མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབྲོག་པ ༥༠༠༠༠ གནས་སྤོ།

བོད་ཀྱི་དུས་བབ།
༢༠༠༩/༠༨/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༢༥ ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་འདས་ལོ་ནས་ད་བར་འབྲོག་པ་ཁྱོན་ ༥༠།༠༠༠ ལྷག་འབྲོག་ཁུལ་ནས་གྲོང་ཁྱེར་ནང་གནས་སྤོས་ཟིན་ཅིང། དེའང་དམིགས་ཡུལ་གཙོ་བོ་འབྲོག་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དང། ལྷག་པར་གོ་ལའི་ཚ་དྲོད་ཀྱི་རྐྱེན་པས་བོད་ཀྱི་འཁྱགས་རོམ་རིམ་བཞིན་ཞུ་བཞིན་པ་དང་། རྨ་ཆུ་དང་། འབྲི་ཆུ། རྫ་ཆུ་གསུམ་གྱི་ཆུ་བོའི་འབབ་རྒྱུན་ཡང་ཉམས་རྒུད་འགྲོ་བཞིན་ཡོད་པར་བརྟེན། མ་འོངས་པར་རྒྱ་གར་གཙོས་པའི་ཉེ་འཁོར་གྱི་རྒྱལ་ཁབ་ནང་དུ་ཆུ་ལོག་གི་གནོད་སྐྱོན་དང། ཆུའི་དཀའ་ངལ་མི་འབྱུང་སླད། བདག་གཅེས་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུ་ཡིན་འདུག་ཅིང། ད་བར་གྱི་གནས་སྤོས་ཟིན་པའི་འབྲོག་མི་རྣམས་ལ་རྒྱ་གཞུང་ནས་སློབ་ཁང་དང། ཁང་པ་གསར་རྒྱག་བྱས་པ་དང་ལྷན། ལག་ཤེས་ཀྱི་ཟབ་སྦྱོང་སྤྲད་དེ་མ་འོངས་པར་ཚོང་འབྲེལ་གྱི་ལམ་ནས་མི་ཚེ་བསྐྱལ་རྒྱུ་ཡོང་བར་འབད་རྩོན་བྱེད་ཀྱི་ཡོད་ཚུལ་བཀོད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༡༢ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༡༣ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༡༣ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༣ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 7

  1. གངས་རི་སྐྱབས། says:
    ལོ་ 17 སྔོན།

    གུང་ཁྲན་ཏང་།
    ངེད་ཕ་བུ་ཚོ།
    གནའ་ནས་ད་བར།

    Reply
  2. གངས་རི་སྐྱབས། says:
    ལོ་ 17 སྔོན།

    ད་གུང་ཁྲང་ཏང་གིས་ང་འཆི་གི་འཇུག་རྒྱུ་མ་རེད། ཟོག་ཆོ་ལག་ནས་བླངས་དང་ན་ངེད་ཕ་བུ་ཚོས་ཅི་ཞིག་གིས་འཚོ་དགོས་ནི་རེད། ངེད་ཚང་གི་ཕ་རིང་བུ་རྒྱུད་ལ་གསོག་གསོག་པོ་ཁྱེར་སོང་ན། ད་ངེད་ཕ་བུ་ཚོར་རྩམ་སྐྱ་ར་འགམ་རྒྱུ་མེད་ནོ་འདི་རེད།
    ད་ནང་སྔ་ནས་སྦྲ་རྒན་ནག་ལྡང་ལྟེབ་དང་ངེ་གྲོང་ཁྱེར་ཟེར་བའི་ཟ་ངེ་ཟིང་ངེ་ཞིག་ནང་དུ་འཁྲིད་འགྲོ་རྒྱུ་ཡིན་ས་རེད། ཨ་ཤུ་རེ་གོ། ངའི་བྱིས་པ་ཚོ་མ་གཏོགས། ང་ད་འཆི་མ་རན་སྐྱིད་ཀི་ཅང་མེད། ད་འདི་ཚང་གིས་གནའང་ནས་ད་བར་ལས་རྒྱུ་ཐམས་ཅད་པོ་ལས་ཡོད། ཨ་ཤུ་རེ་གོ

    Reply
  3. འཇམ་དཔལ། says:
    ལོ་ 17 སྔོན།

    འབྲོག་པ་ཚོ་གྲོང་ཁྱེར་ནང་གནས་སྤོས་བྱེད་བཅུག་པ་དེའི་སྣ་སྔ་མོའི་བོད་ཀྱི་ལུས་གསོལ་གོམ་གཞིས་དེའི་ཚོ་རྩ་ལྷག་གཏང་རྒྱུ་དང་བོད་མི་ཚང་མ་ལས་མེད་བཟོ་རྒྱུའི་ཆ་གཞིས་རེད་དྲན་གྱི་འདུག་

    Reply
  4. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    འབྲོག་པ་ཚོ་གྲོང་ཁྱེར་ནས་བྲན་གཡོག་གི་འཚོ་བ་རོལ་རྒྱུ་ལས་བྱ་བཞག་གཞན་གང་ཡང་རྒྱུ་མེད།རྒྱ་གདོན་འདི་ཚོ་ལ་ངོ་མས་ལས་རྒྱུ་འབྲས་ཟེར་བ་མི་འདུག

    Reply
  5. བཛྲ says:
    ལོ་ 17 སྔོན།

    མཁྱེན་ལྡན་རྣམ་པ་ང་དེ་རིང་དྲ་གནས་འདིར་ཐེངས་དང་པོ་ཡིན་པས་ཐོག་མར་དྲ་གྲོགས་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  6. བདེ་བ་ཅན། says:
    ལོ་ 17 སྔོན།

    འབྲོག་པ་གནས་སྤོ་བྱ་བའི་འཆར་གཞིའི་འདིའི་ཐད་དྲང་ཕྱོགས་ཀྱི་གནས་ཚུལ་ཕྲན་བུ་ཡོད་སྲིད་ཀྱང་། དེའི་ནང་རྒྱ་ནག་གཞུང་གིས་ས་གནས་དེ་དག་ཏུ་གཏེར་ཁ་བསྔོག་འདོན་བྱ་རྒྱུའི་ཆེད་འབྲོག་པ་ས་གནས་ནས་གནས་སྤོ་བྱ་བཅུག་གི་ཡོད་པ་དང༌། དེ་ཡང་དེ་སྔ་ཁམས་འཇོ་མདའ་ཁུལ་སོགས་སུ་ཐོག་མར་ལས་གཞི་དེ་ཚོའི་རིགས་ལག་བསྟར་བྱས་ཡོད་ཚོད་འདུག་པ་དང་། ལས་གཞི་དེ་ལག་བསྟར་བྱེད་པའི་ཐོག་མའི་བརྒྱུད་རིམ་ནང་ས་གནས་མང་ཚོགས་ལ་སྡོད་ཁང་གསར་རྒྱག་མཁོ་སྤྲོད་བྱེད་པ་དང་། གནས་སྐབས་འཚོ་བའི་རོགས་རམ་བྱས་ཡོད་པ་ལས་ཕུགས་འཕེར་བའི་ལས་གཞི་སྤེལ་མ་ཟད། ད་ཆ་དེ་སྔ་འབྲོག་པ་གནས་ཡུལ་གྱི་ས་གནས་དེ་དག་ཏུ་རྒྱ་གཞུང་ནས་གཏེར་ཁ་བཏོན་གྱི་ཡོད་པའི་གནས་ཚུལ་ཐོས་རྒྱུ་ཡོད་ལ། ཆབ་མདོ་ཁུལ་ལའང་དེ་ལྟར་བྱུང་ཡོད། དེ་བཞིན་ཨ་མདོ་མཚོ་སྔོན་ཁུལ་དུའང་གནས་ཚུལ་དེ་རིགས་མང་པོ་བྱུུང་བཞིན་ཡོད་པ་མ་ཟད། ལྷག་པར་ས་གནས་དེ་དག་ཏུ་གནས་སྤོ་བྱ་ཡུལ་གྱི་འབྲོག་པའི་ཁང་པ་དེ་དག་ཀྱང་འཕྲལ་སེལ་ཁོ་ན་ལས་ཁུངས་འཕེར་བའི་བརྟན་པོ་ཞིག་རྩ་བ་ནས་མེད་པ་རེད། ལྷག་པར་ཉེ་དུས་ལྷ་ས་གྲོང་ཁྱེར་ཁོངས་ཀྱི་མལ་གྲོ་གོང་དཀར་ཟེར་བའི་ཁོངས་སུའང་ས་གནས་ཀྱི་འབྲོག་པ་དང་ཞིང་པ་གནས་སྤོ་བྱ་རྒྱུའི་འཆར་གཞི་དེ་སྔ་ཡོད་པ་དེ་ད་ཆ་བཙན་ཤུགས་ཀྱི་ཐོག་ནས་ལག་བསྟར་བྱ་བཟོ་ཡོད་ཅིང༌། དེ་ནི་ས་གནས་དེ་ནས་གཏེར་ཁ་ལོ་མང་བཏོན་ཏེ་ད་ལྟ་ལས་གཞི་ཧ་ཅང་ཆེན་པོ་ཆགས་ཡོད་སྟབས་ས་གནས་མང་ཚོགས་ལ་འཐུང་ཆུ་དང་འབྲོག་པ་མང་ཚོགས་ཀྱི་ཕྱུག་རིགས་དུག་ཕོག་སྟེ་ཤི་འགྲོ་བའི་སྐྱོན་གནད་ལ་མི་མང་ནས་ངོ་རྒོལ་ བྱས་པ་སོགས་བྱུང་ཡོད་འདུག་ཅིང་། ས་གནས་དེའི་འབྲོག་པ་མང་ཚོགས་ཚོར་ས་གནས་དེ་ནས་སྤོས་ཏེ་ཞིང་པ་གནས་ཡུལ་གྱི་ཐང་སྡེར་སྐམ་པོ་དེ་དག་ཏུ་སྤོས་རྗེས་ཕྱུག་རིགས་བདག་སྐྱོང་གི་འབྲོག་པའི་འཚོ་ བ་དོར་ཏེ་གཏེར་ཁ་བསྔོག་འདོན་གྱི་ལས་གཞིའི་ནང་ལས་ཀར་ཞུགས་ཚེ་ཐོབ་ཆའི་ཐད་ལྡབ་འགྱུར་གྱི་ཁྱད་པར་ཐོན་ཏེ་ཕན་ཐོགས་ཆེན་པོ་ཡོད་པའི་ལོག་འགྲེལ་བྱ་བཞིན་པ་སོགས་ལས་འབྲོག་པ་གནས་སྤོ་བྱ་རྒྱུ་འདི་ནི་རྒྱ་ནག་གཞུང་ནས་དམིགས་ཡུལ་ཡོད་པའི་ཐོག་གཏེར་ཁ་བཏོན་རྒྱུའི་ལས་གཞིར་ཕན་པའི་ཆེད་དམིགས་པ་ཞིག་ཡིན་པ་ལས། བོད་རིགས་འབྲོག་པ་གནས་ཡུལ་དུ་ལོ་མང་འཚོ་སྡོད་བྱས་ཏེ་ད་ལྟ་ས་གཞིའི་འགྱུར་འགྲོས་ཀྱི་དཀའ་ངལ་ཡོང་གཞི་ཡོད་པ་ཟེར་བ་དེ་ནི་རྦད་དེ་རྫུན་གཏམ་རེད་ཅེས་ང་ཚོས་ཐག་གཅོད་ཆོག་གི་ཡོད། གལ་སྲིད་ས་གཞིའིའགྱུར་འགྲོས་ཀྱི་དཀའ་ངལ་ཡོད་ཚེ་ངེས་པར་དུ་རྒྱ་ནག་ནང་གི་གྲོང་གསེབ་ས་ཁུལ་གྱི་སྤྲང་པོ་དང་ལས་ཆེས་ཐབས་སྐྱོ་བའི་འཚོ་ཐབས་ཡར་རྒྱས་དང་། གྲོང་གསེབ་ཁུལ་གྱི་ཁོར་ཡུག་བདག་སྐྱོང་ཆེད་རྫས་འགྱུར་ལྡན་པའི་བཟོ་གྲྭ་ཁག་ཅིག་སྒོ་རྒྱབ་དགོས་ཤིང་། དེ་བས་ཀྱང་སི་ཁྲོན་དང་ཀོང་ཏུང་སོགས་རྒྱ་རིགས་སྤྲང་པོ་མང་བའི་སྤྱི་ཚོགས་ཀྱི་འཚོ་བར་བསྒྱུར་ བཅོས་བཏང་སྟ་ེཁོང་ཚོའི་སྡོད་ཁང་དང་འཚོ་བའི་མཐུན་རྐྱེན་སྐྲུན་ཏེ་ས་གཞིའི་འགྱུར་འགྲོས་ལ་གནོད་གཞིའི་དངོས་ཟོག་རྫུན་མ་བཟོ་བའི་ཐད་དམ་དྲག་བྱས་ཚེ་ཁ་ཡོད་ལག་ཡོད་ཐོག་ས་གཞིའི་འགྱུར་འགྲོས་ཀྱ6ི་ལས་གཞིར་ཕན་སྲིད་པ་ཞིག་རེད༎

    Reply
  7. སྨོན་ལམ་མཐར་ཕྱིན། says:
    ལོ་ 17 སྔོན།

    ཨ་ཁ་ད་མ་འོངས་པར་བོད་ཀྱི་འབྲོག་པ་ཞེས་པ་ཞིག་མེད་པ་ཆགས་ཉེན་འདུག་ག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese