མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

བོད་ཀྱི་དུས་བབ།
༢༠༢༦/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་དེ་འོད་སྤྱད་རིགས་རྫས་རིག་པ་ལ་ཞིབ་འཇུག་བྱེད་མཁན་ཨ་རི་དང་འཇར་མན་གྱི་ཆེད་མཁས་པ་གསུམ་ལ་ཐོབ་ཡོད་འདུག

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།

ཁ་སང་ཕྱི་ཚེས་ ༥ ཉིན། སི་ཝེ་ཌན་གྱི་རྒྱལ་ས་སི་ཊོག་ལམ་ (Stockholm) གྱི་ཁ་རོ་ལིན་སི་ཀ་གཙུག་ལག་སློབ་གཉེར་ཁང་ (Karolinska Institutet) དུ། ནོ་བྷེལ་གཟེངས་རྟགས་ལྷན་ཚོགས་ཀྱིས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ། འདི་ལོའི་ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་དེ། ཨ་རིའི་ཧོ་ཝར་གསོ་རིག་སློབ་གཉེར་ཁང་ (Howard Hughes Medical Institute) དང་སི་ཊིན་ཕོར་ཌ་གཙུག་ལག་སློབ་གཉེར་ཁང་ (Stanford University) གི་དགེ་རྒན་ཆེན་མོ་ཁ་རེལ་ཌའེ་སེ་རོ་ཐི་ (Karl Deisseroth) ལགས་དང་། འཇར་མན་བྷར་ལིན་ (Berlin) གྱི་ཧུམ་བོལཌ་གཙུག་ལག་སློབ་གཉེར་ཁང་ (Humboldt University) གི་དགེ་རྒན་ཆེན་མོ་ཕ་ཊར་ཧེ་ཇེ་མན་ (Peter Hegemann) ལགས། ཝུར་ཛི་བྷར་གྷི་ (Würzburg) ཡི་ཇུ་ལི་ཡས་མེག་སི་སྨི་ལི་ཡན་གཙུག་ལག་སློབ་གཉེར་ཁང་ (Julius Maximilian University) གི་དགེ་རྒན་ཆེན་མོ་ཇོར་ཇི་ན་གྷེལ་ (Georg Nagel) ལགས་བཅས་ལ་གནང་གཏན་འཁེལ་ཡོད་པ་དང་། ཁོང་རྣམ་པས་འོད་ཀྱིས་ཀླད་པའི་ཕྲ་ཕུང་ལ་ཚོད་འཛིན་བྱེད་ཐུབ་པའི་ནུས་པ་ཆེ་བའི་ཐབས་ལམ་གསར་གཏོད་བྱས་ཏེ། བདེ་ཐང་དང་བདེ་ཐང་མིན་པའི་ཀླད་པའི་དབང་རྩའི་འཁོར་ལམ་ཐད་ཀྱི་རྙོག་འཛིང་སྐོར་གསལ་ཁ་བཟོས་ཡོད་པ་རེད།

ནོ་བྷེལ་ལྷན་ཚོགས་ཀྱིས་སྤེལ་བའི་གནས་ཚུལ་ནང་། འོད་སྤྱད་རིགས་རྫས་རིག་པ་ནི་དབང་རྩའི་ཕྲ་ཕུང་གིས་སྲོག་ལྡན་གྱི་ཀླད་པའི་དྲན་པ་དང་། ཚོར་བ། སྤྱོད་ལམ་བཅས་ཇི་ལྟར་གྲུབ་པ་སྟོན་ཐུབ་པའི་ཐབས་ལམ་ཞིག་རེད། ཕ་ཊར་ཧེ་ཇེ་མན་དང་ཇོར་ཇི་ན་གྷེལ་གཉིས་ཀྱིས་ཕྲ་ཕུང་གཅིག་ཅན་གྱི་ཆུ་བལ་ནང་དུ་ཡ་མཚན་ཅན་གྱི་སྤྲི་རྫས་ཤིག་རྙེད་པ་རེད། ཁ་རེལ་ཌའེ་སིལ་རོ་ཐི་ཡིས་སྤྲི་རྫས་དེ་དབང་རྩའི་ཕྲ་ཕུང་གི་ཆེད་དུ་འོད་ཀྱིས་ཚོད་འཛིན་བྱེད་པའི་བསྒྱུར་ཆས་ཤིག་ཏུ་བསྒྱུར་ཡོད། གཟེངས་རྟགས་ཐོབ་མཁན་ཚོས་དབང་རྩའི་ཚན་རིག་གི་དུས་རབས་གསར་པའི་རྨང་གཞི་ཞིག་བཏིངས་ཡོད་སྐོར་བཀོད་འདུག

གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ཁ་རེལ་ཌའེ་སེ་རོ་ཐི་ནི་ཕྱི་ལོ་ ༡༩༧༡ སྐྱེས་ཤིང་། ཕྱི་ལོ་ ༡༩༩༨ ཨ་རིའི་སི་ཊན་ཕོརཌ་གཙུག་ལག་སློབ་གཉེར་ཁང་ནས་ལྟ་གྲུབ་རིག་པའི་འབུམ་རམས་པའི་བསླབ་གནས་བླངས་པ་དང་། ཕྱི་ལོ་ ༢༠༠༠ གསོ་རིག་འབུམ་རམས་ཀྱི་བསླབ་གནས་ཐོབ་ཡོད། ད་ལྟ་ཨ་རིའི་ཧོ་ཝར་ཌི་ཧྥུ་སི་སྨན་ཁང་དང་སི་ཊན་ཕོརཌ་གཙུག་ལག་སློབ་གཉེར་ཁང་གི་སྐྱེ་དངོས་སྒྱུར་སྒྲིག་དང་སེམས་ཁམས་གསོ་བྱེད་རིག་པ། སྤྱོད་ལམ་ཚན་རིག་གི་གཙུག་ལག་སློབ་དཔོན་ཡིན།

སྐུ་ཞབས་ཕ་ཊར་ཧེ་ཇེ་མན་ནི་ཕྱི་ལོ་ ༡༩༥༤ སྐྱེས་ཤིང་། ཕྱི་ལོ་ ༡༩༨༤ འཇར་མན་གྱི་མར་ཊིན་སི་རིཌ་གྲོང་ཁྱེར་གྱི་མེག་སི་པྰན་ཁི་ (Max-Planck) སྐྱེ་དངོས་རྫས་སྦྱོར་རིག་པའི་སློབ་གཉེར་ཁང་ནས་འབུམ་རམས་པའི་བསླབ་གནས་ཐོབ་ཡོད། ད་ལྟ་འཇར་མན་བྷར་ལིན་གྱི་ཧུམ་བོལཌ་གཙུག་ལག་སློབ་གཉེར་ཁང་གི་དབང་རྩའི་ཚན་རིག་གི་སློབ་དཔོན་ཆེན་མོ་ཡིན། ནོ་བྷེལ་གཟེངས་རྟགས་ཐོབ་སའི་ཉམས་ཞིབ་ཀྱི་གྲུབ་འབྲས་དེ་དག་གོང་ཞུས་སློབ་གཉེར་ཁང་དུ་ཕྱག་ལས་གནང་སྐབས་བྱུང་བ་རེད་འདུག

སྐུ་ཞབས་ཇོར་ཇི་ན་གྷེལ་ནི་ཕྱི་ལོ་ ༡༩༥༣ སྐྱེས་ཤིང་། ཕྱི་ལོ་ ༡༩༨༨ འཇར་མན་གྱི་ཧྥ་རན་ཁི་ཧྥུ་ཊི་གཙུག་ལག་སློབ་གཉེར་ཁང་དུ་འབུམ་རམས་པའི་བསླབ་གནས་བླངས། ད་ལྟ་འཇར་མན་གྱི་ཝུར་ཟི་བྷར་གྷི་ཡི་ཇུ་ལི་ཡས་མེག་སི་སྨི་ལི་ཡན་གཙུག་ལག་སློབ་གཉེར་ཁང་གི་འདུས་རྡུལ་སྐྱེ་དངོས་རིག་པ་ཡི་ལུས་གནས་རིག་པའི་ (Molecular Plant Physiology) དགེ་རྒན་ཆེན་མོ་ཡིན། ནོ་བྷེལ་གཟེངས་རྟགས་ཐོབ་སའི་ཉམས་ཞིབ་ཀྱི་གྲུབ་འབྲས་དེ་དག་འཇར་མན་གྱི་ཧྥི་རན་ཁི་ཕོརཊ་གྲོང་ཁྱེར་གྱི་མེག་སི་པྰན་ཁི་ (Max-Planck) སྐྱེ་དངོས་དངོས་ཁམས་རིག་པའི་སློབ་གཉེར་ཁང་དུ་བྱུང་ཡོད་འདུག

ནོ་བྷེལ་གཟེངས་རྟགས་དེ་ལོ་ལྟར་ཨལ་ཕེརཌ་ནོ་བྷེལ་ (Alfred Bernhard Nobel) འདས་གྲོངས་སུ་གྱུར་བའི་དུས་དྲན་ཏེ། ལོ་ལྟར་ཕྱི་ཟླ་ ༡༢ ཚེས་ ༡༠ ཉིན་སྤྲོད་ཀྱི་ཡོད་པ་དང། ཕྱི་ལོ་ ༢༠༢༦ བར་སྨན་རྫས་རིག་པའི་ནོ་བྷེལ་གཟེངས་རྟགས་ཐོབ་མཁན་མི་གྲངས་ ༡༡༧ བྱུང་ཡོད་པ་དང་། ནོ་བྷེལ་གཟེངས་རྟགས་ཐོབ་མཁན་ཁྱོན་སྡོམ་མི་གྲངས་ ༢༣༥  ཡོད་པའི་ཁྲོད་སྐྱེས་པ་ ༢༢༡ དང་། སྐྱེས་མ་ ༡༤ ཡོད་འདུག

གསར་འགོད་པ། རྟ་མགྲིན་མཚོ། རྩོམ་སྒྲིག་བྱེད་མཁན། ཆོས་རྒྱལ་སྐྱབས།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese