མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་པར་ལྕག་ཚན་གཞུ་བ་མཚམས་འཇོག་རྒྱུ་མཁྱེན།

བོད་ཀྱི་དུས་བབ།
༢༠༠༩/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

གཙོ་ཆེ་ཤོས་ནོར་འཁྲུལ་བཟོ་མཁན་ལ་གསལ་བཤད་དང་སྒྲིག་ལམ་ཀུན་སྤྱོད་ཁྱེར་སྟངས་ངོ་སྤྲོད་ཡག་པོ་བྱ་རྒྱུ་དེ་གལ་ཆེན་པོ་རེད་ལ། ཉེས་རྡུང་གཏོང་བ་ལས་སློབ་གསོ་རྒྱག་པ་དང་གསལ་བཤད་བྱེད་པ་དེས་ཕ་རོལ་བོར་གོ་རྟོགས་སད་པ་དང་། སེམས་ངོར་ངེས་ཤེས་ཤིག་རྙེད་རྒྱུ་ཡོད་པ་རེད་ཅེས་སེར་བྱེས་དགེ་སྐོས་ལགས་ཀྱིས་གསུངས་ཡོད།

 

བོད་སྤྱི་ཚོགས་ཀྱི་གདོད་མའི་བསམ་བློ་དང་གོམས་སྲོལ་ཞིག་ལས་ཕ་མས་རང་གི་ཕྲུ་གུར་ཚབས་ཆེའི་ཉེས་རྡུང་གཏོང་བ་དང་། དགེ་རྒན་གྱིས་སློབ་ཕྲུག་ཚོར་ཉེས་རྡུང་གཏོང་བ། དགེ་སྐོས་དང་ཆབ་རིལ་སོགས་ཀྱིས་གྲྭ་པ་ཚོར་ཉེས་རྡུང་གཏོང་བ་སོགས་ལ་བཟང་ཕྱོགས་ལས་ངན་ཕྱོགས་སུ་ལྟ་མཁན་ཉུང་ལ། ལྷག་པར་དགོན་སྡེ་ཁག་ཏུ་དགེ་སྐོས་དང་ཆབ་རིལ། དེ་མིན་ལས་ཀྱི་སྣེ་མོ་བ་དག་གིས་གྲྭ་པ་ཚོར་ཉེས་རྡུང་གཏོང་སྐབས། རྟ་ལྕག་གཞུ་བ་དང་ཚབས་ཆེའི་ཉེས་རྡུང་བཏང་སྟེ་ལུས་ཧྲིལ་བོར་རྨས་ཁེངས་པར་བྱེད་པའི་སྲོལ་ངན་ཞིག་རྒྱུན་འབྱམས་སུ་སོང་ཡོད་ནའང་། ཉིན་འགའི་སྔོན་སེར་བྱེས་གྲྭ་ཚང་གི་དགེ་སྐོས་བཀྲ་ཤིས་ཚེ་ཐར་ལགས་ཀྱིས་གྲྭ་མང་ཚོགས་སར་དགེ་འདུན་པར་ཉེས་རྡུང་གཏོང་བའི་ལུགས་སྲོལ་འདི་ཡག་པོ་མི་འདུག་སྟབས། རྗེས་ཕྱོགས་ལས་སྣེ་ཚོས་སྒྲིག་འགལ་བྱུང་བའི་གྲྭ་པ་ཚོར་ཉེས་རྡུང་མི་གཏོང་བར། ཕྱག་འཚལ་འཇུག་པ་ལྟ་བུའི་ཉེས་ཆད་གཅོད་འོས་སྐོར་ལུང་དང་རིག་པའི་སྒྲུབ་བྱེད་དང་བཅས་གསུངས་ཡོད་ལ། རེ་སྐུལ་དེར་དགེ་འདུན་པ་མང་པོ་ཞིག་གིས་རྒྱབ་སྐྱོར་གྱི་རྣམ་པ་བསྟན་སོང་ལ། དེ་ནི་དགེ་སྐོས་བཀྲ་ཤིས་ཚེ་ཐར་ལགས་ཀྱི་རེ་འདུན་ཙམ་དུ་མ་ཟད། མཁྱེན་རྒྱ་ཡངས་པའི་བླ་མ་དགེ་བཤེས་དག་གི་ཐུགས་རེ་ཞིག་ཀྱང་ཡིན་ལ། འདུལ་བ་དང་བཅའ་ཁྲིམས་རང་གི་དགོངས་དོན་དང་མཐུན་པའི་འགྱུར་བ་ཞིག་ཀྱང་ཡིན།

 

གནད་དོན་འདིའི་ཐད་འདི་གའི་གསར་འགོད་པས་སེར་བྱེས་དགེ་སྐོས་བཀྲ་ཤིས་ཚེ་ཐར་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། སྤྱིར་བཏང་ཆོས་འདུལ་བའི་ཁྲིམས་ནང་དུ་དགེ་འདུན་པར་ཉེས་རྡུང་གཏོང་ཆོག་གི་མ་རེད་ལ། དུས་རྒྱུན་ངས་བསམ་བློའི་ནང་དགེ་འདུན་པར་ཉེས་རྡུང་གཏོང་བ་དེ་ཡག་པོར་མཐོང་གི་མེད་པ་མ་ཟད། ང་རང་དགེ་སྐོས་སུ་བསྡད་པ་ནས་བཟུང་ངས་སེམས་ནང་དགེ་འདུན་པར་ཉེས་རྡུང་མི་གཏོང་བའི་དམ་བཅའ་བཞག་ཡོད། སྔོན་ཆད་ང་བླ་མ་བརྒྱུད་པའི་དགེ་སྐོས་བྱས་སྐབས་ཀྱང་། དགེ་འདུན་པར་ཉེས་རྡུང་གཏན་ནས་བཏང་མེད། དེ་བཞིན་ངས་རང་གི་ལས་རོགས་ཆབ་རིལ་གཉིས་ལའང་དང་ཐོག་ནས་དགེ་འདུན་པར་ཉེས་རྡུང་གཏོང་མི་དགོས་པར། གལ་སྲིད་སྒྲིག་འགལ་ལྟ་བུ་བྱུང་ཚེ་དེ་མིན་གྱི་ཉེས་ཆད་ག་རེ་གཅོད་དགོས་བྱུང་ཡང་གཅོད་ཆོག་གི་རེད། ཅེས་ཐེངས་མང་བརྗོད་མྱོང་། ཞེས་ནན་ཏན་གྱིས་གསུངས་བྱུང་།

 

ཁོང་གིས་མུ་མཐུད་དུ་གསུངས་དོན། འདིའི་སྐོར་ལ་རྗེ་རིན་པོ་ཆེའི་བཅའ་ཁྲིམས་གཉིས་ཙམ་འདུག་ལ། དེའི་ནང་སྒྲིག་འགལ་གང་འདྲ་ཞིག་བྱུང་ནའང་ཕྱག་འཚལ་འཇུག་པའམ། ཡང་ན་ལྟུང་བཤགས་དང་འབྲེལ་ནས་ཕྱག་འཚལ་དུ་འཇུག་པ། ཕྱག་བདུན་དང་ཉེར་གཅིག བརྒྱ་འཚལ་བ་ལྟ་བུའི་ཉེས་ཆད་ལས་ཡོད་པ་མ་རེད། གཞན་ཡང་སྒྲིག་འགལ་གྱི་ཉེས་པ་ཚབས་ཆེན་པོ་ཡིན་ན་ཁ་ཐུག་ཏུ་ཕྱིར་འཕུད་གཏོང་བ་དང་། དེ་མིན་སྒྲིག་གཞི་གཞན་ལག་བསྟར་བྱེད་པ་ལས་ཉེས་རྡུང་གཏོང་དགོས་པ་མ་རེད། དེང་སྐབས་ངའི་ཚོར་སྣང་ལྟར་བྱས་ན། དགེ་འདུན་པར་ཉེས་རྡུང་བཏང་ན་ཕྱིའི་མཐོང་སྣང་ལ་ཡག་པོ་མི་འདུག་ལ། ལྷག་པར་ཕྱི་རྒྱལ་བ་ཚོས་པར་བརྒྱབས་པ་ལྟ་བུ་བྱུང་ན། གཏན་ནས་ཡག་པོ་ཞིག་ཏུ་མི་མཐོང་བ་མ་ཟད། དགོན་པ་གྲྭ་ཚང་ལ་མཚན་ཤས་ཡོང་ཉེན་ཆེ་བས་བསམ་བློ་གཏོང་དགོས་པ་ཆགས་འདུག གལ་ཆེ་ཤོས་ནོར་འཁྲུལ་བཟོ་མཁན་ལ་གསལ་བཤད་དང་སྒྲིག་ལམ་ཀུན་སྤྱོད་ཁྱེར་སྟངས་ངོ་སྤྲོད་ཡག་པོ་བྱ་རྒྱུ་དེ་རེད་ལ། ཉེས་རྡུང་གཏོང་བ་ལས་སློབ་གསོ་བརྒྱག་པ་དང་གསལ་བཤད་བྱེད་པ་དེས་ཕ་རོལ་བོར་ཡང་གོ་རྟོགས་སད་པ་དང་། སེམས་ངོར་ངེས་ཤེས་ཤིག་རྙེད་རྒྱུ་ཡོད་པ་རེད། སྔོན་མ་བོད་ནང་ལྟ་བུར་མཚོན་ནའང་ཉེས་རྡུང་གཏོང་བའི་ལུགས་སྲོལ་ཡོད་མོད། དེ་ནི་ལུགས་སྲོལ་ངན་པ་ཞིག་ལས་བཟང་བོ་གང་ཡང་མ་རེད་ཅེས་ངས་གྲྭ་མང་ལ་ཞུ་རྒྱུ་བྱུང་། ཞེས་གསུངས་སོང་།

 

ཡང་ཁོང་ལ་ཐེངས་འདིར་ཉིད་ཀྱིས་ཐོག་དང་བོར་དགེ་འདུན་པར་རྟ་ལྕག་གིས་ཉེས་རྡུང་གཏོང་བའི་སྒྲིག་ལམ་མེད་པར་བཟོས་པ་དེས་དགའ་ལྡན་དང་འབྲས་སྤུངས་ལྟ་བུའི་གྲྭ་ས་ཆེ་ཁག་གཙོས་པའི་དགོན་སྡེ་གཞན་དག་ལ་ཤུགས་རྐྱེན་ཐེབས་ཐུབ་པར་རེ་བ་རྒྱག་གིན་ཡོད་མེད་སྐོར་དྲིས་པར་ཁོང་གིས་གསུངས་དོན། ངས་ཏན་ཏན་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་གི་རེད་བསམ་གྱིན་ཡོད། ལོ་འདིར་ངས་སེར་སྨད་ཀྱི་དགེ་སྐོས་ལགས་སུའང་དགེ་འདུན་པར་ཉེས་རྡུང་གཏོང་མ་དགོས་པ་བྱུང་ན་ཡག་ཤོས་རེད་ཅེས་ཞུ་རྒྱུ་བྱུང་ལ། ང་རང་ཉིད་ཀྱིས་སྒྲིག་འགལ་བྱུང་རིགས་ལ་ཕྱག་འཚལ་འཇུག་གི་ཡོད་ལ། ཕྱག་འཚལ་བ་དེ་ཡང་སྐར་ཆ་ཁ་ཤས་ཙམ་མིན་པར་ཆུ་ཚོད་ཕྱེད་ཀ་དང་། ཚབས་ཆེའི་སྒྲིག་འགལ་བྱུང་རིགས་ལ་ཉིན་བདུན་རིང་ཕྱག་འཚལ་འཇུག་པ་ལྟ་བུ་བྱེད་ཀྱིན་ཡོད་ཅེས་ཞུས་མྱོང་། འདི་ལྟར་འགྲེལ་བཤད་ཡག་པོ་བརྒྱབས་ན། ཕྲུ་གུ་ཆུང་ཆུང་ཡིན་ནའང་ཡག་པོ་ཉན་གི་རེད་བསམ་གི་འདུག་ལ། དེང་སྐབས་མིའི་ཤེས་ཡོན་གནས་ཚུལ་ཡར་རྒྱས་འགྲོ་བཞིན་ཡོད་པས་མ་འོངས་པར་རིམ་གྱིས་དགོན་སྡེ་ཁག་ཚང་མར་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་བར་ཡིད་ཆེས་བྱེད་ཀྱིན་ཡོད། ཅེས་གསུངས་བྱུང་།  

 

གང་ལྟར་ཡང་། གྲྭ་པ་ཚོས་ནོར་འཁྲུལ་བཟོས་སྐབས་དགེ་སྐོས་སོགས་ཀྱིས་ཚབས་ཆེའི་ཉེས་རྡུང་གཏོང་བའི་སྲོལ་འདི་ཡག་པོ་མེད་སྐོར་གླེང་མཁན་སྔོན་མ་ལས་དེང་སྐབས་མང་དུ་ཕྱིན་ཡོད་ནའང་། མངོན་གསལ་དོད་པོས་ཁ་གཏད་དུ་ལངས་ཐུབ་མཁན་རེ་ཟུང་ལས་མེད་མོད། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༧ ཉིན་ན་གཞོན་རྩོམ་པ་བོ་གྲྭ་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་ ༼ སྐྱབས་ཡུལ་དགེ་འདུན་པར་རྟ་ལྕག་གིས་ཉེས་ཆད་གཅོད་བཞིན་པའི་ཐད་བཏོན་པའི་ཐོག་མའི་བསམ་འཆར། ༽ཞེས་པའི་སྙན་ཞུ། ནང་གསེས་དོན་ཚན་ ༧ ཅན་ཞིག་སྐུ་སྒེར་ཡིག་ཚང་དང་ཆོས་རིག་ལས་ཁུངས། གདན་ས་གསུམ་གྱི་གྲྭ་ཚང་དྲུག རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་བཅས་ལ་ཕུལ་ཡོད། སྙན་ཞུ་དེའི་ནང་འདུལ་བ་དང་ལམ་རིམ་བློ་སྦྱོང་ན་མེད་ལ། གྲྭ་ཚང་རང་རང་གི་བཅའ་ཡིག་ཏུའང་མི་གསལ་བར་འཚེ་བ་མེད་པའི་ཀུན་སྤྱོད་དང་གཏན་འགལ་དུ་གྱུར་བའི་སྒྲིག་ལམ་སྣ་ཚོགས་ཤིག་གིས། དགེ་འདུན་པ་དག་ལ་རྟ་ལྕག་གིས་གཞུ་བ་ལྟ་བུའི་ཉེས་ཆད་གཅོད་པ་དེ་དུས་རབས་ཀྱི་འགྲོས་དང་བསྟུན་ཏེ། མགྱོགས་མྱུར་ངང་བསྒྱུར་བཅོས་གཏོང་དགོས་སྐོར་བཀོད་ཡོད་སྟབས། དགེ་སྐོས་བཀྲ་ཤིས་ཚེ་ཐར་ལགས་སུ་གོང་གི་སྙན་ཞུ་དེའི་སྐོར་ལ་གཟིགས་སྟངས་གང་འདྲ་ཡོད་མེད་བཀའ་འདྲི་ཞུས་པའི་ལན་དུ་ཁོང་གིས་གསུངས་དོན། དེ་ནི་ཧ་ཅང་གི་ཡག་པོ་ཞིག་རེད་དྲན་སོང་། དེ་ནི་སངས་རྒྱས་བསྟན་པ་སྤྱི་དང་ལྷག་པར་བོད་ཀྱི་དགོན་སྡེ་ཁག་ལ་དམིགས་ཏེ། ཀུན་སློང་ཡག་པོ་ཞིག་བཟུང་སྟེ་བྲིས་པ་རེད་དྲན་ཡོད་ལ། དེའི་སྐོར་མི་རིང་བར་སེར་བྱེས་གྲོས་ཚོགས་ནང་དུའང་བགྲོ་གླེང་ཡོང་བར་རེ་བ་བྱེད་ཀྱིན་ཡོད། གལ་སྲིད་བགྲོ་གླེང་བྱ་ཐུབ་པ་བྱུང་ན་མ་འོངས་པར་ཏན་ཏན་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཅིག་འབྱུང་གི་རེད། ཅེས་རེ་འདུན་ཤུགས་དྲག་གི་ཉམས་སྣང་ཞིག་མངོན་བཞིན་གསུངས་སོང་།  

གོང་གསལ་གྱི་གནས་ཚུལ་དེའི་ཡོང་རྐྱེན་ལྟ་བུར་ཟླ་འདིའི་ཚེས་ ༡༤ ཉིན་སེར་བྱེས་དཀོར་གཉེར་ཞིག་གིས་ཕ་ཡུལ་འབྲུག་ནས་ཡིན་པའི་གྲྭ་པ་ཞིག་ལ་ཉེས་རྡུང་ཤུགས་ཆེན་བཏང་བ་ལས་བྱུང་ཞིང་། འབྲུག་པའི་གྲྭ་པ་དེས་ནོར་འཁྲུལ་དམིགས་བསལ་བཟོས་མེད་ཀྱང་། དཀོར་གཉེར་ཀྱིས་ཁོང་ལ་ཉེས་རྡུང་བཏང་བ་ཅུང་ཚབས་ཆེན་ཆགས་ཡོད་སྟབས། འབྲུག་པའི་གྲྭ་བ་དེས་དགེ་སྐོས་ལ་སྙན་སེང་ཞུས་ཏེ། རྙོག་གླེང་དང་གསལ་བཤད་བསྐྱར་བཤད་ཡང་ཡང་ཞུ་དགོས་པ་ཞིག་ཏུ་གྱུར་ཞིང་། གནད་དོན་དེ་རྒྱུ་བྱས་ཏེ་དགེ་འདུན་པ་ཚོའི་ཁྲོད། སྲོལ་རྒྱུན་གྱི་འགྲོ་སྟངས་འཇིགས་སུ་རུང་བ་དེ་ལ་ལེགས་བཅོས་དང་། བསྐྱར་ཞིབ་ཀྱི་དགོས་འདུན་འདོན་མཁན་མང་དུ་འགྲོ་བཞིན་ཡོད་སྟབས་ཞིབ་འཇུག་གི་ཚུལ་གྱིས་བྲིས།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

ཆུ་ཚོད་ ༡༠ སྔོན་ལ།
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 83

  1. མཛོད་བུ། says:
    ལོ་ 16 སྔོན།

    ཡ་སློབ་མ་འཁྲབ་ཐོ་ཁྱོད་ལ་བཤད་ཀྱི་ཚར་སོང་ངམ། ཁྱོད་ཀྱི་མཆན་དང་པོ་ངའི་བློ་ན་ཡོད། དེ་ནི་ཁྱོད་ཀྱི་ཕྱོགས་ཞེན་གྱི་སྐད་ཆ་ཉག་གཅིག་པོ་དེ་རེད། མཆན་དང་པོ་མ་གཏོགས་ཁྱོད་ཀྱི་བཤད་པ་ཚང་མ་རྫུན་ཡིན་ནམ། དེ་ཆ་ཚང་དེ་རིང་ནས་བཟུང་དོར་བ་ཡིན་ནམ། སློབ་མ་ཉམ་ཆུང་ཤ་ཚ། རང་ཚོད་མ་ཟིན་ན་རོ་མདུང་ཟེར་བ་དེ་རེད། ད་ཕྱིར་འབུད་ཡང་བྱེད་པའི་སྐལ་བ་སྤྲད་ཀྱི་མི་འདུག་ག སྐྱོ་བ་ལ་སྐྱོ་བ་ལ་ས་སྟེང་འདི་ན་ཁྱོད་སྐྱོ་བ་ལ། ངས་རྩད་གཅོད་ཟེར་ཁ་བྱས། ཁྱོད་ཀྱིས་ཅི་ཞིག་ལ་རྩད་གཅོད་དང་ཞིབ་འཇུག་བྱས་པ་ཡིན། མཆན་དེའི་ཁ་བྱང་ཙམ་ཡང་ང་མཛོད་བུས་ཡིན་མིན་ཧ་གོ་མེད་པ་ཁྱོད་ནི་ཞིབ་འཇུག་པ་མ་རེད། རྨོངས་འཇུག་པ་རེད། ང་མཛོད་བུའི་བཏབ་པའི་མཆན་གྱི་ནང་ན་སྐད་ཆ་གང་རྫུན་རེད། ཐེར་འདོན་མ་བྱས་ན་དེ་རིང་ནས་བཟུང་ཁྱོད་ཕྱོགས་ཞེན་པ་དང་རྨོངས་འཇུག་པ་ཡིན་པ་བདེན་དཔང་བྱས་པ་ཡིན། དྲ་ཐོག་འདི་ནས་བཤད་མ་ཤེས་ན་རང་ཉིད་འཛམ་གླིང་ལ་གསལ་བཤད་བྱེད་ཀྱི་ཡོད་པའི་གནས་ལུགས་ཨེ་ཤེས། ཁྱོད་ཀྱི་ཟིན་བྲིས་ནང་བཞག་པའི་གངས་ལྗོངས་ཀྱི་གླུ་བའི་པར་བཞག་པར་ལྟོས་དང་། གངས་ལྗོངས་ན་སྐད་གྲགས་ཅན་གྱི་གླུ་བ་དེ་གཉིས་མ་གཏོགས་མེད་དམ། རྒྱ་ནག་ནང་འགྲན་ཞུགས་སྐབས་སོ་སོ་ནས་དགའ་རྟགས་བླངས་པའི་གླུ་བ་གླུ་མ་ཚོ་གང་དུ་སོང་བ་རེད། དེ་དག་ཤེས་ཡོན་པ་ཁྱོད་ཀྱི་ཞལ་ན་མེད་དུས་བཀླག་ཉེན་ཆེ་ཡ། དགའ་རྟགས་རེག་ན་སྐད་གྲགས་ཡོད་པ་ཁྱོད་ཀྱི་དམ་བཅའ་མིན་ནམ། མིན་ན་ཁྱོད་ཀྱིས་འགྱིག་སྨྱུག་ཞིག་དང་འབྲི་དེབ་ཞིག་རེག་པ་དྲ ཐོག་ནས་བཤད་རིན་ཡོད་པ་ག་འདྲ་མཐོང་སོང་། རང་ཉིད་ཕྱོགས་ཞེན་གྱི་དུག་གིས་ཤི་ལ་ཁད་དུ་ཡོད་པ་དེ་རིང་ནས་ཧ་གོ་བར་གྱིས་སློབ་ཕྲུག་ཡག་པོ་ཞིག་ཨེ་ཡོང་ལ་རེ་བ་བྱེད་པའི་ཚད་ལས་དྲ་ཐོག་ནས་ཟིན་བྲིས་གཉེར་བའི་ཚད་དང་བསམ་འཆར་བཤད་པའི་ཚད་ལ་ལོ་མང་པོ་དགོས་ན་ད་ནས་བཟུང་ཁྱོད་ཀྱིས་ཁྱོད་ངོས་ཟིན་པའི་སྨོན་ལམ་འདེབས། ལྷ་ལ་སྐྱབས་འཇུག་ཞུ། གོ་ཨེ་སོང་།

    Reply
  2. འཇམ་དབྱངས་གྲགས་པ། says:
    ལོ་ 16 སྔོན།

    མཛོད་བུ་ཁྱེད་ངའི་རྩ་བའི་དམ་བཅའ་འཚོལ་འདོད་ན་བོན་རྒྱ་ཟེར་བས་བཏགས་པའི་ཁྱེད་ཀྱི་ཟིན་བྲིས་དེར་གཟིགས།དེ་ནི་ངའི་མཆན་དང་པོ་དེ་རེད།དེ་མ་གཏོགས་ངས་གསལ་བཤད་བྱས་པས་ཕན་པ་མེད་པ་འདྲ།

    Reply
  3. མཛོད་བུ། says:
    ལོ་ 16 སྔོན།

    འཇམ་གྲགས་མིང་ཅན་ཁྱོད་ཀྱིས་རྩ་བའི་དོན་གནད་གླེང་ན་མི་འདོད་པའི་རྒྱུ་མཚན་གང་ལ་ཐུག་སོང་། ༼ཁྱེད་མ་གཏོགས་ལོག་ལམ་དུ་འགྲོ་མཁན་ཚང་མ་ཁུ་སིམ་མེར་བཞུགས་ཟིན་པས་ངས་གྲུབ་འབྲས་ཆེན་པོ་ཞིག་ཏུ་བརྩིས་ཆོག༽ཟེར་ཁྱེད་མ་གཏོགས་ཚང་མ་ལོག་ལམ་དུ་འགྲོ་མཁན་ཡིན་པ་དེ་ཡ་མཚར་མི་ཆེའམ། རང་གི་སྐད་ཆ་ལ་འགན་འཁུར་མི་ཐུབ་པ་ཁྱོད་ནི་ངའི་ཁ་གཏད་དུ་ལངས་ཁུལ་བྱས་པར་དངོས་གནས་སྙིང་རྗེ་དགོས་པ་ཞིག་རེད། ད་དུང་ཁྱོད་ཀྱིས་གྲུབ་འབྲས་བཤ་དཔའི་མཚམས་ལ་སླེབས་མི་འདུག ཁྱོད་ཀྱིས་སྐད་ཤུགས་ཆེན་པོས་བཤད་པ་དང་དགག་པ་རྒྱག་ཁུལ་བྱེད་ས་གཙོ་བོ་དེ་དགེ་འདུན་པར་རྟ་ལྕག་གིས་བྲབས་དགོས་པ་དེ་ཡིན་པ། དེ་ཁྱོད་ཀྱིས་དར་སྤེལ་གཏོང་ཐུབ་སོང་ན་ཁྱོད་ཀྱིས་འདོད་པ་ཚིམ་སོང་བ་དང་ཁྱོད་ལ་གྲུབ་འབྲས་ཡོད་སོང་བ་རེད། དེ་མ་ཐུབ་ན་ཁྱོད་ལ་གྲུབ་འབྲས་ཟེར་བ་རི་བོང་གི་རྭ་རེད་ལོ། །ང་མ་གཏོགས་གཞན་པ་ཚོ་ཁུ་སིམ་མེར་བཞུགས་པ་ནི་ཁྱོད་ལྟ་བུ་ཕྱོགས་སྔར་བཟུང་བ་ལ་དགོས་པ་མ་མཐོང་ལས་ཅི་ཡང་མིན། ཁོང་ཚོ་ནི་གདན་སའི་དཔེ་ཆ་ཚོ་རེད། ཁྱོད་ལམ་ལོག་ནས་ཕྱིར་འདྲེན་བྱེད་པ་ལ་ང་གཅིག་པུ་ལས་སུ་ཡང་མི་དགོས། ངས་ཆོས་དང་འཇིག་རྟེན་གང་ན་ཡང་མི་འདུག་ཅེས་པའི་གོ་དོན་གསལ་བཤད་ཇི་ལྟར་བྱས་ཀྱང་ཁྱོད་ཀྱིས་ཟུར་ཙམ་ཡང་རྟོགས་མི་འདུག་ན་བོང་བུས་ཀྱང་གོ་ཐུབ་པ་ཞིག་ངས་བཤད་མི་ཤེས། ལུང་དང་རིགས་པ་ཞེས་པ་ཁྱོད་ལ་བཤད་ན་ཧ་ཅང་རིང་པོ་རེད། དེ་བས་ཁྱོད་ཀྱིས་ཡུགས་ས་མའི་དམོད་མོ་མང་པོ་རེག་ཡོད་པ་འདྲ། ངས་ཡུགས་ས་མའི་དམོད་མོ་ཞེས་པ་ཧ་མི་གོ ཁྱོད་ཡུགས་མོ་ཞིག་གི་ལག་ལ་ཤོར་ཡོད་པ་འདྲ། ངས་རང་གི་མཚན་སྙན་བསམ་མི་བསམ་དང་རང་ལ་ཤ་ཚ་དགོས་པ་དང་རང་གི་མགོན་བྱེད་མི་བྱེད་ནི་ང་མི་སྒེར་གྱི་ཐོབ་ཐང་ཡིན་པས་ཁྱོད་ལ་འབྲེལ་བ་ཅི་ཡང་མེད་པ་ད་ནས་བཟུང་ཧ་གོ་བར་གྱིས། གྲྭ་བ་ལ་རྟ་ལྕག་དང་གཡག་རྒྱག་དགོས་པའི་སྐོར་ནས་ཁྱོད་ལ་ཚིག་གཅིག་ཀྱང་མེད་པ་ངའི་གྲུབ་འབྲས་ཨེ་རེད། གྲུབ་འབྲས་སུའི་ཆེ་དང་ལོག་ལམ་དུ་སུ་སོང་ཡོད་མེད་ད་ལྟ་ནས་ཇེ་གསལ་ནས་ཇེ་གསལ་རེད། རྗེས་མར་ཡང་ངས་བཤད་པའི་ཁ་ཕྱོགས་ལ་འགྲོ་དང་ཡང་ན་ཁྱོད་ཀྱིས་བཤད་པའི་ཁྱོགས་ཁ་ཕྱོགས་ལ་འགྲོ་མི་འགྲོའི་སྟེང་ནས་ཁྱད་བྱས་ཡོང་བ་ཨེ་ཤེས་སྔ་འདང་ཕྱི་འདང་ཅི་ཡང་མི་ཕོག་ཁྱོད་ཀྱིས་དེ་དུས་གང་བྱེད་ངས་ལྟད་མོ་ལྟ་ཡི་ཡིན།

    Reply
  4. འཇམ་དབྱངས་གྲགས་པ། says:
    ལོ་ 16 སྔོན།

    མཛོད་བུ་ཁྱེད་ལ་གོ་བ་གཅིག་ཀྱང་མེད་པ་དེ་གང་རེད།ངས་གནས་ལུགས་དང་མ་མཐུན་ན་དམ་བཅའ་དོར་སྲིད་ལ་ངོ་ཚ་སྤངས་སྲིད།ཡིན་ཡང་ད་རེས་དེ་གནས་ལུགས་དང་མཐུན་པར་མ་ཟད་ཁྱེད་མ་གཏོགས་ལོག་ལམ་དུ་འགྲོ་མཁན་ཡོད་ཚད་ཁུ་སིམ་མེར་བཞུགས་ཟིན་པས།དེ་ངས་གྲུབ་འབྲས་ཆེན་པོ་ཞིག་ཏུ་བརྩིས་ཆོག ཡིན་ཡང་ཁྱེད་ཁུ་སིམ་མེར་མ་བསྡད་པ་དེ་ཁྱེད་ལ་གནས་ལུགས་རི་འདྲ་ཞིག་ཡོད་པ་མ་ཡིན་པར་ཐོག་མ་གླེང་མཁན་ཁྱེད་ཡིན་པས་ནག་ཉེས་ཁས་ལེན་མ་འདོད་པ་རེད།བར་སྐབས་ཤིག་ཁྱེད་ཀྱིས་ཟིན་བྲིས་མང་པོ་ཞིག་ཏུ་དཀའ་ལས་རང་གིས་བརྒྱབ་ནས་འབྲས་བུ་གཞན་གྱིས་ཟ་འགྲོ་བསམ་པ་ལོས་ཡིན།༼ཐོག་མ་གླེང་མཁན་དེ་ང་ཡིན་པས༽ཟེར་བ་ལྟ་བུ་མང་པོ་ཞིག་བྲིས་འདུག་པས་ཁྱེད་ཀྱིས་གྲགས་པ་ཞིག་ཀྱང་དོན་དུ་གཉེར་བཞིན་པའི་སྣང་བ་སྟེར།ཅི་ཡིན་ཡང་ཁྱད་མི་འདུག ངས་ཁྱེད་ལ་ལན་འདེབས་ཆོག གདན་ས་གསུམ་ཆོས་འཇིག་རྟེན་གང་ཡང་མ་ཡིན་ན་ཅི་ཞིག་ཡིན།ཆོས་འཇིག་རྟེན་ཟེར་དུས་གང་ཟག་ལ་གོ་དགོས་པ་སྙམ་མམ།ཤ་ཚ་ཅོལ་ཆུང་པོ།ཡང་ངས་ཁྱེད་ལ་ནུབ་ཕྱོགས་པའི་སྲིད་ཁྲིམས་བརྗོད་དོན་ནི་ངས་དེ་སངས་རྒྱས་ཀྱི་གསུང་དང་མཐུན་པ་སྒྲུབ་བྱེད་མིན་པར་ཁྱེད་ཀྱིས་༼དམ་པའི་ཆོས་དང་འཇིག་རྟེན་གི་སྲིད་ཁྲིམས་གང་ན་ཡང་དེ་ལྟ་བུ་ཞིག་མེད༽ཅེས་ཁ་ཕོ་འདོན་པར་ལན་དུ་བཏབ་པ་ཡིན།ཁྱེད་ཀྱིས་རང་ཉིད་ཀྱིས་སྔོན་དུ་ཅི་ཞིག་བཤད་ཡོད་པའང་དྲན་གྱིན་མེད་པ་འདྲ།སངས་རྒྱས་ཀྱི་གསུང་ཡིན་ན་ལུང་ལ་རྟེན་དགོས་ཞེས་པའང་འཚང་ཆེ།འོ་ན་སངས་རྒྱས་ཀྱིས་སུའི་ལུང་ལ་རྟེན་པ་རེད།གསེར་ཐུབ་རེད་དམ་འོད་ག་རེད།སངས་རྒྱས་ཀྱིས་རྟེན་མི་དགོས་ཟེར་ན་འོ་ན་དེ་སངས་རྒྱས་ཀྱི་གསུང་མ་ཡིན་པ་ཐལ་བ་མི་འགྱུར་རམ།སངས་རྒྱས་ཀྱི་གསུང་ཡིན་ན་ལུང་ལ་རྟེན་དགོས་པ་དམ་བཅའ་བ་ཡིན་པའི་ཕྱིར།མ་གཞི་ཁྱེད་ཚོར་རིགས་པ་བྱ་བ་མིེང་ཙམ་ལས་མེད།ཡོད་ཚད་ལུང་ལ་རྟེན་བཞིན་ཡོད།དེ་བས་འདི་གྲུབ་མཐའ་གང་ཞིག་དང་སྐྱེ་བུ་དམ་པ་སུ་ཞིག་གི་རིགས་པ་ཡིན་ཟེར་ནས་ཁ་ཕོ་འདོན་པ་བྱེད་པས་ཁྱེད་ཚོ་རང་ཉིད་ཀྱི་བློ་རིག་ཁོ་ལག་ནམ་ཡང་རྒྱས་རྒྱུ་མེད།ཁྱེད་ཀྱི་གོང་གི་མཆན་དེ་ལས་ཡུགས་ས་མའི་དམོད་མོ་ལྟ་བུ་ཁ་ཤས་ཤིག་འདུ ག་པ་རྗེས་སུ་དེ་མ་བཤད་ན་ཡག་པོ་འདུག དེ་ཡང་ཁྱེད་རང་ཉིད་ལ་ཤ་ཚ་བ་དང་རང་ཉིད་རང་གི་མགོན་དུ་བརྩིས་ནས་ཕྱིས་སུ་དེ་ལྟར་མ་བྱེད།དེ་མིན་ཁོ་བོ་ལ་ནིོ་གང་ཡང་གནོད་རྒྱུ་མེད།ཁྱེད་ཀྱིས་ང་གདན་སར་དད་པ་ལོག་སོང་ཟེར་དུས་ལོག་དགོས་ན་དེའི་དད་པ་དེ་དད་པ་རྣམ་དག་ཅིག་ཡིན་ནམ།དེ་རེས་དེ་ཙམ་བྱ།

    Reply
  5. མཛོད་བུ། says:
    ལོ་ 16 སྔོན།

    འཇམ་གྲགས་མིང་འཛིན་ཁྱོད་ཀྱི་རྩ་བའི་དམ་བཅའ་དོར་ཚར་བ་ཡིན་ནམ། རྟ་ལྕག་གིས་བྲབ་དགོས་ཚུལ་བཤད་ཀི་མེད་ན་ཁྱོད་ཀྱིས་ཅི་ཞིག་བཤད་ཀི་ཡོད། གདན་ས་ཁག་གསུམ་དམ་པའི་ཆོས་ཡང་མ་རེད་ལ་འཇིག་རྟེན་འཁོར་བ་ཡང་མ་རེད། དེ་ལྟར་གསལ་བོར་མ་བཤད་ན་བླུན་པོ་ཁྱོད་ཀྱི་གོ་ཡི་མེད་པ་འདྲ། གལ་སྲིད་ཡིན་པའི་དབང་དུ་བཏང་ན་འང་ཁྱོད་ལྟ་བུའི་བླ་རྒན་དཀོབ་ཐོ་མཁྲེགས་ཐོ་ཆོས་འཇིག་རྟེན་གང་གི་ཡང་འགྲོ་སྟངས་ཀྱི་དོན་སྤྱི་ཙམ་ཡང་ཤར་མ་མྱོང་བ་དག་གིས་སྐྱག་ཁྲིམས་དེ་ཡོད་པའི་ཡོད་གོ་གཏན་ནས་མི་ཆོད། ང་ཚོའི་གླེང་གཞི་འདི་དགེ་འདུན་གྱི་ནང་ཁྲིམས་རེད། ཤེས་རབ་དར་རྒྱས་ཀྱིས་སྤྱི་ཚོགས་འཚོ་བ་བཤད་ཀི་ཡོད་པ་རེད། དེ་གཉིས་གཏན་ནས་མི་འདྲ། སྔ་མ་ནི་ནང་བའི་གྲུབ་མཐའི་དབང་དུ་བྱས་ཡོད་པས་ལུང་གི་རྒྱབ་རྟེན་མེད་ན་རིགས་པ་རྐྱང་བའི་གར་ཡང་མི་ཕྱིན་ལ་ལྷག་པར་དམ་ཆོས་འདུལ་བའི་བཅོས་མཚམས་སྟོན་པ་རང་ལ་དབང་བ་ཨེ་ཤེས་གོ་ཨེ་མྱོང་ཀླད་པ་ལྗང་ཁུ་ཅན། ཁྱོད་ཀྱིས་ཤེས་རབ་དར་རྒྱས་དང་དགེ་ཆོས་ལ་ཁུངས་སུ་བཅོལ་བས་ཐལ་བ་རང་ལ་བབས་ཡོད་པ་ཨེ་ཚོར་སྔ་ཚིག་ཕྱི་ཚིག་འགལ་བ་ཅན། ཕྱི་མས་འཚོ་བ་ཐག་གཅོད་ཙམ་བཤད་ཀི་ཡོད་པས་ལུང་ལ་གཏུགས་དོན་མེད་ཨ་ཕོ་གཡག ནུབ་ཕྱོགས་ནས་གནམ་ཐག་རྒྱག་པ་དང་དམར་གསོད་བཏང་བའི་ཁྲིམས་ཀྱང་ཡོད་པས་ཞེས་མཁས་མདོག་བསྟན་པ་ནི་རང་གི་དེ་ཉིད་བསྟན་ཡོད་པ་ཚོར་ཨེ་ཡོད། ནུབ་ཕྱོགས་ཀྱིས་ཁྲིམས་གཅོད་ཚུལ་དང་བསྟན་པའི་གཞི་མ་ཡ་རབ་གྲྭ་ཚང་སྙིང་རྗེ་གྲྭ་ཚང་ཞེས་ང་ཚོས་རྒྱུན་དུ་བསྔགས་བརྗོད་བྱེད་ཡུལ་གཉིས་ཀྱི་ཆོས་ཁྲིམས་གཉིས་བསྡུར་ས་འགྲོ་འམ་ཁྱོད་ཀྱི་གྲྭ་བ་བ་དང་གྲོང་བའི་ཁྱད་པར་ཨེ་ཤེས། གྱོན་པ་དམར་པོ་གྱོན་ཡོད་པ་ལས་བྱ་སྤྱོད་ཚང་མ་གཅིག་པ་རེད་སྙམ་སོང་ངམ། ནོར་བ་རེད། རང་ཉིད་ལ་སྡོམ་པ་མེད་པ་ཡིན་ནམ། གོང་དུ་ཁྱོད་ཀྱི་ཁ་ལ་རེག་གི་མ་རེད་ཅེས་སྡུག་སྐད་ཤོར་སྟངས་ལ་བལྟས་ན་ཁྱོད་ནི་དངོས་གནས་ལྟོ་མ་རེག་པར་དགེ་འདུན་པའི་སྡེ་ལ་འཛུལ་ཞུགས་བྱས་པ་ཞིག་ལས་གྲྭ་བ་ལ་བསྲུང་བྱ་ཅི་ཞིག་ཡོད་མེད་ཀྱི་གྲངས་ཀ་ཙམ་ཡང་གོ་མྱོང་མེད་པ་ཐག་ཆོད་རེད། ཨ་ཙ་མ་སྙིང་རེ་རྗེ། ཤ་ཚ། ཅི་དྲག མ་ཎི་འདོན་རན་སོང་བླུན་པོ་སྙིང་ཁམས་ཅན། གདན་ས་ཁག་གསུམ་ལ་དད་པ་ཅུང་ཟད་ཙམ་མེད་དམ། ཡོད་ན་ནུབ་ཕྱོགས་པའི་དྲག་སྤྱོད་པ་དང་གདན་སའི་འགྲིག་གཅོད་སྟངས་གཉིས་བསྡུར་ཆོག་པའི་བསམ་བློ་གང་འདྲ་བྱས་ནས་འཁོར་སོང་། སྐྱོན་ཕྱི་ལ་ཤོར་ན་ལྟོ་རེག་གི་མ་རེད་ཅེས་སྡུག་སྐད་ཤོར་དོན་ཅི་ཡིན། རེ་རེ་ལ་ལན་རེ་རྒྱག་མ་ཐུབ་ན་རྗེས་མ་ནས་དོན་མེད་ཕུང་དཀྲུག་མ་བཟོ་རོགས་ཉེས་པ་ཆེན་པོ་རེད། ལྷག་པར་དུ་ང་སུ་ཡིན་འདུག་ཨེ་ཤེས་འགལ་འདུ་མཁན་པོ་ཁྱོད། སྙིང་རྗེ།

    Reply
  6. མཛོད་བུ། says:
    ལོ་ 16 སྔོན།

    འཇམ་གྲགས་མིང་འཛིན་ངས་དཔའ་སྐད་འདོན་གྱི་མེད་ཀྱང་ཁྱོད་ཀྱི་སྡུག་སྐད་ཤོར་གྱི་འདུག ངས་ཁྱོད་ལྟ་བུའི་སྟེང་དཔའ་སྐད་ནམ་ཡང་འདོན་གྱི་མ་རེད། དེ་ནི་ཁྱོད་ཀྱི་སྟོང་བསམ་རེད། རྩོད་གཞི་དགེ་འདུན་པའི་སྡེ་རིན་པོ་ཆེ་ལ་རྟ་ལྕག་སྐོར་འཕེན་བྱེད་དགོས་པའི་བསམ་ཚུལ་དེའི་དམ་བཅའ་སྦྲུལ་མདུད་བཞིན་ཞིག་སོང་ངམ། ལུང་རིགས་མེད་པའི་བླུན་པོ་ཁྱོད་ཀྱིས་ཅི་ཞིག་བཤད་འདོད་པ་ཡིན། ཁྱོད་དང་ཁྱོད་ལྟ་བུའི་དམུས་ལོང་བ་དག་གིས་ང་དང་ང་ལྟ་བུའི་གྲྭ་རྐྱང་ཚོ་བཙལ་ནས་ག་རེ་བྱེད་བསམ་ཡོད། འཇིགས་སྐུལ་བྱེད་བསམ་པ་ཡིན་ནམ། དེ་མིན་ན་ལུང་རིགས་ཀྱི་རོལ་རྩེད་བྱེད་པར་ཕེབས་ཤོག ཕྱི་ནུར་བྱེད་ས་ནམ་ཡང་མེད། བདེན་དོན་གྱི་ཆེད་འགྲོ་མི་ཐུབ་ན་ཐུབ་བསྟན་བྱི་དོར་བ་ནམ་ཡང་མི་བྱེད་པའི་དམ་བཅའ་བཞག་ཡོད། གོ་ཨེ་སོང་།

    Reply
  7. འཇམ་དབྱངས་གྲགས་པ། says:
    ལོ་ 16 སྔོན།

    ངས་ཐག་བཅད་ནས་བཤད་ཐུབ་པ་ནི་ང་ལ་ཁྱེད་ལྟ་བུའི་ཕ་ཡུལ་གཅིག་པ་ཞིག་གི་དགོས་པ་མེད་པ་དེ་རེད།ཁྱེད་ཀྱིས་སེམས་འཁྲལ་མི་དགོས་པ་ཞིག་ལ་ང་རང་ཉིད་ལ་ཁོང་ཁྲོ་མི་ཟ།དེའི་ཚབ་ཏུཁྱེད་ཚོ་ལྟ་བུ་ལ་དཔའ་སྐད་འདོན་མ་བཅུག་པར་སུན་འབྱིན་ཐུབ་པ་དེར་རང་གིས་རང་ལ་ཡིད་ཆེས་ལྷག་མ་ཞིག་སྐྱེས་སོང༌།

    Reply
  8. འཇམ་དབྱངས་གྲགས་པ། says:
    ལོ་ 16 སྔོན།

    མཛོད་བུ་ལ་གསལ་བཤད་ཞུ་རྒྱུར་ཁྱེད་ལ་ཁ་སྙིང་རྗེ་བོ་དང་གཞན་སྙིང་རྗེ་བོ་ཅི་ཞིག་ཡོད་ཀྱང་ཁྱེད་དང་རིགས་འདྲ་བའི་མི་དག་འཚོལ་དུ་འགྲོ་དགོས་པ་ལས་ང་ལ་ཡུས་བཤད་རྒྱུ་ཅི་ཡང་མེད།ངས་ཐག་བཅད་ནས་བཤད་ཐུབ་པ་ནི་ང་ལ་ཁྱེད་ལྟ་བུའི་ཕ་ཡུལ་གཅིག་པ་ཞིག་གི་དགོས་པ་མེད་པ་དེ་རེད།ཁྱེད་ཀྱིས་སེམས་འཁྲལ་མི་དགོས་པ་ཞིག་ལ་ང་རང་ཉིད་ལ་ཁོང་ཁྲོ་མི་ཟ།དེའི་ཚབ་ཏུཁྱེད་ཚོ་ལྟ་བུ་ལ་དཔའ་སྐད་འདོན་མ་བཅུག་པར་སུན་འབྱིན་ཐུབ་པ་དེར་རང་གིས་རང་ལ་ཡིད་ཆེས་ལྷག་མ་ཞིག་སྐྱེས་སོང༌།

    Reply
  9. འཇམ་དབྱངས་གྲགས་པ། says:
    ལོ་ 16 སྔོན།

    མཛོད་བུ་ལ་གསལ་བཤད་ཞུ་རྒྱུར་ཁྱེད་ལ་ཁ་སྙིང་རྗེ་བོ་དང་གཞན་སྙིང་རྗེ་བོ་ཅི་ཞིག་ཡོད་ཀྱང་ཁྱེད་དང་རིགས་འདྲ་བའི་མི་དག་འཚོལ་དུ་འགྲོ་དགོས་པ་ལས་ང་ལ་ཡུས་བཤད་རྒྱུ་ཅི་ཡང་མེད།ང

    Reply
  10. འཇམ་དབྱངས་གྲགས་པ། says:
    ལོ་ 16 སྔོན།

    མ་གཞི་ཁྱེད་ཚོའི་རིགས་དེ་ཆེནཔོ་གང་ཞིག་གི་ལུང་ལ་མ་བསྟེན་ན་ཁུངས་མ་འཁྱོལ་བ་དེ་ཤ་ཚ་ཨང་།ལུང་དང་རིགས་པ་གང་ཞིག་གིས་གཏན་འབེབས་བྱས་པ་ཞིག་བློ་འཛིན་བྱེད།དེ་བས་དེང་རབས་ཀྱི་བོད་ཀྱི་དཔྱོད་བརྗོད་པ་ཤེས་རབ་དར་རྒྱས་ཀྱིས་འུ་ཚོས་དཔེ་དེབ་ཅིག་བྲིས་ན་དེ་ཡང་དཔེ་དེབ་གཞན་ཞིག་ལས་འབྱུང་དགོས་པ་བསམ་ཞེས་སྡོམ་ཚིག་བཀོད་ཡོད།དགེ་ཆོས་མཆོག་གིས་ཀུན་ལ་དོགས་པ་ཟ་བར་གྲུང་པོར་བརྩི།ཞེས་ལུང་ལ་མ་བསྟེན་ན་དངོས་སུ་ར་སྤྲོད་བྱེད་ཀྱང་ཁས་མི་ལེན་པར་བཤད་ཡོད།ངས་དགེ་འདུན་པ་རྟ་ལྕག་གིས་བྲབས་དགོས་ཚུལ་བཤད་མེད་ཀྱང་ཁྱེད་ཀྱིས་དེ་ལྟ་བུ་ཞིག་ཆོས་དང་འཇིག་རྟེན་གཉིས་ན་མེད་ཅེས་སྡོམ་ཚིག་བཀོད་པ་ཅུང་ཐལ་དྲག་མིན་ནམ།གདན་ས་ཁག་ཆོས་དང་འཇིག་རྟེན་གང་རང་ན་ཨེ་འདུས།གལ་སྲིད་འདུས་ན་ཐེངས་དང་པོར་རྟ་ལྕག་བཅོ་ལྔ།ཐེངས་གཉིས་པར་འདུ་ཁང་ཕྱི་ནང་དུ་གད་བདར་བྱ་རྒྱུ་སོགས་ཁྲིམས་ཡོད་པ་གྲགས།དེས་མ་ཚད་ནུབ་ཕྱོགས་རྒྱལ་ཁབ་མང་པོར་གནམ་འཐག་རྒྱག་པ་དང་དམར་གསོད་བཏང་བའི་ཁྲིམས་ཀྱང་ཡོད་པས་འཕྲེང་བ་བརྒྱ་དང་བརྒྱད་ཀྱི་ལྕི་ཚད་ལ་དེ་འདྲའི་ཧང་སངས་མི་དགོས་པ་འདྲ།

    Reply
  11. མཛོད་བུ། says:
    ལོ་ 16 སྔོན།

    འཇམ་གྲགས་མིང་འཛིན་ཀླད་པ་ལྗང་ནག་ཅན་ང་ཡང་ཐོན་ཡོད། ད་ཁྱོད་འབྲོ་འདོད་ཀྱང་འབྲོ་ས་རེག་གི་མ་རེད། ངས་དུས་དེབ་ནང་བུ་མོ་དང་མཉམ་དུ་ཡོད་པའི་གྲྭ་པའི་པར་འཇོག་མིན་དང་རྩོམ་ཡིག་ཇི་ལྟར་སྤེལ་མིན་ང་མི་སྒེར་གྱི་གནད་དོན་རེད། དེ་ཁྱོད་ཀྱི་སྟངས་འཛིན་བྱེད་པ་དེ་རང་གི་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་ལུགས་སྐོར་ལ་མཐོང་རྒྱ་གང་འདྲ་ཞིག་ཡོད་པ་གསལ་བཤད་བྱས་པ་ཙམ་རེད། ངས་ཁྱོད་ལ་ཕ་ཡུལ་གཅིག་པ་ལབ་མི་ལབ་དེ་ཡང་ངའི་ཞལ་སྒོ་སྙིང་རྗེ་བོ་དེ་ལ་རག་ལས་ཡོད། ངས་ཁ་སང་བཤད་པའི་གནད་དོན་ཁག་ལ་ཁྱོད་ཀྱིས་ལན་འདེབས་མི་ཤེས་སམ། གྲྭ་མང་ལ་རྟ་ལྕག་དང་གཡག་རྒྱག་དགོས་པའི་རྒྱབ་རྟེན་ལུང་སྟོན་པ་བཅོམ་ལྡན་འདས་དང་སྔོན་གྱི་མཁས་དབང་དམ་པ་དག་དང་། དེང་དུས་ཀྱི་དུས་རབས་རྟོག་སད་པ་དག་ལྟ་ཞོག་ཀླད་པ་ལྗང་ཁུ་ཅན་གྱིས་གསུངས་པ་ཞིག་ཀྱང་མེད་དམ། མགོ་མི་ཐར་སར་ལུས་འཚང་ན་ཅི་འདྲ་རེད། ད་ཕྱིར་འབྲོ་བསམ་ན་ངོ་ཚ། བཤད་བསམ་ན་ལུང་རིགས་གཅིག་ཀྱང་མེད། ང་མཛོད་བུ་གནས་ལུགས་ཀྱི་མཛོད་ཅིག་ཡིན་པ་ཤེས་སོང་ངམ། དམ་པ་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་གི་ཕྱོགས་ནས་ཀྱང་མི་ལ་རྡུང་མི་ཆོག་པའི་ཁྲིམས་ལུགས་ཡོད་པ་ལས་རྡུང་ཆོག་པའི་གནས་ལུགས་དང་ཁྲིམས་ལུགས་གཏན་ནས་མེད། ང་མཛོད་བུའི་གནས་ལུགས་ཀྱི་མཛོད་ནས་ཅི་ཞིག་བླངས་ཀྱང་རྫོགས་ཀྱི་མེད། ཡིན་ནའང་ང་ཕངས་སེམས་སྐྱེ་ས་ཁྱོད་ལྟ་བུའི་མི་སྐད་མི་གོ་བའི་ཀླད་ལྗང་ཞིག་ད་ང་མཉམ་དང་ཆུ་ཚོད་གསེར་ལས་རྩ་ཆེ་བ་ཤོར་སོང་བར་ཤིན་ཏུ་འགྱོད། རྗེས་མ་ནས་བཤད་ཀྱི་ཡོད་ན་སྐབས་བབ་ཀྱི་གནད་དོན་ཤོད། དེ་བཤད་ཀྱི་མེད་ན་ཁྱོད་རང་ཁྱོད་ལ་ཁོང་ཁྲོ་མ་ཟ། སྙིང་ནས་འགྱོད་བཤགས་ཀྱིས་དང་མ་འོང་སྐྱེ་བ་ཕྱི་མར་ང་ལྟ་བུའི་ལུས་རྟེན་འཐོབ་པར་ངས་ཀྱང་སྨོན་ལམ་གང་ཤེས་བྱེད། དུས་རབས་ཀྱི་རྟོག་སད་པ། སྔོན་ཐོན་པ། འགན་འཁུར་མཁན་གྱིས།

    Reply
  12. jamyangdakpa says:
    ལོ་ 16 སྔོན།

    ཚོད་དཔག་ཅིག་བྱས་ན་ཁྱེད་དུས་དེབ་འགར་གྲྭ་བའི་བུ་མོ་འཁྲིད་པའི་པར་ཞིག་བཞག་ནས་ཧ་ལས་མདོག་གིས་རྩོམ་ཡིག་སྤེལ་མཁན་དེའི་རིགས་མིན་པའི་ངེས་པ་མི་འདུག གང་ལྟར་རྫ་བཅུ་སྐོར་གསུམ་ན་ཁྱེད་ལྟ་བུའི་མི་བརླ་རུས་བཙོང་མཁན་ཞིག་མེད་པས་ང་ལ་རྗེས་སུ་ཕ་ཡུལ་གཅིག་པ་ཞིག་མ་ལབ་རོགས།དེ་ནི་ངའི་རེ་བ་ཐོག་མ་ཡིན་ལ་ཐ་མ་དེ་འང་ཡིན།

    Reply
  13. jamyangdakpa says:
    ལོ་ 16 སྔོན།

    མཛོད་བུ་ལ་རྒྱུ་མཚན་དགོས་པའི་གནས་ལུགས་གི་ར་བ་ཞིག་དང་རྒྱུ་མཚན་མི་དགོས་པའི་གནས་ལུགས་ཀྱི་ར་བ་ཞིག་ཀྱང་ཡོད་པ་འདྲ།ལྟ་ལྕག་ཡོད་པར་རྒྱ་མཚན་དུ་བྱས་ནས་གཡག་ལྕག་ཅེས་བརྗོད་པའང་རང་གི་དེ་ཉིད་ཕྱི་རུ་བསྟན་པ་ཙམ་ལས་མ་འདས།དགོན་པའི་ནང་གི་གནས་ཚུལ་མི་ལེགས་པ་རྣམས་དགོན་པའི་མཚན་མཐོང་ལ་ཅི་མི་སྙམ་པར་ཕྱི་རུ་བསྒྲགས་པའི་གཏེ་བོར་ལངས་ནས་ད་དུང་རང་གིས་བསྒྲགས་རྒྱུ་མ་བྱུང་ལ་སྟོན་པའི་རྗེས་འཇུག་པ་ཚོར་ངན་མཚང་ཞིག་ཡོད་པ་ཧ་གོ་མེད་མདོག་གི་རྣམ་འགྱུར་བསྟན་ན་༼རྟོག་སད་པ་༽དང་༼སྔོན་ཐོན་པ༽༼འགན་འཁུར་མཁན༽བཅས་ཀྱི་ཆོ་ལོ་བཞེས་བབ་བམ།

    Reply
  14. མཛོད་བུ། says:
    ལོ་ 16 སྔོན།

    འཇམ་གྲགས་མིང་འཛིན་ཁྱེད་ཀྱིས་སྐད་ཆ་ཇི་ལྟར་བཤད་ཀྱང་ང་ལ་ཁོང་ཁྲོ་སློང་ཐུབ་ཀི་མ་རེད། ཁྱེད་རང་ཁོང་ཁྲོ་ཟ་ན་དེ་ལྟར་བཤད་ན་ཆོག དེ་མིན་ཁྱེད་རང་ཤེས་ཡོན་པ་ཞིག་ལ་རེ་བ་རྒྱག་གི་ཡོད་ན་སྐད་ཆབཤད་ན་རྒྱུ་མཚན་དགོས་པའི་གནས་ལུགས་ཀྱི་ར་བ་དེ་ནས་མ་བུད་ན་བཟང་། ངས་བསྟན་པའི་རྗེས་འཇུག་གི་ངན་མཚང་ཡོད་ཚད་འཛམ་བུ་གླིང་གི་སྐྱེ་བོར་གང་ན་བསྒྲགས་འདུག གསལ་བོར་སྟོན་ཅིག་ གལ་སྲིད་སྟོན་གྱི་མེད་ན་རང་གི་ཀུན་སློང་གསལ་བཤད་བྱས་པར་ངོས་འཛིན་གྱིས།ངས་བསྟན་པའི་རྗེས་འཇུུག་ལ་ངན་ཟེར་བ་ཞིག་ཡོད་པ་ཁས་ལེན་གྱི་མེད། དེ་ཁྱོད་ཀྱིས་ཁས་ལེན་བྱས་པ་རེད། ད་བསྟན་པའི་རྗེས་འཇུག་གི་ངན་མཚང་ཡོད་པ་ཁས་ལེན་མི་དང་དེ་སྒྲོག་མི་སུ་རེད། བསྟན་པའི་རྗེས་འཇུག་ལྟོགས་ཤི་ཐེབས་དུས་བསམ་དོན་འགྲུབ་ཟེར་བ་ནི་ཟེར་རྒྱུའི་ཕོང་བ་དང། ཁྱོད་རང་གི་སེམས་ནང་གི་བསྟན་པའི་རྗེས་འཇུག་གི་ཆུ་ཚད་གང་ལ་བསླེབས་ཡོད་མེད་གསལ་བཤད་ཙམ་རེད། བཅོམ་ལྡན་འདས་རང་གི་ཞལ་ནས་གྲོང་བ་རྣམས་གྱིས་སེན་མོའི་སྟེང་ཞིང་རྨོ་ཡང་ངའི་ཉན་ཐོས་རྣམས་ལྟོགས་པར་མི་འགྱུར་གསུངས་པ་རེད། ཅི་ཡང་མི་ཤེས་པ་ཁྱེད་ཀྱིས་སེམས་ཁྲལ་དེའི་མཐའ་རྒྱ་ཆུང་བ་ལ། ལུང་རིགས་ཀྱི་སྤྲོས་པ་དང་བཅས་བགྲོ་གླེང་ཡོད་ན་ཤོག་དེ་མིན་ཁྱོད་ཀྱི་ཉོག་བཤད་དེས་གར་ཡང་མི་བྱིན་པ་ཤེས་པར་གྱིས་ལ་ངའི་སློབ་གསོ་འདི་དག་ལས་ངའི་ཕ་ཡུལ་གཅིག་པ་ཁྱོད་མི་ཞིག་ཏུ་འགྱུར་བའི་རེ་བ་ཡོད། ཁྱེད་ཀྱིས་ང་ལ་ཕ་ཡུལ་གཅིག་པའི་འདུ་ཤེས་མ་བཟུང་ན་འགྲིག འོན་ཀྱང་ཁྱེད་ཀྱི་སེམས་ནང་གི་གྲྭ་བ་ལ་གཡག་རྒྱག་དགོས་པའི་འདུུུ་ཤེས་དེ་དོར་ན་བཟང་། དེ་ཁྱེད་ཀྱིས་འདོར་མི་ཐུབ་ན་དེ་རིང་ནས་བཟུང་གྲྭ་མང་ལ་རྟ་ལྕག་དང་གཡག་ལྕག་གིས་བྲབ་ཆོག་པའི་ལུང་གི་རྒྱབ་རྟེན་ན་ཁྱོད་ཉོག་བཤད་ལ་ཉན་ན་དགོས་བ་ཏིལ་འབྲུ་ཙམ་ཡང་མི་འདུག དམིགས་བསལ་དགོས་པ་ཅུང་ཟད་ཡོད་ན་དེ་ནི་ངའི་རྒྱུད་ཀྱི་བཟོད་པ་དེ་ཡིན་ལོ། །

    Reply
  15. jamayangdakpa says:
    ལོ་ 16 སྔོན།

    མཛོད་བུ་ལགས།ངེད་གཉིས་ཕ་ཡུལ་གཅིག་པ་རེད་དམ།དེ་འདྲའི་ཀུ་རེ་རྩེ་ཚུལ་
    ཞིག་ཀྱང་ཡོད་པ་ཡིན་རྒྱུ་རེད།ངའི་ཕ་ཡུལ་གཅིག་པ་ལགས།ཁྱེད་ངའི་རྩར་ཇི་ལྟར་བཅར་ཡང་ང་ལ་དོག་མ་བདེ་བའི་ཚོར་སྣང་ཞིག་ལས་ཕ་ཡུལ་གཅིག་པའི་འདུ་ཤེས་ཞིག་སྐྱེ་ཁག་པོ་ཆགས་སོང་།ཁ་སང་ཁྱེད་ཀྱི་སྐད་དེ་འུ་ཚོའི་ཕ་ཡུལ་གྱི་སྐད་རེད་དམ།ཁྱེད་ཀྱི་སྐྱུགས་བྲོ་བའི་ལྟ་ཚུལ་དེ་འུ་ཚོའི་ཕ་མ་ཚོའི་རྒྱུན་རེད་དམ།ཁྱེད་ཀྱི་འཁོས་ཆུང་བའི་བསམ་བློ་དེ་འུ་ཚོའི་མེས་པོའི་བློ་གྲོས་དང་ཐེག་པ་རེད་དམ།འདི་འདྲའི་ངའི་མེས་པོར་བརྙས་སྨད་བྱེད་ཚུལ་ཞིག་ཁྱེད་ཀྱིས་ཇི་ལྟར་དྲན་པ་ཡིན།ཁྱེད་ཀྱིས་བསྟན་པ་སྤྱི་ལ་བསམ་བློ་སྟངས་དེ་ཡ་མཚན་ཨང་།བསྟན་པའི་རྗེས་འཇུག་པའི་ངན་མཚང་ཡོད་ཚད་འཛམ་གླིང་སྐྱེ་བོར་བསྒྲགས་རྗེས་བསྟན་པའི་རྗེས་འཇུག་པ་ཡོད་ཚད་ལྟོགས་ཤི་ཐེབས་ན་དེ་དུས་ཁྱེད་ཀྱི་བསམ་དོན་འགྲུབ་ཡོད་ངེས།ཀྱེ་མ་གོལ་ལམ་ནས་ལྡོག་ཤེས་གནང་རོགས།གོ་ཨེ་སོང༌།

    Reply
  16. མཛོད་བུ། says:
    ལོ་ 16 སྔོན།

    འཇམ་གྲགས་མིང་འཛིན་དང་ལི་པི་ཀཱ་ར་གཉིས་ལ། ཁྱོད་གཉིས་ཀྱིས་ང་ལ་ཚིག་ངན་ཅི་ཞིག་ལབ་ཀྱང་། ང་སོར་གང་གིས་ཀྱང་མར་ལ་ཟག་གི་མ་རེད། བཟང་པོ་སྨད་ནས་མི་ཡོང་། ངན་པ་ན་བསྟོད་ནས་མི་ཡོང་། ང་ལ་ཁོང་ཁྲོ་སློང་འདོད་པ་ཡིན་ན་ནོར་བ་རེད། ངས་ཁོང་ཁྲོའི་གཉེན་པོ་ལ་རེ་བ་རྒྱག་གི་ཡོད་དུས་ང་ལ་ཁོང་ཁྲོ་སློང་བ་ལས་སླ་བོ་མ་རེད། ང་ལ་ཁོང་ཁྲོ་ཡོད་ན་དགྱ་དམར་གྱི་ལགས་ནས་ཤི་ཚར་ཡོད། དེའི་མི་ཚད་ང་ཚོ་རིགས་རྒྱུད་དང་ཁྲག་རྒྱུད་གཅིག་རེད། མ་རེད་ཟེར་ནས་ཨུ་ཚུགས་རྒྱག་ས་ཡེ་ནས་མེད། ལྷག་པར་འཇམ་གྲགས་དང་ང་གཉིས་ཕ་ཡུལ་གཅིག་པ་རེད། ང་ལ་སྨད་པ་ཇི་ལྟར་བྱས་ཀྱང་རང་ཤ་བཅད་ནས་ཁྱི་ལ་འཕངས་པ་རེད། རང་གི་དེ་ཉིད་བསྟན་ཟེར་བ་དེ་ཡིན་པ་ལས་གཅེར་བུར་རྒྱུག་དགོས་པ་མ་རེད། ངས་ཀུན་སློང་བཟང་པོའི་སྒོ་ནས་བསྟན་པ་སྤྱི་ལ་བསམ་བློ་གཏོང་ཁུལ་བྱས་ཏེ་དུས་རབས་ཉེར་གཅིག་པའི་ནང་དུས་བསྟུན་བྱེད་ཤེས་དགོས་བསམ་ཡོད། ལྷག་པར་དུ། རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །གསུངས་པ་འདི་གསུང་རྩ་ཆེན་ཞིག་རེད། རང་ལ་རྟ་ལྕག་གིས་བྲབ་ན་ག་འདྲ་འདུག མི་ལ་ཡང་བསམ་བློ་གཏོང་དགོས་པ་མ་རེད་དམ། ང་ཚོ་ནང་བའི་ནང་ནས་ཀྱང་ཆོས་ཀྱི་གོ་རྟོགས་མེད་པ་རེད་ཟེར་ན་ཅུང་མི་བདེ་བའི་གྲས་ཡིན་པ། ཕ་མར་མ་གྱུར་བ་གཅིག་ཀྱང་མེད་པ་དང་མར་ཤེས་དྲིན་དྲན་སོགས་ལ་བློ་སྦྱོང་ཡོད་པ་རེད། ཞིབ་ཏུ་བསམ་བློ་གཏོང་རོགས། གཡག་ངན་པ་ཡིན་ན་གཡག་རྒྱག་དགོས། གཡག་བཟང་པོར་དེ་ཡང་མི་དགོས། རྟ་ངན་ཡིན་ན་རྟ་ལྕག་དགོས། རྟ་བཟང་པོ་ཡིན་ན་དེ་ཡང་མི་དགོས། ང་ཚོ་མི་ཡིན་པ་མ་ཟད་རབ་བྱུང་བ་རེད། གཡག་ངན་པ་དང་རྟ་ངན་པའི་གོང་དུ་ཡོད་པ་ཤེས་ན་བཟང་། ཉམས་མྱོང་གི་སྟེང་ནས་བསམ་བློ་ཐོངས་དང་རྟ་ལྕག་གིས་མི་འདུལ་བ་ལྟ་ཅི་སྨོས་མི་ལ་བྲབ་ན་དེ་ལས་ཇེ་སྡུག་ལ་སོང་དེ་རྗེས་མ་ཁྱོད་ལ་སྡང་སེམས་དེ་འདོར་མ་ཐུབ་པའི་དཀའ་ངལ་ཆེན་པོ་རེད། གལ་ཏེ་ངའི་སྐད་ཆ་འདི་བདེན་པ་མ་རེད་བསམ་ན་རྗེས་མ་འཇམ་གྲགས་རང་གིས་རྟ་ལྕག་གིས་མི་འདུལ་བའི་རྒྱུན་སྐྱོང་དང་ངས་ལྟད་མོ་སྒང་ནས་བལྟས་ཆོག ང་ལ་ཆུ་ཚོད་མི་འདུག་དེ་ལུགས་གཟིགས་རོགས།

    Reply
  17. jamayangdakpa says:
    ལོ་ 16 སྔོན།

    མཛོད་བུ་ལགས།ཁྱེད་ཀྱིས་ང་བོད་བྱང་ཐང་དུ་ཁྲིད་བྱུང༌།དེ་ཡང་བློ་དཀར་གཞུང་དྲང་གི་འབྲོག་པ་ཚོའི་ས་ཆ་མ་ཡིན་པར་འབྲོག་རྒན་འཇིགས་རུང་དུ་གནས་བཅས་ཏེ་རྐུན་ཇག་དང་ཤོབ་རྗུན་གྱིས་མི་ཚེ་སྐྱེལ་བཞིན་པའི་བླུན་རྨོངས་གྱི་མི་རྣམས་འདུར་བཞིན་པའི་ས་ཆ་དེར་ཁྲིད་བྱུང༌།དེ་རུ་རི་སྤྱང་སྔོན་མོས་ངུ་ཟུག་ཇི་ལྟར་བྱེད་བཞིན་པ་དང་རྟོག་ལྡན་དྲང་སྲོང་ཞིག་གིས་ཁོ་ཚོ་ཇི་ལྟར་འདུལ་བཞིན་པ་ཤེས་འདོད་ན་སྤྱང་མོའི་ངུ་ཟུག་ཏུ་ཕེབས་པར་ཞུ།

    Reply
  18. ལི་པི་ཀཱ་ར་ says:
    ལོ་ 16 སྔོན།

    མཛོད་བུ་ལགས། ཕྱི་ཚེས་༢༠༠༩།༠༨།༣༠ ཉིན། ཁྱེད་རང་གི་མི་མིན་ཤ་ཟའི་སྐད་དེ་བོད་ཡིག་ཐོག་བྲིས་ཡོད་ནའང་། ཁྱེད་རང་དང་ཁྱེད་རང་འདྲ་བའི་ཀླད་མཁྲེག་མི་སྒེར་འཁོན་འཛིན་ཅན་ཤ་སྟག་གིས་གོ་བར་ངེས་ལགས། དངོས་ཡོད་ཁྱེད་རང་དེང་རབས་ཅན་ཞིག་དང་ཡ་རབས་ཚུལ་ལྡན་ཞིག་ཡིན་ན། བསམ་འཆར་དེ་མི་སྐད་ཐོག་འབྲི་དགོས། ཁ་ནས་ག་རེ་འཐོན་ཚད་དང། སེམས་ལ་ག་རེ་ཤར་ཚད་ཁྱེད་རང་དང་ཁྱེད་རང་འདྲ་བའི་མི་མེད་ལུང་སྟོང་། ཀླད་སྟོང་། ང་རྒྱལ་གི་གོང་བུ་རྫ་རོང་ནས་ཡོང་བ་མ་གཏོགས་གོ་ནུས་པ་མི་འདུག མི་སྐད་ཐོག་འབྲི་རོགས་ཞུ།

    Reply
  19. མཛོད་བུ། says:
    ལོ་ 16 སྔོན།

    འཇམ་གྲགས་མིང་འཛིན་ཁྱོའུ་བབ་ཀི་ངས་བཤད་ཀོ་ནོའུ་ད་གཅིག་ར་གོ་མེད་ཁུ ད་ང་ཁྱོའུ་ལག་ན་ལེན་རྒྱུ་ཟིག་བྱུང་གི་མེད་ཀི། ཁྱོ་མཆོད་ཙིག་ར་མེད་ནི་ཟིག་རེད། རང་ང་རང་གི་རང་འགེ་རྩེ་སྐྱེད་ཡས། ཆི་ན་འདྲི་མྱི་དགོར་སྐྱིད་ཟོ་ཡོད་ཁུ། གློའུ་ཁ་ནག་ཁ་ནང་ང་ས་གི་བརྒྱབ་ན་ར་ཁག་ཟེར་མི་ཤེས་ནི་ཟིག་རེད། ཅིག་བཤད་ན་ར་གློའུ་བཤད་ཁོ་ཐག་གོའུ་ཡས་གློའུ་ཁ་ཟིག་ལེ་ཡིན་འདོད་ཀ་ཨ་ལ་ཧོ་ཧོ་ཡ་བཟས་ནས་ཨུ་དགའ།

    Reply
  20. jamyangdakpa says:
    ལོ་ 16 སྔོན།

    ལི་པི་ཀཱ་ར་ལགས།ཁྱེད་དུས་ཐོག་ཏུ་སླེབས་མ་སོང་།ཡིན་ཡང་ལྟ་བ་དེ་ལྟ་བུ་ཡོད་ན་སླེབས་པར་སྔ་ཕྱིར་མེད་པས།ཁྱེད་ཀྱིས་ཁོ་ཚོ་སྒེར་གྱི་ཟིན་བྲིས་སུ་མཆན་དེ་བཏགས་ཐུབ་ན་རབ་རེད།གང་ལགས་ཤེ་ན་མཛོད་བུ་མ་གཏོགས་གཞན་ཚོ་འདི་འོང་བ་མཚམས་བཞག་ཟིན།

    Reply
  21. ལི་པི་ཀཱ་ར་ says:
    ལོ་ 16 སྔོན།

    ཁྱེར་རང་གིས་འདིར་འཁོད་གནས་ཚུལ་དེ་དགོན་པའི་རང་མཚང་ཕྱིར་ངོམས་པ་ཙམ་ལས་མ་འདས་། ཁྱེད་རང་དངོས་གནས་དུས་རབས་ཉི་ཤུ་རྩ་གཅིག་པའི་འགྱུར་འགྲོས་དང་བསྟུན་དགོས་ན་། མི་ལ་ཉེས་མཁན་གང་ཟག་ངོ་མར་དང་པོ་བཤད་དགོས་པ་ལས་གང་བྱས་ནས་གསུངས་མེད་པས་། ཁྱེད་རང་གི་བྱེད་སྟངས་དེ་། ཁར་ཡ་རབས་བཟང་སྤྱོད་དང་། དེང་རབས་ཀྱི་ཚིག་འཁྱེར་ནས་མི་དཀྲུགས་། སྡེ་དཀྲུགས་བྱེད་རྒྱུ་ཡིན་པ་འདྲ་། དངོས་གནས་སེམས་ཤུགས་ཡོད་ན་ཉེས་མཁན་མི་ངོ་མར་གསལ་བཤད་བྱོས་དང་། དངོས་ཡོད་གནས་སྟངས་དང་། ཁྱེད་རང་གི་རང་མདོག་གདོན་རྒྱུ་ལས་གཞན་མེད་། མི་སྒེར་ལ་མི་དགའ་བ་ཡོད་ན་འདི་འདྲ་བའི་དྲ་རྒྱ་དང་གསར་ཤོག་སོགས་སུ་འདོན་ན་མི་དཀྲུགས་སྡེ་དཀྲུགས་དང་། དགོན་པར་མཚན་སྨད་ཆགས་རྒྱུ་དང་། དགོན་པར་ཤ་ཞེན་ཡོད་མཁན་ཡང་མེད་པར་ཆགས་འགྲོ་བར་ངེས་པས་ཐུགས་སྣང་མཛོད་འཚལ་། སྒེར་གྱི་འཁོན་འཛིན་དང་མཉམ་དུ་རྒྱབ་བརྟེན་དགོན་པའི་དགེ་སྐོས་ལགས་དང་། རྒྱལ་བ་རིན་པོ་ཆེའི་གསུང་རྣམས་འཁྱེར་ནས་རང་མཚང་རང་གིས་འདོན་པའི་བྱ་སྤྱོད་ལས་གཞན་མ་འདས།

    Reply
  22. jamayangdakpa says:
    ལོ་ 16 སྔོན།

    མཛོད་ལགས།ངས་སུ་ཞིག་ལ་ལད་མོ་བྱས་སོང་།ངས་ཅི་ཞིག་རྙོག་བཤད་བྱས་སོང༌།ང་ལྷང་ལ་ནམ་བུད་སོང༌།ཁྱེད་ཀྱིས་དྷོ་ཀྲ་བ་ཚོས་ཁ་འཛིང་བྱེད་པ་བཞིན་དམོད་མོ་དེ་དག་བྱེད་དུས་ང་སུན་བྱུང་།ཡང་ན་ཁྱེད་ཀྱིས་ངའི་རྩ་ནས་ཅི་ཞིག་ཤེས་འདོད་པ་ཡིན།དྲང་པོ་ཤོད་དང་།ངས་ཐུབ་པ་ཞིག་ཡིན་ན་ངས་བྱེད་ཆོག

    Reply
  23. མཛོད་བུ། says:
    ལོ་ 16 སྔོན།

    འཇམ་གྲགས་ཁྱོད་ཀྱིས་དེ་ལྟར་བཤད་དུས་ངས་བློ་སྐྱེད་རེག་པ་ནི་མིའི་ནང་ན་དོན་མེད་ཀྱི་སྐད་ཆ་བཤདམཁན་དང་། ལྷག་པར་རབ་བྱུང་བའི་ནང་ན་དེ་ལྟར་ཡོད་པ་རྟོགས་སོང་ལ། ད་དུང་མི་མི་ལ་བརྫུ་རྒྱུ་ཡོད་པ་དང་བརྫུ་མ་ཤེས་པར་མཚང་ལྷང་ལ་འབུད་ཀྱི་ཡོད་པ་མིས་མི་ཡི་ལད་མོ་མང་པོ་བྱས་ན་ཚིག་ཤུགས་ནས་མི་དེ་ཡུལ་ལུང་གང་ཞིག་གི་ཡིན་པ་རྟོགས་ཐུབ་པ། ཡང་དེ་འདྲའི་མི་དེ་ལ་ལས་ཀ་ཅི་ཡང་མེད་པས་དེ་ལྟར་བྱས་ནས་ཉི་མ་གཏོང་ཐབས་བྱེད་པ། ཡང་དེ་འདྲའི་མི་དེའི་སྐད་ཆ་དེ་ཁོ་རང་ཞེ་འདོད་མ་ཡིན་པ་དེ་ཚོ་ནི་ངས་རེག་པའི་བློ་སྐྱེད་རེད་ཟེར་ན་ཆོག་གི། ད་ཁྱོད་ཀྱི་ང་མི་ཀླད་པ་ཉིས་བརྩེགས་ཅན་ཞིག་ཡིན་པ་ཤེས་ན་བཟང་། གལ་སྲིད་ད་རུང་ཁྱོད་ཀྱིས་མི་ཤེས་ན་རང་ཉིད་གླེན་པ་ཁ་ནག་ཅིག་ཡིན་པ་གསལ་བཤད་བྱས་ཚར་བ་མ་བརྗེད།

    Reply
  24. jamayangdakpa says:
    ལོ་ 16 སྔོན།

    ཐར་ཀླུ་ཞེད་མི་དགོས།ང་ཚོར་ཞེ་འཁོན་མེད་ལ་ཤ་འཁོན་ཡང་མེད།འདི་ཙམ་ལ་ཞེ་འཁོན་དང་
    ཤ་འཁོན་ཟེར་ན་གདན་སའི་ཆོས་ར་ཤ་འཁོན་གྱིས་གང་ཚར་བ་རེད།

    Reply
  25. jamayangdakpa says:
    ལོ་ 16 སྔོན།

    ཨོ་བསྐྱར་དུ་ཞུ་རྒྱུར་ང་ཉོག་བཤད་རྒྱག་མཁན་ཞིག་ཡིན་སྲིད་ལ་མིན་ཀྱང་ཆོག ཁྱེད་ཀྱིས་བློ་བསྐྱེད་ལེན་ཐུབ་པ་དེ་ཁྱེད་ངར་བ་རེད།ལེགས་བཤད་བྱིས་པའི་ཁ་ནས་ལེན༎ཞེས་པའི་དམ་པའི་གསུང་དང་མཐུན་པ་རེད།

    Reply
  26. jamayangdakpa says:
    ལོ་ 16 སྔོན།

    མཛོད་ཁྱེད་ངོ་མ་མིག་དཔེ་ཡར་བལྟ་བྱེད་པར་མཁས་པ་ཞིག་རེད་འདུག ངས་ཚྭ་ཁུ་ལ་བཏབ་པའི་མཆན་དང་པོ་དེ་དང་ཨ་བུ་གངས་དཀར་ལ་བཏབ་པའི་མཆན་དེ་ལ་དཔེ་བྱས་ནས་ཁྱེད་ཀྱིས་འདི་ལྟར་བྲིས་འདུག༼ཁྱོད་ཀྱི་ཡིག་ནོར་ནང་ནས་ངས་ཅི་ཡང་རྙེད་ཀྱི་མི་འདུག་མོད། ཕལ་ཆེར་ང་བཙན་པོ་ཞིག་ཡིན་ཟེར་གྱི་ཡོད་ས་རེད།༽མཚམས་མཚམས་སུ་ངས་འདི་དག་མཐོང་དུས་ཤ་ཚ་ཡོང་ལ་ལན་རེར་ང་འདིར་ཐོན་པ་གོ་ཆོད་སོང་ཨཱ་སྙམ་བཞིན་ཡོད།

    Reply
  27. ཐར་ཀླུ། says:
    ལོ་ 16 སྔོན།

    ཨ་ལ་ལ། མི་འདི་དག་ལ་ཤ་འཁོན་མེད་ཀྱང་ཞེ་འཁོན་ཡོད་ཐག་ཆོད་རེད།
    ག་ལེར་བུད་སོང་ན་ཡག་གི

    Reply
  28. མཛོད་བུ། says:
    ལོ་ 16 སྔོན།

    འཇམ་གྲགས་གོ་མེད་དོན་མེད་རྙོག་གླེང་མཁན་ཁྱོད་ཀྱི་ཡིག་ནོར་ནང་ནས་ངས་ཅི་ཡང་རྙེད་ཀྱི་མི་འདུག་མོད། ཕལ་ཆེར་ང་བཙན་པོ་ཞིག་ཡིན་ཟེར་གྱི་ཡོད་ས་རེད། དེ་ནི་ཁྱོད་ན་ནིང་གི་ལུ་གུ། ད་ལོའི་ལག་ག་སྤྱང་ཀི་མིག་གི་མ་རིག་པས་རྐྱེན་རེད། ཁྱོད་ལྟ་བུའི་བཙན་པོ་སྦེལ་ཀོབ་ཏུ་ཡང་སྐད་འབོད་དུ་འགྲོ་བར་ཞེད་སྣང་སྐྱེ་མཁན་ཞིག་ཡོད་ན་བཙན་པོ་མ་ཡིན་པ་ནི་རྟ་རྨིག་ལྕགས་ཀྱིས་བཏུམ་ནས་ནི། ། འཇིག་རྟེན་མ་ལུས་བཙལ་གྱུར་ཀྱང་། །རྙེད་པར་གྱུར་བ་ན་ར་གན། ། དེ་བས་མ་ཎི་བགྲང་ན་མཛེས། །གོ་སོང་ངམ། གོ་མེད།

    Reply
  29. jamyangdakpa says:
    ལོ་ 16 སྔོན།

    མཛོད་ལགས།ད་ང་ཁྱེད་ལ་ར་སྤྲོད་བྱེད་པར་ཐང་ཆད་ཟིན།ཡིན་ཡང་གདུལ་བྱ་ཨུ་ཚུགས་ཅན་ཞིག་རེད་འདུག་པས་ང་དགའ་ཡོད།བྱུང་ན་ཁྱེད་ཀྱིས་རི སྤྱང་དང་ཚྭ་ཁུ།ཨ་མྱེ་སོགས་ལའང་ལན་ཞིག་སྤྲོད་ནས་ཤོག་ལབ་དང་ཁོ་ཚོ་ང་དཀའ་བཙན་དྲག་པས་བྲོས་ཏེ་ཐལ།

    Reply
  30. jamyangdakpa says:
    ལོ་ 16 སྔོན།

    ཐོག་མིང་པ་ལགས།ཁྱེད་ལྟ་བུས་རྩོམ་མཁན་ཞིག་གི་མ་མཐའི་ཆ་རྐྱེན་བཤད་ན་ངས་ངོ་མ་གོ་བ་མི་ལེན།ངས་ནི་ད་བར་དུ་རྩོམ་མཁན་ཞིག་གི་མ་མཐའིོ་ཆ་རྐྱེན་ནི་ཤེས་རྒྱ་ཆེ་ཙམ་དགོས་པ་དང་ཁོག་རྒྱ་ཡངས་ཙམ་དགོས་པར་འདོད་ཀྱི་ཡོད།ཡིན་ཡང་ཁྱེད་ལ་དེ་ལས་གཞན་པ་ཞིག་ཡོད་པ་འདྲ་བས་གསུངས་དང་། ངས་རྣ་བ་གླགས་ཏེ་ཉན་ཆོག

    Reply
  31. མཛོད་བུ། says:
    ལོ་ 16 སྔོན།

    འཇམ་གྲགས་མིང་འཛིན་ཁྱོད་ཀྱིས་གོང་གི་རང་གི་ཉོག་བཤད་ལྟོས་དང་། ཁྱོད་ལ་མི་ཞིག་ཡིད་ཆེས་ཆོག་པའི་སྐད་ཆ་བཤད་འདུག་གམ་མི་འདུག ད་ནི་ཁྱོད་རང་གི་དོན་མེད་ཕུང་དཀྲུག་བཟོ་བཞིན་པའི་གནད་དོན་འདི་གཞན་ནས་བཙལ་མི་དགོས་པར་ཁྱོད་རང་གིས་བདེན་དཔང་བྱས་ཚར་བ་རེད། ཁྱོད་ལ་དགོས་པ་དང་རྒྱུ་མཚན་གཞན་མེད་ན་དོན་མེད་དུ་མི་ལ་བརྫིས་ནས་དགེ་འདུན་པའི་སྡེ་ལ་ཕུང་དཀྲུག་མ་བཟོ་རོགས། དེ་ལ་ཉེས་པ་ཇི་འདྲ་ཞིག་ཡོད་མེད་བྱ་མགོ་ཁྱོད་ཀྱིས་མི་ཤེས་པས་འུ་ཚུགས་ས་རྒྱག་ས་མེད་ཀྱང་གཞན་ལ་འདྲི་རོགས་ཀྱིས་དང་ཅི་ཡང་མི་ཤེས་པ་གང་ཡང་མི་འཇོན་པ་ཁྱོད་ཁ་གདངས་ནས་འདུག་དགོས་པ་ཆགས་ཀྱི་རེད། འོ་ད་དུང་བཤད་ཀྱི་ཞིག་ལ་དྲ་ཐོག་ལ་ཡོང་ནས་ཉོག་བཤད་རྒྱག་ན་འདོད་ན་ཡི་གེ་སུམ་ཅུ་ཐམས་པའི་ཐོབ་ཐང་གང་འཚམ་ཞིག་སྦྱོངས་མ་གཏོགས་ག་ས་ག་པར་ཞབས་འདྲེན་ཞུས་འགྲོ་བ་ཨེ་ཤེས། ང་ཚོ་རུས་རྒྱུད་གཅིག་པ་ཡིན་པས་ཁྱོད་ཀྱིས་འདི་ལྟར་བྲིས་དུས་ང་ངོ་ཚ་ནས་མི་བཟོད་གི་ལོ་ཧ་ཧ་ཧོ་ཧ་ཧོ་ཧོ་་་་་་་་་་་ངོ་མ་སྙིང་རེ་རྗེ། འདི་འདྲའི་མི་ལུས་ཤིག་་་་་་་་་་་་་་་

    Reply
  32. ཐོག་ལྕེ། says:
    ལོ་ 16 སྔོན།

    འཇམ་གྲགས་ཟེར་བའི་ཀླད་གྱོང་འདི་ལ་སྐད་ཆ་བཤད་རྒྱུར་ངོ་མའི་ཉོབ་ཀི ཁོ་ལ་རྩོམ་མཁན་ཞིག་གི་མ་མཐའི་ཆ་རྐྱེན་ཙམ་ཡང་ལོང་མེད་ཀྱང་། ད་དུང་ཡིན་འདོག་འདོག་གིས་ཁ་ཕོ་ཆེ་བའི་སྨྱོ་ལབ་རྒྱག་གི་འདུག ཁོས་རང་ཉིད་ཤཱཀྱ་ཐུབ་པའི་དཔེ་རུ་བཀོད་ནས་ང་ཚོ་སྟེ་གླེང་མོལ་བ་སྐོར་ཞིག་སོར་མོའི་ཕྲེང་བ་ཅན་གྱི་ཚད་དུ་བཞག་པ་ནི་ངོ་ཚ་མི་ཤེས་པའི་བླུན་པོ་ཞིག་གིས་རང་མཚང་སྟོན་པ་ལས་ཅི་ཡང་མ་ཡིན་ནོ།།

    Reply
  33. jamyangdakpa says:
    ལོ་ 16 སྔོན།

    མཛོད་བུ་ཁྱེད་ངོ་མ་བཤད་དཀའ་བའི་མི་ཞིག་རེད།སངས་རྒྱས་ཀྱིས་འབུམ་དུམ་པ་བཅུ་གཉིས་གསུངས་པ་ཡང་ཁྱེད་ལྟ་བུར་གམིགས་པ་གོར་མ་ཆག ཡ་ངས་ཁྱེད་ལ་ཡང་བསྐྱར་བཤད་ཐབས་བསྒྱུར་ཏེ་གཅིག་འགྲེལ།བྲག་གཡབ་འཇམ་གྲགས་པ་ང་མ་ཡིན།ང་བྲག་གཡབ་འཇམ་དབྱངས་གྲགས་པ་མ་ཡིན།ང་སྐོམ་པོ་མ་ཡིན་ཏེ་ང་རྒྱག་པ་ཡིན།སྐོམ་པོ་རྒྱག་པ་མ་ཡིན་ལ་རྒྱག་པ་སྐོམ་པོ་མ་ཡིན།དེ་བས་ང་སྐོམ་པོ་མ་ཡིན།ང་རྫུན་པ་མ་ཡིན་ཏེ་ང་བདེན་པ་ཡིན།བདེན་པ་རྫུན་པ་མ་ཡིན་ལ་རྫུན་པ་བདེན་པ་མ་ཡིན།དེ་བས་ང་རྫུན་པ་མ་ཡིན།ང་ཤ་ཀླན་འཇམ་དབྱངས་གྲགས་པ་ཡིན་ལ་ཤ་ཀླན་འཇམ་དབྱངས་གྲགས་པ་ང་ཡིན།ཤ་ཀླན་ངའི་རིགས་རྒྱུད་ཡིན་ལ་ང་ཤ་ཀླན་གྱི་མི་རྒྱུད་ཡིན།ཤ་ཀླན་གྱི་མི་རྒྱུད་ང་ཡིན་ལ་ངའི་རིགས་རྒྱུད་ཤ་ཀླན་ཡིན། རིགས་ཀྱི་བུ།འདི་རྣམས་ཞིབ་ཏུ་བཀླགས་ན་དོན་ནོར་མི་ཡོང༌།དོན་ནོར་མ་ཉན་ལ་འདི་རྣམས་ཞིབ་ཏུ་ཀློགས། ད་གོ་སོང་ངམ་དེང་རབས་ཀྱི་རྟོག་སད་པ།ཡང་ཁྱེད་ཀྱིས་གཞིས་གྲོང་དང་པོ་སོང་མྱོང་མིན་གྱི་ཉོག་བཤད་ཅིག་རྒྱག་བཞིན་འདུག ཁྱེད་བདེན་ཡ།ན་ནིང་ཞི་རྒོལ་ཆེནམོའི་སྐབས་མ་གཏོགས་ང་དེར་སོང་མ་མྱོང་།ང་ཀུ་ཤལ་ན་གར་ཡང་དེ་ཙམ་རྒྱུས་མེད།ངོ་མ་ཡིན།ཀུ་ཤལ་ན་གར་ལ་གློག་བརྙན་ཁང་དང་གླ་ཁང་སོགས་ཡོད་པ་གྲོགས་པོ་ཚོའི་ངག་ནས་ཐོས་པ་ཙམ་ལས་མཐོང་མྱོང་མེད།རྗེས་སུ་ང་འགྲོ་སྲིད་ལ་དེ་དུས་ངས་ཁྱེད་ལ་ང་སོང་མྱོང་ཞེས་ཁ་ཕོ་འཐེན་ངེས།གོ་ཨེ་བྱུང་རྟོག་སད་པ།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese