མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ཐའེ་ཝན་དུ་འབྱོར་བ།

བོད་ཀྱི་དུས་བབ།
༢༠༠༩/༠༨/༣༠
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་དེ་རིང་ཐའེ་ཝན་དུ་འབྱོར་འདུག་ལ། ཐའེ་ཝན་མང་གཙོ་ཚོགས་པས་ཐེངས་འདིར་༧གོང་ས་མཆོག་ཐའེ་ཝན་ནང་ཕེབས་པ་དེ་རྒྱ་གཞུང་ལ་བཀག་འགོག་བྱེད་པའི་དབང་ཆ་མེད། ཅེས་བརྗོད་འདུག

བྷི་བྷི་གསར་ཁང་གིས་དེ་རིང་གནས་ཚུལ་སྤེལ་བ་ལྟར་ན།  ཉེ་ཆར་ཐའེ་ཝན་དད་ལྡན་མང་ཚོགས་གཙོས། དམངས་གཙོ་ཚོགས་པ་དང་དྲག་རླུང་གནོད་འཚེ་ཐེབས་ཡུལ་མི་མང་གིས་རེ་སྐུལ་དང་གསོལ་འདེབས་ཞུས་ཡོད་པ་བཞིན། ༧གོང་ས་མཆོག་ལ་ཐའེ་ཝན་གཞུང་ངོས་ནས་ཆིབས་བསྒྱུར་གྱི་མཆོག་མཆན་གནང་ཡོད་པ་མ་ཟད།  དེ་རིང་ཞོགས་པའི་ཆུ་ཚོད་ ༡༠ ཡས་མས་སུ་༧གོང་ས་མཆོག་ཐའེ་ཝན་ནང་ཞབས་སོར་བདེ་བར་འཁོད་ཡོད་པ་དང་།  ཞབས་སོར་འཁོད་མ་ཐག་ཐའེ་ཝན་ལྷོ་ཕྱོགས་ཀྱི་གནོད་འཚེ་ཐེབས་ཡུལ་དུ་ཆིབས་བསྒྱུར་བསྐྱངས་ཏེ་དེར་ཡོད་ས་གནས་མི་མང་ལ་འཚམས་གཟིགས་གནང་ཡོད་པ་རེད།  ཐའེ་ཝན་གཞུང་ནས་ཐེངས་འདིའི་༧གོང་ས་མཆོག་གི་ཆིབས་བསྒྱུར་མཛད་འཕྲིན་གྱི་བཀོད་སྒྲིག་ལྟར། སང་ཉིན་༧གོང་ས་མཆོག་གིས་དེར་ཡོད་གསར་འགོད་པ་རྣམས་ལ་གསར་འགོད་ལྷན་ཚོགས་ཤིག་སྐོང་འཆར་ཡོད་པ་དང་། གནངས་ཉིན་ནས་བཟུང་ཐའེ་ཝན་ལྷོ་ཕྱོགས་ཀྱི་གནོད་འཚེ་ཐེབས་ཡུལ་དུ་ཆིབས་བསྒྱུར་བསྐྱངས་ཏེ་དེར་ཡོད་གནོད་འཚེ་ཐེབས་ཡུལ་གྱི་མང་རྣམས་ལ་བསྔོ་སྨོན་གསོལ་འདེབས་ཞུ་རྒྱུ་ཡིན་འདུག ཡིན་ཡང་། རྒྱ་གཞུང་གིས་༧གོང་ས་མཆོག་གི་ཐེངས་འདིའི་ཆིབས་བསྒྱུར་ཐད་སྐྱོན་བརྗོད་ཤུགས་ཆེར་བྱས་ཡོད་པ་དང་། ཐེངས་འདིར་ཏཱ་ལའི་བླ་མ་གདན་ཞུ་གནང་མཁན་དེ་སྲིད་འཛིན་མཱ་ཡུན་ཇིག་གི་སྲིད་འཛིན་ཚོགས་པ་མིན་པར། ཐའེ་ཝན་ནང་གི་ཏཱ་ལའི་བླ་མ་དང་འབྲེལ་ཡོད་ཀྱི་མི་སྣ་དང་དམངས་གཙོ་ཚོགས་པའི་མི་སྣ་ཚོའི་བྱེད་སྤྱོད་ཡིན་ཚུལ་བརྗོད་ཡོད་པ་མ་ཟད། རྒྱ་ནག་ཆོས་ལུགས་ཚན་པའི་འགན་འཛིན་ཡོས་ཞོ་ཝིན་གྱིས། ཐའེ་ཝན་ནང་རང་བྱུང་གནོད་འཚེ་ཐེབས་པའི་དུས་སྐབས་འདིར་སྐྱོན་མེད་སྐྱོན་འཚོལ་བྱེད་པའི་དུས་ཤིག་མིན་པ་དང་། རང་བྱུང་གནོད་འཚེའི་གོད་ཆག་མཇུག་མ་སྒྲིལ་གོང་ཐའེ་ཝན་མི་མང་ལ་གནོད་འཚེ་འབྱུང་བའི་ཉེན་ཁ་ཡོད་པའི་བརྡ་སྤྲད་ཡོད་པ་རེད།

དེ་ལྟ་ནའང་། དམངས་གཙོ་ཚོགས་པ་གཙོས་པའི་ཐའེ་རྫོང་བདུན་གྱི་མི་མང་གིས་སྲིད་འཛིན་མཱ་ཡུན་ཇིག་གིས་༧གོང་ས་མཆོག་ལ་མཇལ་འཕྲད་བྱ་མིན་སོགས་ལ་མི་བལྟ་བར། ༧གོང་ས་མཆོག་ནི་འཛམ་གླིང་མི་མང་གི་གུས་བཀུར་བྱེད་བཞིན་པའི་དབུ་ཁྲིད་ཞིག་ཡིན་པ་དང་། ཁོང་ཉིད་ཐའེ་ཝན་གནོད་འཚེ་ཐེབས་ཡུལ་དུ་ཕེབས་པའི་ཐད་རྒྱ་ནག་གཞུང་ལ་བཀག་འགོག་གི་དབང་ཆ་ཅི་ཡང་མེད་ཚུལ་བརྗོད་ཡོད་པ་མ་ཟད། རྒྱ་ནག་ཆོས་ལུགས་ཀྱི་འགན་འཛིན་ཡོས་ཞོ་ཝིན་སོགས་ཐའེ་ཝན་མི་མང་གི་གུས་བརྩི་དང་མཐོང་ཆེན་བྱེད་བཞིན་པའི་དབུ་ཁྲིད་ལ་སྐྱོན་བརྗོད་དང་མཚན་སྨོད་བྱ་མཁན་ལ་དུས་ནམ་ཡང་ངོས་ལེན་མེད་ཅེས་བརྗོད་ཡོད་པ་མ་ཟད། ཐེངས་འདིའི་༧གོང་ས་མཆོག་གི་ཆིབས་བསྒྱུར་གྱི་མགོ་མཇུག་བར་གསུམ་ཀུན་ཏུ་སྲིད་འཛིན་མཱ་ཡུན་ཇིག་གི་སྲིད་གཞུང་གིས་གོ་སྒྲིག་དང་བརྩི་བཀུར་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༦ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༦ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 23

  1. ནགས་མེ། says:
    ལོ་ 17 སྔོན།

    དེརིང་ཁ་སང་ཐེ་ཝན་དེ་ནག་པོ་ཚོའི་པེ་ཅིང་དང་ཐན་ཅིང་སོགས་ལ་མཉམ་སྡེབ་ཀྱིས་གནམ་གཤིས་སྔོན་བརྡ་ཆགས་མེད་ཤོདབཞིན་པ་དང་། ཐེ་ཝན་གྱི་ལུས་རྩལ་པ་འགའ་འགའ་འང་ནག་པོའི་མིང་ནས་ཞུགས་དགོས་པའི་དུས་སྐབས་འདིར་ཐེ་ཝན་དུ་ཕེབས་ཐུབ་པ་ཧ་ཅང་ཡག་པོ་རེད། འོན་ཏེ་རྒྱལ་སྤྱིའི་གསརའགོད་གསར་བསྒྲགས་དེ་དེ་ལྟར་ཤོར་ཕྱིན་སོང་།

    Reply
  2. དཔལ་ལྡན་རྒྱལ། says:
    ལོ་ 17 སྔོན།

    དཔུང་དང་དམག་ཚོགས་ཡང་མི་དགོས།།
    མདའ་དང་མཚོན་ཆ་ཡང་མི་དགོས།།
    ཡོངས་པའི་གོ་ལ་ཡི་ཟླུམ་པོ།།
    ཞི་བདེ་ཁྱོད་ཉིས་ཀྱིས་བསྐྲུརསོང་།།

    Reply
  3. དཔལ་ལྡན་རྒྱལ། says:
    ལོ་ 17 སྔོན།

    དཔུང་དང་དམག་ཚོགས་ཡང་མི་དགོས།།
    མདའ་དང་མཚོན་ཆ་ཡང་མི་དགོས།།
    ཡོངས་པའི་གོ་ལ་ཡི་ཟླུམ་པོ།།
    ཞི་བདེ་ཁྱོད་ཉིས་ཀྱིས་བསྐྲུརསོང་།།

    Reply
  4. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 17 སྔོན།

    དངོས་གནས་དགའ་བ་འབུམ་གྱིས་མྱོསནས་ཡོད།

    རྒྱ་ནག་གཞུང་གི་ཁོག་ན་ཁོང་ཁྲོའི་མེ་འབར་ཡང་སྡུག་གྱོང་ཡིན།

    Reply
  5. གཉའ་འབྲོང་ཐུ་བུ། says:
    ལོ་ 17 སྔོན།

    མདའ་མཚོན་གོ་ཆ་མ་བཟུང་བར། །
    རང་ཉིད་གཅིག་པུས་བྱེ་བའི་བདུད། །
    མ་ལུས་ཕམ་མཛད་གཡུལ་གྱི་ལས། །
    ཁྱེད་ལས་གཞན་པ་སུ་ཡིས་ཤེས། །

    རྗེ་རིན་པོ་ཆེའི་གསུང་ཡིན།

    Reply
  6. འབྲོང་བུ། says:
    ལོ་ 17 སྔོན།

    ཉི་མའི་འོད་ཟེར་ལ་ཕྱོགས་ཞེན་མེད་ལ།
    ཞི་བདེའི་དབྱངས་འབོད་ལ་འཐེན་འཁྱེར་ཡོད་མི་སྲིད།
    ཐམས་ཅད་ཞི་བདེ་ལ་དུངས་བས།
    ཞི་བདེ་ལ་དུངས་བའི་མང་ཚོགས་ནི་འབྱུང་འགྱུར་གྱི་བདག་པོ་ངོ་མ་ཡིན།
    ༧སྐྱབས་མགོན་ལགས།
    ཉིད་ཀྱི་མཛད་འཕྲིན་དར་ཞིང་རྒྱས་པར་སྨོན།།

    Reply
  7. རང་རྟོན། says:
    ལོ་ 17 སྔོན།

    སྣོག་འཁྲུལ་རྫུན་གསུམ་གྱིས་དུས་ནམ་ཡང་རྒྱལ་ཁ་མི་ལོན།དེ་ཕྱིར།རྒྱ་ནག་གི་ངོ་གདོང་ལ་མ་བལྟས་པར་འཛམ་གླིང་གི་ནོར་བུའི་རིན་ཐང་ལ་གདེང་འཇོག་དང་དགའ་མགུ་བྱས་པར་ཐའེ་ཝན་མི་མང་གི་གཟི་བརྗིད་དང་རྒྱལ་ཁ་རེད།

    Reply
  8. སྦྲ་དཔལ་ལྡན། says:
    ལོ་ 17 སྔོན།

    རང་རེའི་བླ་མེད་ཀྱི་དབུ་ཁྲིད་སྐྱབས་མགོན་༧གོང་ས་མཆོག་ཐའེ་ཝན་དུ་ཆིབས་བསྒྱུར་བརྐྱངས་བ་སྙིང་ཁུང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  9. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    རྫས་ངན་སྣ་དགུའི་གྲུབ་པའི་མཚོན་ཆ་ཞིག་མི་དགོས།།
    ཇུས་ངན་ཐབས་བརྒྱ་སྟོང་གི་བློ་ཕུགས་རང་མི་དགོས།།
    དགའ་སྡུག་གཅིག་ཏུ་མཚུངས་བ་གྲངས་མེད་ཀྱི་སྨན་དུ།།
    བྱམས་བརྩེའི་འོད་སྟོང་འཕྲོ་བའི་གུར་ཁང་འདིའི་ཆོག་གི

    Reply
  10. ནད་པ says:
    ལོ་ 17 སྔོན།

    རྡུལ་ཕྲན་མཚོན་གྱི་གོ་མེད་ཅིང་། །
    ཕ་རོལ་དམག་ཚོགས་ག་ལ་ཡོད།།
    དེས་ན་ས་སྟེང་སྐྱེ་བོ་ཀུན།།
    ཁྱེད་ཀྱིས་ཅིའི་ཕྱིར་དབང་བསྒྱུར་ཏམ།།

    དམག་དང་མཚོན་གྱིས་ས་སྟེང་ཀུན།།
    ཡོངས་རྫོགས་དབང་བསྒྱུར་ག་ལ་ནུས།།
    ཁྱེད་ཀྱི་བྱམས་བརྩེའི་མཐུ་སྟོབས་ཀྱིས།།
    འཛམ་གླིང་ཞི་བདེར་མངའ་དབང་བསྒྱུར།།

    Reply
  11. བསེ་རུ། says:
    ལོ་ 17 སྔོན།

    མཆན་འདེབས་པ་པོ་ཚོས་ཡིག་འབྲུ་རེ་རེ་འབྲི་དུས་ཀྱང་། དག་སྡེབ་ལ་དགོངས་པ་བཞེས་ཏེ་མཆན་འདེབས་རོགས།
    འདི་ནི་ངའི་གཞེན་སྐུལ་ཡིན།

    Reply
  12. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    ཐོད་པ་དཀར་པོ་ལྷ་ཡི་ཚོགས་ར་ན།།
    སྣ་སྣེ་ནག་པོ་འདྲེ་ཡི་བར་ཆད་མང་།།
    གང་ལྟར་ལྷ་དང་འདྲེ་ཡི་དབྱེ་བ་དེ།།
    མགོ་ནགས་མིག་གི་ནང་ན་གསལ་ལམ་མེ།།

    Reply
  13. ནད་པ says:
    ལོ་ 17 སྔོན།

    རབ་མཛེས་གངས་རིའི་མདོག་ཅན་གདོང་ལྔ་པ། །རབ་མཛེས་གཡུ་ཡི་རལ་པ་ངོམ་བཞིན་དུ། །རབ་བཙན་ས་གནས་འདི་དང་མ་བྲལ་ན། །རབ་མང་རི་དྭགས་ཀུན་གྱི་གཙོ་བོར་འགྱུར། །

    རྨོངས་པའི་དཔོན་པོ་ཐེ་ཝེན་མ་ཡིན་ཅའུ། །ངོ་བསྟོད་གཡོ་སྒྱུ་པེ་ཅིང་དྲ་བར་འཚུད། །རང་བྱུང་རྐྱེན་ངན་རྒྱ་ལ་ཐོག་བབས་དེ། །ངེད་ཅག་བོད་མི་ཚང་ལ་གྲོགས་སུ་ཤར། །

    Reply
  14. གཅེན་པོ། says:
    ལོ་ 17 སྔོན།

    འཛམ་གླིང་ཞི་བདེ་སྟེར་བའི་ཉིན་བྱེད་ཀྱི་འོད་དཀར།།
    དམར་ཤོག་འབྱུང་བྱའི་མིག་གི་དགའ་སྟོན་དེ་མིན་ཀྱང་།།
    བདེ་ལྷོད་མཆམ་མཐུན་ལམ་བཞུགས་པད་དཀར་གྱི་རིགས་མཐུན།།
    ཁྲི་འབུམ་མང་པོས་དགའ་བའི་གླུ་དབྱངས་ཞིག་ཕུལ་ལོ།།

    Reply
  15. ཨ་མྱེ says:
    ལོ་ 17 སྔོན།

    ༸གོང་ས་མཆོག་ལྷ་མིའི་རྣམ་འདྲེན་རྒྱ་ཡུལ་དུ་ཞབས་སོར་འཁོད་པ།་་འོད་ལྷམ་ལྷམ་འདི་ནས་བཟུང་ཤར་ཕྱོགས་སུ་ཞི་བདེའི་དུང་སྒྲ་གྲགས་རྒྱུ་རེད།

    Reply
  16. བསེ་རུ། says:
    ལོ་ 17 སྔོན།

    ཁྱེད་གསུང་རྡུལ་ཕྲན་རེ་རེས་ཀྱང་།།
    འཛམ་གླིང་ས་ཆེན་གཉིད་ལས་བསླངས།།
    ཁྱེད་ཀྱི་གསང་གསུམ་མཛད་འཕྲིན་ཀུན།།
    ས་ཆེན་འདིས་ཀྱང་ཐེག་དཀར་གྱུར།།

    Reply
  17. ཨ་བུ་གངས་དཀར says:
    ལོ་ 17 སྔོན།

    སྐྱབས་སུ་མཆི་བཀའ་དྲིན་ཆེ་བའི་བླ་མའི་མཛད་འཕྲིན་འདིའི་རྒྱ་ནག་གི་ལོ་མང་རིང་དངུལ་གྱིས་འགྲོ་སོང་བཏང་བའི་དམིག་ཡུལ་མ་འགྲུབ་ནི་རེད་ད་འགྲིག་སོང་།

    Reply
  18. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཁྱེད་ནི་བླ་མ། ཁྱེད་ནི་ཡི་དམ། ཁྱེད་ནི་མཁའ་འགྲོ ཇི་སྲིད་བསྐལ་བ་མ་འཇིགས་པ་དེ་སྲིད་དུ། ཉམ་ཐག་སྐྱེ་འགྲོ་གང་ན་སུ་ཡོད་པ་དེ་དག་ལ་སྐྱོང་བར་སྨོན།

    Reply
  19. འཇམ་དཔལ། says:
    ལོ་ 17 སྔོན།

    འཛམ་གྱི་བདེ་དཔོན་ཆེན་པོ་༧གོང་ས་རྒྱལ་བ་ཐམས་ཅད་མཆོག་ཐན་ཝན་དུ་ཕེབས་པ་ལ་མཚམས་འབྲེལ་བཀྲ་ཤིས་བདེ་ལེགས་ཞུ་
    དིང་རི་མཚོ་སྒོ་བ་འཇམ་དཔལ་ནས

    Reply
  20. དཔལ་ལྡན་རྒྱལ། says:
    ལོ་ 17 སྔོན།

    རྒྱལ་བ་མཆོག་ད་རིང་ཐན་ཝན་དུ་ཕེབས་ཐོབ་པ་དཔེ་ཡག་པོ་བྱུང་།།

    Reply
  21. ཁྱུངཿསྤུ་རྒྱལ། says:
    ལོ་ 17 སྔོན།

    ལྟས་ངན་དེ་ཚོས་འདི་འདྲ་བྲིས་འདུག

    Reply
  22. ཁྱུངཿསྤུ་རྒྱལ། says:
    ལོ་ 17 སྔོན།

    http://tb.chinatibetnews.com/xzpinglun/baozhipl/2009-08/30/content_294174.htm

    http://tb.tibet.cn/news/xz_news/ttxw/200908/t20090828_498147.htm

    Reply
  23. གཡུ་དྲུག་དཀར། says:
    ལོ་ 17 སྔོན།

    སྐྱབས་སུ་མཆི། ད་ཡིན་ན་ཉི་ཤར་སྤར་མོས་མ་ཁེབ་པ་དང་རི་ཉིལ་བ་ཐག་པས་མ་དོམ་པའི་རྒྱ་ནག་གི་དབུ་འཛིན་ཚོས་ནམ་ཞིག་རྒྱ་ནག་མི་མང་གིས་འདི་ལྟར་ཏ་ལའི་བླ་མ་གདན་འདྲེན་ཞུ་དགོས་པའི་འབོད་སྐུལ་ཞུས་ན་ཅི་ལྟར་བྱ་སྙམ་པའི་སེམས་ཁྲལ་ཅིག་ཀྱང་རང་བཞིན་གྱིས་སྐྱེས་ཡོད་པ་གདོན་མི་ཟ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese