མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་ནང་དྲག་རྡུང་མགོ་བཙུགས་འདུག

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་རྒྱལ་བཙུགས་དུས་ཆེན་ཐེངས་ ༦༠ པ་ཐོན་ལ་ཉེ་བའི་སྐབས་འདིར། རྒྱ་གཞུང་གིས་བོད་ནང་དུ་དྲག་རྡུང་གི་ལས་འགུལ་ཞེས་པ་དེ་མགོ་བཙུགས་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱིས་མངའ་ཁུལ་དེར་དྲག་རྡུང་གི་ལས་འགུལ་སྤེལ་རྒྱུའི་ཐག་གཅོད་བྱས་ཚུལ་ཕྱི་ཚེས་ ༨ ཉིན་གྱི་བོད་ལྗོངས་ཉིན་རེའི་ཚགས་པར་སྟེང་བཀོད་འདུག་ཟེར།

ལོ་སྔོན་མའི་ཞི་རྒོལ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ས་ཁུལ་དུ་དམག་མི་འཕར་སྣོན་དང་། ལམ་སྒོ་འགོག་པ་སོགས་བོད་མི་ཚོའི་ཐོག་ཏུ་དམ་དྲག་གི་སྲིད་བྱུས་ཤིག་ལག་བསྟར་བྱས་ཡོད། བོད་ལྗོངས་ཉིན་རེའི་ཚོགས་པར་ལྟར་ན། བོད་རང་སྐྱོང་ལྗོངས་དམར་ཤོག་དྲུང་ཆེ་ཀྲང་ཅིན་ལི་ཡིས་དམར་ཤོག་གི་མི་སྣ་དང་། སྲིད་གཞུང་གི་ལས་བྱེད། བདེ་འཇགས་མི་སྣ་སོགས་མཉམ་དུ་བསྡུས་ཏེ། བརྙན་པར་གྱི་ཚོགས་འདུ་ཞིག་བསྐངས་ཡོད་པ་དང་། དེའི་ཐོག་ཀྲང་གིས་བཤད་དོན། རྒྱལ་བཙུགས་དུས་ཆེན་ཐེངས་ ༦༠ པ་དེ་བདེ་འཇགས་ངང་ལམ་ལྷོང་ཡོང་བའི་ཆེད་དང་མངའ་ཁུལ་བརྟན་ལྷིང་ཡོང་བའི་ཆེད་དུ། རིམ་པ་མཐའ་དག་གི་འབྲེལ་ཡོད་ལས་བྱེད་ཚང་མས་མཉམ་རུབ་ཀྱི་སྒོ་ནས་ལས་དོན་སྒྲུབ་དགོས་ཚུལ་བཤད་འདུག

ཀྲང་གིས་དམར་ཤོག་ཚོགས་མི་དང་བདེ་འཇགས་མི་སྣ་དག་ལ་ང་རྒྱལ་གྱི་སྒོ་ནས་བཤད་དོན། ལོ་སྔོན་མའི་ཟིང་ཆའི་མགོ་མནན་པ་དང་གསུམ་གཅིག་བཞིའི་ངོ་རྒོལ་ཞི་འཇགས་ལ་བཏང་བའི་ཐད་ང་ཚོས་རྒྱལ་ཁ་བླངས་ཡོད་ལ། ད་ཐེངས་ཀྱང་སྔར་ལས་ཤུགས་སྣོན་གྱིས་ཏཱ་ལའི་རུ་ཚོགས་དང་ཁ་བྲལ་བ་རྣམས་ཕམ་པར་རྒྱག་དགོས་ཚུལ་བཤད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སེམས་ཁྲལ་ངང་བཤད་དོན། ལོ་སྔོན་མ་དག་དང་འདྲ་བར་གཞུང་གི་ཉེན་རྟོག་ཚན་པ་དག་གིས་དྲག་རྡུང་གི་ལས་འགུལ་སྐབས་སུ་དོན་མེད་དང་ལུགས་མེད་ལ་མི་སེར་འཛིན་བཟུང་དང་མནར་གཅོད། འདྲི་བརྩད། བཀག་ཉར་སོགས་བྱས་ཏེ་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ལ་གཏོང་བར་སེམས་ཁྲལ་ཡོད་པར་བཤད།

ཐེངས་སྔོན་མའི་དྲག་རྡུང་ནི་ལོ་འདིའི་ཕྱི་ཟླ་དང་པོའི་ཚེས་ ༨ ཉིན་ནས་མགོ་བཙུགས་ཏེ་ཁྱོན་ཉི་མ་ ༤༢ འགོར་ཡོད་ལ། དེའི་རིང་བོད་མི་ ༥༧༦༦ ལ་དོགས་གཞི་ཡོད་ཚུལ་གྱིས་བཀའ་འགུག་དང་འཛིན་བཟུང་གང་རུང་བརྒྱུད་འདྲི་བརྩད་ནན་མོ་བྱས་ཡོད་པ་རེད།

རྒྱ་ནག་ནང་དུ་དྲག་རྡུང་གི་ལས་འགུལ་འདི་ ༡༩༨༣ ལོར་ཐོག་མར་སྤེལ་ཡོད་ལ། དེ་ནི་ཉེས་ཅན་པ་དང་ལྐོག་ཟ་རུལ་སུངས་པ་རྩ་མེད་བཟོ་ཆེད་ཡིན། འདི་ནི་བཙན་གནོན་བྱེད་པའི་ཆབ་སྲིད་ཀྱི་ལག་ཆ་ཞིག་ཏུའང་གྱུར་ཡོད། བོད་ནང་དུ་དྲག་རྡུང་གི་ལས་འགུལ་འདིའི་དམིགས་ཡུལ་ཉག་གཅིག་ནི་སྲིད་དོན་གྱི་ལས་འགུལ་བ་ཚོར་བཙན་གནོན་བྱ་རྒྱུ་དེ་ཡིན།

མཆན། 5

  1. གསེར་རྟ་ཆོས་དབྱིངས། says:
    ལོ་ 13 སྔོན།

    ལགས་རྫ་སྲས་བདེ་ཆེན་ཟེར་ན་སུ་རེད་ངས་ངོ་མི་ཤེས་ཀི

    Reply
  2. རྫ་སྲས་བདེ་ཆེན says:
    ལོ་ 13 སྔོན།

    ཨ་ཁུ་ཆོས་དབྱངསདུས་བབ་དྲ་ཐོག་ནས་དེ་རིང་གཞི་ནས་མཐོང་སོང་།ཁྱེད་ཀྱིས་ཀྱང་ཟིན་བྲིས་ཤིག་གཉེར་རྒྱུ་ན་ཡག་པོ་མི་འདུག་གམ།ཁོམ་པ་ཡོད་དུས་ངེད་ཚང་ལ་ཤོག་དང་བཤད་རེས་རྒྱག། ཧ་ཧ་ཧ།

    Reply
  3. གསེར་རྟ་ཆོས་དབྱིངས། says:
    ལོ་ 13 སྔོན།

    ཁྱི་རྒན་ཞེས་བརྗོད་པས་ཕན་གྱི་མ་རེད། ཁོ་ཚོ་ལ་གནོན་ཤུགས་སྤྲད་དགོས་པ་རེད། ང་ཚོའི་བོད་མ་འགྲུབ་བར་དུ་བརྗེད་ཉན་ནི་མ་རེད།

    Reply
  4. སྦྲ་དཔལ་ལྡན། says:
    ལོ་ 13 སྔོན།

    ཨོ་ན། ཁྱི་རྒན་དེ་མགོ་ཞིག་ན་ན་ འུ་ཚོའི་བསམ་དོན་འགྲུབ་སོང་ནི་རེད།

    Reply
  5. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    ཁྱི་རྒན་ཀྲང་འདི་ལ་མགོ་ཞིག་ན་རྒྱུ་མེད་ཀྱི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist