མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐེའུ་རང་གློད་གྲོལ་ཐོབ།

བོད་ཀྱི་དུས་བབ།
༢༠༠༩/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

༼ ཁྲག་ཡིག ༽ དཔེ་དེབ་ཀྱི་རྩོམ་པ་པོ་བོད་རིག་ན་གཞོན་བཀྲ་ཤིས་རབ་བརྟན་ནམ། སྨྱུག་མིང་ལ་ཐེའུ་རང་ཞུ་བ་ཁོང་ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་རྒྱ་ནག་གི་བཙོན་འོག་ནས་གློད་གྲོལ་ཐོབ་སྟེ། ཕྱིར་ཕ་ཡུལ་དུ་ལོག་གིན་ཡོད་པའི་གནས་ཚུལ་ཐོན་འདུག   

ཕྱི་ཚེས་ ༢༦ ཉིན་བོད་ནས་གློག་ཀླད་བརྒྱུད་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཚེས་ ༢༥ ཉིན་བོད་རིགས་ན་གཞོན་རྩོམ་པ་པོ་ཐེའུ་རང་ལགས་གློད་གྲོལ་ཐོབ་སྟེ། ཕྱིར་ཕ་ཡུལ་དུ་ལོག་པའི་ལམ་བར་ནས་ཁོའི་གྲོགས་པོ་ཞིག་ལ་ཁ་པར་འབྱོར་ཡོད་པ་དང་། སྐབས་དེར་ཞིབ་ཕྲའི་གནས་ཚུལ་ཁ་བརྡ་བྱེད་ལུང་མ་བྱུང་ཡང་། ཁོ་རྒྱ་ནག་ཁྲིན་ཏུའུ་བཙོན་ཁང་ཞིག་ནས་གློད་གྲོལ་ཐོབ་སྟེ། ད་ལྟ་ཕྱིར་རང་ཁྱིམ་དུ་ལོག་གིན་ཡོད་ཚུལ་དང་། ཐེངས་འདིར་བཙོན་ཁང་ནས་མནར་གཅོད་དང་ཉེས་རྡུང་ཚབས་ཆེན་དེ་འདྲ་བཏང་མ་སོང་བའི་སྐོར་རགས་ཙམ་བརྗོད་ཡོད་འདུག

ན་གཞོན་རྩོམ་པ་པོ་བཀྲ་ཤིས་རབ་བརྟན་ནམ། སྨྱུག་མིང་ལ་ཐེའུ་རང་ལགས་ནི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་ཡིན་ལ། ༼ ཁྲག་ཡིག ༽ དཔེ་དེབ་ཀྱི་རྩོམ་པ་པོ་དང་། ༢༠༠༨ ལོའི་ཤར་དུང་རི་དུས་དེབ་ཀྱི་རྩོམ་སྒྲིག་པའང་ཡིན། རྒྱ་གཞུང་གིས་ཁོང་གི་རྩོམ་ཡིག་ཁག་ཏུ་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་དོགས་གཞིའི་འོག ཟླ་ ༧ ཚེས་ ༢༦ ཉིན་དབྱར་གནང་གི་གུང་གསེང་དང་བསྟུན་ཏེ། ཕ་ཡུལ་ཐང་སྐོར་ནས་ནས་འཛིན་བཟུང་གིས་གྲོང་ཁྱེར་ཁྲིན་ཏུའུ་བཙོན་ཁང་ཞིག་ཏུ་ཟླ་གཅིག་ལ་ཉེ་བའི་རིང་བཀག་སྐྱེལ་བྱས་ཡོད་པ་དང་། ཁོང་གི་ནང་མི་དང་གྲོགས་པོ་ཚོས་ཡུན་རིང་ཞིག་ལ་ཐེའུ་རང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་བྱུང་མེད་ནའང་། ཉིན་འགའི་སྔོན་གློ་བུར་དུ་ཉེན་རྟོག་པས་ཁོང་གི་ནང་ལ་ཁ་པར་འབྱོར་ཏེ། ནང་མི་ཚོ་ཁོང་ལ་ཐུག་འཕྲད་བྱེད་དུ་འཇུག་རྒྱུ་ཡིན་པའི་བརྡ་བཏང་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 21

  1. སྒོ་བུ་གྲགས་པ། says:
    ལོ་ 17 སྔོན།

    རྩོམ་པ་པོ་ཐེའུ་རངལགས་གློད་གྲོལ་གཏོང་བར་དགའ་བསུ་ཞུ། བཀྲ་ཤེིས་བདེ་ལགས

    Reply
  2. ཟླ་བ་གཞོན་ནུ། says:
    ལོ་ 17 སྔོན།

    དངོས་གནས་དགའ་འོས་པ་ཞིག་རེད།

    Reply
  3. གཉའ་འབྲོང་ཐུ་བུ། says:
    ལོ་ 17 སྔོན།

    ཕྱིར་འོང་ལ་རེ་བ་རྒྱག་གི་མེད། དངོས་གནས་ཡིན་ན་ཤི་གསོན་ངོ་ཐུག་པ་ལྟ་བུའི་དགའ་སྤྲོ་ཅི་ལ་མི་སྐྱེ།

    Reply
  4. རང་རྟོན། says:
    ལོ་ 17 སྔོན།

    ཐེའུ་རང་ལྟ་བུའི་མི་བུ་རྣམས་སྐུ་ཚེ་བརྟན་པར་ཤོག

    Reply
  5. གངས་ཅན་པའི་ལས་དབང་། says:
    ལོ་ 17 སྔོན།

    གངས་ཅན་བོད་ཀྱི་ལས་དབང་ཞིག ཁྱི་སྤྱང་དམར་པོའི་བཙན་འོག་ནས། །བཟོད་ཐབས་མེད་བྲལ་བའི་སྡུག་བསྔལ་མནན། །ཉིན་སྐར་ལྟ་བུའི་བདེ་སྐྱིད་ཞིག །ཕྱོགས་ཙམ་ཐུབ་པས་ཐེའུ་རང་ལགས། །བཀྲ་ཤིས་ལོ་ལེགས་སྨིན་འདུན་ཞུ།།

    Reply
  6. ང་རང་རྐྱ་བ། says:
    ལོ་ 17 སྔོན།

    ཡུམ་དུམ་པ་འདི་འདྲའི་གཏམ་བཟང་བོ་ཞིག་གོ་འཇོགས་ཡིད་ལ་ར་མ་ཤར།
    ངས་ནི་རྒྱུན་དུ་ཐེའུ་རང་ལ་ཅི་ཞིག་བྱེད་ཀྱི་ཡོད་མིན་མ་གོ་ནས་ཡོད།

    Reply
  7. གཡག says:
    ལོ་ 17 སྔོན།

    ཧ་ཅང་ཀློག་འདོད་ཆེ་བའི་ཁྲག་ཡིག་དེ་ཐབས་ལམ་ཇི་འདྲ་ཞིག་གི་སྟེང་ནས་ལག་ཏུ་འབྱོར་ཐབས་ཞིག་དྲ་གྲོགས་རྣམས་ཀྱིས་ཐུགས་རྗེ་གཟིགས།

    Reply
  8. ཨུ་ཚུགས་ཅན། says:
    ལོ་ 17 སྔོན།

    ད་

    Reply
  9. ཐར་ཀླུ། says:
    ལོ་ 17 སྔོན།

    རང་སྲོག་འབེན་ལ་འཛུགས་མཁན་རོང་རྒྱས་ཨ་གྲགས་སོགས་ལི་ཐང་གི་རྒྱལ་གཅེས་པ་ཚོ་ཡང་འདི་ལྟར་གློད་གྲོལ་ཡོང་ན་དགའ་བ་ལ། ཡིད་སྐྱོ་བ་ཞིག་ལ་ཁོང་ཚོའི་གནས་སྟངས་ཅི་ཡང་གོ་རྒྱུ་མི་འདུག།

    Reply
  10. རྫ་སྲས་བདེ་ཆེན says:
    ལོ་ 17 སྔོན།

    གནས་ཚུལ་འདིས་དགའ་རུ་བཅུག་སོང་། བདེན་པ་བདེན་རྐྱང་ཡིན་པར་ཤོག གློད་གྲོལ་ལ་ཆ་རྐྱེན་གང་ཡང་མེད་པར་ཤོག

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    རྒྱ་གཞུང་གིས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་གསུམ་ཉིན་ཤས་གོང་གློད་འདུག ད་ལྟ་བཀྲ་ཤིས་རབ་བརྟན་ལགས་ཀྱང་གློད་འདུག

    དོན་གྲུབ་དབང་ཆེན་གྱི་ཁྲིམས་གཏུགས་ལའང་རེ་བ་སེན་མོ་འདྲ་ཞིག་ཡོང་གི་ཡོད་ས་རེད།

    ཡིན་ཡང་། ལི་ཐང་གི་བཙོན་པ་དེ་དག་གི་གནས་སྟངས་གོ་རྒྱུ་མི་འདུག རོང་རྒྱས་ཨ་གྲགས་ཀྱང་གློད་དགོས་མོད་ཁོང་གི་སྐོར་ལ་གནས་ཚུལ་འདྲ་མི་འདུག

    Reply
  12. ནད་པ says:
    ལོ་ 17 སྔོན།

    གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས།།
    འདེགས་པའི་སྲིད་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
    ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང་།།
    སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག།

    Reply
  13. རི་བོང། says:
    ལོ་ 17 སྔོན།

    དེ་རིང་ད་ངོ་མ་གཏམ་བཟང་གོ་སོང་། ངས་འདིའི་སྐོར་ལ་བསམ་བློ་ཡང་ཡང་བཏང་ནས་ཅང་མ་གོ་བསྡད་ཡོད། གསར་འགོད་པ་ལ་དམིགས་བསལ་ཐུགས་རྗེ་ཆེ།

    Reply
  14. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    ཨ་སྐྱིད་འདི་གཏམ་བཟང་འདི་འདྲ་གོ་དུས་ད། གྲོགས་ཁ་ཤས་ཤིག་བོས་ནས་དོ་དགོང་ད་སྐྱིད་སྐྱིད་ཡེ་དགོ་ཡ

    Reply
  15. ཟླ་བ་གཞོན་ནུ། says:
    ལོ་ 17 སྔོན།

    འབྲོག་རུ་ཆོས་གྲགས་ལགས། དངོས་གནས་ཐེའུ་རང་ཀློད་པར་རྟེན་འབྲེལ་ཞུ་དགོས་པ་ཞིག་རེད།

    Reply
  16. ཐར་ཀླུ། says:
    ལོ་ 17 སྔོན།

    ཐེའུ་རང་ལགས བཅིངས་གྲོལ་ཐོབ་པ་ལ་སྙིང་ཐག་པ་ནས་དགའ་བསུ་ཞུ

    Reply
  17. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    དོན་འགྲུབ་བཀྲ་ཤིས་ལགས། གསལ་བཤད་གནང་བར་ཐུགས་རྗེ་ཆེ།

    Reply
  18. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    ཐེའུ་རང་ཀློད་པར་རྟེན་འབྲེལ་ཞུ།
    ད་དུང་ཁོངལྟ་བུ་མང་བོ་ཞིག་བཙོན་ཁང་ནང་ཡོད་པས་ང་ཚོས་རྒྱལ་སྤྱིའི་སྟེང་འབོད་སྐུལ་ཞུས་ན་ཏོག་ཙམ་ཕན་པ་ཡོད་པའི་སྐད་ཆ་གོ་རྒྱུ་འདུག
    དེར་གསར་འགོད་འགན་འཛིན་རྣམ་པ་དང་། གསར་ཁང་དག་གིས་དགོངས་པ་ཟབ་མོ་གནང་རོགས་ཞེས་ཞུ་འདོད་བྱུང་།

    Reply
  19. དོན་འགྲུབ་བཀྲ་ཤིས། says:
    ལོ་ 17 སྔོན།

    ཁང་གསར་རྡོ་རྗེ་ལགས། གནས་ཚུལ་དེ་བདེན་པ་རེད། དེ་རིང་སྔ་དྲོ་རྒྱ་གར་ནང་ཡོད་པའི་འབྲེལ་ཡོད་ཅིག་གིས་ང་ལ་ཁ་པར་ཡོང་སྟེ། མདང་ནུབ་བོད་ནས་གློག་ཀླད་བརྒྱུད་དེ་གནས་ཚུལ་དེ་འབྱོར་སོང་ཟེར། བོད་ནས་གནས་ཚུལ་སྤྲོད་མཁན་དེ་ཐེའུ་རང་གི་གྲོགས་པོ་རེད་ལ། ཕྱི་ཚེས་ ༢༥ ཉིན་ཐེའུ་རང་བཙོན་གྲོལ་ཐོབ་སྟེ་ཕྱིར་ཕ་ཡུལ་དུ་ལོག་པའི་ལམ་བར་ནས་ཁོས་གྲོགས་པོར་ཁ་པར་བཏང་སྟེ། གོང་གི་སྐད་ཆ་དེ་དག་བཤད་ཡོད་འདུག

    Reply
  20. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    དངོས་གནས་གློད་ཡོད་མེད་ད་ལྟ་གཏན་གཏན་རང་མི་འདུག་ག གློག་ཀླད་བརྒྱུད་གནས་ཚུལ་འབྱོར་བ་ཙམ་ལ་ཡིད་ཆེས་མི་ཉན།

    གློད་ཡོད་ན་དགའ་དགོས་པ་ཞིག་རེད།

    Reply
  21. གནས་ཚང་། says:
    ལོ་ 17 སྔོན།

    འདི་ནི་དངོས་གནས་ཕྱི་ནང་མཉམ་རུབ་དྲིལ་བསྒྲགས་ལ་ཞུགས་པའི་རྒྱལ་ཁ་ཞིག་རེད་ལ། དགའ་འོས་པའི་དོན་དག་ཅིག་ཀྱང་རེད། དེ་བས། ཚང་མ་ལོས་དེང་ཕྱིན་འདིའི་སྒང་གི་ཉམས་མྱོང་ལེན་རྒྱུ་ཧ་ཅང་གི་གལ་ཆེན་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese