མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་བྱུང་ཁོར་ཡུག་དང་ང་ཚོའི་བར་ཐག་གླེང་བ། བཀྲ་ཤིས་བཟང་པོ།

བོད་ཀྱི་དུས་བབ།
༢༠༠༩/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

(རྭ་རྒྱ)མགར་རྩེ་བཀྲ་ཤིས་བཟང་བོ།

གཤམ་དུ་བཀོད་པའི་༼ རང་བྱུང་ཁོར་ཡིག་དང་ང་ཚོའི་བར་ཐག་གླེང་བ ༽ ཞེས་པའི་བོད་འབྱོར་རྩོམ་ཡིག་འདི་ནི། ད་ལོའི་སྤྱི་ཟླ་གསུམ་པའི་ནང་མགོ་ལོག་རྭ་རྒྱ་དགོན་པར་དོན་རྐྱེན་བྱུང་སྐབས། རྒྱ་གཞུང་གི་གཉའ་གནོན་དང་བརྙས་བཅོས་འཁུར་མ་འདོད་པར་རྨ་ཆུར་མཆོངས་ཏེ། རང་ཤི་བརྒྱབས་ཟིན་པའི་སྐུ་གཤེགས་དམ་པ་དགེ་འདུན་པ་བཀྲ་ཤིས་བཟང་པོ་ལགས་ཀྱིས་སྤྱི་ལོ་ ༢༠༠༨ ལོའི་ཟླ་ ༦ ཚེས་ ༥ ཉིན་གྱི་འཛམ་གླིང་ཁོར་ཡུག་ཉིན་མོ་དང་བསྟུན་ཏེ་བརྩམས་པ་ཞིག་ཡིན་འདུག་ལ། དེ་རིང་སྔ་དྲོ་རྭ་རྒྱ་བློ་དབང་ལགས་ཀྱིས་གསར་རྙེད་བྱུང་བའི་འདས་པོ་བཀྲ་ཤིས་བཟང་པོའི་སྐུ་པར་ཞིག་དང་ལྷན་དུ་འདི་ག་གསར་ཁང་ལ་མཁོ་སྤྲོད་བྱས།

 

མདོ་དབུས་མཐོ་སྒང་ནི་འཛམ་གླིང་རང་བྱུང་ཁོར་ཡུག་གི་གཙུག་རྒྱན་དམ་པ་དང་གླང་ཆེན་ཨེ་ཤ་ཡའི་ལྷོ་རྒྱུད་ན་མངོན་པར་མཛེས་པའི་གཞིས་ཁྱིམ་ཡིན། གནས་དེའི་དགེ་མཚན་ནི་རྣམ་པར་བཀྲ་ཞིང་རྨད་དུ་བྱུང་ལ་ {བཀའ་གདམས་གླེགས་བམ} ལས། ཤར་རྡོ་རྗེ་གདན་གྱི་ལྷོ་ཕྱོགས་ན། གནས་པུར་རྒྱལ་བོད་ཀྱི་རྒྱལ་ཁམས་ཡོད། རི་མཐོན་པོ་གནམ་གྱི་ཀ་བ་ཡོད། མཚོ་དམའ་མོ་གཡུ་ཡི་མན་དྲལ་ཡོད། གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། སྤང་སེར་བོ་གསེར་གྱི་ལྷུན་པོ་ཡོད། དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། སྟོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། དབྱར་བཀྲ་བ་གཡུ་ཡི་མེ་ཏོག་ཡོད། ཅེས་དང༌། { ཏུན་ཧུང་གཏེར་ཡིག} ལསཀྱང༌། གནམ་ཀྱི་དབུས། སའི་ནི་དཀྱིལ། གླིང་ནི་སྙིང་བོ། གངས་ཀྱི་ནི་ར་བ། ཆུ་བོ་ཀུན་གྱི་མགོ་བོ། རི་མཐོ། ས་གཙང༌། ཡུལ་བཟང༌། མི་མཛངས་ཤིང་དཔའ་རུ་སྐྱེས། ཆོས་བཟང་དུ་བྱེད། རྟ་མགྱོགས་སུ་འཕེལ་བའི་གནས། ཞེས་བསྔགས་ཡུལ་དུ་གྱུར་བའི་གནས་མཆོག་འདི་ནི་འཇིག་རྟེན་གྱི་དག་ཞིང་གཅིག་པུར་གྱུར་ཡོད། གནས་དེར་འཚར་ལོང་བྱུང་བའི་བོད་པ་དག་ནི་ཡ་རབས་ཚུལ་མཐུན་དང་ལོ་རྒྱུས་གྱི་ཆུ་རྒྱུན་རིང་བའི་གནའ་བོའི་མི་རིགས་ཤིག་ཡིན་ལ༌། ཟུངས་ཁྲག་གི་བཞུར་རྒྱུན་གངས་ཁྲོད་ནས་ཡལ་མ་མྱོང་ཞིང་རིག་གནས་ཀྱི་མ་ལག་ཆ་ཚང་བའི་རྒྱལ་ཁམས་ཤིག་ཀྱང་ཡིན།

 

དེའི་ཕྱིར་མི་རྣམས་རང་བཞིན་གྱིས་རང་བྱུང་ཁོར་ཡུག་གི་མཛེས་ལྗོངས་ལ་དགའ་ཞེན་ནམ་མོས་པ་བྱེད་པའི་གོམས་གཤིས་དེ་མིའི་སེམས་ཁམས་ལ་རྒྱུན་འབྱམས་སུ་སོང་བའི་བག་ཆགས་ཟབ་མོ་ཞིག་ཀྱང་ཡོད་དེ། ཅིའི་ཕྱིར་ཞེ་ན། (པད་མ་བཀའ་ཐང)ལས། ང་ནི་གླུ་ཡི་རྒྱལ་བོ་ཕྲེང་འཛིན་གྱི། གཅུང་བོ་ཀླུ་རྒྱལ་གཙུག་ན་རིན་ཆེན་ཡིན། བོད་ཀྱི་རི་ཆེན་བཞི་དང་མཚོ་ཆེན་བཞི། གནམ་སའི་བདག་པོ་ང་ཡིན་གཞན་དུ་མིན། ཞེས་དང་ནམ་མཁའ་ལ་བྱ་རྒྱ། ཆུ་བོ་ལ་ཉ་རྒྱ། བར་སྣང་ལ་རླུང་རྒྱ། ས་གཞི་སྔོགས་རྒྱ། རི་ལུང་དུ་རྔོན་རྒྱ། ནགས་ཚལ་དུ་ཤིང་རྒྱ་སོགས་ནི་བོད་མི་ཡོངས་ཀྱི་གཟི་བརྗིད་དུ་ངོམ་ནས་གནས་རི་དང་བླ་རི་སོགས་གང་བྱུང་དུ་རི་དྭགས་མི་རྔོན་པ། རྩི་ཤིང་གཅོད་འབྲེག་དང་ས་རྐོ་རྡོ་སློག་མི་བྱེད་ལ། རང་བྱུང་ཆུ་མིག་དང་དྭངས་གཙང་ཆུ་བོ་གང་ཡིན་ལ་རྫས་ངན་མི་འདོར་བ་དང་། དམར་ཟས་དང་སློག་ཧྲིལ་སོགས་སྦགས་བཙོག་ཏུ་བྱས་ཚེ། ལྷ་ཀླུའི་གནོད་པ་འབྱུང་ཞིང་རྨ་སྐྲང་ཞ་འཁུམ་གྱི་ནད་རིགས་དང༌། བཀྲ་མི་ཤིས་པའི་རྟགས་མཚན་སྣ་ཚོགས་འབྱུང་བར་གོ་ནས་འཛེམ་དོགས་བྱས་ཏེ། སྐྱེ་དངོས་དོ་མཉམ་པར་བརྩོན་ལེན་བྱེད་ལ། དེ་ནི་བདག་རྐྱེན་གཞན་སྨོན་གྱི་མཐུན་སྦྱོར་དུ་བགྲངས་ནས་ཕྱི་ནང་གི་བདེ་སྐྱིད་མ་ལུས་པ་རང་བྱུང་ཁམས་ཆེན་པོའི་འབྱུང་ཁམས་དོ་སྙོམས་ལ་འབྲེལ་བ་དམ་ཟབ་ཡོད་ལ། ང་ཚོ་དང་འབྲལ་ཐབས་ཡེ་ནས་མེད་པ་ཞིག་ཡིན་པར་མང་དུ་བཤད་ཅིང༌། བོད་ཀྱི་གསོ་རིག་བྱེད་པོ་གཡུ་ཐོག་ཡོན་ཏན་མགོན་པོའི་(མན་ངག་རྒྱུད་)ལས། འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ། གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ལས་བསྐྱེད། གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། ལུས་ཅན་གཉེན་པོ་བདག་ཉིད་གཅིག་པུར་འབྲེལ། ཞེས་དང༌། ཡང་འགོས་ནད་གདུག་པ་ཅན་ཕལ་ཆེར་ནི་འབྱུང་ཁམས་གཏོར་སྐྱོན་དང་སྦགས་བཙོག་ལས་བྱུང་བ་ཡིན་ཏེ། དེ་ཉིད་ལས། ས་གཉན་སློག་ནས་སྤང་ཐང་ཞང་དུ་འདྲུད། ཆུ་གཉན་དཀྲུགས་ནས་ནེའུ་གསེང་རྫིང་དུ་བསྐྱིལ། ཤིང་གཉན་གཅོད་ཅིང་རྡོ་གཉན་རྩ་བ་འདེགས། མི་གཙང་འཐབ་གཞོབ་ཤན་་དམར་འཇོག་ཉོག་སྤྱོད། བསྐལ་བའི་ཆ་ཉམས་འབྱུང་བའི་བཅུད་ཤོར་བའི། མི་རྣམས་ཟ་ཐིང་བྲི་ནས་དབུལ་བོར་འགྱུར་ཞེས་ཁོར་ཡུག་དང་ང་ཚོའི་བར་ཐག་ནི་ཆེས་ཆེར་ཉེ་ཞིང་དེ་ལ་བདག་ལས་གཞན་གཅེས་དང༌། ལྟ་སྤྱོད་གཙང་མའི་འཚེ་མེད་ཞི་བདེར་གནས་དགོས་པའི་གོམས་གཤིས་དེ་ང་ཚོ་ཕྱི་རབས་པའི་སེམས་ཀྱི་བདེ་སྐྱིད་དུ་བསྐྲུན་ཡང༌། ད་ཆར་མིའི་རིགས་དག་གིས་ཁོར་ཡུག་འདིའི་དགེ་མཚན་དང་རིང་རུ་གྱེས་དེ་མི་རབས་གཅིག་གི་ལོངས་སྤྱོད་ཁོ་ནར་སྤྱད་ནས་རང་རང་གི་ཁེ་ཕོག་རྐྱང་རྐྱང་ལ་མགོ་འཐོམ་པ་འདི་རང་བྱུང་ཁོར་ཡུག་དང་ང་ཚོའི་བར་ཐག་ལ་ཇི་འདྲའི་སྐྱི་གཡའ་ཞིང་འཇིགས་ཡེར་བ་ཞིག་བསྐྱེད་དང་སྐྱེལ་བཞིན་པས་བློ་ལྡན་སུ་ཞིག་ཐུགས་མི་སྐྱོ་ཨང༌། དེ་ལས་ཀྱང་བརྡ་འཕྲིན་ཚན་རྩལ་གྱིས་ཁོར་ཡུག་སྦགས་པའི་དུས་རབས་གཉིས་ཀྱི་དཀྱོགས་མཚམས་སུ་ཡུལ་གྲུ་ཀུན་ནའགྲན་རྩོད་དང་ཆགས་སྲེད་ཀྱིས་རབ་ཏུ་མྱོས་ཏེ་རི་བོའི་ཁུངས་བྲུས། གཙང་གསུམ་མགོ་སློག བརྟན་ཅིང་བརླིང་བའི་རི་བྲག་རྨང་ནས་བཤིགས། རི་སྐྱེས་སྲོག་ཆགས་ཤུལ་མེད་བཏང་བ་དག་གི་དབང་གིས་རང་བྱུང་ཁོར་ཡུག་གིས་གྱེས་བརྡ་བཏང་སྟེ་ཆར་ཆུ་དུས་སུ་མི་འབབས་པ། ལོ་ཕྱུག་རྟག་ཏུ་མི་ལེགས་པ། སྤང་ལྗོངས་བྱེ་ཐང་དུ་གྱུར། ཆུ་བོ་གྲམ་ཐང་དུ་གྱུར། རྨ་རྒྱལ་གངས་ཀྱི་རི་བོ་གངས་ཉིལ་བྱུང་བ། རྨ་ཆུའི་སྟོད་རྒྱུད་ནས་ཉིན་བཅུ་དྲུག་ལ་ཆུ་རྒྱུན་ཆད་པ་སོགས་དུས་བཞི་གོ་ལྡོག་པའི་རྟགས་མཚན་འདིས་མཚོན།

 

འུ་ཅག་ལ་ལྟས་ངན་གྱི་སྣ་འདྲེན་བསྟུད་མར་འོང་བཞིན་པ་སྨད་དུ་རྒྱ་མཚོ་འཕྱུར་ཚད་དང་འབྱུང་ཁམས་འཁྲུགས་པའི་འཇིགས་སྐུལ་བཏང་ཚུལ་བློ་ཡུལ་ལས་འདས་མོད། ༢༠༠༧ ལོའི་ལོ་མཇུག་དང ་༢༠༠༨ལོའི་ལོ་མགོར་ཀྲུང་གོའི་ཞིང་ལྗོངས་ཁ་ཤས་ཏེ་དབྱར་དགུན་དོ་སྙོམས་ཀྱི་ས་ཆར་ཁ་བ་བསྟུད་མར་བབས་རྐྱེན་མི་རྒྱུ་གཉིས་ཀར་འཇིགས་སྣང་དང་གྱོང་གུད་ཆེན་པོ་བྱུང་བ་གསར་འགྱུར་དང་བརྡ་འཕྲིན་གང་དུའང་གསལ་བསྒྲགས་བྱས་པ་འདི་བརྒྱུད་དེ། མཐར་འུ་ཅག་ལ་ཡང་ངེས་ཟིན་ཅུང་ཙམ་རེ་ཐེབས་ཨེ་ཡོད་སྙམ་ལ། གནས་ཚུལ་འདི་དག་གི་འོག་བདག་ལའང་སུན་འབྱིན་གྱི་རྣམ་པ་གློ་བར་བ་ཞིག་སྐྱེ་པ་ནི་གཙང་གསུམ་མགོ་ཁུངས་གཙོ་བྱས་པའི་མཐོ་སྒང་གི་ཡུལ་གྲུ་ཀུན་ན་འཕྱུར་བའི་འཇིགས་རུང་གི་རྣམ་པ་དེ་མིག་ལམ་དུ་བསྟར་ཡོང་ལ། དེ་ནི་གཏེར་ཁ་སྔོག་འདོན་དང་ནུབ་ཕྱོགས་གསར་བརྗེ་དེ་རེད། ཛ་དྲག་ཆེ་བའི་འཕོ་འགྱུར་འདིས་བོད་པ་ཚོ་གནས་སྐབས་ཀྱི་ཁེ་ཕོགས་ཙམ་ལ་འཁོར་ན་ཚེ་སྲོག་གི་རིན་ཐང་མ་ལུས་པ་རྩིས་མེད་དུ་བཏང་བའི་མཇུག་འབྲས་ཚ་ཡེར་བ་དེ་འབྱུང་བར་ཐེ་ཚོམ་མེད་དོ།།

 

ཀྱེ་ཀྱེ་རིགས་མཐུན་ཚོ། ངས་འདི་ལྟར་ཆོ་ངེ་དང་སྨྲེ་ངག་འདོན་དོན་ནི། བོད་གངས་ཅན་གྱི་ཁྱད་ནོར་སྟེ། ལོ་ངོ་ཁྲི་ཕྲག་མང་བོའི་བཞུད་ལམ་རིང་བའི་བོད་པ་ཚང་གི་ཕ་མེས་ཡང་མེས་ནས་ང་ཚོ་ལ་བརྒྱུད་སྤྲོད་བྱས་པའི་འཚོ་གནས་ཆེན་པོ་སྟེ། རི་མཐོ་ས་གཙང་གི་ཕ་ས་འུ་ཅག་གི་དུས་འདིར་ནོར་བུའི་ནོར་ངོ་མ་ཟིན་པར་ཁོང་སྟོང་དུ་གྱུར་ན་འུ་ཚོའི་བུ་རབས་ཚ་རྒྱུད་ཀྱི་འཚོ་སྡོད་ཙམ་གང་ནས་བྱེད། འདི་ལྟར་ལྷ་སྒྲུང་དུ་གྱུར་ནའང་ཕངས་སེམས་དང་འགྱོད་གདུང་མེད་པའི་སྐྱེས་བོ་དག ང་ཚོའི་རང་སྣང་གང་ཤར་གྱི་བྱ་སྤྱོད་འདི་དག་གི་ཉམས་ཉེས་ལ་ཞུགས་ཚེ། རྗེས་རབས་པ་ཚོར་ཇི་ལྟར་འཚོ་གནས་ཀྱི་ཁྱིམ་གཞི་ཞིག་རྩིས་སྤྲོད་བྱ། ཀྱེ་མ་ཀྱེ་ཧུད། སྐྱི་གཡའ་བའི་མཇུག་འབྲས་དེ་ཇི་འདྲའི་ལྕི་ཞིང་སྙིང་དུ་མི་གཟན་ནམ། བོད་པའི་གཏམ་དཔེར་ཡང༌། ཡ་ཐོད་ན་མིག་དང་ཡ་ཆུང་ན་སེམས་ཤིག་ཡོད་ན། འུ་ཅག་གི་བྱས་ཉེས་ལ་བསམ་གཞིགས་ཤིག་གཏོང་རོགས་དང༌། ང་ཚོ་འཚོ་སྡོད་བྱེད་སའི་ས་སྒང་རིལ་མོ་འདིའི་ཁོར་ཡུག་ལ་འདི་ལྟར་རྨ་ཁ་གཏོས་ཆེ་བ་ཞིག་བཟོས་རྐྱེན། ཡ་ང་ཞིང་འཇིགས་རུང་གི་མྱ་ངན་ཐང་ཞིག་ཏུ་འགྱུར་བར་ཐག་མི་རིང་བ་ངས་མགྲིན་པ་གཟེངས་སུ་བཏེགས་ཏེ་བརྗོད་ཐུབ་ལ། རང་བྱས་ངན་པའི་རྣམ་སྨིན་རང་གཞན་ཀུན་གྱིས་མྱོང་བ་ནི་བཤོལ་དུ་མེད་པ་ཞིག་ཡིན། བོད་ཀྱི་གཏམ་དཔེ་ལྟར། ལྷོ་འཛམ་བུ་གླིང་གི་ས་ཆ་ན། ལས་སྔ་དྲོ་བྱས་ན་ཕྱི་དྲོ་སྨིན་ཞེས་དང༌། ཡང་བསམ་སྦྱོར་གཞན་ལ་རྩུབ་པས་ན།། རྣམ་སྨིན་རང་ལ་འཁོར་ནས་ཡོང་།། ཞེས་ཀྱང་གདམས་ངག་མང་དུ་གནང་བ་འདི་ལ་ཅི་འདྲའི་དོན་སྙིང་ཡོད་པ་ལ་འང༌། འོན་ཏེ་སློབ་སྟོན་འདི་དག་ལས་འུ་ཚོར་དངོས་གནས་བློ་སྒོ་ཞིག་ཕྱེས་ཡོད་དེ། རྒྱུན་དུ་མིའི་རིགས་ཀྱིས་ཤེས་ཚོར་མེད་པར་རང་བྱུང་ཁམས་ཀྱི་སྐྱེ་དངོས་དོ་སྙོམས་ལ་གཏོར་བཤིགས་བཏང་བས། བསམ་ཡུལ་ལས་འདས་བའི་མཇུག་འབྲས་ཐོབ་པར་ངེས་ཞེས་ཐ་ཚིག་བསྒྲགས་ཡོད་ལ། ང་ཚོའི་འཚོ་གནས་ཀྱི་འཁོར་ཡུག་འདིའི་ནང་ཁོར་ཡུག་ནི་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོ་བའི་རང་བྱུང་རྣམ་གྲངས་དང༌། མིས་བཟོས་བསྒྱུར་བཅོས་བྱས་རྗེས་ཀྱི་རང་བྱུང་རྒྱུ་རྐྱེན་སྤྱི་ཁོག་ཅིག་ཡིན་ཞིང༌། དེའི་ནང་རླུང་ཁམས་ཆེན་པོ་དང་ཆུ། རྒྱ་མཚོ༌། ས་ཞིང༌། གཏེར་ཁུངས། ནགས་ཚལ། རྩྭ་ཐང༌། གདོད་མའི་སྐྱེ་དངོས། རང་བྱུང་རྗེས་ཤུལ། སྤྱི་ཚོགས་རྗེས་ཤུལ། རང་བྱུང་སྲུང་སྐྱོབ་ཁུལ། (གྲགས་ཅན་ཡུལ་ལྗོངས་ཁུལ་ལ་ཟེར) ཞེས་དོན་མཐུན་གྱི་གནས་ལུགས་ཤིག་ང་ཚོའི་རྒྱབ་རྩར་དཔྱངས་ཡོད་ལ། ང་ཚོས་ཀྱང་ཐེག་ཐེག་ཀླད་པའི་གཙུག་དང་མི་ཐེག་ཕྲག་པའི་ཁེས་སུ་ཐེག་དགོས་ཏེ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་ཆེན་ཡོངས་ནས་གསེར་ཕྱེ་སོགས་སྔོག་འདོན་བྱེད་མི་ཆོག་པའི་སྐོར་གྱི་བརྡ་ཐོ་དོན་ཚན་བདུན་གྱི་ནང་ཚན་དུ་བཀག་རྒྱ་དམ་པོ་བཞག་ཡོད་པ་ནི་འུ་ཅག་ཀུན་གྱི་འཚོ་བའི་མེ་ལོང་དུ་བསྐྲུན་ཡོད་ལ། རང་བྱུང་ཁོར་ཡུག་གི་སྐྱེ་དངོས་དོ་སྙོམས་ལ་གཏོར་སྐྱོན་བཏང་རྗེས་བསྐྱར་དུ་སླར་གསོ་བྱ་རྒྱུ་ཧ་ཅང་དཀའ་ཞེས་ཚན་རིག་པའི་ཀྱང་། ཞིབ་འཇུག་མཐའ་འཁྱོལ་བ་བྱས་པའི་འབྲས་རྟགས་སོ། གནད་དོན་འདི་དག་ལ་ཚ་འདྲི་ཞིག་བྱས་ཚེ་མིག་ཅན་བརྒྱ་ཡིས་བལྟ་མི་ཕོད་ཅིང༌། ཡུལ་ཅན་བརྒྱ་ཡིས་བསམ་ཕོད་མེད་པ། ལྕེ་ཅན་བརྒྱ་ཡིས་གླེང་ཕོད་མེད་པའི་ཉེན་ཁར་བཅར་བའི་གནས་སུ་གྱུར་ཡོད་པ་རེད། དེ་བས་རང་སེམས་ལ་སྐོར་བ་ཞིག་དང་རང་ལུས་ལ་མདུད་པ་ཞིག་རྒྱོབ་དང་འདི་ནི་ང་ཚོ་ཐུན་མོང་གིས་ངེས་པར་སྲུང་དགོས་པའི་གནད་དམ་པ་ཞིག་ཏུ་འཁུམས་སོ།

 

མཇུག་མཐར་བྱང་ཕྱོགས་གངས་རིའི་ཞིང་ཁམས་ཀྱི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་མ་ལུས་པར་འཚེ་མེད་ལམ་གྱི་འོད་སྣང་འཕྲོས་ཏེ། སླར་ཡང་འཇིག་རྟེན་གྱི་དཔྱིད་དཔལ་གཙང་མ་བསུ་ཐུབ་པར་རེ་སྨོན་ཁྲི་ཕྲག་ཀློང་ཡངས་ནས་བོད་ས་བྱི་ལོའི་འཛམ་གླིང་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉིན་མོ་སྟེ། ཟླ ༦ པའི་ཚེས ༥ གཞིས་འཛོམས་ཉིན་མའི་གླིང་དུ་རིགས་མཐུན་ཁྱུ་ཚོགས་ལ་མོས་པའི་གླེང་བརྗོད་འདི་འབྲི་ཁུལ་བྱས་སོ།།

འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌།།    འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌།།

བདེ་ལེགས་ཕུན་སུམ་ཚོགས་པ་དང༌།།      ཡིད་ལ་འདོད་པ་ཀུན་འགྲུབ་ཤོག།

 

 

འབྲེལ་ཡོད་གསར་འགྱུར།

དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

སྐར་མ ༣༤ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༣ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠

མཆན། 5

  1. ཐེ་བོ་ཤེས་རབ་རྒྱ་མཚོ། says:
    ལོ་ 17 སྔོན།

    མཐོ་སྒང་ན་འགུལ་གྱིན་པའི་ལོ་རྒྱུས་གསོན་པོ་འདིས་ཁྱེད་དང་ཁྱེད་ཅག་གཏན་ནས་བརྗེད་མི་སྲིད།
    ཨོྃ་མ་ཎི་པདྨེ་ཧཱུཾ།
    འདི་ནི་ངས་ཁྱེད་དང་ཁྱེད་ཅག་ལ་ཕུལ་བའི་སྨོན་ལམ་ཡིན།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    རྒྱ་གྲོ་བ་ལགས། ཁོང་ནི་བོད་མི་རིགས་ཀྱི་ཆེད་དུ་གཤེགས་ཟིན་པའི་དབའ་བོ་ཞིག་ཡིན་པ་ཉིད་ཀྱིས་མ་ཤེས་པ་འདྲ།

    Reply
  3. རྒྱ་གྲོ་བ། says:
    ལོ་ 17 སྔོན།

    དཔའ་བོ་བཀྲིས་བཟང་པོ་ལགས་ཀྱི་དུང་སེམས་འདི་ལྟར་མངོན་པར་དངོས་གནས་སེམས་སུ་འཆུད་མ་ཐུབ་པའི་ཕངས་སེམས་ཤིག་སྐྱེས། ཁྱེད་ནི་དངོས་གནས་བོད་མི་རིགས་རིག་གཞུང་ཙམ་མ་ཟད་ད་དུང་ཡང་བོད་ཀྱི་ཡུལ་ལྗོངས་ཀྱི་ཁོར་ཡུག་ལ་ཐུགས་འཁུར་ཆེ་ཞེས་གནང་མཁན་ཞིག་ཡིན་པར་གུས་ནས་དེ་རིང་ཧ་གོ་བར་ཁྱེད་ལ་དེ་བས་ཀྱང་སེམས་གཏིང་ནས་ཆེ་བསྟོད་ཞུ། ཁྱེད་གང་དུ་གནས་ཀྱང་མུ་མཐུད་དུངས་སེམས་ཆེ་ཆེར་ངང་གནས་པར་གནང་རོགས།་

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བཀྲ་བའི་སེམས་གཤིས་དྭངས་མོའི་སྟོབས་ཤུགས་དེས།།
    ཤིས་ཚིག་བོད་དུ་བསྟར་ནས་ཕེབས་རྗེས་སུ།།
    བཟང་ངན་དབྱེ་ཐག་ཀུན་ལ་བསྒྲགས་པ་ནི།།
    པོ་ཏི་ཁྲི་སྟོང་བརྩམས་ལས་གཟི་བརྗིད་ཆེ།།

    Reply
  5. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    འདི་ལྟར་ཁོང་དང་ཁོང་གི་བརྩམས་ཆོས་དག་རིག་ན་ཡ་ཆུང་ཁོག་ལ་ཟུག་གཟེར་ཞིག་གིས་གཅུན་གིན་འདུག འདས་པོ་ཁོང་ལ་ང་ཚོའི་སེམས་གཏིང་ནས་རྗེས་དྲན་བྱེད་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese