sim says:
    ལོ་ 16 སྔོན།

    ཁྱེད་ཚང་ལ་བསྐོར་ཉུལ་བྱས་པའི་མ་ཚད་མཆན་པུ་གཉིས་ཀྱང་བཏབ་ཡོད་ལགས།

    Reply
  17. samkhar says:
    ལོ་ 16 སྔོན།

    བོད་ཤ་ཁྲག་རུས་གསུམ་ལགས།

    ཡིད་མི་ཆེས་པའི་གནས་ཚུལ་གཟིགས་འདོད་ན།
    ངའི་ཟིན་བྲིས་སུ་ལན་ཅིག་ཕེབས་དང་།

    Reply
  18. sha tak ri sim says:
    ལོ་ 16 སྔོན།

    གཉན་མདང་ཕོ་ཉ་ལགས། ཁྱེད་རང་འདི་རུ་ཕེབས་པ་དང་བོ་ཡིན་ལ། ཉིད་རང་རྒྱུན་དུ་ཕེབས་པར་རེ་བ་ཡོད་ལ། ད་རེབ་འདི་རུ་ཕེབས་པ་སེམས་གཏིང་ནས་དགའ་ནི་ཡིན།

    Reply
  19. tashi gonpo says:
    ལོ་ 16 སྔོན།

    བཀླགས་ཟིན།

    Reply
  20. sha tak ri sim says:
    ལོ་ 16 སྔོན།

    གནམ་ལྕགས་ལགས། འདི་རུ་་ཕེབས་ནས་བོད་ཡིག་མེད་པའི་ཡི་གེ་ཁ་ཤས་ཤིག་བཏགས་ནས་ཕེབས་ཟིན་འདུག གནས་ཚུལ་གསར་བ་འདྲ་གསུང་རྒྱུ་ཡོད་ནི་མིན་འགྲོ ནམ་རྒྱུན་སྐུ་ཉིད་ཀྱིས་འདི་འདྲ་ཞིག་འབྲི་བཞིན་མེད་པ་ཡིན་དུས། དེ་རིང་སྐུ་ཉིད་ལ་ག་རེ་བྱུང་སོང་ལགས།

    Reply
  21. sha tak ri sim says:
    ལོ་ 16 སྔོན།

    སྐར་ཁྲི་བཙན་ལགས། དངོས་ནས་སྐུ་ཉིད་ཀྱི་གསུང་བ་དེ་དག་ལ་ཡང་བདེན་པ་མེད་པ་ཞིག་ག་ལ་ཡིན། ནམ་ཡང་བདེན་པ་མི་འདུག་ཟེར་ནས་བཤད་ཐུབ་ཀྱི་མེད་པ་རེད། ལྷག་པར་དུ་དེང་དུས་ཀྱི་རིག་གཞུང་ལ་གཅེས་མཁན་དང་སློབ་སྤྱོང་བྱེད་མྱོང་མཁན་གྱི་མི་ཕལ་ཆེ་བས་སྐུ་ཉིད་ཀྱི་བསམ་བློ་ལྟར་སྐད་ཆ་བཤད་གནང་གི་འདུག་ལགས། ཡིན་ན་ཡང་། ངེད་ཅག་གི་འཐབ་རྩོད་འདི་ནི་གཉེན་འཕྲེང་ཆེ་བའི་དུས་རབས་ཤིག་གི་ཁྲོད་ཀྱི་མི་རིགས་ཤིག་གི་འཐབ་རྩོད་ཆགས་ཡོད་པ་ཡིན་དུས་དངོས་ནས་གཟབ་གཟབ་བྱོས་དེ་རྩོད་ལེན་བྱེད་རྒྱུ་ནི་གལ་ཆེན་ཆགས་ཡོད་པ་རེད་ལགས།

    Reply
  22. sha tak ri sim says:
    ལོ་ 16 སྔོན།

    ཡོན་ཏན་ལགས་སྐུ་ཉིད་ཀྱིས་བསམ་ཚུལ་གསུང་གནང་བ་དེར་བཀའ་དྲིན་ཆེ་ལགས། དངོས་ནས་བཤད་ན་འུ་ཅག་གིས་རྟེན་འབྱུང་གི་འཚོ་བ་དང་མ་འབྲེལ་བ་ཞིག་འགྲོ་བ་མི་སུ་ཡིན་ཡང་རོལ་ཐུབ་ཀྱི་མེད་པ་ཡིན་དུས། རྟེན་འབྱུང་ངོས་ཟིན་ཐོབ་མིན་དེ་ནི་གནད་དོན་གཞན་རེད་ལགས། དེའི་ཕྱིར་རྟེན་འབྱུང་ངོས་ཟིན་ཐོབ་མཁན་གྱི་མི་དག་གིས་འཚེ་བ་མེད་པའི་ལས་སུ་ཞུགས་རྒྱུར་འབད་བརྩོན་བྱེད་ངེས་ཡིན་ཟེར་ན་མ་ཆོག་པ་མེད་པར་འདོད། འདི་ནི་བདག་གི་བསམ་ཚུལ་ཞིག་ལས་ཡོངས་ཆབས་སུ་འགྲོ་མིན་མི་ཤེས་ལགས།

    Reply
  23. kkalsang says:
    ལོ་ 16 སྔོན།

    PW¼ôÛbQ¼G¾;hÅWPκºÎ¼GWÎGWhÅ;¾Î¿S

    Reply
  24. Baichung says:
    ལོ་ 16 སྔོན།

    དྲ་གྲོགས་འདིའི་རྩོམ་རྩལ་དང་ནང་དོན་གང་གི་ཆ་ནས་་ཕུལ་དུ་བྱུང་བ་དངོས་ཡོད་རེད། གུས་པ་ཁོང་གི་དགོངས་ཚུལ་དང་ཅུང་མི་མཐུན་པ་ཞིག་ཡོད་པ་ནི། ང་ཚོ་ཡུལ་སངས་རྒྱས་ཀྱི་ཆོས་ལུགས་དར་སར་སྐྱེས་པ་ཡིན་པས། ཐོག་མར་རང་ཉིད་ཀྱི་འགྲོ་བ་སུ་ལ་གནོད་པ་མི་བྱེད་པར་སྨོན་ལམ་དང་ཉམས་ལེན་བྱ་བར་ཧ་ཅང་གལ་མོད། ཡིན་ནའང་རང་ངོས་ནས་ཀུན་སློང་ཡང་དག་རྒྱུན་སྐྱོང་གི་བརྒྱུད་རིམ་དུ་སྟབས་མི་ལེགས་པའི་བར་ཆད་སྣ་ཚོགས་ཡོད་པ་ཆོས་ཉིད་ཀྱིས། ངོ་ཚ་ཁྲེལ་མེད་ཀྱིས་ཡང་ཡང་ཚུར་རྒོལ་བའི་དགྲ་བོའི་རིགས་ལ་ཁོ་ཚོའི་གདུག་རྩུབ་ཀྱི་བྱ་སྤྱོད་དེ་ཕར་ལ་པེད་སྤྱོད་དགོས་པ་ཡང་གལ་ཆེ་བར་སྣང་། རྒྱུ་མཚན་ནི་ང་ཚོའི་ཁུང་གསེང་ན་ད་དུང་ཉོན་མོངས་ཀྱི་དཔུང་རོགས་ཡོད་པའི་འཇིག་རྟེན་པ་ཡིན་པས་ཆ་ནས།

    Reply
  25. l.yonten says:
    ལོ་ 16 སྔོན།

    གྲོགས་ཤ་ཁྲག་རུས་གསུམ་ལ་་་་་བརྟེན་འབྱུང་སྟོང་པའི་དོན་དུ་འགྲོ་བ་དང་སྟོང་པ་བརྟེན་འབྱུང་གི་དོན་མ་སོང་བར་བརྟེན་འབྱུང་གཞི་ལ་བཞག་པའི་འཚེ་མེད་སོགས་ཀྱིས་བསྒྲུབ་བྱའི་ལོན་པ་མི་སྲིད་ཅིང་། དེའི་ཕྱིར་འོ་ཅག་གིས་ཐོག་མར་བརྟེན་འབྱུང་ཐབས་ལ་འབད་དགོས་སོ།།

    Reply
  26. l.yonten says:
    ལོ་ 16 སྔོན།

    གྲོགས་ཤ་ཁྲག་རུས་གསུམ་ལ་་་་་བརྟེན་འབྱུང་སྟོང་པའི་དོན་དུ་འགྲོ་བ་དང་སྟོང་པ་བརྟེན་འབྱུང་གི་དོན་མ་སོང་བར་བརྟེན་འབྱུང་གཞི་ལ་བཞག་པའི་འཚེ་མེད་སོགས་ཀྱིས་བསྒྲུབ་བྱའི་ལོན་པ་མི་སྲིད་ཅིང་། དེའི་ཕྱིར་འོ་ཅག་གིས་ཐོག་མར་བརྟེན་འབྱུང་ལ་ཐབས་ལ་འབད་དགོས་སོ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese