མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇོ་མདའི་གནས་སྟངས།

བོད་ཀྱི་དུས་བབ།
༢༠༠༩/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp


འཇོ་མདའ་ནས་བོད་མི་གློད་ཡོད་ཀྱང་འཆི་རྡོ་མུ་མཐུད་བཀག་ཉར་འོག་ཡོད་འདུག

བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ཆབ་སྲིད་སྡེ་ཚན་གྱིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ཟླ་ ༨ ཚེས་ ༢༦ ཉིན་འཇོ་མདའ་རྫོང་ནས་བོད་མིའི་གྲོང་ཚོ་རེར་དོ་སྐྱེལ་རླངས་འཁོར་ཆེ་བ་རེ་སྤྲོད་རྒྱུ་ཡིན་ཚུལ་བཤད་སྐབས་བོད་མི་རྣམས་ཀྱིས་ང་ཚོས་རླངས་འཁོར་གཏོང་ཤེས་ཀྱི་མེད་སྐོར་དང༌། ང་ཚོ་ལ་མགོ་སྐོར་བསླུ་བྲིད་བྱ་ཐུབ་གི་མ་རེད་སོགས་བཤད་དེ་སྐད་ཅོར་བརྒྱབས་སྐབས་འཇོ་མདའ་འཛི་སྒར་དགོན་ཁོངས་ནས་ཡིན་པའི་བོད་མི་འཆི་རྡོ་དང༌། མདོ་གཞུང་ནས་ཡིན་པའི་མི་གཅིག པདྨ་རུ་བའི་མི་གཅིག་བཅས་བོད་མི་གསུམ་བཀག་ཉར་བྱས་ཡོད་འདུག མི་གཞན་པ་གཉིས་དེའི་མིང་ད་ལྟ་ཤེས་རྟོགས་ཐུབ་མེད།

རླངས་འཁོར་སྤྲོད་རྒྱུ་ཡིན་སྐོར་གྱི་སྐད་ཆ་དེ་ཁ་སྔོན་ནས་བཤད་བཞིན་ཡོད་འདུག་པ་དང༌། ད་ལྟ་དངོས་སུ་འཇོ་མདའ་རྫོང་ལ་རླངས་འཁོར་མང་པོ་ཞིག་འབྱོར་ཟིན་ཡོད་འདུག་ཀྱང་བོད་མི་སུས་ཀྱང་ལེན་མཁན་མེད་པའི་གནས་ཚུལ་འདུག གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། རླངས་འཁོར་སྤྲོད་འཆར་ཡོད་པའི་གྲོང་ཚོ་དེ་དག་ནི་ད་ལོ་ཞིང་ཁ་མི་འདེབས་ས་དང༌། སྒོ་ཟོག་མི་བཤའ་ཞེས་གནས་ཚུལ་ཐོན་སའི་ས་ཁུལ་རྣམས་སུ་ཡིན་སྐོར་བཤད་ཀྱི་འདུག

ཕྱི་ཚེས་ ༢༨ ཉིན་གནས་ཚུལ་ཐོས་པ་ལྟར་ན། ཁ་ཉིན་བོད་མི་རྣམས་འཇོ་མདའ་རྫོང་ཐོག་ཏུ་འདུ་འཛོམས་སྐབས་རྒྱ་དམག་མང་པོ་དང༌། ཉེན་རྟོག་པ་མང་པོས་མེ་མདའ་ཁུར་ནས་བོད་མི་རྣམས་ཕར་འདེད་ཚུར་འདེད་བྱས་ཡོད་འདུག་པ་དང༌། སྐབས་དེར་བྲོས་ཟིན་པ་རྣམས་འཛིན་བཟུང་བྱས་ཡོད་མི་འདུག་ཅིང་། མ་བྲོས་མཁན་གྲས་ནས་གོང་གསལ་བོད་མི་གསུམ་འཛིན་བཟུང་བྱས་པ་ཡིན་འདུག བོད་མི་མིང་མ་ཤེས་པ་དེ་གཉིས་ཁ་སང་ཕྱི་ཚེས་ ༢༧ ཉིན་གློད་གྲོལ་བཏང་ཡོད་འདུག་ཀྱང་འཆི་རྡོ་མུ་མཐུད་བཀག་ཉར་བྱེད་བཞིན་པ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

ཆུ་ཚོད་ ༩ སྔོན་ལ།
རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༡༡།༧
Mobile App

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༡༠ སྔོན་ལ།
Screenshot
Front Slider

འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་།

༢༠༢༦/༡༡/༠༦
ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་། Photo: Studio Incendo
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་སླར་ཡང་ལོ་བཅུ་ཡི་ཁྲིམས་ཐག་བཅད། 

༢༠༢༦/༡༡/༠༦
པར་༧དཔལ་ས་སྐྱ་ཁྲི་འཛིན་པ་ ༤༤ མཆོག་གི་ངོ་དེབ་ལས་བླངས།
Mobile App

༧དཔལ་ས་སྐྱའི་ཁྲི་འཛིན་ ༤༤ པའི་ཁྲི་སྟོན་མཛད་སྒོ་འཚོགས།

༢༠༢༦/༡༡/༠༥

མཆན། 6

  1. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    གནས་ཚུལ་འདིའི་རིགས་སྤེལ་མཁན་དག་ལ་སེམས་གཏིང་ནས་བཀའ་དྲིན་ཞུ།
    འདིའི་རིགས་ལ་ཚང་མས་རམ་འདེགས་ཅི་ཐུབ་གནང་རྒྱུ་དང་ཟླ་ཚེས་གསལ་བོར་འགོད་ཐབས་ལ་འབད་རྒྱུ་གལ་ཆེན་པོ་འདུག
    མཚམས་རེར་ཟླ་ཚེས་ངེས་གཏན་དཀའ་ཡང་དགོས་དབང་ཡིན་པས་ཚིག་ཐག་ཆོད་པོས་བྱེད་དགོས་ལ་ཚོད་རྩིས་ཡིན་ཡང་རུང་།།

    Reply
  2. པ་་་་་ད་་་་་ན་་་་ནས། says:
    ལོ་ 17 སྔོན།

    འཇོ་མདའ་ལ་ད་དུང་གནས་ཚུལ་གཞན་འདུག་གམ།

    Reply
  3. བསྟན་པ་ཡར་འཕེལ། says:
    ལོ་ 17 སྔོན།

    ད་དུང་འཇོ་མདའི་རྒྱལ་གཅེས་པ་དག་གི་སྐུ་པར་གཟིགས་འདོད་ན་གུས་པའི་ཟིན་བྲིས་ནང་ཁྱུག་ཙམ་ཕེབས་དང།

    Reply
  4. དཔལ་ཆེན། says:
    ལོ་ 17 སྔོན།

    དགོངས་དག ཨོ་ད་མ་འགྲིག་ནི་རེད། ནོར་བཅོས།

    Reply
  5. དཔལ་ཆེན། says:
    ལོ་ 17 སྔོན།

    ཨཽ་ད་འགྲིག་ནི་རེད།

    Reply
  6. སྦྲ་དཔལ་ལྡན། says:
    ལོ་ 17 སྔོན།

    ཨ་ཡ། ད་ངོ་མ་རྒྱ་དམར་གྱིས་ང་ཚོ་འདུག་ཀ་མ་བཅུག་ནི་རེད། ཤུ་རེ་ཀོ་ ང་ལྷ་ཆེན་ཞིག་ཡིན་ན། ངས་རྒྱ་དམར་གྱི་དམག་མི་དེ་ཚོ་རེ་རེ་བཞིག་བཟོད་ལྟ་ཞིག་སྤྲད་རྒྱུ་ཡོད་ཀི ཨ་ལ་ཀུ་རེ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese