མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

གནའ་ཤུལ་ཉམས་གསོ།

བོད་ཀྱི་དུས་བབ།
༢༠༠༩/༠༨/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༢༤ ཉིན་ཀྲུང་གོའི་བོད་ལྗོངས་དྲྭ་རྒྱས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་དང། སྙན་གྲགས་ཆེ་བའི་ལོ་རྒྱུས་ཀྱི་ས་ཚིགས་ཁག་སྲུང་སྐྱོབ་གོང་སྤེལ་སླད་དུ་ལས་གཞི་སྤེལ་ཡོད་པ་དང། དེ་དག་གི་ཁྲོད་དུ་འདས་པའི་ལོ་བདུན་གྱི་རིང་པོ་ཏ་ལ་དང། ནོར་གླིང་སྐལ་བཟང་ཕོ་བྲང། ས་སྐྱ་དགོན་པ་བཅས་གསུམ་ལ་བཟོ་བཅོས་ཀྱིས་ཟླ་འདིའི་ཚེས་ ༢༣ ཉིན་ཉམས་གསོའི་ལས་གཞི་མཇུག་བསྒྲིལ་ཡོད་ཅིང། དེ་ཉིན་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་རྟེན་འབྲེལ་གྱི་མཛད་སྒོ་ཞིག་ཀྱང་ཚོགས་ཡོད་འདུག ཐེངས་འདིའི་ལས་གཞི་དེ་ནི་རྒྱ་ནག་གི་གནའ་ཤུལ་ས་ཚིགས་སྲུང་སྐྱོབ་ཀྱི་ལས་གཞིའི་ཁྲོད་ལས་གཞི་རྒྱ་ཆེ་ཤོས་དེ་ཡིན་ཞིང། དེའི་ཐོག་ཏུ་མ་རྩ་དང་འཕྲུལ་བཟོའི་ཡོ་བྱད་བེད་སྤྱོད་མང་ཤོས་དེ་བྱས་ཡོད་འདུག བོད་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་བྱམས་པ་ཕུན་ཚོགས་ཀྱིས་ལོ་ ༥ འཆར་གཞི་ཐེངས་ ༡༡ པ་འདིའི་ཐོག་ཏུ་རྒྱ་ནག་གཞུང་ནས་བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་ས་ཚིགས་ཁག་ ༢༢ ལ་ཉམས་གསོ་དང། སྲུང་སྐྱོབ་བྱ་སླད་དུ་ཨ་སྒོར་ས་ཡ་ ༧༣ ཙམ་འགྲོ་གྲོན་གཏང་རྒྱུའི་ཆོག་མཆན་སྤྲད་ཡོད་ཚུལ་བརྗོད་ཡོད་འདུག་ཅིང། གང་ལྟར་ཡང་ཐེངས་འདིའི་ས་ཚིགས་ཉམས་གསོའི་འགྲོ་གྲོན་ལ་གཞིགས་ན། པོ་ཏ་ལ་དང་ནོར་གླིང་སྐལ་བཟང་ཕོ་བྲང་གི་ཉམས་གསོའི་ཆེད་དུ་ཨ་སྒོར་ས་ཡ་ ༤༣།༩ དང། ས་སྐྱ་དགོན་པའི་ཆེད་དུ་ཨ་སྒོར་ས་ཡ་ ༡༣།༩ བཏང་ཡོད་པ་དང། ཁྱོན་ལས་མི་ ༡༨༩།༠༠༠ ཙམ་ཡོད་འདུག

མཆན། 5

  1. དྲ་རྒྱའི་དོ་དམ་པ། says:
    ལོ་ 13 སྔོན།

    བསེ་རུ་ལགས། ཐུགས་ཁུར་གནང་བ་ཡག་བྱུང་། བཟོ་བཅོས་བརྒྱབས་ཡོད་ལགས།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 13 སྔོན།

    རྒྱ་འདི་བ་ཚང་གི་ཀ་ར་སྟེར་སྲིད་ཀྱང་། ད་ནི་ཟ་འདོད་ཀྱི་ཡི་ག་མི་འདུག་པ་མ་ཟད། རྒྱའི་ཀ་ར་ཟེར་དུས་སེམས་ལ་དོགས་པ་ཞིག་ཡོང་གི་འདུག ད་ནི་རྒྱ་འདི་བ་ཚང་གི་གང་ཞིག་བཤད་ཀྱང་མི་རིགས་གཞན་དག་གིས་ཡིད་ཆེས་བྱེད་སྲིད་ཀྱང་། ང་ལྟ་བུའི་བོད་པ་གླེན་པ་དག་གིས་ཡིད་ཆེས་བྱེད་མི་སྲིད་པ་ཡིན།

    Reply
  3. བསེ་རུ། says:
    ལོ་ 13 སྔོན།

    ང་རང་རྗེས་ལུས་ཐེབས་སོང་།
    རྩོམ་སྒྲིག་པ་ལགས།
    གསར་འགྱུར་གི་ཁ་བྱང་བརྗེ་རོགས།
    ཉམ་གསོ་མ་རེད། ཉམས་གསོ་རེད།

    Reply
  4. འབྲོག་རུ་ཆོས་གྲགས། says:
    ལོ་ 13 སྔོན།

    རྒྱ་གཞུང་གིས་གང་ཐུབ་ཐུབ་ཀྱི་བོད་ཀྱི་རྒྱལ་ས་ལྷ་སར་འཛུགས་བསྐྲུན་གང་མང་མང་བྱེད་ཀྱིན་ཡོད་པ་དེར་རྒྱབ་ལྗོངས་མཐུག་པོ་ཞིག་བསྐྲུན་བཞིན་ཡོད་པ་རེད་བསམ་གི། དེ་མ་གཏོགས་ཁོང་ཚོ་དངོས་གནས་བོད་ཀྱི་གནའ་རབས་རིག་གནས་ཤུལ་བཞག་ལ་ཤ་ཚ་བ་དང་སྙིང་ཉེ་བ་ཞིག་གཏན་ནས་མ་རེད། ཁོང་ཚོས་གནའ་རབས་རིག་གནས་ས་ཚིགས་ཁག་ལ་འཛུགས་བསྐྲུན་གསར་བ་བཟོས་ན་དེའི་མཇུག་འབྲས་ཁོང་ཚོ་ལ་དབང་བའི་ཆེད་དུ་རེད།

    Reply
  5. སྦྲ་དཔལ་ལྡན། says:
    ལོ་ 13 སྔོན།

    ཡང་བྱམས་པ་ཕུན་ཚོགས་ཀྱིས་ང་ཚོ་བཙོང་གི་མེད་ན་ཡག་པོ་རེད། རྒྱ་ནག་གིས་བོད་ཐོག་ལ་སྒྲོ་ལོ་ས་ཡ་ཁ་ཤས་བཏང་བ་ཡ་མཚན་དགོས་པ་ཞིག་མ་རེད། ཉེ་སྔོན་བདག་གི་རྒྱ་ནག་གི་གསར་འགྱུར་ཞིག་ལས་དེ་འདྲ་ཞིག་མཐོང་སོང་། ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། རྭ་མོ་ཆེ་ ནོར་གླིང་ཕོ་བྲང་སོགས་ལས་ཡུལ་སྐོར་སྤྲོ་འཆམ་པའི་ལག་ནས་སྒྲོ་ལོ་ས་ཡ་མང་བོ་ཡོང་གི་ཡོད་པ་དེ་དག འུ་ཚོ་བོད་མི་ཚོའི་ཁ་ནང་དུ་ཆུ་ཐིག་ཙམ་ཞིག་ཡོང་གི་ཡོད་པ་མ་རེད།

    Reply

Leave a Reply to བོད། ཤ་ཁྲག་རུས་གསུམ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist