མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

H1N1 བོད་དུ་སླེབས་འདུག

བོད་ཀྱི་དུས་བབ།
༢༠༠༩/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp

H1N1 ཆམ་ནད་རིམ་གྱིས་རྒྱ་ཁྱབ་ཏུ་ཕྱིན་ཏེ་ལྷ་ས་དང་ཀན་སུའུ། མཚོ་སྔོན་བཅས་བོད་མི་འདུས་སྡོད་ཀྱི་གནས་སུ་སླེབས་འདུག་ཟེར།

འདི་ལོའི་ཕྱི་ཟླ་ ༣ པ་ནས་བཟུང་ H1N1 ཆམ་ནད་རིམ་གྱིས་ཁྱབ་སྟེ་འཛམ་གླིང་གི་ཡུལ་གྲུ་གང་སར་སྔོན་འགོག་གི་ཐབས་ལམ་འདྲ་མིིན་སྤྱོད་ཀྱིན་ཡོད་པ་ལྟར། རྒྱ་གཞུང་གིས་ཉེ་བའི་དུས་ནས་ H1N1 འགོས་ནད་སྔོན་འགོག་ཐད་ནུས་པ་གང་ཡོད་བཏོན་ཏེ་མི་ཁྲི་ ༡༦༥ ལྷག་ལ་ནད་ཡམས་འདི་འགོག་ཐབས་ཀྱི་ཁབ་ཐོན་སྐྱེད་བྱས་ཡོད་ཚུལ་བརྗོད་ཡོད་པ་རེད། དེ་ལྟ་ནའང་། ནད་ཡམས་འདི་རྒྱ་ནག་གི་ཀོང་ཏུང་དང་པེ་ཅིན། ཧྲང་ཧེ་སོགས་གྲོང་ཁྱེར་ཆེ་ཁག་ནས་རྒྱ་ཁྱབ་དུ་ཕྱིན་ཏེ། མི་མང་པོར་འགོས་ནད་འདི་ཕོག་ཡོད་འདུག་ལ། ནད་ཡམས་འདི་འགོས་པའི་ཚད་གཞི་ཆེ་ཤོས་དེ་རྒྱ་ནག་ནང་ཁུལ་གྱི་སློབ་གྲྭ་ཁག་ཡིན་འདུག ཉེ་དུས་ནས་ནད་ཡམས་འདི་རིམ་གྱིས་བོད་ཁུལ་དུ་སླེབས་ཡོད་པ་དང་། ཕྱི་ཚེས་ ༦ ཉིན་ལྷ་ས་མལ་གྲོ་གོང་དཀར་རྫོང་གི་སློབ་འབྲིང་གི་སློབ་མ་གཉིས་ལ་ཆམ་ནད་ཡོད་པའི་ངོས་འཛིན་བྱུང་ཡོད་པ་མ་ཟད། ཀན་སུའུ་ཞིང་ཆེན་ཧྲུའུ་ཀྲུང་རྫོང་གི་ལེགས་འགྲུབ་སློབ་འབྲིང་དུ་སློབ་སྦྱོང་བྱེད་བཞིན་པའི་མཚོ་སྔོན་གྱི་སློབ་མ་རང་ལོ་ ༡༩ ཡིན་པ་ཞིག་ལ་ཟླ་འདིའི་ཚེས་ ༥ ཉིན་ནད་ཡམས་འདི་ཡོད་པའི་ངོས་འཛིན་བྱས་ཡོད་འདུག
 

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༥ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༡༥ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 18

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ངས་འདི་འདྲའི་སྐབས་སུ་མ་ཧ་གན་རྡེ་གྱི་གསུང་དག་དྲན་གྱི་འདུག སྨན་པ་མི་དགོས། ཁྲིམས་རྩོད་པ་མི་དགོས། སློབ་གྲྭ་མི་དགོས། མི་དགོས་པའི་བསྐོར་དེ་དག་གསུང་བ་ལྷག་དུ་དྲན། ད་ནི་དངོས་ནས་བཤད་པ་ཡིན་ན། ཁོང་གིས་གསུང་དེ་དག་ད་ལྟའི་འཆར་བོད་ནང་དུ་ཕན་པོ་འདུག སྨན་པ་མི་དགོས། ཁྲིམས་རྩོད་མི་དགོས། སློབ་གྲྭ་མི་དགོས་སོགས་ཟེར་རན་རེད་འདུག་སྙམ།

    Reply
  2. གཉན་མདང་ཕོ་ཉ། says:
    ལོ་ 17 སྔོན།

    ངོ་མ་ཡིན་ཚོད་འདུག
    དེང་སང་རྒྱ་གར་ལ་མཚོན་ན། ནད་འདི་བརྟག་དཔྱད་བྱེད་ཆེད་བཅིག་བུ་ལ་ཧིན་སྒོར་སུམ་སྟོང་ལེན་གྱི་འདུག་ག
    འདི་སྒེར་གཉེར་སྨན་ཁང་ལ་ཟེར་གྱིན་ཡོད།
    གཞུང་གིས་རིན་མེད་ཡིན་ཚོད་འདུག

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    བཤད་ཚུལ་ལ་ནད་འདི་ཕག་ནད་དང་བྱ་ནད་སོགས་མང་པོ་ཞིག་མཉམ་དུ་འདུས་ནས་བྱུང་བར་བཤད།

    ཡང་ཁག་ཅིག་གིས་འདི་ནི་ཚན་རིག་པ་དང་སྨན་པ་དེ་འདྲས་སོ་སོའི་ཚོང་གི་ཆེད་དུ་རྐང་བཙུགས་ནས་བཟོས་པ་དང་། ན་ཚ་ཁྱབ་བརྡལ་ལ་ཕྱིན་ཏེ་གླགས་མི་རྙེད་པའི་སྐབས་སུ་སྨན་བཟོས་ཏེ་གོང་ཆེན་པོ་བྱས་ནས་བཙོང་གི་རེད་ཟེར་མཁན་ཡང་འདུག

    Reply
  4. གཉན་མདང་ཕོ་ཉ། says:
    ལོ་ 17 སྔོན།

    ཕ་རྒན་ལྷ་ཆབ་ཡང་དབྱིན་སྐད་ཐ་ཐོར་ཞིག་རྒྱབ་ནས་སླེབས་སོང་།
    ཧཧཧཧཧཧ
    མདང་དགོང་གང་འདྲ་བྱུང་སོང་།

    Reply
  5. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    རེད་རེད། གོང་ནས་རྩོམ་སྒྲིག་པས་གསུང་བ་བཞིན་འདི་ཕག་གི་ཆམས་ནད་ཟེར་ན་ཨེ་འགྲིག་མི་ཤེས། དེ་ཟེར་བ་ཡིན་ན་ཕག་ལ་cancer ཡང་བྱུང་རྒྱུ་ཡོད་དགོས་པ་རེད་ཨང༌། ཧ་ཧ་ཧ་གླེན་བཤད་ཅིག་བརྒྱབ་པ་ཡིན།

    Reply
  6. གཉན་མདང་ཕོ་ཉ། says:
    ལོ་ 17 སྔོན།

    ཁྲི་ཇོ་སྲས་ཁྱེད་ཞེད་མི་དགོས་དང་ཁྱེད་ཀྱི་དགའ་མས་ནམ་ཡང་ཁྱེད་ཀྱི་ལག་པ་གཏོང་ཚོད་མི་འདུག་ལོ།
    ཧཧཧཧ
    གྲོགས་སྐར་ཁྲིས་ང་ལ་གཅིག་བསྟོད་ཁུལ་བྱས་འདུག
    སྐུ་མཁྱེན་དེ་འདྲ་མ་བྱེད་དང་། ངས་ཡང་སྔོ་ལོ་གཤམ་གྱི་རེད།

    Reply
  7. ཁྲི་ཇོ་སྲས says:
    ལོ་ 17 སྔོན།

    ངའི་ལག་པ་འདི་མ་གཏོང
    ང་ཁེར་རྐྱང་དུ་འགྲོ་བར་སྐྲག་གི

    Reply
  8. pema wangchen says:
    ལོ་ 17 སྔོན།

    ཨ་རོགས་ཚོ
    ད་དུས་ཚོད་གཉན་འཕྲང་གི་དུས་འདི་ལྟ་བུ་ཞིག་ལ་ང་རྒྱ་གཞུང་འདིར་དོགས་པ་སྣོན་བབས་ཅན་ཞིག་བྱུང་། ཁོ་ཚོར་བོད་ལ་གནག་སེམས་ཆེ་བས་ན་ཚ་འདི་བོད་ཀྱི་ས་གནས་ག་སར་སྤེལ་མི་སྲིད་པ་མ་རེད་བསམ།

    Reply
  9. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    དྲ་གྲོགས་གཉན་མདང་གིས་འདི་ལྟར་སེམས་གཏིང་ནས་རོགས་རམ་གྱི་ཚུལ་དུ་ནོར་བཅོས་བྱེད་ན་ཕན་ཆེན་པོ་ཐོགས་ཀྱི་རེད་འདོད་བྱུང་། ཁྱད་པར་དུ་ང་ལྟ་བུར་མཚོན་ན་ཡིག་ནོར་ག་ཚོད་བཅོས་རོགས་བྱེད་ན་སྙིང་ཐག་པ་ཐུགས་རྗེ་ཆེ་ཞུ་ཡི་ཡིན།

    Reply
  10. གཉན་མདང་ཕོ་ཉ། says:
    ལོ་ 17 སྔོན།

    གྲོགས་སྐར་ཁྲིའི་སྐད་ཆ་འདིས་ང་ལ་ཕ་རྒན་དེ་དྲན་བཅུག་སོང་།
    འོ་ཡ་་་་་་་དཀོན་གསུམ་་་་་་་་་་་་་དགོད་བྲོ་བོ་འདུག་ད་་་་་་་་་་་

    རྩོམ་སྒྲིག་པ་ལགས། ངས་མཁས་མཁས་བྱེད་ནས་བཤད་ལེ་མིན་དེ་འདི་
    ༼H1N1 ཆམ་ནད་རིམ་གྱིས་རྒྱ་ཁབ་ཏུ་ཕྱིན་༽ཟེར་བ་འདི་རྒྱ་ཁྱབ་ཅེས་བཅོས་དགོས་པར་སེམས། འདི་འགོ་བརྗོད་ནང་གི་ཚིག་རེད།

    Reply
  11. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    སྐྱབས་འགྲོ་ཐོན་སྐད་རྒྱ་ཡ་ག་རེ་འདུག

    Reply
  12. བསྟན་འཛིན་ཚེ་བརྟན། says:
    ལོ་ 17 སྔོན།

    བྱ་ཐབས་སུ་ལ་ཡང་མེད་ཀྱང་ནད་དེ་ཁྱབ་བཞིན་པ་ཚང་མས་བསྒྲགས་བཞིན་འདུག་པས་དགེ་ཚན་ཆེར་མི་མངོན།

    Reply
  13. སྒྲོལ་མཚོ says:
    ལོ་ 17 སྔོན།

    འོ་ཙི་་་་་་་་་་་་་་་་་་་་་་ད་ཡིན་ན་འགྲིག་མ་སོང་།

    Reply
  14. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    རྩོམ་སྒྲིག་པ་ལགས། དེས་ན་H1N1སྐོང་ཡིག་འདི་ལ་རྒྱལ་སྤྱིའི་སྟེང་དུ་ག་རེ་འབོད་ཀྱི་ཡོད་པ་རེད་དམ། དེ་ལ་འགྲེལ་བཤད་ཕྲན་པུ་ཞིག་ཡོད་དམ་ལགས།
    སེམས་ཅན་ནད་པ་ཅི་རྙེད་པ།། མྱུར་དུ་ནད་ལས་ཐར་གྱུར་ཅིག།

    Reply
  15. འཇམ་དཔལ། says:
    ལོ་ 17 སྔོན།

    ཕག་ཆམ་གྱི་ན་ཚ་གསར་བ་དེ་རླུང་ལྟའུ་ཡིན་པས་གནང་ཆུང་མི་བྱེད་པ་ཚང་མས་ཟབ་ཟབ་དང་སྔོན་འགོག་བྱེད་རོགས་གནང་བཅས

    Reply
  16. ཁ་རུ་ཁ་ཐུག says:
    ལོ་ 17 སྔོན།

    རྒྱ་རོ་ངོ་མྱིག་གིས་མི་རིག་རྒྱོ་འདི་ཚོས་ཡོད་ཚད་སྟོང་བར་འཇུག་རྩིས་ཡོད།

    Reply
  17. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    H1N1 འདི་ཕག་ཆམ་མ་རེད་ཅེས་བཤད་སྟབས་འདི་ག་གསར་ཁང་གིས་ཀྱང་ཕག་ཆམ་ཞེས་མི་འབྲུ་རྒྱུའི་ཐག་གཅོད་བྱས་ཡོད། ཐ་ན་ཁ་བྱང་ཡང་ H1N1 ཞེས་འབྲི་བ་ལས་ནད་ངོས་འཛིན་མེད་དུས་གང་བྱུང་དུ་བསྒྱུར་ན་མི་ལེགས་པར་འདོད་ནས་རང་སོར་བཞག་པ་ཡིན། ཡིན་ཡང་། གོང་དུ་ཕག་ཆམ་ཞེས་ཤོར་ནས་བྲིས་འདུག་པ་ངས་བསྐྱར་དུ་བཅོས་ཟིན།

    Reply
  18. གཉན་མདང་ཕོ་ཉ། says:
    ལོ་ 17 སྔོན།

    སངས་རྒྱས་སྨན་ནམ་རྒྱུན་ནས་མཆོད་སྡོད་མཁན་བོད་མི་ཚོ་ཡིན་དུས།
    འདི་འདྲའི་དུས་ཚོད་ལ་རོགས་རམ་བྱེད་དགོས་ཡོད།
    ངོ་མ་ཞེད་སྣང་འདུག
    ཕག་ཆམ་འདི་བརྟག་དཔྱད་རིམ་པ་བརྒྱུད་ཕག་ལས་བྱུང་མེད་པ་ཤེས་ཏེ་དེ་ལུགས་ཀྱི་གསལ་བསྒྲགས་བྱས་ཟིན་ཡང་ད་རུང་ཕག་ཆམ་ཞེས་ཅིའི་ཕྱིར་འདོག་ཀྱིན་ཡོད་རེད།
    ཕག་པ་ཚོ་ལའང་བསམ་བློ་དྲང་མོ་བཏང་རོགས་བྱོས་ཡ།
    ངོ་མ་བོད་ནང་ལ་སེམས་འཁྲལ་རེད།
    གང་ཡིན་ཟེར་ན་ན་ཚ་འདི་དེང་སང་བཅོས་བྱེད་ཀྱི་སྨན་ཀྱང་ཏག་ཏག་མེད་པ་དང་།
    རྒྱ་གཞུང་གིས་ཁར་ཡོད་ལག་ཡོད་ཀྱི་རོགས་མི་ཐོན་ཁར་བྱེད་འདོད་ཀྱང་ཆེན་པོ་མེད་ངེས་རེད།
    ད་གང་དྲག་་་་་་་་་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese