མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་པར་ལྕག་ཚན་གཞུ་བ་མཚམས་འཇོག་རྒྱུ་མཁྱེན།

བོད་ཀྱི་དུས་བབ།
༢༠༠༩/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp

གཙོ་ཆེ་ཤོས་ནོར་འཁྲུལ་བཟོ་མཁན་ལ་གསལ་བཤད་དང་སྒྲིག་ལམ་ཀུན་སྤྱོད་ཁྱེར་སྟངས་ངོ་སྤྲོད་ཡག་པོ་བྱ་རྒྱུ་དེ་གལ་ཆེན་པོ་རེད་ལ། ཉེས་རྡུང་གཏོང་བ་ལས་སློབ་གསོ་རྒྱག་པ་དང་གསལ་བཤད་བྱེད་པ་དེས་ཕ་རོལ་བོར་གོ་རྟོགས་སད་པ་དང་། སེམས་ངོར་ངེས་ཤེས་ཤིག་རྙེད་རྒྱུ་ཡོད་པ་རེད་ཅེས་སེར་བྱེས་དགེ་སྐོས་ལགས་ཀྱིས་གསུངས་ཡོད།

 

བོད་སྤྱི་ཚོགས་ཀྱི་གདོད་མའི་བསམ་བློ་དང་གོམས་སྲོལ་ཞིག་ལས་ཕ་མས་རང་གི་ཕྲུ་གུར་ཚབས་ཆེའི་ཉེས་རྡུང་གཏོང་བ་དང་། དགེ་རྒན་གྱིས་སློབ་ཕྲུག་ཚོར་ཉེས་རྡུང་གཏོང་བ། དགེ་སྐོས་དང་ཆབ་རིལ་སོགས་ཀྱིས་གྲྭ་པ་ཚོར་ཉེས་རྡུང་གཏོང་བ་སོགས་ལ་བཟང་ཕྱོགས་ལས་ངན་ཕྱོགས་སུ་ལྟ་མཁན་ཉུང་ལ། ལྷག་པར་དགོན་སྡེ་ཁག་ཏུ་དགེ་སྐོས་དང་ཆབ་རིལ། དེ་མིན་ལས་ཀྱི་སྣེ་མོ་བ་དག་གིས་གྲྭ་པ་ཚོར་ཉེས་རྡུང་གཏོང་སྐབས། རྟ་ལྕག་གཞུ་བ་དང་ཚབས་ཆེའི་ཉེས་རྡུང་བཏང་སྟེ་ལུས་ཧྲིལ་བོར་རྨས་ཁེངས་པར་བྱེད་པའི་སྲོལ་ངན་ཞིག་རྒྱུན་འབྱམས་སུ་སོང་ཡོད་ནའང་། ཉིན་འགའི་སྔོན་སེར་བྱེས་གྲྭ་ཚང་གི་དགེ་སྐོས་བཀྲ་ཤིས་ཚེ་ཐར་ལགས་ཀྱིས་གྲྭ་མང་ཚོགས་སར་དགེ་འདུན་པར་ཉེས་རྡུང་གཏོང་བའི་ལུགས་སྲོལ་འདི་ཡག་པོ་མི་འདུག་སྟབས། རྗེས་ཕྱོགས་ལས་སྣེ་ཚོས་སྒྲིག་འགལ་བྱུང་བའི་གྲྭ་པ་ཚོར་ཉེས་རྡུང་མི་གཏོང་བར། ཕྱག་འཚལ་འཇུག་པ་ལྟ་བུའི་ཉེས་ཆད་གཅོད་འོས་སྐོར་ལུང་དང་རིག་པའི་སྒྲུབ་བྱེད་དང་བཅས་གསུངས་ཡོད་ལ། རེ་སྐུལ་དེར་དགེ་འདུན་པ་མང་པོ་ཞིག་གིས་རྒྱབ་སྐྱོར་གྱི་རྣམ་པ་བསྟན་སོང་ལ། དེ་ནི་དགེ་སྐོས་བཀྲ་ཤིས་ཚེ་ཐར་ལགས་ཀྱི་རེ་འདུན་ཙམ་དུ་མ་ཟད། མཁྱེན་རྒྱ་ཡངས་པའི་བླ་མ་དགེ་བཤེས་དག་གི་ཐུགས་རེ་ཞིག་ཀྱང་ཡིན་ལ། འདུལ་བ་དང་བཅའ་ཁྲིམས་རང་གི་དགོངས་དོན་དང་མཐུན་པའི་འགྱུར་བ་ཞིག་ཀྱང་ཡིན།

 

གནད་དོན་འདིའི་ཐད་འདི་གའི་གསར་འགོད་པས་སེར་བྱེས་དགེ་སྐོས་བཀྲ་ཤིས་ཚེ་ཐར་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས་གསུངས་དོན། སྤྱིར་བཏང་ཆོས་འདུལ་བའི་ཁྲིམས་ནང་དུ་དགེ་འདུན་པར་ཉེས་རྡུང་གཏོང་ཆོག་གི་མ་རེད་ལ། དུས་རྒྱུན་ངས་བསམ་བློའི་ནང་དགེ་འདུན་པར་ཉེས་རྡུང་གཏོང་བ་དེ་ཡག་པོར་མཐོང་གི་མེད་པ་མ་ཟད། ང་རང་དགེ་སྐོས་སུ་བསྡད་པ་ནས་བཟུང་ངས་སེམས་ནང་དགེ་འདུན་པར་ཉེས་རྡུང་མི་གཏོང་བའི་དམ་བཅའ་བཞག་ཡོད། སྔོན་ཆད་ང་བླ་མ་བརྒྱུད་པའི་དགེ་སྐོས་བྱས་སྐབས་ཀྱང་། དགེ་འདུན་པར་ཉེས་རྡུང་གཏན་ནས་བཏང་མེད། དེ་བཞིན་ངས་རང་གི་ལས་རོགས་ཆབ་རིལ་གཉིས་ལའང་དང་ཐོག་ནས་དགེ་འདུན་པར་ཉེས་རྡུང་གཏོང་མི་དགོས་པར། གལ་སྲིད་སྒྲིག་འགལ་ལྟ་བུ་བྱུང་ཚེ་དེ་མིན་གྱི་ཉེས་ཆད་ག་རེ་གཅོད་དགོས་བྱུང་ཡང་གཅོད་ཆོག་གི་རེད། ཅེས་ཐེངས་མང་བརྗོད་མྱོང་། ཞེས་ནན་ཏན་གྱིས་གསུངས་བྱུང་།

 

ཁོང་གིས་མུ་མཐུད་དུ་གསུངས་དོན། འདིའི་སྐོར་ལ་རྗེ་རིན་པོ་ཆེའི་བཅའ་ཁྲིམས་གཉིས་ཙམ་འདུག་ལ། དེའི་ནང་སྒྲིག་འགལ་གང་འདྲ་ཞིག་བྱུང་ནའང་ཕྱག་འཚལ་འཇུག་པའམ། ཡང་ན་ལྟུང་བཤགས་དང་འབྲེལ་ནས་ཕྱག་འཚལ་དུ་འཇུག་པ། ཕྱག་བདུན་དང་ཉེར་གཅིག བརྒྱ་འཚལ་བ་ལྟ་བུའི་ཉེས་ཆད་ལས་ཡོད་པ་མ་རེད། གཞན་ཡང་སྒྲིག་འགལ་གྱི་ཉེས་པ་ཚབས་ཆེན་པོ་ཡིན་ན་ཁ་ཐུག་ཏུ་ཕྱིར་འཕུད་གཏོང་བ་དང་། དེ་མིན་སྒྲིག་གཞི་གཞན་ལག་བསྟར་བྱེད་པ་ལས་ཉེས་རྡུང་གཏོང་དགོས་པ་མ་རེད། དེང་སྐབས་ངའི་ཚོར་སྣང་ལྟར་བྱས་ན། དགེ་འདུན་པར་ཉེས་རྡུང་བཏང་ན་ཕྱིའི་མཐོང་སྣང་ལ་ཡག་པོ་མི་འདུག་ལ། ལྷག་པར་ཕྱི་རྒྱལ་བ་ཚོས་པར་བརྒྱབས་པ་ལྟ་བུ་བྱུང་ན། གཏན་ནས་ཡག་པོ་ཞིག་ཏུ་མི་མཐོང་བ་མ་ཟད། དགོན་པ་གྲྭ་ཚང་ལ་མཚན་ཤས་ཡོང་ཉེན་ཆེ་བས་བསམ་བློ་གཏོང་དགོས་པ་ཆགས་འདུག གལ་ཆེ་ཤོས་ནོར་འཁྲུལ་བཟོ་མཁན་ལ་གསལ་བཤད་དང་སྒྲིག་ལམ་ཀུན་སྤྱོད་ཁྱེར་སྟངས་ངོ་སྤྲོད་ཡག་པོ་བྱ་རྒྱུ་དེ་རེད་ལ། ཉེས་རྡུང་གཏོང་བ་ལས་སློབ་གསོ་བརྒྱག་པ་དང་གསལ་བཤད་བྱེད་པ་དེས་ཕ་རོལ་བོར་ཡང་གོ་རྟོགས་སད་པ་དང་། སེམས་ངོར་ངེས་ཤེས་ཤིག་རྙེད་རྒྱུ་ཡོད་པ་རེད། སྔོན་མ་བོད་ནང་ལྟ་བུར་མཚོན་ནའང་ཉེས་རྡུང་གཏོང་བའི་ལུགས་སྲོལ་ཡོད་མོད། དེ་ནི་ལུགས་སྲོལ་ངན་པ་ཞིག་ལས་བཟང་བོ་གང་ཡང་མ་རེད་ཅེས་ངས་གྲྭ་མང་ལ་ཞུ་རྒྱུ་བྱུང་། ཞེས་གསུངས་སོང་།

 

ཡང་ཁོང་ལ་ཐེངས་འདིར་ཉིད་ཀྱིས་ཐོག་དང་བོར་དགེ་འདུན་པར་རྟ་ལྕག་གིས་ཉེས་རྡུང་གཏོང་བའི་སྒྲིག་ལམ་མེད་པར་བཟོས་པ་དེས་དགའ་ལྡན་དང་འབྲས་སྤུངས་ལྟ་བུའི་གྲྭ་ས་ཆེ་ཁག་གཙོས་པའི་དགོན་སྡེ་གཞན་དག་ལ་ཤུགས་རྐྱེན་ཐེབས་ཐུབ་པར་རེ་བ་རྒྱག་གིན་ཡོད་མེད་སྐོར་དྲིས་པར་ཁོང་གིས་གསུངས་དོན། ངས་ཏན་ཏན་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་གི་རེད་བསམ་གྱིན་ཡོད། ལོ་འདིར་ངས་སེར་སྨད་ཀྱི་དགེ་སྐོས་ལགས་སུའང་དགེ་འདུན་པར་ཉེས་རྡུང་གཏོང་མ་དགོས་པ་བྱུང་ན་ཡག་ཤོས་རེད་ཅེས་ཞུ་རྒྱུ་བྱུང་ལ། ང་རང་ཉིད་ཀྱིས་སྒྲིག་འགལ་བྱུང་རིགས་ལ་ཕྱག་འཚལ་འཇུག་གི་ཡོད་ལ། ཕྱག་འཚལ་བ་དེ་ཡང་སྐར་ཆ་ཁ་ཤས་ཙམ་མིན་པར་ཆུ་ཚོད་ཕྱེད་ཀ་དང་། ཚབས་ཆེའི་སྒྲིག་འགལ་བྱུང་རིགས་ལ་ཉིན་བདུན་རིང་ཕྱག་འཚལ་འཇུག་པ་ལྟ་བུ་བྱེད་ཀྱིན་ཡོད་ཅེས་ཞུས་མྱོང་། འདི་ལྟར་འགྲེལ་བཤད་ཡག་པོ་བརྒྱབས་ན། ཕྲུ་གུ་ཆུང་ཆུང་ཡིན་ནའང་ཡག་པོ་ཉན་གི་རེད་བསམ་གི་འདུག་ལ། དེང་སྐབས་མིའི་ཤེས་ཡོན་གནས་ཚུལ་ཡར་རྒྱས་འགྲོ་བཞིན་ཡོད་པས་མ་འོངས་པར་རིམ་གྱིས་དགོན་སྡེ་ཁག་ཚང་མར་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་བར་ཡིད་ཆེས་བྱེད་ཀྱིན་ཡོད། ཅེས་གསུངས་བྱུང་།  

 

གང་ལྟར་ཡང་། གྲྭ་པ་ཚོས་ནོར་འཁྲུལ་བཟོས་སྐབས་དགེ་སྐོས་སོགས་ཀྱིས་ཚབས་ཆེའི་ཉེས་རྡུང་གཏོང་བའི་སྲོལ་འདི་ཡག་པོ་མེད་སྐོར་གླེང་མཁན་སྔོན་མ་ལས་དེང་སྐབས་མང་དུ་ཕྱིན་ཡོད་ནའང་། མངོན་གསལ་དོད་པོས་ཁ་གཏད་དུ་ལངས་ཐུབ་མཁན་རེ་ཟུང་ལས་མེད་མོད། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༧ ཉིན་ན་གཞོན་རྩོམ་པ་བོ་གྲྭ་བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་ ༼ སྐྱབས་ཡུལ་དགེ་འདུན་པར་རྟ་ལྕག་གིས་ཉེས་ཆད་གཅོད་བཞིན་པའི་ཐད་བཏོན་པའི་ཐོག་མའི་བསམ་འཆར། ༽ཞེས་པའི་སྙན་ཞུ། ནང་གསེས་དོན་ཚན་ ༧ ཅན་ཞིག་སྐུ་སྒེར་ཡིག་ཚང་དང་ཆོས་རིག་ལས་ཁུངས། གདན་ས་གསུམ་གྱི་གྲྭ་ཚང་དྲུག རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་མཁན་རིན་པོ་ཆེ་བཅས་ལ་ཕུལ་ཡོད། སྙན་ཞུ་དེའི་ནང་འདུལ་བ་དང་ལམ་རིམ་བློ་སྦྱོང་ན་མེད་ལ། གྲྭ་ཚང་རང་རང་གི་བཅའ་ཡིག་ཏུའང་མི་གསལ་བར་འཚེ་བ་མེད་པའི་ཀུན་སྤྱོད་དང་གཏན་འགལ་དུ་གྱུར་བའི་སྒྲིག་ལམ་སྣ་ཚོགས་ཤིག་གིས། དགེ་འདུན་པ་དག་ལ་རྟ་ལྕག་གིས་གཞུ་བ་ལྟ་བུའི་ཉེས་ཆད་གཅོད་པ་དེ་དུས་རབས་ཀྱི་འགྲོས་དང་བསྟུན་ཏེ། མགྱོགས་མྱུར་ངང་བསྒྱུར་བཅོས་གཏོང་དགོས་སྐོར་བཀོད་ཡོད་སྟབས། དགེ་སྐོས་བཀྲ་ཤིས་ཚེ་ཐར་ལགས་སུ་གོང་གི་སྙན་ཞུ་དེའི་སྐོར་ལ་གཟིགས་སྟངས་གང་འདྲ་ཡོད་མེད་བཀའ་འདྲི་ཞུས་པའི་ལན་དུ་ཁོང་གིས་གསུངས་དོན། དེ་ནི་ཧ་ཅང་གི་ཡག་པོ་ཞིག་རེད་དྲན་སོང་། དེ་ནི་སངས་རྒྱས་བསྟན་པ་སྤྱི་དང་ལྷག་པར་བོད་ཀྱི་དགོན་སྡེ་ཁག་ལ་དམིགས་ཏེ། ཀུན་སློང་ཡག་པོ་ཞིག་བཟུང་སྟེ་བྲིས་པ་རེད་དྲན་ཡོད་ལ། དེའི་སྐོར་མི་རིང་བར་སེར་བྱེས་གྲོས་ཚོགས་ནང་དུའང་བགྲོ་གླེང་ཡོང་བར་རེ་བ་བྱེད་ཀྱིན་ཡོད། གལ་སྲིད་བགྲོ་གླེང་བྱ་ཐུབ་པ་བྱུང་ན་མ་འོངས་པར་ཏན་ཏན་བཟང་ཕྱོགས་ཀྱི་འགྱུར་ལྡོག་ཅིག་འབྱུང་གི་རེད། ཅེས་རེ་འདུན་ཤུགས་དྲག་གི་ཉམས་སྣང་ཞིག་མངོན་བཞིན་གསུངས་སོང་།  

གོང་གསལ་གྱི་གནས་ཚུལ་དེའི་ཡོང་རྐྱེན་ལྟ་བུར་ཟླ་འདིའི་ཚེས་ ༡༤ ཉིན་སེར་བྱེས་དཀོར་གཉེར་ཞིག་གིས་ཕ་ཡུལ་འབྲུག་ནས་ཡིན་པའི་གྲྭ་པ་ཞིག་ལ་ཉེས་རྡུང་ཤུགས་ཆེན་བཏང་བ་ལས་བྱུང་ཞིང་། འབྲུག་པའི་གྲྭ་པ་དེས་ནོར་འཁྲུལ་དམིགས་བསལ་བཟོས་མེད་ཀྱང་། དཀོར་གཉེར་ཀྱིས་ཁོང་ལ་ཉེས་རྡུང་བཏང་བ་ཅུང་ཚབས་ཆེན་ཆགས་ཡོད་སྟབས། འབྲུག་པའི་གྲྭ་བ་དེས་དགེ་སྐོས་ལ་སྙན་སེང་ཞུས་ཏེ། རྙོག་གླེང་དང་གསལ་བཤད་བསྐྱར་བཤད་ཡང་ཡང་ཞུ་དགོས་པ་ཞིག་ཏུ་གྱུར་ཞིང་། གནད་དོན་དེ་རྒྱུ་བྱས་ཏེ་དགེ་འདུན་པ་ཚོའི་ཁྲོད། སྲོལ་རྒྱུན་གྱི་འགྲོ་སྟངས་འཇིགས་སུ་རུང་བ་དེ་ལ་ལེགས་བཅོས་དང་། བསྐྱར་ཞིབ་ཀྱི་དགོས་འདུན་འདོན་མཁན་མང་དུ་འགྲོ་བཞིན་ཡོད་སྟབས་ཞིབ་འཇུག་གི་ཚུལ་གྱིས་བྲིས།

འབྲེལ་ཡོད་གསར་འགྱུར།

བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༢ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༢ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

ཆུ་ཚོད་ ༢༤ སྔོན་ལ།
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

༢༠༢༥/༡༠/༠༩
Mobile App

བོད་ཉག་རོང་ཁུལ་དུ་ས་ཡོམ་ཚད་རིམ་ ༥།༥ ཅན་ཞིག་བྱུང་།

༢༠༢༥/༡༠/༠༩

མཆན། 83

  1. jamyangdakpa says:
    ལོ་ 16 སྔོན།

    ཐོག་ལྕེ་ཟེར་བ་གང་ལ་བ་དེར། ངས་ཁྱེད་ཚོ་ཁྱི་བཞིན་རྒྱུག་མཁན་རེད་ཟེར་དུས་ཁྱི་ཡིན་མ་དགོས་ན་གྲྭ་སའི་གྲྭ་བ་ཚོས་ཁྱེད་ཚོ་ལྟ་བུཁྱིམ་ཚང་ཞིག་གི་འགན་ཀྱང་ཁུར་མྱོང་མེད་ཀྱང་འགན་ཁུར་གླེང་པར་དགའ་བའི་མི་རེ་ཟུང་ལ་ལྟ་སྟངས་མ་ལེགས་ན་རྗེས་ལུས་དང་ཟོག་ཡིན་དགོས་པ་གང་ཡིན་ནམ།
    ངས་ནི་རྟག་ཏུ་ཤཱ་ཀྱ་ཐུབ་པ་བཞིན་སྐད་ཆ་དྭངས་མོ་ཞིག་ཁུར་ནས་ཡོང་མོད་ཁྱེད་ཚོ་ནམ་ཡང་ སོར་མོ་ཕྲེང་བ་ཅན་བཞིན་ལྟ་ངན་གྱི་སོར་མོི་དགུ་སྟོང་དགུ་བཅུ་རྩ་དགུ་ལུས་སུ་བསྣབས་ཏེ་ཕེབས་པས་ཐབས་ཤེས་མི་འདུག

    Reply
  2. མཛོད་བུ། says:
    ལོ་ 16 སྔོན།

    འཇམ་དབྱངས་གྲགས་པ་རྫུན་མ་ཁྱེད་ཀྱིས་ནང་དོན་མེད་པའི་ཉོག་བཤད་ལ་སུ་ཞིག་གིས་ཉན། ང་རང་ལྟ་མཆོག་འཛིན་ཅན་ཡིན་པ་དམུས་ལོང་ཁྱོད་ཀྱིས་མཐོང་བ་ལས་མཐོང་མཁན་མེད་པ་རེད་དམ། ངས་བྲག་གཡབ་འཇམ་གྲགས་དང་ཤ་ཀླན་འཇམ་གྲགས་སོགས་ཚང་མ་ཤེས་ཀྱི་ཡོད་དེ་དག་ནི་ཁྱོད་ལྟར་མི་ལ་དྲག་དོག་མེ་ལྟར་ཚ་བ་དེ་འདྲ་མ་རེད། ཚགས་པར་ཁང་ཞིག་གི་མི་ཞིག་རེད་ཟེར་ན་ལྟ་སྟངས་ཅུང་མི་ལེགས་པ་ཆགས་བསྡད་འདུག་ཅེས་སྐྱག་རྫུན་བཤད་པ་ལ་ཐོག་པ་མེད་པར་ལྟོས་དང་། རང་གི་གྲོད་ཁོག་སྐམ་པོ་དེའི་ནང་ན་ཅི་ཞིག་ཡོད་པ་བསྟན་ཚར་བ་རེད། ཤེས་ཡོན་པ་ཚོས་དུས་དེབ་དང་ཚགས་ཤོག་སོགས་སུ་རྩོམ་ཡིག་སྤེལ་བ་དང་། རྩོམ་སྒྲིག་པ་ཚོས་དུས་དེབ་དང་ཚགས་ཤོག་བཏོན་དུས་དམུས་ལོང་ཁྱོད་ཀྱིས་མི་རིགས་ལ་ཞབས་ཞུ་བྱེད་པ་ཕར་ཞོག གཞིས་གྲོང་དང་པོ་ཙམ་ལ་ཡང་སྐད་འབོད་ཐེངས་གཅིག་ལ་ཡང་འགྲོ་མ་མྱོང་བ་མ་ཟད། བོད་ཀྱི་རིགས་གཞུང་དང་ཆབ་སྲིད་ཀྱི་སྲོག་རྩ་འཛིན་མཁན་དུས་དེབ་དང་ཚགས་པར་རྩོམ་སྒྲིག་ཚོ་མིག་ནང་དུ་མ་རན་པ་ཁྱོད་ནི་ཤེས་ཡོན་པའི་སྡེ་དེ་ཚོ་ལ་མ་དགའ་བར་ཕྲག་དོག་གིས་ནམ་ནམ་ཞར་ཞར་ལ་སེམས་པ་མ་སྐྱིད་པར་སྨྱོན་པ་ཆགས་སོང་ན་འང་དེ་ཚོ་ལ་ངན་ཁག་དཀྲི་ས་མེད་ལ་རང་སྡུག་རང་གིས་ཉོས་ནི་རེད། དོན་མེད་ཕུང་དཀྲུག་པ་ཁྱོད་ངོ་མ་སྙིང་རེ་རྗེ། ཤ་སྐམ་ནས་རུས་མགོ་སྐྱི་མོས་བཏུམ་པ་དེ་ཡང་དོན་མེད་ཕྲག་དོག་གིས་རང་སེམས་ནག་པོ་དེ་ལ་རྒྱུན་དུ་གནོད་པས་ཡིན་པ་འདྲ།

    Reply
  3. ཐོག་ལྕེ། says:
    ལོ་ 16 སྔོན།

    ཁ་སང་འཇམ་གྲགས་ཟེར་མཁན་ཞིག་སྨྱོ་སྡང་གཟའ་སྡང་གིས་དུས་བབ་ཟིན་བྲིས་སུ་འོང་ནས་ཁོས་སུ་ཞིག་གིས་《དགེ་འདུན་དབྱེ་འབྱེད་ཀྱི་ལས་རྩོམ་བཞིན་ཡོད་》《ད་ནི་དགེ་འདུན་པ་ཚོའི་སྣང་ངོར་ཚགས་པར་ཁང་ཞིག་ནས་རེད་ཟེར་དུས་ཅུང་ལྟ་སྟངས་མི་ལེགས་པ་ཞིག་འཛིན་གྱིན་འདུག》ཅེས་ཚིག་ཐག་ཆོད་པོའི་བཤད་པ་ནི། བསམ་བློ་མ་བཏང་བ། འགན་ཁུར་མེད་པ། སྒྲོ་འདོགས་པ། ཕྱོགས་སུ་ལྷོང་བ་དག་ལས་གཞན་ཅི་ཡང་མ་རེད། ད་དུང་ཁོའི་སྐད་ཆ་དེས་གྲྭ་སའི་གྲྭ་བཙུན་རྣམས་ལ་ཚགས་པར་ནི་དམངས་གཙོའི་ཀ་བ་དང། དུས་རབས་ཀྱི་ཚབ་མཚོན་དུ་ལྟ་བའི་རྒྱུན་ཤེས་ཙམ་ཡང་མེད་པའི་བླུན་པོ་ཟོག་ལྟ་བུ་ཞིག་ཡིན་པར་སྐུལ་འདེབས་བྱས་འདུག ཁོ་འདྲ་བའི་དྲན་གཤིས་རང་ལུགས་པ་རེ་ཟུང་གིས་ཚགས་པར་ཁང་ནས་རེད་ཟེར་བར་ལྟ་སྟངས་མི་ཡག་པའི་རྒྱུ་མཚན་གྱིས་གྲྭ་སའི་དགེ་འདུན་པ་དག་གིས་ལྟ་སྟངས་མི་ཡག་ཅེས་རང་གི་སྡུག་རོགས་བཙལ་བ་ནི་ཅི་འདྲའི་གནས་ལུགས་དང་མི་མཐུན་པ་ཞིག་རེད་ཨང་། ད་ནི་འཛུབ་མོ་གར་བསྟན་ཤར་ཡིན་དགོས་པའི་འཇིགས་རུང་གི་ལུགས་སྲོལ་དེ་རིགས། དངོས་ཡོད་སྤྱི་ཚོགས་ཁྲོད་ནས་རྒྱང་ཕུད་དུ་བཏང་ཟིན་པ་ཤེས་པར་གྱིས་ཤིག ད་དུང་《ཁོང་ཚོ་ཁྱི་བཞིན་རྒྱུགས་མཁན་རེད》ཅེས་ཁྱོད་ཀྱིས་རེད་ལབ་པ་ཙམ་གྱིས་ཡིན་འགྲོ་བ་དང་ ཁྱོད་ཀྱི་མ་རེད་ལབ་པ་ཙམ་གྱིས་ཀྱང་མིན་འགྲོ་བ་ནི་གང་ཡང་མེད་པས་གནས་ལུགས་ལ་རྟག་ཏུ་གཟབ་པར་འཚལ། རྗེས་མ་གླེང་མོལ་བྱེད་པར་སྤྲོ་ན་སྐད་ཆ་དྭངས་མོ་རེ་སྣོམས་ནས་ཕེབས་རོགས།།

    Reply
  4. jamyangdakpa says:
    ལོ་ 16 སྔོན།

    རང་ལྟ་མཆོག་འཛིན་གྱིས་དུས་འདའ་བའི་མཛོད་བུ་ལགས།སེ་ར་དགོན་དུ་ངས་ཤེས་པའི་འཇམ་དབྱངས་གྲགས་པ་ང་བརྩིས་པའི་གཉིས་ཡོད།གཅིག་ནི་ད་ལོ་ལྷ་རམས་རྒྱུགས་སྤྲོད་དུ་ཐེངས་དང་པོ་འགྲོ་མཁན་གྱི་འཛིན་གྲྭ་དེའམ་དེའི་གོང་འོག་གང་རུང་ཞིག་གི་སྐྱོར་དཔོན་རེད།ཁོང་རྒན་རྡོ་རྗེ་རིན་ཆེན་ཤག་ཚང་ནས་ཡིན་ལ་ཕ་ཡུལ་བྲག་ཡབ་དང་ཁང་ཚན་ཏྲེ་ཧོར་རེད།རྒྱུན་པར་བྱེས་སློབ་གྲྭ་དང་ཡིད་དགའ་ཆོས་གླིང་གཉིས་ཀྱི་བར་དུ་བཞུགས་ཀྱི་ཡོད།ཁོང་གི་གྲུབ་འབྲས་ནི་ཁྱེད་ཀྱིས་ཨང་རིམ་གསུམ་པ་དང་རྒྱུགས་མ་འཕྲོད་པའི་ཁོང་དུ་བཙལ་ན་རྙེད་མི་སྲིད།ཁྱེད་ཀྱིས་ཐེ་ཚོམ་མེད་པར་འཛིན་གྲྭ་ཡོངས་ཀྱི་མིང་ཡིག་དང་པོ་དེར་མཛུབ་མོ་ཀེར་ནས་འདི་ནི་འཇམ་དབྱངས་གྲགས་པའོ་ཞེས་གླེང་ན་ཁྱེད་འཆུག་མི་སྲིད་དེ་འཇམ་དབྱངས་གྲགས་པ་དེ་ལས་མར་བབས་མ་མྱོང་ལ་འབབ་མི་སྲིད་པས་སོ༎གཞན་དེ་ཁོ་བོ་ཡིན་ལ་སེར་བྱེས་འབྲིང་རིམ་སློབ་གྲྭ་དང་བོད་གཞུང་ཤེས་རིག་ལས་ཁུངས་ནས་ཤོག་བྱང་དང་ཤོག་དངུལ།སྣག་ཤོག་སོགས་ཐེ་བའི་བྱ་དགའ་ཅི་འདྲ་བླངས་མྱོང་མིན་ངས་བཤད་པའི་འོས་སུ་མ་མཆིས་པས་འབྲེལ་ཡོད་མི་སྣར་འདྲི་བར་འཚལ།རེད་ཡ་ཁྱེད་ཀྱིས་གླེང་བཞིན་པའི་འཇམ་དབྱངས་གྲགས་པ་དེ་རྒྱུགས་འཕྲོད་མེད་པ་ཞིག་ཡིན་ཀྱང་སྲིད་ལ་ཁྱེད་ཀྱིས་རང་བློས་བཏགས་པ་ཞིག་ཡིན་ཀྱང་ཆོག།མིན་པ་ནི་དེ་བྲག་ཡབ་འཇམ་དབྱངས་གྲགས་པ་མིན་པ་དེ་རེད་ལ་ཤ་ཀླན་འཇམ་དབྱངས་གྲགས་པའང་མིན་པ་དེ་རེད། ཨོ་ཡིག་ཚོགས་མང་སོང་བས་དགོངས་དག

    Reply
  5. jamyangdakpa says:
    ལོ་ 16 སྔོན།

    ཨ་བུ་གངས་མིང་འཛིན་པ་ལགས།བསྟོད་བསྔགས་དང་སྤྲེལ་ལད་མེད་པར་དྲང་པོར་ཞུ་ན་ཁྱེད་ཀྱི་མཆན་དེ་ཡིག་ནོར་མང་དྲག་པས་ངས་ཡོད་ཚད་གོ་མི་ཐུབ་མོད།ཡིན་ཡང་ཟུར་ནས་བལྟས་ན་ལེབ་མཐོང་བའི་དཔེ་བཞིན་ཁྱེད་གོང་གི་མཆན་འདེབས་པ་ཡོངས་ཀྱི་ནང་ནས་བློ་རྒྱ་ཅུང་ཆེ་ཤོས་དེ་རེད་འདུག།ཁྱེད་ཀྱིས་ལྟ་བ་མི་མཐུན་པ་ཡོད་ཚད་ལ་རྗེས་ལུས་དང་ཀླད་རྙིང་།མཁྲེགས་འཛིན་པ་བཅས་ཀྱི་གོ་མིང་སྤྲོད་མི་འདུག།འབད་བརྩོན་བྱོས་དང་རེ་བ་འདུག

    Reply
  6. jamyangdakpa says:
    ལོ་ 16 སྔོན།

    ཡར་བསྐྱེད་མེད་པའི་ཨ་མྱེ་ལགས། ཁྱེད་ངོ་མ་སྙིང་རྗེ་བ་ཞིག་རེད།ང་ལ་ཐད་ཀར་ལན་འདེབས་མི་ནུས་པར་གཡས་འཛུལ་གཡོན་འཛུལ་གྱིས་ཅི་ཞིག་བཤད་བསམ་པ་ཡིན།མིང་དབྱིན་ཡིག་གིོས་འབྲི་ཆོག་པའི་གནང་བ་དྲ་བ་དོ་དམ་པས་སྤྲོད་སོང་བས་ཁྱེད་ལ་བསམ་འཆར་ཡོད་རུང་བཤད་ས་ང་མ་རེད།ངས་དབྱིན་ཡིག་ཡག་པོ་མི་ཤེས་པ་བདེན་ལ་ཁྱེད་ཀྱིས་བོད་ཡིག་ཡག་པོ་མི་ཤེས་པའང་བདེན་པས་ངེད་གཉིས་ཀས་ངེས་ལེན་བྱས་ན་ཅི་འདྲའི་ཡག་ཨང༌།

    Reply
  7. མཛོད་བུ། says:
    ལོ་ 16 སྔོན།

    འཇམ་དབྱངས་གྲགས་པ་ཟེར་བའི་དྲ་འབུ་དེ་ལོ་རེའི་གྲྭ་ཚང་གི་རྒྱུགས་སྤྲོད་ལ་རྒྱུགས་འཕྲོད་མེ་ད་པ་ངས་ཤེས་ཡོད། དེ་ཙམ་མ་ཟད་ཁོ་ད་དུང་དཔྱོད་ཤེས་ཟེར་བ་གང་ཡིན་མི་གོ་བའི་གཡག་ཅིག་རེད། ཁོ་ལྟ་བུ་ལ་གཡག་རྒྱག་དང་རྟ་ལྕག་དགོས་ནི་རེད། ཁོས་བཤད་པ་རང་དཔེ་གཞན་སྟོན་རེད། ཧོ་ཧོ་ཧོ་ཧོ་ཧོ་

    Reply
  8. གངས་གླག says:
    ལོ་ 16 སྔོན།

    བཇནཅཌབཇཧག

    Reply
  9. གངས་གླག says:
    ལོ་ 16 སྔོན།

    རྒྱ་ཆེའི་དྲ་གྲོགས་རྣམ་པ།

    Reply
  10. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    ལྷག་བསམ་གྱི་ཕྱུག་ཞིང་དྲང་བདེན་ལ་དགའ་བའི་དྲ་གྲོགས་འདི་དག་མཐོང་ཚེ་སེམས་ལ་བཅོས་མིན་གྱི་སྤྲོ་སྣང་ཞིག་དང་ལྷན་དུ་་རེ་བ་ཞིག་གིས་འཁྱུད་འོང་གི་
    ངེད་བོད་པ་ཚང་་གཞོན་སྐྱེས་འདི་འདྲ་དག་གིས་བདག་སྐྱོང་བྱེད་པའི་ཉི་མ་ཞིག་འཆར་ཚེ་ངེད་ཚང་གི་ཁྱིམ་གཞི་འདི་ཡང་སྔར་ལས་མཛེས་སྡུག་ལྡན་པ་དང་འོད་སྟོང་འཕྲོ་བའི་ཁྱིམ་གཞི་ཞིག་ཏུ་འགྱུར་ངེས་རེད།

    Reply
  11. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    དེང་སྐབས་གཞོན་སྐྱེས་ཚོས་བསམ་ཚུལ་ཡག་པོ་གླེང་འདུག་་་་་་དཔྱད་ཞིབ་ནན་མོ་གནང་འདུག་་་ཡིན་ན་ཡང་ང་ཚོས་དྲ་ཐོག་ནས་གླེང་སློང་དང་འོ་དོད་སྒྲོགས་པ་ཙམ་གྱི་ཕན་གི་མ་རེད་བསམ་གི་་་་་་དོན་དམ་པའི་སེམས་ཁུར་དང་སྙིང་སྟོབས་ཡོད་ན་མཛད་གཙོ་རྣམ་པ་དང་ལས་གནས་རྣམས་ལ་སྙན་ཞུ་རྒྱག་དགོས་པ་རེད།་་་་དེ་ནས་གྲུབ་འབྲས་ཐོན་གི་རེད།

    Reply
  12. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    མི་ཁ་ཤས་ལ་གོ་བ་མེད་པ་འདྲ།

    Reply
  13. སྨྲ་བརྗོད་རང་དབང་། says:
    ལོ་ 16 སྔོན།

    ཡིག་ནོར་འགའ་རེ་ཤོར་སོང་དགོངས་དག་ཞུ། ཡར་བཅུག་རྗེས་བཟོ་བཅོས་བྱེད་སྟངས་ཤེས་མ་སོང་།

    Reply
  14. ཨ་བུ་གངས་དཀར says:
    ལོ་ 16 སྔོན།

    བོད་ཡིག་དྲ་ཚིག་ནང་དབྱིན་གྱིས་མིང་འབྲི་མཁན་འཇམ་ལགས་ཁྱེད་དང་ངེད་གཉིས་ལ་བསམ་ཚིལ་མཐུན་སྣང་གཅིག་ཡོད་ན་ཐག་དེང་སང་རེ་ཟུང་གི་རང་ཉིད་ཀྱི་ལྟ་ཚུལ་དང་མི་མཐུན་ན་དེ་ལ་དོན་རྒྱལ་དང་རྒྱ་མའི་ཉུལ་མ་སོགས་སྐྱོན་འཛུགས་སྣ་ཚོགས་བྱེད་ངེས་རེད།དཔེར་ན་གཉིས་སྟོང་བདུན་ལོར་འཇང་དགུན་ཆོས་སྐབས་དོན་རྒྱལ་སྐོར་ལ་ལས་འགུལ་སྤེལ་སྐབས་འོ་མའི་རྒྱ་མཚོའི་ནང་ལ་ཁྲག་གི་ཐིགས་པ་རྒྱབ་སོང་ཟེར་བ་དང་ཆོ་ཁ་དཔྱེ་འབྱེད་སོགས་བྱེད་སོང་ཟེར་ད་དུང་དགེ་སྐུལ་བློ་བཟང་ཆོས་དར་རྒྱ་མའི་ཉུལ་མ་རེད་ཁོ་བ་སྐྱིད་སྡུག་གིགདོང་དགོས་སོགས་མང་བོ་བཤད་ནི་རེད།ངེད་གཉིས་མི་མཐུན་ས་ནི་ཁྱེད་ཀྱི་ཨུ་ཚུགས་ཀྱིས་སྐེ་བསིངས་ནས་དམང་གྱི་བདེ་སྡུག་ལ་བསམ་བློ་གཏོང་མཁན་དང་ཤེས་ཡོན་དངབསམ་བློའི་གོ་རྟོག་ཡོད་མཁན་འདི་དག་ལ་གཞི་མེད་སྐྱོན་འཛུགས་བྱེད་པ་འདི་སུ་ཞིག་གིས་སཀུལ་མ་བྱེས་བ་ཡིན།

    Reply
  15. སྨྲ་བརྗོད་རང་དབང་། says:
    ལོ་ 16 སྔོན།

    དོན་འདི་ལ་ཕྱོགས་གཉིས་ནས་བལྟས་པ་ཡིན།
    ཕྱོགས་དང་པོ་ནི།
    ལེགས་པའི་ཕྱོགས་ནས་བལྟས་ན། བོད་ཀྱི་གྲྭ་བཙུན་ཚོ་ནི་྾྾྾྾྾྾ཚོ་དང་མི་འདྲ་བར་ནང་ཆོས་ཀྱི་ནང་བཅུད་རུས་པའི་གཏིང་ལ་ཐིམས་ཡོད་པ་མཐོང་གི་འདུག གང་ཡིན་ཟེར་ན། གནའ་སྔ་མོ་ཞིག་ནས་སྒྲིག་འགལ་ཕྲན་ཙམ་བྱུང་བ་ལའང་རྟ་ལྕག་གིས་བྲབ་རྐྱང་བྱེད་ཀྱིན་ཡོད་མོད་ཁ་ལན་ལག་ལན་བསློག་པ་ནི་ཧ་ཅང་དཀོན་པོ་རེད་ལ། བརྒྱ་ལ་ཁ་ལན་ལག་ལན་བྱེད་མཁན་རེ་རེ་ཙམ་བྱུང་ནའང་དེ་མ་ཐག་གནས་དབྱུང་གཏོང་རྐྱང་བྱེད་ཀྱིན་ཡོད། གནས་དབྱུང་བཏང་ནའང་འཁོན་ལན་སློག་པ་ནི་མི་སྲིད་པ་ཞིག་རེད། མ་ཟད་དེང་སང་ཕ་མ་ཚོས་རང་གི་བུ་མོར་མག་པ་ཞིག་དགོས་ཚེ་གྲྭ་ལོག་ཅིག་རེག་ན་ཡག་ཤོས་རེད། ཨ་རག་འཐུང་གི་མ་རེད། རྐུན་མ་རྐུ་གི་མ་རེད། མི་ལ་ཁྲེལ་མེད་དབང་ཡོད་བྱེད་ཀྱི་མ་རེད། ལྷག་པར་རང་གི་ཆུང་མར་ཉེས་རྡུང་གཏོང་གི་མ་རེད། རང་གི་ཆུང་མར་ལས་ཀ་གང་ཡང་ལས་རོགས་བྱེད་ཀྱི་རེད་ཅེས་ཟེར་གྱི་ཡོད་པ་དེ་ཡང་གྲྭ་བ་ངོ་མ་ཚོ་སྨྲོས་ཅི་དགོས། གྲྭ་ལོག་ཚོར་ཡང་འཚེ་མེད་ཞི་བའི་དྲི་བཟང་འགོས་ཡོད་པའི་རྟགས་མཚན་རེད། དེ་ལྟར་བལྟས་ན། ནང་ཆོས་ཀྱི་ཞག་རྩི་དེ་གྲྭ་སའི་གྲྭ་བ་ཚོར་ཡོད་དགོས་ཀྱི་རེད་ལ་ཡོད་ཀྱང་ཡོད་པ་རེད། དངོས་གནས་སྐྱབས་སུ་མཆི་ས་དགེ་འདུན་གྱི་ཟེར་བ་དེ་དེ་འདྲ་ཞིག་ཡིན་དགོས་ཀྱི་རེད།
    ཕྱོགས་གཉིས་པ་ནས་བལྟས་ཚེ།
    དེ་ནི་གྲྭ་སའི་གྲྭ་བ་ཚོས་ནང་ཆོས་ལ་གློ་སྙིང་བྲང་གསུམ་གཏད་དྲག་པའི་རྐྱེན་གྱིས་ཞར་ལ་ངན་པ་སྐོར་ཞིག་ལང་ཤོར་དུ་གྱུར་བའི་རྟགས་མཚན་རེད། གྲྭ་ས་ནི་བྱུང་དམུ་རྒོད་འདུལ་སྦྱོང་བྱེད་ས་ཞིག་མིན་པར་ངན་པ་ལང་ཤོར་དུ་གཏོང་ས་ཞིག་ཏུའང་གྱུར་བ་རེད། དེ་ཆོས་དང་འཇིག་རྟེན་གང་ཡང་མི་སློབ་ཅིང་། མི་ཤེས་མཁན་དཀོར་ཟན་ཉི་མ་གང་འཁྱོལ་བྱེད་མཁན་གསོ་སྐྱོང་བྱེད་ས་ཞིག་རེད། ངན་པ་ལང་ཤོར་དེ་དག་གིས་གནའ་སྔ་མོ་ནས་བཟོད་པའི་ཉི་མ་སེམས་ཁོང་ལ་ཤར་བསྡད་ཡོད་པའི་གྲྭ་རྐྱང་ཚོར་རྡེག་རྡུང་དང་། བཙན་པོ་དབང་ཡོད་བྱེད་རྐྱང་བྱེད་ཀྱིན་ཡོད་པ་རེད། ད་དུང་ངན་བྱས་ངོ་སོར་ཁྱེར་ཏེ། གཅིག་རྒྱབ་གཅིག་གིས་བསྐོར་ཏེ་ངན་པ་ལག་སྦྲེལ་གྱིས་དམྱལ་པར་འགྲོ་རྐྱང་བྱེད་ཀྱིན་ཡོད་པ་རེད། ཁོ་ཚོའི་ཕྱོགས་གཏོགས་པ་དེ་ཚོས་གྲྭ་རྒན་ལྕགས་ཀྱི་ཀླད་པ་ཅན་ཞིག་གིས་ཅི་ཟེར་ལ་ཚད་མར་བྱེད་རྒྱུ་མ་གཏོགས། ལས་རྒྱུ་འབྲས་དང་། བདེན་པ་བདེན་ཐུབ། དངོས་ཡོད་གནས་ཚུལ་ལ་གཏན་ནས་དཔྱོད་ཀྱི་མ་རེད། ཁོ་ཚོར་དཔྱོད་པའི་འདུ་ཤེས་ཀྱང་མེད་ཚོད་རེད། གང་ཡིན་ཟེར་ན། མིའི་རྣམ་དཔྱོད་ནི། རང་སྟོབས་ཀྱིས་བསམ་བློ་གཏོང་བ་དང་། མི་གཞན་གྱི་བསམ་འཆར་ལས་ལེགས་ཆ་ལེན་པ་ལ་རག་ལས་པའི་ཕྱིར་དང་། ཁོ་ཚོས་ཚེ་གང་བོར་བླ་རྒན་མུན་ནག་འཐིབས་ཡོད་པ་རེའི་གམ་ནས་མུན་ནག་གི་འཚོ་བ་བསྐྱལ་བ་ལས་ཕྱི་རོལ་གྱི་འཇིག་རྟེན་ལ་རྒྱུས་མངའ་མེད་ལ། རྒྱུས་མངའ་བྱེད་ཀྱང་ཆོག་གི་མེད་པའི་ཕྱིར་རོ།།
    མཐའ་སྡོམ་ནི།
    བྱེད་སྟངས་དེ་ངེས་པར་བཅོས་དགོས་པ་ཞིག་རེད། བྱེད་སྟངས་དེ་རྒྱ་ཁྱབ་ཏུ་ཕྱིན་ཏེ་རང་རེར་མི་དགའ་བའི་ཕྱི་རྒྱལ་བ་ཚོའི་ལག་ཏུ་དངོས་དཔང་ཚུད་ན་དེའི་མཇུག་འབྲས་ནི་འཇིགས་སུ་རུང་བ་ཞིག་རེད། ༧གོང་ས་མཆོག་གིས་སྐུ་ཚེ་གང་བོར་སྐུ་ངལ་ཚད་མེད་བསྐྱོན་ནས་ནང་བའི་ཆོས་འདིས་འཇིག་རྟེན་ལ་ཞི་བདེ་དང་། བདེ་སྐྱིད་སྐྲུན་ཐུབ། འདི་འཇིག་རྟེན་གྱི་དཀའ་ངལ་སེལ་བྱེད་བླ་ན་མེད་པ་ཞིག་ཡིན་ཞེས་མཚམས་སྦྱོར་གནང་བཞིན་པ་ལ་འགོག་རྐྱེན་བླ་ན་མེད་པ་བཟོ་ངེས་རེད། དེ་བས་འུ་བུ་ཅག་གིས་དཔུང་བསྒྲིལ་ཏེ། རང་སྐྱོན་རི་བོ་འདྲ་བ་དེ་དག་འགེབ་ཐབས་མི་བྱེད་པར་རྩ་མེད་གཙང་དག་བྱེད་དགོས།

    Reply
  16. ཨ་བུ་གངས་དཀར says:
    ལོ་ 16 སྔོན།

    ཚང་མའི་དྲང་བདེ་དང་ཤ་ཚ་ནས་བཤད་དགོས།

    Reply
  17. ཨ་མྱེ says:
    ལོ་ 16 སྔོན།

    ཝ་ཡེjamyangdakpaཁྱོད་ཀྱི་མིང་དེ་འདིར་བེད་སྤྱོད་མེད་འདི་བོད་ཡིག་གི་ཕ་ས་ཕ་ཡུལ་རེད།ཁྱོད་ཚོ་ཁ་ཤས་ཀྱིས་རང་མིང་བོད་ཡིག་ཏུ་མི་འབྲི།དབྱིན་ཡིག་ཡང་ཡག་པོ་མི་ཤེས་ཁྱོད་ཁལས་སློབ་སྦྱོང་ཡག་ཏུ་སོང་འདུག་་་ཤད་མངཔོ་འདུག

    Reply
  18. jamyangdakpa says:
    ལོ་ 16 སྔོན།

    མཆན་ཡིག་འབྲུ་འགའ་འདེབས་སྐབས་ཡིག་ནོར་གྱིས་ས་གང་འགྲོ་བ་དེ་ཕལ་ཆེར་ང་ཚོའི་ཨ་མྱེས་ཧན་ལོག་ཚ་བའི་རྟགས་རེད།མ་སྐྱེས་པ་ཟེར་དུས་མ་ལས་མ་སྐྱེས་པ་གོ་དགོས་པ་དེའང་རྒད་པོ་ཧན་ལོག་ཁྱེད་ཀྱི་གོ་བ་ལེན་སྟངས་ཤིག་ཡིན་པ་འདྲ།རྣམས་གྲངས་ཞེས་པའི་རྣམས་དང༌།སློབ་སྦྱོངས་ཞེས་པའི་སྦྱོངས་སོགས་ཀྱི་སྦྱོར་ཚུལ་ཡང་ཤེས་མི་འདུག་པས་རྗེ་ས་པཎ་གྱི་གསུང་རིག་པ་ནངས་པར་འཆི་ཡང་བསླབ་ཅེས་པ་ཉམས་སུ་བླངས་ཏེ་ཨ་ལགས་ཤ་བསྟན་དར་ལྷ་རམས་པའི་ས་མཐའི་སྦྱོར་ཚུལ་ལ་ལན་གཅིག་འཇུག་པར་འཚལ།ཨ་མྱེས་ཞེས་འབྲི་དགོས་པ་ལས་ཨ་མྱེ་ཞེས་འབྲི་མི་རུང་སྟེ་གསར་མའི་ལགས་སུ་བྱས་ན་ཨ་མེས་ཡིན་པ་ལས་ཨ་མེ་མིན་པས་སོ།།ཕོ་བར་ཞེས་པ་དོན་མ་གོ

    Reply
  19. ཨ་མྱེ says:
    ལོ་ 16 སྔོན།

    མ་ལས་མ་སྐྱེས་པའི་ཨ་མྱེ་ཞིག་གང་ན་ཡོད།་་་བྱིས་པ༼jamyangdakpa༽
    ཁྱོད་རྩོམ་པའི་ཚེ་ན་ཤེས་བྱའི་རྣམས་གྲངས་དབེན།་་་ཕོ་བར་ཨ་མྱེ་ང་ཁྱོད་ལྟ་བུ་ཚོ་ལ་ལམ་སྟོན་སློབ་སྦྲྱོངས་སྤྲོད་དུ་འོང་པ་ཡིན།་་༼ཨ་མྱེས་༽མ་རེད་ཕ་མེས་ཡང་མེས་ཀྱི་ཨ་མྱེ་བློ་འདྲི་ས་དེ་ཡིན།་་

    Reply
  20. jamyangdakpa says:
    ལོ་ 16 སྔོན།

    སུས་རྣར་འགྲོ་ཞེས་པ་སུའི་རྣར་འགྲོ་ཞེས་པར་བཅོས་རོགས།

    Reply
  21. jamyangdakpa says:
    ལོ་ 16 སྔོན།

    རེད་ཡ་འུ་ཚོ་ལས་སྡུག་པ་སུ་ཞིག་ཡོད།ཁ་ཤས་ཀྱིས་རང་མིང་བོད་ཡིག་ཏུ་མི་འབྲི།ཁ་ཤས་ཀྱིས་རང་མིང་དྲ་ཐོག་ཏུའང་བཀོལ་མི་ཕོད།ཁ་ཤས་ཀྱིས་ནི་རང་གི་སྐད་ཡིག་དང་རིག་གཞུང་།ཡུལ་སྲོལ་བཅས་བསྐྱུར་ནས་རང་ཉིད་གསར་བ་གསར་བ་རྐྱང་དང་སྔོན་ཐོན་པར་རློམ༎

    Reply
  22. jamyangdakpa says:
    ལོ་ 16 སྔོན།

    བོད་ཡིག་གིས་མཆན་བཏབ་པར་བོད་ཡིག་མི་ཤེས་ཟེར་ན་སུས་རྣར་འགྲོ། ཁྱེད་ཚོས་དབྱིན་ཡིག་མི་ཤེས་ན་jamyangdakpaཞེས་པའི་དོན་འཇམ་དབྱངས་གྲགས་པ་ཟེར་བ་རེད།

    Reply
  23. jamyangdakpa says:
    ལོ་ 16 སྔོན།

    མ་སྐྱེས་པའི་ཨ་མྱེས་སམ་ཨ་མྱེ་ལགས།ལྐོག་ནས་དུག་མདའ་འཕེན་པ་ལས་གདོང་ལ་བུད་ནས་ཁ་གསལ་གཏིང་གསལ་བྱས་ན་ཅི་འདྲ་རེད།གོང་གི་ཁོ་བོའི་མཆན་དེ་དང་རི་སྤྱང་སྔོན་མོར་བཏབ་པའི་མཆན་དེས་ཁྱེད་ཚོར་མ་བདེ་བ་བྱུང་པ་འདྲ།

    Reply
  24. jamyangdakpa says:
    ལོ་ 16 སྔོན།

    ཕོ་མོ་གང་ཡིན་མི་ཤེས་པའི་རྟོག་སད་པ་ཚྭ་ཁུ་ལགས།ང་ལ་ཁྱེད་ཀྱིས་གདེང་ཚད་བྱས་པ་མཐོ་དྲག་སོང༌།ང་ནི་མི་ལོ་དུ་མར་མི་གྲལ་ལ་མི་ཚུད་པའི་མི་ཞིག་ཡིན་པས་དེའི་ལབ་རྡོལ་ལ་རྒོལ་བའི་གཏམ་ཞིག་ཟིན་བྲིས་སུ་བཏབ་རིན་ཅི་ལ་ཡོད།ཁྱེད་ཀྱིས་གོང་དུ་སྐུ་ངལ་ལ་མ་འཛེམ་པ་མང་པོ་ཞིག་བྲིས་འདུག་པར་ཕྲན་ནས་བཀླགས་ཁུལ་བྱས་མོད།ཕྲན་རང་སྦྱོང་བ་ཞན་དྲག་པ་དང་ཉིད་ཀྱི་རྩོམ་ཁ་དམ་དྲག་པས་གསལ་བོ་ཞིག་གོ་མི་ཐུབ་མོད།མདོར་དྲིལ་ན་ཁྱེད་ཀྱིས་གུས་པའི་མཆན་འཁྱལ་དེར་ཡིག་ནོར་མང་བ་དང་སྡེབ་སྦྱོར་མི་མཛེས་པ།ད་དུང་ཁོ་བོའི་ཀླད་པ་རྗེས་ལུས་ཡིན་པར་གསུང་བཞིན་པར་འདྲ།ལོས་བདེན་ཁོ་བོ་ཅག་ཆུ་ཚད་དམན་པ་དང་མྱོང་བ་ཞན་པས་སྐྱོན་དེ་དག་ཡོད་ངེས།ཡིན་ཡང་ཉིད་ཀྱི་མཆན་དེའི་ཕྱེད་ཀ་ནི་ཁོ་བོའི་མཆན་འཁྱལ་དེ་རེད་འདུག་པས་རྒྱ་ལ་རྗེས་སུ་ཟིན་བྲིས་སུ་སྤེལ་རྒྱུ་རེད་ནའང་རྩོམ་སྤུས་དག་ཅིག་བྲིས་ནས་སྤེལ་རོགས་གནང༌།མཆན་དེ་སྤེལ་ན་ཁྱེད་ལ་གནོད་བསྐྱལ་རྒྱུ་མ་ཟད་དུས་བབ་ཚང་ལའང་མིང་ཆད་འབྱུང་ངེས།དེ་ཙམ་གྱིས་ཅི་ཚད་མཆན་འཁྱལ་དེའི་བདག་དབང་ཀྱང་ཁོ་བོར་ཡོད་པས་ཉིད་ངའི་རྩར་རྩོམ་སློང་དུ་འོང་དགོས་ཐུག་ངེས།གལ་སྲིད་ཁྱེད་ཀྱིས་རྩོམ་སྤུས་དག་ཅིག་བྲིས་ནས་སྤེལ་ན་འཁོལ་དུ་དབྱུང་དགོས་པའི་རིགས་མཆིས་ཚེ་ངའི་རྩ་ནས་ཆོག་མཆན་ཞུ་མི་དགོས་པར་ཁྱེད་ཀྱིས་དགྱེས་བཞེས་གནང་རོགས།ཡང་ཉིད་ཀྱིས་ལུང་ཚན་དང་ས་ཆ་གང་གི་མི་ཡིན་མིན་ཞིག་བཤད་འདུག་མོད་དེ་ནི་མི་དགོས་པའི་ལས་ཞིག་ལ་ཞུགས་པ་ཡིན་པས་སྐྱུར་བར་རིགས་ཏེ་མཁས་པས་འཆུག་ན་འདོམ་གང་ཡིན་པས་སོ༎ལར་ཁྱེད་ཅག་གིས་གཙུག་ཏུ་བཀུར་བཞིན་པའི་ནུབ་ཕྱོགས་པའི་མཁས་པ་ཞིག་གིས་ཀྱང་བྱུང་ན་བརྩམས་ཆོས་དང་རྩོམ་པ་པོ་གཉིས་ཐ་དད་དུ་ལྟ་ཐུབ་ན་རབ་ཡིན་གསུང་ཡོད་ཚད་འདུག། ཡིག་ཚོགས་མང་སོང་བས་དགོངས་དག

    Reply
  25. རོང་སྲས་རྨེ་འོད says:
    ལོ་ 16 སྔོན།

    ད་ཡིན་ན་བུ་རྟགས་བཞག་འདུག་སེར་བྱེས་དགེ་བསྐོས་ལགས་ཀྱིས་སྲོལ་རྒྱུན་གྱི་ལྕགས་དབྱིག་བཙན་པོའི་ཁ་གཏད་དུ་འགྲེང་འདུག། ང་ལྟ་བུའི་གྲྭ་རྐྱང་གཉོམ་ཆུང་དག་གིས་བཀུར་འོས་བའི་དགེ་བསྐོས་ཞིག་སླེབས་སོང་ཧ་ཧ་དེ་རིང་ནས་བཟུང་རང་དབང་གི་འཁོར་ཡུག་ཅིག་ནས་བག་ཕེབས་ཀྱིས་འཛིན་སྐྱོར་སྦྱང་ལ་འབད་རྒྱུ་ལས་སུ་དང་གང་ལ་ཡང་ཞེ་སྣང་སྐྱེས་མི་དགོས་བའི་དུས་ཚིགས་ཅིག་ལོངས་སུ་སྤྱོད་ཐུབ་པའི་རེ་བ་ཡོད་གི

    Reply
  26. ཨ་མྱེ says:
    ལོ་ 16 སྔོན།

    ཝ་ཡེ་jamyangdakpaཁྱོད་ད་དུང་གཉིད་ཁོས་འདོད་དམ་བློ་དྲང་མོ་བྱོས།་་སྐུ་ཕྱོགས་འདིའི་གནས་ཚུལ་གལ་ཆེན་འདི་ལ་རྒྱབ་སྐྱོར་མི་བྱེད་དོན་ཅི་ཡིན།་་་་ཁྱོད་ནོར་འདུག་ཁྱོད་ཀྱིས་གལ་སྲིད་ཁས་མི་ལེན་ན་ཁྱོད་ལ་ངས་སྐྱོན་ཐེར་འདོན་བྱེད་རྒྱུ་ཡིན

    Reply
  27. ཨ་མྱེ says:
    ལོ་ 16 སྔོན།

    འདི་ངོ་མ་ཚབ་ཆེན་ཞིག་རེད།་་འདི་འདྲའི་འཚེ་་བའི་ལས་ཞིག་སྟོན་པ་ཐུགས་རྗེ་ཅན་གྱི་དགོངས་པ་གང་ནས་ཡིན་རྒྱ་གར་གྲུབ་ཆེན་ཚོས་རིགས་ལམ་ལས་རྙེད་པ་ཡང་མིན་ལ་བོད་ཀྱི་སྔོན་མཁས་གྲུབ་ཀྱིས་བཞེད་ཡང་མིན།་་་སྐུ་དྲག་གི་དྲི་ངན་དེས་བསླད་ཞུགས་པ་རེད།་་་དུས་ཚོད་འདི་འདྲ་ཞིག་ལ་ནད་ངན་ད་དུང་འདུག་་་་ཕྱོགས་རེས་ཀྱིས་མིག་མ་སྒྲུབ་པར་ཡང་དང་ཡང་དུ་དཔྱོད།

    Reply
  28. ཚྭ་ཁུ། says:
    ལོ་ 16 སྔོན།

    ཕྲན་ལ་ཟིན་བྲིས་ཤིག་མེད་པའི་གོང་གི་བསམ་ཚུལ་དེ་ཟིན་བྲིས་སུ་འགོད་མཁན་ཞིག་ཡོད་ན་འགོད་རོགས་ཞེས་རེ་སྐུལ་ཞུ།

    Reply
  29. ཚྭ་ཁུ། says:
    ལོ་ 16 སྔོན།

    ཁོ་པོའི་་སེམས་ཀྱི་ན་ཚ་ཕྱིར་མངོན་པ་འདི་ལྟར༼དགེ་འདུན་དབྱེ་འབྱེད་ཀྱི་ལས་རྩོམ་བཞིན་ཡོད་ལ་ཚགས་པར་དང་ཟིན་བྲིས་སོགས་སུ་རྩོམ་ཡིག་བྱུང་རྒྱལ་དུ་སྤེལ་དེ་ད་ནི་དགེ་འདུན་པ་ཚོའི་སྣང་ངོར་ཚགས་པར་ཁང་ཞིག་ནས་རེད་ཟེར་དུས་ཅུང་ལྟ་སྟངས་མི་ལེགས་པ་ཞིག་འཛིན་བསྡད་པ་ཆགས་འདུག།༽ཅེས་ཡིག་ནོར་གྲངས་མེད་ཅིག་དང་མཉམ་དུ་འབྲི་ཁུལ་བྱས་འདུག དུས་རབས་ཉེར་གཅིག་པའི་ནང་དུ་ཚགས་ཤོག་དང་དུས་དེབ་ལ་སྡིགས་མཁན་ཞིག་ཡོད་ན་དེ་ནི་རང་མཚང་ངོམ་པ་ལས་ཅི་ཡང་མ་མཆིས་སོ།

    Reply
  30. ཚྭ་ཁུ། says:
    ལོ་ 16 སྔོན།

    ་གོང་དུ་གདོང་དམར་གྱི་བུ་དང་ཨ་རིག་དགེ་མཐོང་། ཤེལ་དཀར་བློ་བཟང་སོགས་མང་བོ་ཞིག་གིས་བསམ་ཚུལ་རྒྱས་པར་གསུངས་འདུག་མོད། དེའི་འོག་ཏུ་མི་ཤེས་པའི་མགོ་བོ་རྨོངས་ཤིང་ཕྱོགས་ཞེན་གྱིས་ལུས་པོ་བཟི་བའི་རང་གི་མིང་བོད་ཡིག་སྟེང་འབྲི་མི་ཤེས་མཁན་དཔེར་ན་མིང་དབྱིན་སྐད་དུ་jamyangdakpa ཟེར་བ་འདིས་ཚིག་གི་བདེ་སྦྱོར་མི་ལེགས་ཤིང་དོན་གྱི་བརྗོད་གནད་མ་གོ་བར་དོན་མེད་དུ་དགེ་འདུན་དབྱེ་འབྱེད་ལས་ལ་བརྩོན་གྱིན་འདུག་ཅེས་ཁ་ཕོ་ཆེན་པོ་སྒྲོག་ན་ཡང་དོན་གྱི་ཤད་ཅིག་གཅིག་ཀྱང་འཇོག་མི་ཤེས་པ་འདི་ཁྱེད་ཅག་བློ་གཟི་བོར་གནས་པ་དག་གིས་གཟིགས་དང་བཤམ་ནས་བཞག་འདུག གོང་དུ་བླུན་རྨོངས་པ་འདིའི་ཡིག་ནོར་མ་བཅོས་པར་ཀུག་རྟགས་བཞག་ནས་འདྲེན་རྒྱུ་ཡིན།
    ༼རེད་དེ་གང་དུ་བཞག་ཀྱང་མི་འཕྲོད་པའི་ཟུར་གསུམ་པ་སྐོར་ཞིག་གིས་རྟག་ཏུ་ལས་སྣེ་མོ་གང་ཞིག་གིས་མི་འགྲིག་ཚུལ་དང་མ་འཐུས་ཚུལ་བཤད་དེ་དགེ་འདུན་དབྱེ་འབྱེད་ཀྱི་ལས་རྩོམ་བཞིན་ཡོད་ལ་ཚགས་པར་དང་ཟིན་བྲིས་སོགས་སུ་རྩོམ་ཡིག་བྱུང་རྒྱལ་དུ་སྤེལ་དེ་ད་ནི་དགེ་འདུན་པ་ཚོའི་སྣང་ངོར་ཚགས་པར་ཁང་ཞིག་ནས་རེད་ཟེར་དུས་ཅུང་ལྟ་སྟངས་མི་ལེགས་པ་ཞིག་འཛིན་བསྡད་པ་ཆགས་འདུག།༽ཅེས་བྲིས་འདུག་ལ། ཁོ་པོའི་ཤད་འཇོག་མི་དགོས་ས་༼ འཛིན་བསྡད་པ་ཆགས་འདུག།༽ཅེས་པ་འདི་ལ་གཟིགས་དང་མཁྱེན་ངེས་ཡིན། འོན་ཀྱང་ཤད་འཇོག་དགོས་པ་དཔེར་ན་ ༼ རེད་དེ་གང་དུ་བཞག་ཀྱང་མི་འཕྲོད་པའི་ཟུར་གསུམ་པ་སྐོར་ཞིག་གིས་རྟག་ཏུ་ལས་སྣེ་མོ་གང་ཞིག་གིས་མི་འགྲིག་ཚུལ་དང་མ་འཐུས་ཚུལ་བཤད་དེ་དགེ་འདུན་དབྱེ་འབྱེད་ཀྱི་ལས་རྩོམ་བཞིན་ཡོད་ལ་ཚགས་པར་དང་ཟིན་བྲིས་སོགས་སུ་རྩོམ་ཡིག་བྱུང་རྒྱལ་དུ་སྤེལ་དེ་ད་ནི་དགེ་འདུན་པ་ཚོའི་སྣང་ངོར་ཚགས་པར་ཁང་ཞིག་ནས་རེད་ཟེར་དུས་ཅུང་ལྟ་སྟངས་མི་ལེགས་པ་ཞིག་འཛིན་བསྡད་པ་ཆགས་འདུག།ཡིན་ཡང་ཁོ་ཚོར་ཡང་ལྟ་བ་གསར་པ་ཞིག་དང་ལངས་ཕྱོགས་གསལ་བོ་ཞིག་ནི་མེད་པའི་ཚད་ན་འདུག་སྟེ་གཏམ་བཤད་ཚ་ཚ་འུར་འུར་སྤེལ་མཁན་ཞིག་བྱུང་ན་ཁྱི་བཞིན་དེའི་རྗེས་སུ་འབྲངས་འགྲོ་ལ་ཅུང་ཙམ་སོ་སོའི་ལྟ་བ་དང་མི་མཐུན་པ་ཞིག་བྱུང་ན་དོལ་ཚོགས་དང་རྒྱ་མིའི་གསང་ཉུལ་སོགས་བོད་ལ་ཤ་ཚ་བའི་མི་སུས་ཀྱང་མི་འདོད་པའི་རྒྱན་ཆ་གང་གཡོགས་ཐུབ་ཐུབ་བྱེད་ཆོག།༽ཅེས་པ་འདིས་ཁོ་རང་ས་ཕྱོགས་གང་ནས་ཡིན་གསལ་བར་བསྟན་འདུག དེའི་ཕྱིར་འདི་ཚོ་ད་དུང་ལོ་ངོ་གང་མང་ཞིག་ལ་མི་གྲལ་ལ་སླེབས་ཐུབ་ཀི་མ་རེད་ཅེས་ངས་ཁ་ཚོད་བཅད་ནས་བཤད་ཐུབ། རང་གི་བོད་ཡིག་ཙམ་ཡང་འབྲི་མི་ཤེས་ཤིང་སྤྱི་ཚོགས་ཀྱི་སྐྱོན་དག་ཀྱང་མིག་གིས་མི་རིག་པར་ཞར་ནས་བསྡད་པ་ཞིག་རེད། འདི་ཚོ་དྲ་ཐོག་ལ་ཡོང་དུས་དང་པོ་ནས་ས་ཕྱོགས་གང་ཡིན་དང་ལུང་ཚན་གང་ཡིན་ཧ་གོ་རུ་བཅུག་ཀྱིན་འདུག་ལགས་ན། རྩོམ་རིག་ལ་བྱང་ཆུབ་པ་དག་གིས་གུ་ཡངས་ཐེངས་ཤིག་གཏོང་རོགས། ད་དུང་མིག་ཞར་བཞིན་དུ་ཤེས་ཡོན་པའི་གྲལ་དུ་འཚང་ན་ཁྱེད་ཅག་གི་སྙུག་རྩེ་ནས་སྨད་དམྱལ་བར་གཡུགས་རྒྱུ་མཁྱེན་མཁྱེན།

    Reply
  31. jamyangdakpa says:
    ལོ་ 16 སྔོན།

    རེད་དེ་གང་དུ་བཞག་ཀྱང་མི་འཕྲོད་པའི་ཟུར་གསུམ་པ་སྐོར་ཞིག་གིས་རྟག་ཏུ་ལས་སྣེ་མོ་གང་ཞིག་གིས་མི་འགྲིག་ཚུལ་དང་མ་འཐུས་ཚུལ་བཤད་དེ་དགེ་འདུན་དབྱེ་འབྱེད་ཀྱི་ལས་རྩོམ་བཞིན་ཡོད་ལ་ཚགས་པར་དང་ཟིན་བྲིས་སོགས་སུ་རྩོམ་ཡིག་བྱུང་རྒྱལ་དུ་སྤེལ་དེ་ད་ནི་དགེ་འདུན་པ་ཚོའི་སྣང་ངོར་ཚགས་པར་ཁང་ཞིག་ནས་རེད་ཟེར་དུས་ཅུང་ལྟ་སྟངས་མི་ལེགས་པ་ཞིག་འཛིན་བསྡད་པ་ཆགས་འདུག།ཡིན་ཡང་ཁོ་ཚོར་ཡང་ལྟ་བ་གསར་པ་ཞིག་དང་ལངས་ཕྱོགས་གསལ་བོ་ཞིག་ནི་མེད་པའི་ཚད་ན་འདུག་སྟེ་གཏམ་བཤད་ཚ་ཚ་འུར་འུར་སྤེལ་མཁན་ཞིག་བྱུང་ན་ཁྱི་བཞིན་དེའི་རྗེས་སུ་འབྲངས་འགྲོ་ལ་ཅུང་ཙམ་སོ་སོའི་ལྟ་བ་དང་མི་མཐུན་པ་ཞིག་བྱུང་ན་དོལ་ཚོགས་དང་རྒྱ་མིའི་གསང་ཉུལ་སོགས་བོད་ལ་ཤ་ཚ་བའི་མི་སུས་ཀྱང་མི་འདོད་པའི་རྒྱན་ཆ་གང་གཡོགས་ཐུབ་ཐུབ་བྱེད༎

    Reply
  32. ཨརྱ། says:
    ལོ་ 16 སྔོན།

    མཆན་འདེབས་པ་དག་གིས་བསམ་བློ་བཏང་ནས་སྐད་ཆ་བཤད་དགོས་འདུག་མ་གཏོགས་ཁར་གང་བྱུང་ལྟ་བུ་བཤད་ན་ཕན་ལས་གནོད་ཆེ་ངེས་རེད། གོང་དུ་གཅིག་གིས་ཟབ་སྦྱོངས་སྤྲད་དགོས་འདུག་གསུངས་པ་ལྟར་རམ་ཡང་ན་གདན་ས་ཁག་གི་དགེ་སྐུལ་རྣམས་ལ་ལྷན་ཚོགས་ཤིག་བསྡུ་ཐུབ་ན་དགེ་མཚན་ཆེ་ས་རེད། དེ་འདྲ་ཞིག་ཚོགས་ཐུབ་ན་སེར་མོ་བའི་སྤྱི་འཐུས་དེ་དག་ཀྱང་གདན་འདྲེན་བྱས་ན་ཡག་པོ་རེད་སྙམ། དེ་ལས་ང་ཚོར་ཐོབ་འོས་པ་ཞིག་ལ་རེ་བ་ཡོད་ངེས།

    Reply
  33. གནས་ཚང་། says:
    ལོ་ 16 སྔོན།

    རྒྱ་གར་གཞུང་ལ་ཁྲིམས་གཏུགས་དང་འཛམ་གླིང་ལ་མཉམ་བསྒྲགས་བྱེད་རྒྱུ་ལས་རང་འགུལ་ཅན་གཅིག་ཀྱང་ཡོད་པ་མ་རེད། ད་ཡིན་ན༼ཞི་བའི་ནང་ཆོས༽དེ་བཞིན༼དྲག་པོའི་ནང་ཆོས༽འགྱུར་བཞིན་པས། ནང་བ་ཡིན་ན་ཞི་བ་ཡིན་པའི་མ་ཁྱབ་པའི་ཁར། ཞབས་འདྲེན་ཁོ་ན་ཡིན་པ་གསལ་བོ་རེད།

    Reply
  34. མཛོད་བུ། says:
    ལོ་ 16 སྔོན།

    ཁ་བ་དཀར་པོས་ཅི་ཞིག་བཤད་ཀྱིན་འདུག དགེ་བསྐོས་བཙན་པོ་ཟེར་བའི་དེབ་ཅིག་སུ་གཅིག་གི་མིག་ལམ་དུ་མ་གྱུར་བ་ནུས་པ་ཐོན་པ་དེ་ཡ་མཚན་རེད། དེ་སྤྲུལ་སྐུའི་བྱིན་རླབས་ཤིག་ཡིན་རྒྱུ་རེད།

    Reply
  35. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    ས་གནས་རྒྱ་གར་ཉེན་རྟོག་པར་གཏུགས་ན་ཐབས་ལམ་ཡག་ཤོས་རེད། ང་ཚོ་བོད་ལ་ཕྱི་ནས་གཞན་གྱིས་བཅོས་སྒྱུར་བྱེད་དགོས་པ་ལས་ནང་ནས་རང་གི་སྒྱུར་མི་ཐུབ་པ་འདྲ།

    Reply
  36. མཛོད་བུ། says:
    ལོ་ 16 སྔོན།

    གནས་ཚུལ་འདི་ཐོག་མར་སྒྲོག་མཁན་ང་རང་ཡིན་པས་ཆ་ནས་གླེང་སློང་དང་བསམ་ཚུལ་བརྗོད་མཁན་ཚོར་ཐུགས་རྗེ་ཆེ་ཞུ།
    ང་ཚོས་འདི་ལྟར་བྱས་ན་ད་གཟོད་ཀླད་པ་རྙིང་བའི་མཁྲེགས་འཛིན་རང་ལུགས་མེད་པར་བཟོ་ཐུབ་རྒྱུ་རེད།
    ད་དུང་དུས་བབ་ཚང་གིས་སེར་བྱེས་དགེ་བསྐོས་ལགས་སུ་བཅར་འདྲི་བྱས་བ་བརྒྱུད་གཅར་རྡུང་བྱས་པའི་གྲྭ་རྐྱང་དེའི་ཤ་གསོན་པོ་སྟེང་ཁྲག་དམར་པོའི་རྐང་རྗེས་ཕབས་པ་ཡོད་པ་འགྲེམས་སྟོན་བྱས་པ་འདིས་རྫུན་རྒྱབ་རྫུན་ལང་བྱེད་པ་རེ་ཟུང་ཡོད་པ་ཡང་མངོན་སུམ་ལ་བསྙོན་མི་ནུས་པའི་གནས་དམ་པ་དེར་བསྐྱལ་ཚར་བས་སྙིང་ཐག་པ་ནས་་ཐུགས་རྗེ་ཆེ་ཞུ།

    Reply
  37. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    ཚིག་ལྷག
    དེ་ཡང་མ་གཏོགས་་
    དེ་མ་གཏོགས་་་་

    Reply
  38. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    དགེ་མཐོང་ལགས་ཀྱི་སྐད་ཆ་དེའི་དོན་མ་སོང་། རབ་འབྱམས་པ་ཉི་མས་བྲིས་པའི་དགག་ལན་དང་པོ་དེ་ཡང་མ་གཏོགས་ངས་མཐོང་མ་སོང་། དང་པོའི་ནང་དུ་ཕལ་མོ་ཆེ་ཞིག་རང་སྣང་གང་དྲན་དང་གྲྭ་རྐྱང་ཚོ་ལ་སྙིང་རྗེ་མེད་པའི་གདུག་རྩུབ་ཀྱི་གཅར་རྡུང་དགོས་ལུགས་རྐྱང་རྐྱང་གིས་ཁེངས་འདུག་པས། ཁོང་གིས་ལོ་དེ་སྙེད་ཅིག་ལ་ནང་པའི་ཆོས་གཞུང་ལ་སྦྱངས་པའི་འབྲས་རྟགས་འདི་འདྲ་ལ་བསམས་ནས་བློ་ཕམ་ཏོག་ཙམ་བྱུང་། དེ་མ་གཏོགས་ཁོང་དང་ངེད་གཉིས་ཀྱི་བར་ནས་རྒྱལ་ཕམ་རྩོད་རྒྱུ་ཅང་མེད། གཉིས་ཀས་སྤྱི་དོན་ཞིག་གླེང་གི་ཡོད་ནི་རེད།

    Reply
  39. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ཁ་བ་དཀར་པོ་ལགས་ཁྱེད་ཀྱིས་བསམ་ཚུལ་བྲིས་པ་འདི་མཐོང་དུས་ཁྱེད་འདི་ཡང་ཁོག་རྒྱ་ཅུང་ཆུང་བ་ལྟ་བུའི་ཚོར་སྣང་ཞིག་སྤྲད་སོང་། ཁྱེད་ཀྱི་རྩོད་ཟླ་དེའི་མིང་ལ་རབ་འབྱམས་པ་དགེ་འདུན་ཉི་མ་དང་ཁོང་ད་ལྟ་དགེ་བཤེས་མིན་པ་དང་ལྷག་པར་ད་ལོ་ནས་བཟུང་དགེ་ལུགས་རྒྱུགས་སྤྲོད་ལ་གསར་དུ་འགྲོོ་གི་ཡོད་མཁན་ཞིག་ཡིན་པ་ཐུགས་འཇགས་འཚལ།

    Reply
  40. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་དང་ཀློག་པ་པོ་ཚང་མ་ལ་ཞུ་རྒྱུ་ཞིག་ལ་དེང་སྐབས་དགོན་སྡེ་དང་གདན་ས་ཁག་གི་དགེ་འདུན་པ་དག་ལ་རྟ་ལྕག་གིས་གཞུ་བ་ལྟ་བུའི་ཉེས་ཆད་གཅོད་པ་དེ་དུས་རབས་ཀྱི་འགྲོས་དང་བསྟུན་ཏེ། ཅུང་ཙམ་མཚམས་འཇོག་བྱས་ཡོད་མོད། ཁ་སང་དེ་རིང་བརྡ་འཕྲིན་བརྒྱུད་ལམ་དུ་བོད་ཡིག་བཀོལ་སྤྱོད་ཤུགས་ཆེན་པོ་གཏོང་ཐུབ་པ་ལ་བརྟེན་ནས་གནས་ཚུལ་གང་ཡིན་ཡང་ལམ་སེང་དྲ་ཐོག་དང་ཚགས་ཤོག་སྟེང་སླེབས་ནས་མི་མང་གིས་ཧ་གོ་བ་རེད། དེ་རིང་གྲྭ་ཕྲུག་འདིའི་ལུས་ཐོག་གི་རྨ་ཤུལ་དེ་ཙམ་ཆེན་པོ་རེད་མི་འདུག ༡༩༩༣ ནས་༢༠༠༦ བར་དུ་དགེ་བསྐོས་དང་ཆབ་རིལ་དག་གིས་གཅར་རྡུང་ཁྱེད་ཅག་གིས་རིག་ན་ཧང་སང་ཞིང་ཧོར་འཐོར་བ་ཞིག་ཡིན། དེ་དུས་མི་མང་གི་གོ་རྟོགས་མ་ཟད་པ་དང་ལྷག་པར་དེང་སང་ལྟར་ལམ་སེང་དྲ་ཐོག་ཏུ་འགོད་ས་ཞིག་མི་རག འགོད་ཤེས་མཁན་གྱི་གྲྭ་བ་ཞིག་ཀྱང་དཀོན་པོ་རེད། ན་ནིང་དོ་ཚིགས་དུས་བབ་དང་ཁ་བརྡ་བོད་ཀྱི་བང་ཆེན་ལྟ་བུ་མང་བོ་ཞིག་དར་ཁྱབ་ཏུ་སོང་བ་ལ་བརྟེན་ནས་ལམ་སེང་གནས་ཚུལ་གང་བྱུང་ཀློག་པ་པོ་དག་གི་སྤྱན་ལམ་དུ་བསྟར་ཐུབ་ཀྱིན་ཡོད་རེད། འོན་ཀྱང་དེ་རིང་གི་གྲྭ་ཕྲུག་འདིའི་ལུས་སྟེང་གི་རྨ་ཤུལ་ཅུང་ཙུང་མིག་གིས་རིག་ན་མི་བཟོད་པ་ལྟ་བུ་ཡིན་ཡང་། སྔོན་མ་དག་གི་དགེ་བསྐོས་དང་ཆབ་རིལ་ལྟ་བུའི་གཅར་རྡུང་དེ་རིག་ན་དངོས་གནས་འདི་ཚོ་རྒྱ་དམར་པོ་ལས་ཀྱང་སྡུག་གི་བསམ་པ་ཞིག་དྲན་ངེས་ཡིན། ཡིན་ནའང་ལོ་རེ་ནས་ལོ་རེ་ཡག་རུ་འགྲོ་བཞིན་འདུག་ལ། ན་ནིང་ལས་ད་ལོའི་དགེ་བསྐོས་དང་ཆལ་རིལ་གྱིས་གཅར་རྡུང་བྱེད་ཀྱིན་མི་འདུག ད་ཕལ་ཆེར་རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས་དང་དགེ་བསྐོས་བཀྲ་ཤིས་ཚེ་ཐར་གཉིས་ཀྱི་བཀའ་དྲིན་ལས་མཚམས་གཅོད་ཐུབ་རྒྱུའི་རེ་བ་འདུག སེར་བྱེས་གྲོས་ཚོགས་ཀྱི་འཐུས་མི་དག་གིས་ཀྱང་ཐུགས་བསམ་ཡག་པོ་ཞིག་བཞེས་ནས་དགོན་པ་གྲྭ་ཚང་ལ་མཚན་སྨད་དུ་མི་འགྲོ་བ་ཞིག་བཟོ་རྒྱུ་ང་དང་ང་འདྲ་བའི་ཆོས་གྲོགས་དག་གིས་རེ་བ་ཉག་གཅིག་ཡིན།

    Reply
  41. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    དྲ་གྲོགས་ཚང་མས་ལུགས་སྲོལ་རྙིང་པ་མེད་པར་བཟོས་ཏེ་དུས་རབ་དང་མཐུན་པའི་བསྒྱུར་བཅོས་དགོས་སྐོར་གསུངས་པ་བདེན་པ་རེད། འོན་ཀྱང་ཚོགས་པ་ཆེན་པོ་ཞིག་གི་ནང་ཁམས་དང་མོས་པ་མི་འདྲ་བ་མང་དག་ཅིག་དང་། མི་རིགས་འདྲ་མིན། ཀུན་སྤྱོད་བཟང་ངན། དཔལ་འབྱོར་གྱི་གནས་ཚད། ལུས་ཀྱི་གནས་སྟངས་སོགས་མི་འདྲ་པ་དུ་མ་ཡོད་སྟབས་དེ་དང་མཐུན་པའི་སྒྲིག་ཁྲིམས་ས་བརྟན་ཡོང་བ་བྱེད་རྒྱུར་བསམ་ཚུལ་སྤེལ་གནང་ན་ག་འདྲ་འདུག
    གོ་ཐོས་ལ་ཨ་མ་རྗེ་བཙུན་པདྨས་བོད་ཕྲུག་རྣམས་ལ་ཉེས་རྡུང་གཏང་མི་ཆོག་པའི་ཁྲིམས་ལུགས་བཟོས་པ་ནས་བཟུང་སློབ་གྲྭ་གཞན་དག་ལས་རྡ་སྟེང་བོད་ཁྱིམ་ཀུན་སྤྱོད་ཞན་པ་འདུག་ཅེས་སྤྱི་ཚོགས་ནང་ཁྱབ་འདུག གལ་ཏེ་སྔ་མོའི་ལུགས་སྲོལ་རྙིང་པ་དོར་དེང་དུས་ཀྱི་ལུགས་སྲོལ་གསར་པ་མ་རྙེད་ན་ཚོགས་པ་ཞིག་རྒྱུའི་ཉེན་ཁ་ཡང་འདུག་སྙམ།

    Reply
  42. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    བྱ་སྤྱོད་འདི་དག་མཐོང་དུས་ངའི་སྙིང་ལ་ན་ཟུག་ཇེ་ཆེ རེད།

    Reply
  43. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    དེ་བཞིན་བོད་ཀྱི་དུས་བབ་དང་ལྗང་རླུང་ཚགས་པར་སྟེང་དུ་ཐེངས་གཉིས་ལ་ངས་དགེ་བསྐོས་བཙན་པོ་ཚོར་བྲིས་པའི་རྩོམ་ཡིག་ལ་དགག་ལན་འབྲི་མཁན་རབ་འབྱམས་པ་ཉི་མ་ཟེར་བའི་དགེ་བཤེས་དབུ་མཁྲེགས་ཁོང་གི་སེམས་ཁོང་དུ་ཡང་རྟོགས་སད་ཀྱི་ཉི་མ་གསར་བ་ཞིག་འཆར་བའི་རེ་བ་ཡོད།

    Reply
  44. ཁ་བ་དཀར་པོ། says:
    ལོ་ 16 སྔོན།

    ད་ནི་ངའི་<<དགེ་བསྐོས་བཙན་པོ་>>ཞེས་པའི་དེབ་དེ་ལ་ནུས་པ་ཞིག་ཐོན་ཐུབ་རྒྱུ་ཡིན་པ་འདྲ།

    Reply
  45. བཙན་པོ། says:
    ལོ་ 16 སྔོན།

    བཙན་པོ་ལགས། ངས་ཁྱེད་ལ་སྔོན་མ་ཞིག་ཡང་བཤད་མྱོང་། སྔོན་མའི་བཙན་པོ་དེ་ཁྱེད་ཡིན་མིན་མི་ཤེས། གང་ལྟར་ངེད་གཉིས་ཀྱི་མིང་གཅིག་ཆགས་འདུག དྲ་ཚིགས་འདིའི་ནང་་་ དང་པོ་མིང་དེ་ངས་བེད་སྤྱོད་བྱས་པ་ཡིན། ཁྱོས་ནས་མིང་འདི་བེད་སྤྱོད་མི་བྱེད་བགྱི་མཁྱེེན།

    Reply
  46. གདོང་དམར་གྱི་བུ། says:
    ལོ་ 16 སྔོན།

    དགོན་པའི་ནང་དགེ་བསྐོས་ཚོས་གཞུང་དོན་ཆེད་གྲྭ་ཕྲུག་ཚོར་རྟ་ལྕག་གཞུ་བའི་གོམས་སྲོལ་ངན་པ་འདི་མེད་པ་བྱེད་དགོས་པ་ཁ་གཅིག་གྲགས་རེད། འོན་ཀྱང་ལུགས་སྲོལ་འདི་ལ་ཁ་བརྡུང་དང་གཤེ་དམོད་དང་། ཡང་ན་དགེ་བསྐོས་ཚོར་སྤྱི་ཚོགས་ཐོག་མིང་འཆད་བཟོ་བ་ཁོ་ནར་བརྟེན་ནས་བསྒྱུར་བཅོས་གཏོང་རྒྱུའི་འབད་བརྩོན་མི་བྱེད་པར། ཐོག་མར་དགེ་བསྐོས་ཚོར་དགོན་པའི་སྒྲིག་གཙོ་ནུས་པ་དང་ལྡན་ཞིང་འཚེ་བ་དང་བྲལ་བ། ལྷག་པར་རྟ་ལྕག་མི་སྤྱོད་པར་དེང་རབས་དང་མཐུན་པའི་དགོན་པའི་སྒྲིག་གཙོ་འཛིན་སྐྱོང་བྱེད་སྟངས་ཀྱི་ཟབ་སྦྱོང་ཞིག་སྤྲོད་ཐུབ་ན་དཔེ་ཡག་པོ་ཡོང་གི་རེད། དེ་མིན་དགེ་བསྐོས་ཚོ་ལའང་སྤྱི་ཚོགས་ཆེན་པོ་ཞིག་འཛིན་སྐྱོང་བྱེད་སྟངས་ཀྱི་ཉམས་མྱོང་ཡོད་པ་མ་རེད། དེའི་ཕྱིར་དགེ་བསྐོས་ཚོས་སྤྱི་ཚོགས་ཆེན་པོ་དེ་ལྟ་བུ་ཞིག་འཛིན་སྐྱོང་བྱེད་མ་ཤེས་པ་རེད། དེའི་ཕྱིར་དགེ་བསྐོས་ཚོར་ཡང་ཁག་ཡང་ཡོད་པ་མ་རེད། དེའི་ཕྱིར་གོམས་སྲོལ་ངན་པ་འདི་ཁ་བརྡུང་ཁོ་ན་ལ་བརྟེན་ནས་བཅོས་བསྒྱུར་བྱེད་རྒྱུའི་འབད་བརྩོན་བྱས་ན་འགྲིག་གི་མ་རེད། འགྲོ་སོང་བཏང་ནས་དགེ་བསྐོས་ཚོར་སྤྱི་ཚོགས་ཆེན་པོ་ཞིག་འཛིན་སྐྱོང་དང་གོ་སྒྲིག་བྱེད་སྟངས་ཐོག་དེང་རབས་དང་མཐུན་པའི་ཟབ་སྦྱོང་སྤྲོད་ས་ཚད་ས་ཡག་པོ་ཞིག་ཚུགས་ཐུབ་ན་ནུས་པ་ཐོན་གི་རེད། མདོར་བསྡུས་ན་དགེ་བསྐོས་ཚོར་སྤྱི་ཚོགས་ཆེན་པོ་ཞིག་འཛིན་སྐྱོང་བྱེད་སྟངས་ཀྱི་སློབ་སྦྱོང་དང་ཉམས་མྱོང་སྤྲོད་མ་མྱོང་བས་ལན་པ་རེད།

    Reply
  47. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བཙན་པོ་ལགས། མི་སེམས་ལ་འདྲེ་ཞུགས་ཟེར་ན་འདི་འདྲ་ལ་ཟེར་བཞིན་ཡོད་ཚོད་རེད། ལྟད་མོ་འདིའི་རིགས་ནི་སྔ་མོ་ནས་དྲ་ཐོག་དེ་རུ་ཡོད་པ་རེད། ཧ་ལས་རྒྱུ་གང་ཡང་ཡོད་པ་མ་རེད། མི་དེ་ཚོས་རིགས་ལ་ཁ་ཡ་བྱེད་པ་ལས་མ་བྱས་ན་ཡག་གི་རེད། རྡོ་སྟེང་དུ་ཆུ་བླུགས་ཀྱང་ཆུ་འཐིམ་མི་སྲིད་པ་ཉིད་ཀྱིས་ཀྱང་མཁྱེན་གསལ་རེད་ལགས།
    ད་འདི་ཚོས་བྱེད་སྟངས་ལ་བསམ་བློ་བཏང་ནས་འོང་དུས། བོད་ཟེར་བ་ནི་ཁོང་ཚོ་ལ་མི་དགོས་པར་འདྲེ་གདོན་ཞིག་ལ་ཚེ་འདི་ཕྱི་ཚང་མ་བཅོལ་རྩིས་ཡོད་སྣང་སྟེར། གལ་སྲིད། བོད་ཀྱི་བདེན་དོན་ཆེད་དུ་ཕན་ངེས་ངེས་པ་ཞིག་ཡིན་ན། འདྲེ་དེ་ཕར་ཞོག སྲུང་མ་དམར་ནག་ཡིན་ཡང་ཕན་མི་ཐོག་ན་གཏོར་དགོས་ཀྱི་ཡོད་པ་རེད།

    Reply
  48. གདོང་དམར་གྱི་བུ། says:
    ལོ་ 16 སྔོན།

    དགོན་པའི་ནང་དགེ་བསྐོས་ཚོས་གཞུང་དོན་ཆེད་གྲྭ་ཕྲུག་ཚོར་རྟ་ལྕག་གཞུ་བའི་གོམས་སྲོལ་ངན་པ་འདི་མེད་པ་བྱེད་དགོས་པ་ཁ་གཅིག་གྲགས་རེད། འོན་ཀྱང་ལུགས་སྲོལ་འདི་ཡང་ཁ་བརྡུང་དང་གཤེ་དམོད་དང་། ཡང་ན་དགེ་བསྐོས་ཚོར་སྤྱི་ཚོགས་ཐོག་མིང་འཆད་བཟོ་བ་ཁོ་ནར་བརྟེན་ནས་བསྒྱུར་བཅོས་གཏོང་རྒྱུའི་འབད་བརྩོན་མི་བྱེད་པར། ཐོག་མར་དགེ་བསྐོས་ཚོར་དགོན་པའི་སྒྲིག་གཙོ་ནུས་པ་དང་ལྡན་ཞིང་འཚེ་བ་དང་བྲལ་བ། ལྷག་པར་རྟ་ལྕག་མི་སྤྱོད་པར་དང་རབས་དང་མཐུན་པའི་དགོན་པའི་སྒྲིག་གཙོ་འཛིན་སྐྱོང་བྱེད་སྟངས་ཀྱི་ཟབ་སྦྱོང་ཞིག་སྤྲོད་ཐུབ་ན་དཔེ་ཡག་པོ་ཡོང་གི་རེད། དེ་མིན་དགེ་བསྐོས་ཚོ་ལའང་སྤྱི་ཚོགས་ཆེན་པོ་ཞིག་འཛིན་སྐྱོང་བྱེད་སྟངས་ཀྱི་ཉམས་མྱོང་ཡོད་པ་མ་རེད། དེའི་ཕྱིར་དགེ་བསྐོས་ཚོར་སྤྱི་ཚོགས་ཆེན་པོ་དེ་ལྟ་བུ་ཞིག་འཛིན་སྐྱོང་བྱེད་མ་ཤེས་རྒྱུ་ཁག་པོ་ཡིན་ངེས་རེད། དེའི་ཕྱིར་གོམས་སྲོལ་ངན་པ་ཁ་བརྡུང་ཁོ་ན་ལ་བརྟེན་ནས་བཅོས་བསྒྱུར་བྱེད་རྒྱུའི་འབད་བརྩོན་བྱེད་མི་རུང་བར། འགྲོ་བཏང་ནས་དགེ་བསྐོས་ཚོར་སྤྱི་ཚོགས་ཆེན་པོ་ཞིག་འཛིན་སྐྱོང་དང་གོ་སྒྲིག་བྱེད་སྟངས་ཐོག་དང་རབས་དང་མཐུན་པའི་ཟབ་སྦྱོང་ཞིག་ཚུགས་ཐུབ་ན་ཡག་པོ་ཡོད་པ་རེད། མདོར་བསྡུས་ན་དགོ་བསྐོས་ཚོར་སྤྱི་ཚོགས་ཆེན་པོ་ཞིག་འཛིན་སྐྱོང་བྱེད་སྟངས་ཀྱི་སློབ་སྦྱོང་དང་ཉམས་མྱོང་མེད་པས་ལན་པ་རེད།

    Reply
  49. བཙན་པོ། says:
    ལོ་ 16 སྔོན།

    དྲ་གྲོགས་རྣམས་པ་ལགས། གཤམ་གྱི་ཁ་བྱང་དག་ལ་གཟིགས་རོགས་གྱིས་དང་། ང་ཚོ་ལ་མཐོང་ཆུང་ག་འདྲ་ཞིག་བྱེད་ཀྱིན་འདུག ལྟད་མོ་དེ་ཚོ་མཐོང་ནས་ང་སྨྱོན་པ་འདྲ་ཞིག་ཆགས་སོང་། ངོ་མ་ཕྱི་རྒྱལ་དེ་དག་གིས་བོད་མི་རྣམས་རྩེ་ཆས་ཤིག་གི་འདུ་ཤས་ལས་བཟུང་མི་འདུག ཨ་ ཧ བོ་ ཤུ་རེ་གོ གདོན་འདྲེ་ཚོགས་པ་འདིས་ང་ཚོ་ལ་མཐོང་ཆུང་བྱེད་རྒྱུང་མང་དྲག་མེད་ན་ཉུང་གཏད་ནས་མེད།

    http://www.youtube.com/watch?v=Tg8K7-UK5Kw
    http://www.youtube.com/watch?v=E8PXbEzdBuk
    http://www.youtube.com/watch?v=IYaDnbAQz2g

    Reply
  50. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    འདི་ནི་དངོས་ནས་བཟང་ཕྱོགས་ལ་འགྱུར་བ་འགྲོ་བཞིན་པའི་རྟགས་མཚན་ཞིག་རེད། ཉེས་བརྡུང་གི་ལས་ཀ་དེ་དག་དངོས་ནས་མཚམས་བཞག་ན་ཧ་ཅང་ཡག་པོ་འདུག་ལ། དེའི་ཚབ་དུ་ཉེས་ཆད་གཅོད་སྟངས་ཀྱང་གོང་ནས་གསུང་བ་ལྟར་བྱས་པ་ཡིན་ན་རང་གཞན་གཉིས་ཕན་ཟེར་བ་དེ་རེད་འདུག

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese