མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བུད་མེད་ཚོགས་པའི་དུས་དྲན་སྲུང་གཙི།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

ལོ་འདིའི་ཕྱི་ཟླ་ ༡༠ ཚེས་ ༡༧ ནས་ ༢༠ བར་ཨེ་ཤ་ཡའི་རྒྱལ་ཁབ་ཀྱི་སྐྱེ་སྒོ་དང་ཕོ་མོའི་འཕྲོད་བསྟེན་གྱི་ཚོགས་འདུ་ཐེངས་ལྔ་པར། ང་ཚོ་བོད་ཀྱི་བུད་མེད་ལྷན་ཚོགས་ལ་མགྲོན་འབོད་གནང་བ་ལྟར། ང་ཚོས་གོ་སྐབས་འདི་ཉིད་རྩ་ཆེར་བཟུང་སྟེ། གཞིས་ལུས་བུད་མེད་རྣམས་ལ་འཕྲད་པའི་མནར་གཅོད་རྣམས་གསལ་སྟོན་བྱ་རྒྱུ་མ་ཟད། དེ་འབྲེལ་རྒྱ་ནག་ནང་ཡོད་པའི་བུད་མེད་ཚོགས་སྡེ་ཁག་དང། འབྲེལ་ལམ་གསར་འཛུགས་ཀྱིས་ཐུན་མོང་ཐོག་བོད་ནང་གི་བོད་པའི་བུད་མེད་ལ་འཛིན་པའི་དཀའ་ཁག་གི་སྲིད་བྱུས་དག སེལ་ཐབས་བྱ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན།

ཟླ་འདིའི་ཚེས་ ༡༠ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བའི་དུས་དྲན་སྲུང་གཙི་ཞིག་བོད་གཞུང་ཟློས་གར་ཚོགས་པའི་ཚོགས་ཁང་དུ་ཚོགས་ཡོད་པ་དང། ཚོགས་མགོན་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་དང། ཚོགས་གཙོ་ཟུར་པ་བཀའ་ཟུར་རིན་ཆེན་མཁའ་འགྲོ་གཉིས་ཆེད་ཕེབས་གནང་ཡོད་པ་རེད། ཚོགས་འདུའི་སྐབས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་ཚོགས་པའི་དངོས་སྤྲོད་དང་འབྲེལ་གསུངས་དོན། བོད་ཀྱི་བུད་མེད་ལྷན་ཚོགས་ནི་ཐོག་མར་ ༡༩༥༩ ལོའི་ཟླ་ ༣ ཚེས་ ༡༢ ཉིན་ཕོ་བྲང་པོ་ཏ་ལའི་མདུན་གྱི་འབྲས་བུ་གཡུལ་ཁའི་ཐང་ཆེན་སྟེང། རྒྱ་ནག་གི་ཁྲིམས་མཐུན་མིན་པའི་བཙན་བཟུང་ལ་རྒྱལ་གཅེས་བུད་མེད་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས་དབུ་བརྙེས་པ་ཞིག་ཡིན། ༡༩༦༠ དང།  ༧༠ དེ་བཞིན་ ༨༠ བཅས་སོ་སོར་དྷ་རམ་ས་ལས་གཙོས་པའི་རྒྱ་གར་རྒྱལ་ཡོངས་ནས། བོད་ཀྱི་བུད་མེད་རྣམས་ཀྱི་ལས་འགུལ་ཁག་རིམ་བཞིན་ཁྱབ་སྤེལ་འགྲོ་མགོ་བརྩམས་ཏེ། ཕྱི་ལོ་ ༡༩༨༤ ཟླ་ ༩ ཚེས་ ༡༠ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་རླབས་ཆེན་གྱི་སྒྲིག་འཛུགས་དེ་ཉིད་བཞུགས་སྒར་དྷ་རམ་ས་ལར་སླར་གསོ་གནང་ཐུབ་པ་བྱུང་བ་དང། དེ་རིང་བོད་ཀྱི་བུད་མེད་ལྷན་ཚོགས་སླར་གསོ་བྱུང་སྟེ་ལོ་ངོ་ ༢༥ འཁོར་བའི་ཉིན་མོར་བོད་ཀྱི་བུད་མེད་ཚོས། རང་དབང་གི་འཐབ་རྩོད་ནང་མཉམ་ཞུགས་བྱས་པའི་དམིགས་འདུན་བསྐྱར་གསོ་བྱ་རྒྱུ་དང། རང་གི་རྒྱལ་ཁབ་ལ་བཅངས་པའི་ལ་རྒྱ་གོང་མཐོར་གཏང་རྒྱུ་ཡིན། ད་ཆ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཡན་ལག་དེ་ཨེ་ཤ་ཡ་དང། ཡུ་རོབ། ཨ་རི། ཨོ་སི་ཊོ་ལི་ཡ་བཅས་ཀྱི་གླིང་ཕྲན་ནང་ཁྱོན་ས་གནས་ཡན་ལག་ ༤༩ ལྷག་དང་ཚོགས་མི་ ༡༥༠༠༠ ལྷག་ཡོད་པ་རེད། བཙན་བྱོལ་ནང་སྒྲིག་འཛུགས་དེ་དག་སླར་གསོ་བྱུང་བ་ནས་བཟུང། ད་བར་ཆབ་སྲིད་ལས་འགུལ་དང། སྤྱི་ཚོགས་ཞབས་ཞུ། ཆོས་ཕྱོགས་བྱེད་སྒོ། ཤེས་ཡོན་དང་འབྲེལ་བའི་ནུས་སྟོབས་གོང་སྤེལ་སོགས་ཀྱི་ཐད་ལས་རིགས་སྣ་མང་སྤེལ་ཡོད་ལ། ལྷག་དོན་ཆབ་སྲིད་ཀྱི་ལས་འགུལ་ལ་དམིགས་བཀར་གྱི་ཐུགས་འགན་ཆེས་ཆེར་བཞེས་ཡོད་པ་རེད། ད་སྐབས་བོད་ཀྱི་བུད་མེད་ལྷན་ཚོགས་ལ་རྒྱལ་སྤྱིའི་ངོས་འཛིན་ཚད་མཐོར་ཐོབ་ཡོད་པ་དང། འདི་ལོའི་བུད་མེད་སྒེར་ལངས་ཀྱི་ཉིན་མོ་དེ་རྒྱལ་སྤྱིའི་བོད་ཀྱི་བུད་མེད་ཀྱི་ལོར་སྲུང་གཙི་ཞུ་རྒྱུའི་དྲིལ་བསྒྲགས་གནང་ཡོད་པ་རེད།  ཉེ་བའི་ཆར་འཛམ་གླིང་བུད་མེད་ཀྱི་སྐྱེ་སྒོའི་ཐོབ་ཐང་འབྲེལ་མཐུད་ལས་ཁང་གིས། པེ་ཅིང་དུ་ལོ་འདིའི་ཕྱི་ཟླ་ ༡༠ ཚེས་ ༡༧ ནས་ ༢༠ བར་ཨེ་ཤ་ཡའི་རྒྱལ་ཁབ་ཀྱི་སྐྱེ་སྒོ་དང་ཕོ་མོའི་འཕྲོད་བསྟེན་གྱི་ཚོགས་འདུ་ཐེངས་ལྔ་པར། ང་ཚོ་བོད་ཀྱི་བུད་མེད་ལྷན་ཚོགས་ལ་མགྲོན་འབོད་གནང་བ་ལྟར། ང་ཚོས་གོ་སྐབས་འདི་ཉིད་རྩ་ཆེར་བཟུང་སྟེ། གཞིས་ལུས་བུད་མེད་རྣམས་ལ་འཕྲད་པའི་མནར་གཅོད་རྣམས་གསལ་སྟོན་བྱ་རྒྱུ་མ་ཟད། དེ་འབྲེལ་རྒྱ་ནག་ནང་ཡོད་པའི་བུད་མེད་ཚོགས་སྡེ་ཁག་དང། འབྲེལ་ལམ་གསར་འཛུགས་ཀྱིས་ཐུན་མོང་ཐོག་བོད་ནང་གི་བོད་པའི་བུད་མེད་ལ་འཛིན་པའི་དཀའ་ཁག་གི་སྲིད་བྱུས་དག སེལ་ཐབས་བྱ་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན། མཐའ་དོན་རྒྱ་གཞུང་གི་ངོས་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དྲང་བདེན་ནམ། དངོས་ཡོད་ཐོག་༸གོང་ས་མཆོག་དང་ཕན་ཚུན་ཞི་མོལ་གནང་སྟེ། བོད་རྒྱ་གཉིས་སྨན་གྱི་ལམ་བུར་གོམ་ཁ་མདུན་སྤོས་ཡོང་རྒྱུར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་འབོད་སྐུལ་ཞུ་རྒྱུ་ཡིན་ལ། ༸གོང་ས་མཆོག་གི་བླ་ན་མེད་པའི་དགོངས་གཞིའི་འོག གནམ་འོག་དྲང་བདེན་གྱི་སྐྱེ་བོ་ཀུན་གྱིས་བོད་དོན་བདེན་མཐའ་མྱུར་དུ་སེལ་ཕྱིར་བདེན་པའི་རྒྱབ་སྐྱོར་གནང་རྒྱུར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་འབོད་སྐུལ་བརྒྱ་འགྱུར་ཞུ་བཞིན་ཡོད་ཅེས་གསུངས།

སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་ཀྱིས་གསུངས་དོན། དེ་རིང་བོད་ཀྱི་བུད་མེད་ལྷན་ཚོགས་དབུ་བརྙེས་ནས་ལོ་ངོ་ ༢༥ འཁོར་བ་རེད། དེའི་རིང་ཚོགས་པ་འདི་ནས་བོད་ཀྱི་རང་དབང་བསྐྱར་གསོ་དང་འབྲེལ་ཏེ། ༸གོང་ས་མཆོག་གི་རླབས་ཆེན་གྱི་དགོངས་བཞེད་གཞི་ལ་བཞག་པའི་ཐོག་ནས་ཕྱག་ལས་གནང་ཡོད་པ་རེད། བོད་ཀྱི་བུད་མེད་ལྷན་ཚོགས་དབུ་བརྙེས་པ་ནས་བཟུང་། ཚོགས་གཙོ་ལས་འཁུར་ཞུ་མཁན་ལྷ་ལྕམ་རིན་ཆེན་མཁའ་འགྲོ་ལགས་ཀྱིས་གཙོས་པའི། སྤྱི་ཟུར་ཨ་འབྲུག་ཚང་ཆོས་སྐྱིད་ལགས་དང། འབྲེལ་ཡོད་ཚང་མར་ངས་བོད་ཀྱི་བུད་མེད་ཚང་མའི་ངོ་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་ངས་ཚོགས་འདུ་འདིའི་ཐོག་ཏུ་དོན་ཚན་གསུམ་ཞུ་འདོད་བྱུང། དོན་ཚན་དང་པོ། ང་ཚོའི་རྒྱལ་ཁབ་དེ་གཞན་གྱི་དབང་བསྒྱུར་དུ་ཡོད་པས། ང་ཚོས་ཚོགས་པ་གང་འདྲ་ཞིག་གི་ནང་དུ་ལས་ཀ་བྱེད་ཀྱང་རང་གི་གནས་བབ་དེ་ནམ་ཡང་བརྗེད་རྒྱུ་ཡོད་པ་མ་རེད། གཉིས་པ་ནི། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༡༦ ནས་ད་བར་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ཀྱིན་ཡོད་ཅིང། ང་ཚོ་དུས་རྒྱུན་དུ་གང་ཉིད་ཀྱི་སྐུ་དྲིན་འོག་ཏུ་འཚོ་བསྡད་ཀྱི་ཡོད་པ་ཡིན་དུས། བོད་ཀྱི་རང་དབང་བསྐྱར་གསོ་དེ་ཁོང་གཅིག་པུའི་ཕྱག་ལས་མིན་པར། བོད་མི་མི་རེ་ངོ་རེའི་འོས་འགན་ཡིན་པ་ནམ་ཡང་བརྗེད་རྒྱུ་ཡོད་པ་མ་རེད། གསུམ་པ་ནི། བོད་ཀྱི་བུད་མེད་ལྷན་ཚོགས་ནི་སྐྱབས་བཅོལ་གྱི་བུད་མེད་ཙམ་མིན་པར་གཞིས་སྡོད་བུད་མེད་ཡོངས་ཀྱི་ངོ་ཚབ་མཚོན་ཐུབ་པ་ཞིག་དང། དེ་དག་གི་ཆེད་དུ་དུས་ནམ་ཡིན་ཡང་ཕྱག་ལས་གནང་དགོས་པ་གལ་ཆེན་རེད། གལ་སྲིད་དོན་ཚན་གསུམ་པོ་དེ་སྙིང་ལ་བཅངས་པའི་ཐོག་ནས་ཕྱག་ལས་གནང་ཚེ། ཏན་ཏན་བོད་ལ་སྐྱིད་པའི་ཉིན་མ་ཤར་རྒྱུ་དང། ང་ཚོ་སླར་བོད་ལ་ལོག་ཐུབ་པའི་རེ་བ་ཆེན་པོ་ཡོད་པ་རེད། དེ་འདྲ་ཡིན་དུས་ཚང་མས་ནམ་ཡང་སྙིང་སྟོབས་དང། ལ་རྒྱ་མ་ཉམས་པར་གོང་འཕེལ་ཡོང་བར་རེ་སྐུལ་ཞུ་རྒྱུ་ཡིན་ཞེས་གསུང་གནང་སོང།

བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་ནས་གསུངས་དོན། ང་ཚོ་འདིར་ཡོད་བོད་རིགས་ཚོས་འདས་ཟིན་པའི་བོད་ཀྱི་འཐབ་རྩོད་ཀྱི་ལས་འགུལ་ཆེ་ཆུང་གང་འདྲ་ཞིག་ཡོད་ཀྱང། དེ་དག་རྒྱུན་པར་ཡིད་ལ་བཅངས་དགོས་པའི་ཐོག་ནས། མ་འོངས་པའི་ལས་དོན་ལ་མདུན་བསྐྱོད་བྱ་དགོས་རྒྱུ་གལ་ཆེན་པོ་དང། ལྷག་པར་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་ལོ་ལྟར་བཞིན་འཕོ་འགྱུར་འགྲོ་མུས་ཡིན་པས། ཚོགས་མི་ཚོས་གཞི་རྩའི་ཚོགས་པ་འདིའི་ལངས་ཕྱོགས་དང། དམིགས་ཡུལ་མ་ཡལ་བ་བྱེད་རྒྱུ་དེ་གལ་ཆེན་པོར་མཐོང་གི་འདུག འདས་པའི་ནང་བཙན་བྱོལ་སྤྱི་ཚོགས་ཀྱི་ཁྲོད་དུ་རང་རེའི་དཔའ་བོ་དང་དཔའ་མོ་ཚོས་རང་གི་འཚོ་བའི་དཀའ་ངལ་ལ་བསམ་བློ་མ་བཏང་བར། ནང་ཁུལ་མཉམ་ལས་བྱས་ཏེ་རྡོ་རྗེ་གླིང་དང་། རཱ་ཇ་པུར་གྱིས་གཙོས་པའི་ས་གནས་འགའ་ཞིག་ཏུ་ཚོགས་པ་གསར་འཛུགས་གྱིས། བོད་དོན་གྱི་མེ་རོ་མ་ཡལ་བར་བྱས་པའི་རླབས་ཆེའི་བྱས་རྗེས་ཆེན་པོ་བཞག་ཡོད་པ་དང། ལྷག་པར་ཕྱི་ལོ་ ༡༩༥༩ ལོའི་གྱེན་ལངས་ཀྱི་ནང་དུ་བོད་ཀྱི་བུད་མེད་མང་པོ་ཞིག་གིས་མཉམ་ཞུགས་གནང་བས།   རྒྱ་མིའི་ལག་འོག་ནས་མནར་གཅོད་ཚད་ལས་བརྒལ་བ་མྱངས་དགོས་བྱུང་བ་རེད། དེ་འདྲ་ཡིན་དུས་ང་ཚོས་དངོས་གནས་ཁོང་ཚོའི་དཔའ་ངར་གྱི་མཛད་རྗེས་དེ་དག་ནམ་ཡང་རྗེས་དྲན་བྱེད་དགོས་རྒྱུ་དེ་ཞེ་དྲག་གི་གལ་ཆེར་མཐོང་གི་འདུག་ཅེས་གསུང་བཤད་གནང་བྱུང།

ཚོགས་འདུའི་སྐབས་སུ་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་དཔར་བསྐྲུན་གནང་བའི་ཕྱག་དེབ་བོད་ཡིག་དང། སེ་ཤེ་ནིཤ་སྐད་ཡིག་ཐོག་ཡོད་ཅིང། ནང་དོན་གཙོ་བོ་གཞིས་ལུས་བུད་མེད་སྟེང་འཛིན་པའི་སྐྱེ་སྒོའི་སྲིད་བྱུས་ཐོག་གི་སྙན་ཐོ་སྐྱོ་གདུང་གི་མིག་ཆུ་དང། དེ་བཞིན་བྱིས་པའི་བློ་སྒོ་འབྱེད་པའི་ལྡེ་མིག་ཞེས་པ་གཉིས་དང། དེ་བཞིན་གློག་བརྙན་ལྷ་མོ་མཚོ་ཞེས་པ་ཉེ་ཆར་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་དཔའ་བོ་དོན་གྲུབ་དབང་ཆེན་ལགས་དང་འབྲེལ་ཏེ། ཁོང་གི་ནང་མི་བུ་ཕྲུག་ཚོའི་དཀའ་ངལ་དང། ཚོར་བ། དེ་བཞིན་མི་མང་གི་རྒྱབ་སྐྱོར་མངོན་འདོན་བྱས་པ་ཞིག་བཅས་དབུ་འབྱེད་གནང་ཡོད་ཅིང་། ཚོགས་བཅར་བར་ལོ་ངོ་ལྔ་བཅུའི་རིང་བོད་ཀྱི་བུད་མེད་ཚོས་རང་དབང་འཐབ་རྩོད་ནང་འབུངས་བ་ཞེས་པའི་གློག་བརྙན་ཞིག་ཀྱང་གཟིགས་འབུལ་ཞུས་གནང་སོང། 

འབྲེལ་ཡོད་གསར་འགྱུར།

Front Slider

༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་ཕེབས་ངེས་ཡིན་པའི་ཐུགས་དགོངས་དང་དེའི་གལ་གནད་སྐོར་ལ་གླེང་མོལ།

༢༠༢༥/༠༧/༢༦
Mobile App

དྷ་ས་ཁུལ་གྱི་ཁང་རྙིང་དག་ལ་ཀ་བ་ཡོད་མེད་སོགས་ཞིབ་འཇུག་གནང་གལ་ཆེ་སྐོར་བརྗོད་སོང་།

༢༠༢༥/༠༧/༢༥
༧གོང་ས་མཆོག་ནས་ཟངས་དཀར་དུ་ལམ་གཙོ་རྣམ་གསུམ་གྱི་བཀའ་ཆོས་སྩལ།༢༠༢༥།༠༧།༢༥ དུས་བབ་ཀྱི་པར།
༸གོང་ས་མཆོག གསར་འགྱུར།

བོད་ནང་དུས་ལོག་བྱུང་སྐབས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱས་པར་ཧ་ཅང་ཕན་ཐོགས་བྱུང་ཞེས་གསུངས།

༢༠༢༥/༠༧/༢༥
དྲ་འབུས་སིམ་འཛུལ་བྱས་པའི་བོད་ཀྱི་ཐེབས་རྩའི་དྲ་རྒྱ།
Mobile App

གོ་སྟོན་སྐབས་མཉེན་ཆས་རྫུན་མ་བཟོས་ཏེ་བཙན་བྱོལ་བོད་མིར་འཇབ་རྒོལ་བྱས་ཡོད།

༢༠༢༥/༠༧/༢༥
Newcastle Lord Mayor Ross Kerridge and Chinese Consul General Wang Yu.
Mobile App

རྒྱ་ནག་གཞུང་ཚབ་པས་གནས་མཁར་གསར་གྱི་བོད་མི་དང་ཐའེ་ཝན་གྱི་མི་མང་ལ་རོགས་རམ་གནང་རྒྱུ་མེད་པའི་ངན་སྐུལ་བྱས།

༢༠༢༥/༠༧/༢༥
Mobile App

བོད་མི་མང་སྤྱི་འཐུས་ཁག་ཅིག་ཞུ་གཏུག་བྱས་པའི་གནད་དོན་ཐོག་གསར་འགོད་གསལ་བསྒྲགས་བྱས་སོང་།

༢༠༢༥/༠༧/༢༥

མཆན། 12

  1. བསེ་རུ། says:
    ལོ་ 16 སྔོན།

    མཆན་བུ་འདེབས་མཁན་རྣམས་ཀྱི་མཆན་བུ་ཆ་ཚང་བཀླགས་པ་ཡིན།

    རྣམ་རྟོག་གི་རུ་འཛིང་བའི་བཙན་བྱོལ་གྱི་སྤྱི་ཚོགས་འདིའི་ནང་།
    གསར་འགྱུར་འགོད་སྤེལ་བྱེད་མཁན་སུ་ཡིན་རུང་།
    རྒྱབ་མདུན་གཉིས་ཀ་མཐོང་དགོས་ལ། ཕྱི་ནང་གཉིས་ཀ་ཡང་མཐོང་དགོས།
    བོད་ཀྱི་དུས་བབ་ནི་ལུང་ཚན་བྱེ་བྲག་པའི་གསར་འགྱུར་གཙོ་བོ་བསྒྲགས་ས་མ་རེད་ལ། བོད་ཀྱི་གསར་འགྱུར་གཅིག་པུ་འགོད་ས་ཡང་མ་རེད།
    དུས་བབ་ནི་འཛམ་གླིང་ཕྱི་ནང་གཉིས་ཀའི་གསར་འགྱུར་འགོད་ས་ཞིག་རེད།

    མཐོ་ཡ་གིའི་རྒྱལ་པོ་ནས་དམའ་མ་གིའི་སྤྲང་པོའི་བར་གྱི་གནས་སྟངས་སོགས་བརྒྱུད་སྤྲོད་བྱེད་མཁན་གྱི་བརྒྱུད་ལམ་ཞིག་ཡིན་སྟབས། དེ་ལྟར་ཡོང་བའི་འགན་ཁུར་དགོས་པ་དེ་ཡང་རྩོམ་སྒྲིག་པ་དང་གསར་འགོད་པ་ཐུན་མོང་གི་ཐུགས་ལ་ངེས་མུས་ཡིན་ལ་་ངེས་དགོས་པ་ཞིག་ཀྱང་རེད།།

    Reply
  2. སྐུ་ལྷ་ངང་ཡག says:
    ལོ་ 16 སྔོན།

    སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་གཙོས་པའི་བུད་མེད་སྤྱི་འཐུས་དེ་ཚོ་སྤྱི་འཐུས་ཀྱི་ཚོགས་འདུ་ལ་མ་བཅར་ནས་བུད་མེད་ཚོགས་པའི་དུས་དྲན་ལ་ཕྱིན་སོང་བ་རེད་དམ། བུད་མེད་ཀྱི་དུས་དྲན་དང་སྤྱི་འཐུས་ཀྱི་ཚོགས་འདུ་གཉིས་སུ་རྩ་ཆེ་བ་རེད།

    Reply
  3. ཨ་མདོ་མཚོ། says:
    ལོ་ 16 སྔོན།

    མི་ནག་ཚང་ལ་ཞུ་རྒྱུར།
    དུས་དྲན་སྲུང་གཙི་ཞེས་པའི་ནང་དོན་ག་རེ་རེད་དམ། སྤྱིར་ཡིག་ནོར་ལ་ཁག་མི་འདུག ཡིན་ནའང་ཁ་བྱང་དེ་མིག་ལ་བདེ་བོ་མི་འདུག་སྙམ།

    Reply
  4. བདེ་བ་ཅན། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལུང་རིགས་ལགས། ཐུགས་རྗེ་ཆེ། ངས་ཀྱང་གསར་འགྱུར་གྱི་ཕྱོགས་ནས་གསར་འགྱུར་ལ་དོ་སྣང་བྱ་མཁན་ཞིག་ཡིན་པའི་ཆ་ནས་ཤ་ཚ་ཡོད་པའི་ཐོག་ནས་སྐྱོན་ཆ་དེ་ཚོར་ཉན་མཁན་ཡོད་མེད་ལ་མི་ལྟོས་པར་ཞུས་པ་ཡིན། གསར་འགྱུར་ཆད་ལྷག་གི་ནོར་འཁྲུལ་ལ་ངོས་ལེན་གནང་བར་དགའ་བསུ་ཡོད། ཁྱེད་རང་ང་གཅིག་པུ་ཡིན་ཟེར་མཁན་རྩོམ་སྒྲིག་པ་ཞིག་རེད་མི་འདུག ངས་ཀྱང་མར་ཙམ་བབ་ནས་ཁྱེད་ལ་ཚིག་རྩུབ་ཤོར་ཡོད་ཚེ་དགོངས་འགལ་མེད་པ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།
    སྐར་ཁྲི་བཙན་ལ། ཁྱེད་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྤྱན་ཡ་གཅིག་བཀབ་སྟེ་གཟིགས་ན་ཕྱོགས་རྐྱང་པ་མ་གཏོགས་གཟིགས་མ་ཐུབ་པས། སུས་ག་རེ་བྱ་གི་ཡོད་མེད་དང་ག་རེ་བཤད་མེད་ཁྲ་ལྷམ་མེར་གསལ་ཡོད་པས་ཐུགས་སྣང་བྱས་ཚེ་མཁྱེན་ངེས་རེད།་ རྩོད་གཞི་མང་དྲག་ན་མི་ལེགས། ད་ང་མཚམས་བཞག་གི་ཡིན་དོ༎

    Reply
  5. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    དྲ་གྲོགས་བདེ་བ་ཅན་ལགས། ཁྱེད་ལ་གནས་ལུགས་ངོ་མ་ཡོད་ན་གསུངས་ན་དགའ་བསུ་ཡོད། དེ་མིན་ཆོལ་ཁའིཕྱོགས་ཞེན་གྱི་སྐད་ཆ་སུས་བཤད་བཞིན་ཡོད་ཧ་གོ་གི་མི་འདུག ཁྱེད་ཀྱི་སྐད་ཆ་དེ་ལ་སྙན་ཆ་མི་འདུག་ལགས། བོད་མི་རིགས་ཀྱི་བྱུང་བ་ཡོད་ཚད་དངོས་ཡོདལོ་རྒྱུས་ཀྱི་བདེན་དཔང་བྱེད་ངེས་པས་བྱས་རྗེས་ཆེ་ཆུང་བཤད་དགོས་དོན་ཡོད་ནི་མ་རེད་འདོད་ཀྱི་ལགས།

    Reply
  6. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ངས་བཤད་པ་ནི། གཙོ་བོ་གསར་འགྱུར་གྱི་ཕྱོགས་ཡིན། གསར་འགྱུར་སྟེང་དུ་ཆད་ལྷག་ནོར་འཁྲུལ་ཤོར་ཡོད་ཚེ་དེ་ནི་ང་རང་གི་སྐྱོན་རེད། རྗེས་སུ་གཟབ་ངེས་ཡིན།

    Reply
  7. བདེ་བ་ཅན། says:
    ལོ་ 16 སྔོན།

    ལུང་རིགས་ལགས།་ ཁྱེད་རང་གི་འཕྲལ་དུ་གོ་རྟོགས་བྱུང་བར་ཧ་ཅང་དགའ་པོ་བྱུང་སོང་། བྱས་ན་ངས་ཁྱེད་རང་ལ་ཕ་ཡུལ་གྱི་ཞེན་ཁོག་མི་འདུག་ཀྱང་ཁམས་དང་དབུས་ཀྱི་གནས་ཚུལ་ཁ་གསལ་བཀོད་འདོད་ མི་བྱེད་པ་དང་དོ་སྣང་མི་བྱེད་པའི་ཞན་ཆ་དང་འཐུས་ཤོར་འདུག ཉེ་ཆར་བོད་ཀྱི་བང་ཆེན་གསར་ཤོག་སྟེང་ལྷ་ས་ཁུལ་གྱི་ཚེ་བཙོན་གྱི་ཉེས་པ་ཕོག་པའི་དེ་སྔའི་ཆབ་སྲིད་བཙོན་ཟུར་གསུམ་གྱི་འདྲ་དཔར་དང་བཅས་པ་ལོ་རྒྱུས་ཁ་གསལ་བཏོན་འདུག ཡིན་ནའང་ཁྱོད་ཚང་གི་དུས་བབ་ཚགས་པར་སྟེང་ལོ་རྒྱུས་ཐུང་ངུ་ཞིག་བཏོན་ཏེ་དེ་ཡང་རྦད་དེ་ནོར་ཏེ་བཀོད་འདུག དུས་བབས་ཚགས་ཤོག་གི་མདུན་ངོས་དེར་གཅིག་གཟིགས་དང་། དེ་སུ་ལ་ཟུར་ཟ་དང་སུ་ལ་སྣང་ཆུང་བྱ་གི་ཡོད་རེད། དེ་བས་ཀྱང་ཁྱོད་རང་ནས་ན་ནིང་དབུས་གཙང་ཁུལ་ངར་ཤུགས་མི་འདུག་ཅེས་བཤད་ཚེ་བོད་ཀྱི་གནད་དོན་སྤེལ་མཁན་ཞིག་གི་འགན་འཁྲི་རེད་དམ། དབུས་གཙང་ཁུལ་དུ་་ 1959་ ལོ་ནས་བོད་ཀྱི་ས་ཁུལ་ཁག་གི་ལས་འགུལ་གྱི་སྣེ་ཁྲིད་བྱས་ཏེ་ 2008 ལོ་བར་ཐོག་མའི་སྣེ་ཁྲིད་བྱས་ཏེ་དཀའ་ངལ་ག་ཚོད་ཞིག་མྱངས་ཡོད་པ་དང༌། ད་ཆའང་གནས་སྟངས་དེ་ཚོའི་དམ་དྲག་ ཆེན་པོ་འདི་ལྟ་བུའི་ལས་འགུལ་རབ་དང་རིམ་པ་སྤེལ་དང་སྤེལ་བཞིན་ཡོད་སྟབས་ད་ལྟའང་དམ་དྲག་བྱ་མུས་རེད། དབུས་གཙང་ཁུལ་དུ་ངར་ཤུགས་མི་འདུག་ཅེས་བརྗོད་པ་འདི་ནི་རྦད་དེ་ཐལ་དྲག་པ་ཞིག་རེད་བསམ་གྱི་འདུག ང་ཚོ་ ཚང་མས་སྤྱི་པའི་ལས་དོན་བྱ་སྐབས་ཧུར་ཐག་བྱ་དགོས་ཀྱི་ཡོད་ཀྱང་། རྒྱ་གར་ནང་མི་ཁག་ཅིག་གིས་ཞེན་ཁོག་ཡོད་ཁུལ་གྱིས་ད་ལྟ་བོད་ནང་གི་དཀའ་ལས་དངོས་སུ་རྒྱག་མཁན་ཚོའི་བྱས་རྗེས་དེ་ཚོའང་ལུང་ཚན་སོ་སོར་བགོ་བཤའ་བྱས་ཏེ་བོད་མི་ནང་ཁུལ་དུ་རྡུང་རྡེག་གཏོང་རྒྱུའི་ལག་ཆར་བེད་སྤྱོད་བྱེད་པ་དེ་ ཚོ་ནི་དེ་འདྲའི་ཐབས་སྐྱོ་བ་ཞིག་མ་རེད་དམ། ཁྱེད་རང་ནས་ཀྱང་དངོས་ཡོད་ཀྱི་ནོར་འཁྲུལ་དེ་ཚོ་ཤེས་བཞིན་དུ་མུ་མཐུད་འཐུས་ཤོར་བཏང་སྟེ་ད་དུང་དབུས་གཙང་ ཁུལ་དུ་ངར་ཤུགས་མེད་པའི་དཀྲོག་གཏམ་སྤེལ་ཚེ་དེ་ནི་ཁྲེལ་གཞུང་མེད་པའི་སྐད་ཆ་ཞིག་རེད། ཡིན་ནའང་དབུས་གཙང་ཁུལ་དུ་ལས་འགུལ་སྤེལ་བ་མཐའ་དག་རང་དོན་རང་གཅེས་ཀྱིས་སྤེལ་བཞིན་ཡོད་པ་ལས་བཙན་བྱོལ་ནང་ངོ་གསོ་འཁུར་རྒྱུའི་དཔང་རྟགས་བཟོ་རྒྱུ་དེ་དང་པོར་བཞག་གི་མེད་པ་འདི་ཁྱེད་ལྟ་བུས་ཤེས་རྟོགས་མེད་རྐྱེན་དབུས་གཙང་ངར་ཤུགས་མེད་པའི་གཏམ་འཆལ་སྤེལ་བ་ནི་ངོ་མ་བོད་མི་གསར་འགོད་པ་ཞིག་གི་སྐད་ཆ་ཡིན་པར་ངོས་འཛིན་བྱ་སྐབས་བློ་ཕམ་བྱ་དགོས་པ་ཞིག་འདུག ཡིན་ནའང་བོད་ཀྱི་དུས་བབས་ཀྱི་འགྲོ་གྲོན་དང་ལས་ཀ་བྱ་མཁན་ཚང་མ་ཁྱོད་ཚོ་ཕ་ཡུལ་གཅིག་པ་ཤ་སྟག་ཡིན་སྟབས་ག་རེ་བྱས་ཀྱང་ཁྱོད་ཚོའི་རང་དབང་རེད། ཡིན་ནའང་ཁྱོད་རང་ནས་ངེད་གཉིས་བོད་སྐད་རྒྱག་མཁན་གཅིག་པ་ཡིན་པའི་ངོ་ལ་བལྟས་ཏེ་ལམ་སེང་བརྡ་ལན་བྱས་པ་ནི་དེ་འདྲའི་རྣམ་འགྱུར་ལེགས་པོ་ཞིག་མ་རེད་དམ༎

    Reply
  8. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    བུད་མེད་ཚོགས་པའི་ངོས་ནས་ཆབ་སྲིད་ཀྱི་ཐོབ་ཐང་རྩོད་ལེན་འཐབ་རྩོདབྱས་དང་བྱ་བཞིན་པ་དེ་ངོ་མ་དགའ་འོས་པ་ཞིག་རེད། ཡིན་ན་ཨ་མ་དེ་དག་གིས་རང་བུ་ཕྲུག་གི་བོད་སྐད་གཙང་མ་ཞིག་མི་ཤོད་པར་སེམས་འཁྲལ་གནང་དགོས་པ་དེ་དེ་བས་ཀྱང་གལ་ཆེ་བར་འདོད། གལ་སྲིད་ནམ་ཞིག་ང་ཚོའི་རང་གི་སྐད་དང་ཡི་གེའི་རྩ་བ་ཆད་པ་ཡིན་ན་བོད་ཀྱི་བུད་མེད་ཅིག་གི་ལུས་བླངས་བ་དེ་དོན་མེད་རེད་འདོད་བྱུང་།

    Reply
  9. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    བདེ་བ་ཅན་ལགས། ངས་གོ་སོང་། ཡིན་ཡང་། ཕ་ཡུལ་གྱི་ཞེན་ཁོག་འདུག་ལབ་ན་ངོས་ལེན་བྱ་ཐུབ་པ་མི་འདུག ལས་ཀའི་འཐུས་ཤོར་རེད་ལབ་ན་བདེན་པ་ཡིན་སྲིད། གང་ལྟར་རྣམ་པ་ཚོར་བསམ་ཚུལ་དེ་འདྲ་ཞིག་ཡོད་དུས་ལས་ཀའི་ཕྱོགས་ན་མ་འདང་ས་དང་འཐུས་ཤོར་གྱི་ཆ་ཞིག་ཡོད་སྲིད། ད་བར་གྱི་གནས་ཚུལ་ལ་ལྟོས་ཞིབ་མོར་ལྟོས་དང་ཕྱོགས་རིས་ཀྱིས་བཟི་ཡོད་མེད་ཤེས་གི་རེད་འདོད། ཡིན་ཡང་། ན་ནིང་དོ་ཚིགས་ཨ་མདོའི་ཕྱོགས་ན་ཚ་ཚ་འུར་འུར་གྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་གྱིན་འདུག་ལ། ཁམས་ཕྱོགས་ནའང་དེ་ལྟར་རེད། འོན་ཀྱང་། དབུས་གཙང་ཕྱོགས་ན་དེ་ཙམ་གྱི་ངར་ཤུགས་ཤིག་མི་འདུག འདི་བདེན་པ་ཡིན།

    མདོ་དོན་ང་ཚོས་ཉིད་ཀྱི་སེམས་ཁུར་དེར་དང་ལེན་དང་བཅས་ལས་ཀར་ཧུར་ཐག་བྱ་ངེས་ཡིན།

    Reply
  10. བདེ་བ་ཅན། says:
    ལོ་ 16 སྔོན།

    དུས་བབས་རྩོམ་སྒྲིག་པ་ལུང་རིགས་རྒྱལ་ལགས། ཁྱེད་རང་དངོས་གནས་གསར་འགོད་པ་ཚད་ལྡན་ཞིག་ཡོང་རྒྱུར་ངས་རེ་བ་ཆེན་པོ་བྱ་གི་ཡོད། འོན་ཏེ་ཁྱེད་རང་ཡང་ད་ལྟ་རྦད་དེ་ཕ་ཡུལ་གྱི་ཞེན་ཁོག་གིས་བཟི་ནས་བསྡད་འདུག ཨ་མདོ་ཁུལ་གྱི་མི་སྣ་རེ་ཟུང་བོད་ནང་གནས་ཚུལ་ཆུང་རྩག་ཞིག་བྱུང་ནའང་ལམ་སེང་དྲ་གནས་ཐོག་བཏོན་པ་དང་། གླེང་སློང་སྤེལ་ཐབས་བྱེད་པ་ལས་ཁམས་དང་དབུས་གཙང་ཁུལ་གྱི་མི་སྣ་དེ་ཚོ་སྲོག་ཤོར་བ་དང་སྲོག་ཉེན་ལ་ཐུག་པའི་ཁྲིམས་ཆད་བཏང་བའི་གནས་ཚུལ་རླུང་འཕྲིན་ཁག་གི་ནང་དུ་ཐོན་བཞིན་འདུག་ཀྱང་། ཁྱོད་ཀྱིས་དེར་བཀོད་ཐབས་མ་བྱེད་པ་འདི་བོད་ཀྱི་དུས་བབ་དེ་ཨ་མདོའི་དུས་བབས་ཞིག་ཏུ་གྱུར་ཐབས་བྱ་རྒྱུའི་དམིགས་ཡུལ་ཡིན་ནམ། ང་ཚོས་བལྟས་ན་དེར་རྒྱུ་མཚན་རྩ་བ་ནས་མི་འདུག བོད་ནང་གི་བོད་མི་དེ་ཚོས་འདི་གར་དེ་ལྟ་བུའི་ཞེན་ཁོག་དང་འཐེན་འཁྱེར་གྱི་ལག་པ་ཡོད་པ་ཤེས་ཀྱི་མེད་པས། ལས་འགུལ་སྤེལ་བ་ཐམས་ཅད་བོད་མི་སྤྱི་ཡོངས་སུ་ཕན་པར་བྱ་གི་ཡོད། འོན་ཏེ་ཁྱོད་ལྟ་བུའི་དེ་ལྟའི་ཕྱོགས་ཞེན་བྱེད་དགོས་དོན་གང་ཡིན་ནམ། དངོས་གནས་ཁྱོད་རང་ཡི་གེ་ཤེས་པའི་ཤེས་ཡོན་ཅན་ ཞིག་ཡིན་པར་ང་ཐེ་ཚོམ་སྐྱེས་བྱུང་། ཚང་མར་གདུང་སེམས་མཉམ་སྐྱེད་མཚོན་ཆེད་གནས་ཚུལ་སྤེལ་ན་གང་འདྲ་མི་འདུག་གམ། གཙོ་བོ་འགྲོ་གྲོན་ཁྱོད་ཚོས་འཚལ་ནས་དཀའ་ལས་ཁྱོད་ཚོས་རྒྱག་གི་ཡོད་ཙང་ཁྱོད་རང་སྣང་བ་གང་སྐྱིད་པ་དེ་འགྲིག་ན་འགྲིག་གི་ཡོད་ཀྱང༌། ཁྱོད་ཚོས་དྲ་གནས་དེ་ཚོ་བོད་ནང་བལྟ་ཐུབ་ཀྱི་ཡོད་མདོག་མདོག་བྱ་གི་ཡོད་ཙང་སྤྱི་ལ་ཕན་པ་ཞིག་བྱས་ན་གང་འདྲ་འདུག

    Reply
  11. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    བུད་མེད་ཚོ་ལ་ང་ཚོ་ལས་ཐོབ་ཐང་དང་འོས་འགན་ལྷག་མ་གཅིག་ཡོད་རེད་ད། ཨ་མ་བཟང་བོ་ཞིག་བྱེད་རྒྱུ་དེ་རེད། ཁྱིམ་ཚང་ནང་ཁུལ་གྱི་གནས་ཚུལ། ང་ལ་ཉམས་མྱོང་ཆེན་པོ་ཡོད་རེད། ནང་གཅིག་ནས་ཕར་ལྟ་ན་ཕོ་ཚོའི་དབང་ཤུགས་ཆེ་བ་འདྲ་བོ་མཐོང་གི་འདུག་མ་གཏོགས་དོན་ངོ་མ་དབང་ཆ་ཡོད་ཚད་མོ་ལ་ཤོར་འགྲོ་ཡ། བུ་ཕྲུག་ཚོར་རྔན་པ་ག་རེ་ཉོས་དགོས་དང་གྱོན་ཆས་ག་རེ་ཉོ་དགོས་སོགས་མང་ནི་རེད་ཡ །

    Reply
  12. བརྩེ་དུང་གི་རྒྱལ་སྲས། says:
    ལོ་ 16 སྔོན།

    གལ་སྲིད་ང་རང་བོད་ཀྱི་བུད་མེད་ཅིག་ཡིན་པའི་དབང་དུ་བཏང་ན། ཐོབ་ཐང་རྩོད་རྒྱུ་ལས་ལེན་ཕྱོགས་ལ་འབད་པ་བྱེད་ངེས་ཡིན། ཁ་བཤད་ལས་ལག་ལེན་གྱི་ཐོག་ནས་རྩོད་ལེན་བྱེད་ངེས་ཡིན། ཕྱི་རྣམ་ལས་ནང་གི་སྟོབས་ཤུགས་རྒྱས་ཐབས་སུ་བརྩོན་ངེས་ཡིན། གཞན་དབང་ལས་རང་དབང་གི་མཁའ་དབྱིངས་སུ་འཕུར་ཨེ་ཐུབ་ལྟ་ངེས་ཡིན། རང་རྟོན་གྱི་གདེང་སྤོབས་རང་གིས་འཚོལ་ཐབས་བྱ་ངེས་ཡིན། ཚོར་ཤེས་ལས་དཔྱོད་ཤེས་ཀྱི་འདུ་ཤེས་རྒྱུན་སྐྱོང་བྱ་ངེས་ཡིན། འདི་ནི་ངས་ཐོག་མར་བོད་ཀྱི་བུད་མེད་སྤྱི་ལ་བཏོན་པའི་ལྷད་མེད་ཀྱི་རེ་འདུན་ཡིན། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ལས་དོན་མངོན་གྱུར་ཡོང་བར་ཤོག བོད་ཀྱི་བུད་མེད་རྣམས་རྒྱལ་རྒྱུར་ཅིག བོད་ཀྱི་བོད་མེད་ཀྱི་ནུས་པ་གཟེངས་སུ་ཐོན་པར་ཤོག བོད་ཀྱི་བུད་མེད་རྣམས་ལ་ཐོབ་ཐང་ཡོངས་ཁྱབ་ཡོང་བར་ཤོག བོད་ཀྱི་བུད་མེད་ཀྱི་བྱས་རྗེས་རྡོ་རིང་ངོས་སུ་འཇོག་པར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese