བོད་དང་ཧི་མ་ལ་ཡའི་ཞིབ་འཇུག་གི་རྒྱལ་སྤྱིའི་ཚོགས་འདུ་ཞེས་པ་ཞིག་ངྷ་སར་བསྐང་རྒྱུ་རེད།
བཙན་བྱོལ་བོད་གཞུང་དྲིལ་བསྒྲགས་ལས་ཁུངས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བ་ལྟར་ན། བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག བོད་དང་ཧི་མ་ལ་ཡའི་ཞིབ་འཇུག་གི་རྒྱལ་སྤྱིའི་ཚོགས་འདུ་ཞེས་པ་ཞིག་འཆར་ཟླའི་ཚེས་ ༣ ནས་ ༥ བར་བཞུགས་སྒར་ངྷ་རམ་ས་ལར་བསྐང་རྒྱུ་རེད།
ཚོགས་ཆེན་འདི་ནི་བོད་མི་རྣམས་བཙན་བྱོལ་དུ་འབྱོར་ཏེ་མི་ལོ་ ༥༠ འཁོར་བའི་དུས་དྲན་སྲུང་གཙི་རྣམ་གྲངས་ལྟ་བུར་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་བྱེད་ཀྱིན་ཡོད་ལ། ཚོགས་ཆེན་གྱི་ཉིན་གསུམ་རིང་རྒྱལ་སྤྱིའི་ཆེད་མཁས་པ་དག་གིས་བོད་དང་ཧི་མ་ལ་ཡའི་སྐོར་ལ་གསུང་བཤད་གནང་རྒྱུ་ཡིན་འདུག
ཚོགས་ཆེན་འདིའི་སྐུ་མགྲོན་གཙོ་བོ་ནི་རྒྱ་གར་གཞུང་གི་ཤེས་རིག་ལྷན་ཁང་གི་དྲུང་ཆེ་ཡིན་པ་དང་། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཚོགས་འདུའི་དབུ་འབྱེད་ཀྱི་གཏམ་བཤད་གནང་རྒྱུ་རེད།
ཚོགས་འདུ་འཚོགས་ས་ནི་མེག་གྷན་གྱི་ཚོགས་ཁང་ Club House ཞེས་པ་དེ་རེད།
༡ བོད་དང་ཧི་མ་ལ་ཡའི་ཞིབ་འཇུག་གི་རྒྱལ་སྤྱིའི་ཚོགས་འདུ།
༢ རྒྱལ་སྤྱིའི་བོད་དང་ཧི་མ་ལ་ཡའི་ཞིབ་འཇུག་ཚོགས་འདུ།
༣ བོད་དང་ཧི་མ་ལ་ཡའི་རྒྱལ་སྤྱིའི་ཞིབ་འཇུག་ཚོགས་འདུ།
དྲ་གྲོགས་ཚོས་གཟིགས་ན་གོང་གི་ཁ་བྱང་འདོགས་སྟངས་དེ་ལ་ཁྱད་པར་འདུག་གམ། གལ་ཏེ་ཁྱེད་རང་ཡིན་ན་འདིའི་ནང་གི་གང་འདེམས་ས་རེད།
བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་འོག་ལས་དོན་མང་དག་ཅིག་སྤེལ་བར་ཐུགས་རྗེ་ཆེ། ཐེངས་འདིའི་ཚོགས་ཆེན་ཡང་གནད་དུ་འཁེལ་ཞིང་འབྲས་རྟགས་སོན་པའི་རེ་བ་ཡོད།