མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ནང་གི་རྒྱ་རིགས་ཤེས་ཡོན་པས་བོད་དོན་གླེང་བ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

སྔ་ལོར་བོད་ནང་གི་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་འཛམ་གླིང་གི་རྒྱ་རིགས་ཤེས་ལྡན་པ་མང་པོ་ཞིག་གིས་བོད་དོན་སྐོར་ལ་བྲིས་པའི་རྩོམ་ཡིག་ཁག བོད་གཞུང་བདེ་སྲུང་བོད་གནས་ཉམས་ཞིབ་ཀྱི་ཟུང་དྲུང་འཕགས་པ་ཚེ་རིང་ལགས་དང་ཚེ་རིང་ལྷ་མོ་རྣམ་གཉིས་ཀྱིས་ཕྱོགས་སྒྲིག་དང་བདམས་གསེས་བྱས་ཏེ། ཉེ་ཆར་ཕྱི་ཟླ་ ༧ ནང་གློག་རྡུལ་དཔར་གཞིའི་འོད་སྡེར་མཉམ་སྦྱར་གྱི་ཤོག་ངོས་ ༡༣༦༡ ཅན་གྱི་དཔེ་དེབ་སྟོད་སྨད་གཉིས་དཔར་སྐྲུན་བྱས་ཡོད། དཔེ་དེབ་དེའི་ནང་རྒྱ་ནག་སྐམ་ས་ཆེན་མོ་གཙོས་པའི་རྒྱལ་ཁབ་ ༢༠ ཡི་རྒྱ་རིགས་རྩོམ་པ་པོ་ ༣༠༠ ལྷག་གི་རྩོམ་ཡིག་ ༥༠༠ བདམས་བཀོད་བྱས་ཡོད།

ཕྱི་ཚེས་ ༡༡ ཉིན་འདི་གའི་གསར་འགོད་པས་༼ ཕྱི་ནང་གི་རྒྱ་རིགས་ཤེས་ཡོན་པས་བོད་དོན་གླེང་བ་ ༽ ཞེས་པའི་དཔེ་དེབ་ཀྱི་རྩོམ་སྒྲིག་པ་བདེ་སྲུང་བོད་གནས་ཉམས་ཞིབ་ཀྱི་ཟུང་དྲུང་འཕགས་པ་ཚེ་རིང་ལགས་དང་ཚེ་རིང་ལྷ་མོ་ལགས་རྣམ་གཉིས་ལ་རྩོམ་ཡིག་བསྡུ་སྒྲིག་གི་ལས་རིམ་དང་རྩོམ་ཡིག་ཁག་གི་ནང་དོན་སྐོར་ལ་བཅར་འདྲི་ཞུས་སྐབས། ཐོག་མར་ཟུང་དྲུང་འཕགས་པ་ཚེ་རིང་ལགས་ཀྱིས་དཔེ་དེབ་འདིའི་བྱུང་རིམ་ངོ་སྤྲོད་གནང་དོན། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་དྲུག་ཅུར་ཉེ་བའི་རིང་། བོད་ཐོག་ལ་ནོར་འཁྲུལ་ཅན་གྱི་སྲིད་ཇུས་བཟུང་སྟེ། བོད་མིའི་ཆོས་དང་རིག་གཞུང་། ཡུལ་གོམས་གཤིས་ལུགས། མི་སྒེར་གྱི་བསམ་སྤྱོད་ཚུན་ལ་ཐལ་དྲགས་པའི་སྟངས་འཛིན་བྱས་པར་བརྟེན། སྔར་ལོའི་གསུམ་བཅུའི་དུས་དྲན་རྗེས་བོད་ས་སྟོད་སྨད་བར་གསུམ་དུ་མ་གྲོས་བསམ་པ་གཅིག་མཐུན་གྱིས་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ཞི་རྒོལ་ཆེན་མོ་ཞིག་བྱུང་བ་རེད། སྐབས་དེར་རྒྱ་ནག་གཞུང་ཕྱོགས་ནས་བོད་མིའི་ཞི་རྒོལ་དྲག་པོའི་ངོ་བོར་བསྒྱུར་ཐབས་དང་། ཕྱི་ཕྱོགས་སུ་བོད་མིའི་ཞི་རྒོལ་༧རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་གིས་བརྒྱུད་སྐུལ་བྱས་པའི་འཁྱོག་བཤད་ཚད་ལས་བརྒལ་བ་བྱས་ཡོད་སྟབས། དེ་ལ་རྒྱ་རིགས་ཤེས་ཡོན་པ་མང་པོ་ཞིག་གིས་ཡོ་བསྲང་དང་བདེན་པ་ར་སྤྲོད་བྱས་ཡོད།

ཕྱི་ལོ་ ༢༠༠༨ ཟླ་ ༣ ནས་ ༢༠༠༩ ཟླ་ ༧ བར་རྒྱ་ནག་སྐམ་ས་ཆེན་མོ་གཙོ་བྱས་པའི་ཐའེ་ཝན་དང་ཨ་རི། ཉི་ཧོང་། འཇར་མན། ཧྥ་རན་སི། ཨོ་སི་ཊོ་ལེ་ཡ། ཁེ་ན་ཌ་སོགས་རྒྱལ་ཁབ་ ༢༠ ཙམ་ནས་རྒྱ་རིགས་རྩོམ་པ་པོ་ ༣༠༠ ཙམ་གྱིས་བོད་ཀྱི་གནད་དོན་ཐད། དྲང་བདེན་དང་དངོས་ཡོད། ཕྱོགས་སུ་མ་ལྷུང་བའི་རྩོམ་ཡིག་མང་པོ་ཞིག་བྲིས་ཡོད་པ་ལས་ངེད་གཉིས་ཀྱི་ལག་ཏུ་རྩོམ་ཡིག་ ༨༠༠ ལྷག་རག་པ་ལས་བདམས་གསེས་ཀྱིས་རྩོམ་ཡིག་ ༥༠༠ བསྡུ་སྒྲིག་བྱས་ཏེ་ཐེངས་འདིར་དཔར་སྐྲུན་བྱས་པ་ཡིན། རྩོམ་ཡིག་བདམས་གསེས་བྱེད་ཕྱོགས་ཐད། རྩོམ་ཡིག་རིང་དྲགས་པ་དང་མི་གཅིག་ལ་མང་པོ་ཡོད་པ། རྩོམ་པ་པོའི་མིང་དང་གནས་ཡུལ་ཁ་གསལ་མ་རག་པའི་རིགས་བཅས་འགོད་ཐུབ་མ་སོང་ལ། སྤྱི་ཟླ་ ༧ ཚུན་ལ་རྩོམ་ཡིག་མང་པོ་ཞིག་སླེབས་ཡོད་པ་དག་ཀྱང་འགོད་ཐུབ་ཡོད་པ་མ་རེད། དུས་ཡུན་ཐུང་ཐུང་ནང་བསྡུ་སྒྲིག་བྱས་ཏེ། ཉེ་ཆར་སུད་སིར་རྒྱལ་སྤྱིའི་བོད་རྒྱ་ལྷན་ཚོགས་སྟེང་དེབ་ ༥༠ ཙམ་འཁྱེར་དགོས་བྱུང་བ་རེད། འོན་ཀྱང་། ད་དུང་ང་ཚོས་མུ་མཐུད་དེ་རྩོམ་ཡིག་འཚོལ་བསྡུ་དང་ཕྱོགས་སྒྲིག་བྱ་འཆར་ཡོད། ཅེས་གསུངས་བྱུང་།

དེའི་རྗེས་ཟུང་དྲུང་ཚེ་རིང་ལྷ་མོ་ལགས་ཀྱིས་དཔེ་དེབ་ཀྱི་ནང་དོན་ངོ་སྤྲོད་གནང་དོན། ཐེངས་འདིར་བོད་གཞུང་བདེ་སྲུང་ཉམས་ཞིབ་ཀྱིས་འདི་ལྟ་བུའི་དེབ་ཅིག་དཔར་སྐྲུན་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། རྒྱ་རིགས་ཚོས་བོད་དོན་སྐོར་ལ་བྲིས་པའི་རིན་ཐང་ཅན་གྱི་དཔྱད་གཞིའི་ཡིག་ཆ་ཕྱོགས་སྒྲིག་དང་། སྔར་ལོ་བོད་ནང་དོན་རྐྱེན་བྱུང་རྗེས་རྒྱ་རིགས་ཤེས་ཡོན་པ་མང་དག་ཅིག་གིས་བོད་དོན་ཐོག་དྲང་བདེན་གྱི་རྩོམ་ཡིག་སྤེལ་ཡོད་པ་དེ། བོད་པ་ཞིག་གིས་རྩོམ་ཡིག་བརྒྱ་བྲིས་པ་ལས་རྒྱ་རིགས་ཤིག་གིས་རྩོམ་ཡིག་གཅིག་བྲིས་པ་དེ་ལ་རྒྱ་རིགས་མི་དམངས་ཚོས་ཡིད་ཆེས་བྱེད་ཀྱིན་ཡོད་སྟབས། མགོ་སྐོར་འོག་ཚུད་ཡོད་པའི་རྒྱ་རིགས་མི་དམངས་ཚོར་བདེན་པ་ར་སྤྲོད་བྱ་ཆེད་དང་། ༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་རྒྱ་རིགས་ཤེས་ལྡན་པ་མང་པོ་ཞིག་གིས་བོད་དོན་ལ་དྲང་བདེན་གྱི་སྐད་ཆ་བཤད་ཡོད། ཅེས་གསུང་གིན་ཡོད་པ་དེའི་དཔང་རྟགས་ལྟ་བུ་རེད། དཔེ་དེབ་འདིའི་ནང་རྒྱ་རིགས་རྩོམ་པ་པོ་སུམ་བརྒྱ་ཙམ་ཡོད་པ་ལས་ ༣༠ ཙམ་རྒྱ་ནག་སྐམ་ས་ཆེན་མོ་ནས་རེད། ཁོང་ཚོ་རྒྱ་ནག་ཆིན་ཧྭ་སློབ་ཆེན་དང་པེ་ཅིན་སློབ་ཆེན། ཧྲན་ཏུང་སློབ་ཆེན་བཅས་ཀྱི་དགེ་རྒན་ཆེན་མོ་དང་། ཁྲིམས་རྩོད་པ། སློབ་ཆེན་གྱི་སློབ་མ། དེ་བཞིན། ཕྱི་རྒྱལ་ཁག་གི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དང་། རང་དབང་གི་སྲིད་དོན་ཉམས་ཞིབ་པ། གསར་འགོད་པ་དང་རྩོམ་སྒྲིག་པ་བཅས་ཀྱང་འདུག ཅེས་དང་།

རྩོམ་ཡིག་ཁག་གི་བརྗོད་བྱ་གཙོ་བོ་བོད་དོན་ཡིན་ནའང་བརྗོད་སྟངས་མི་འདྲ་བ་སྣ་ཚོགས་རེད། ལ་ལས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱིན་འདུག་ལ། འགའ་རེ་ཡིས་རང་བཙན་གཙང་མར་རྒྱབ་སྐྱོར་བྱེད་ཀྱིན་འདུག ཁོང་ཚོར་ཐུན་མོང་གི་འདོད་ཚུལ་ཞིག་ཡོད་པ་ནི། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་རྣམས་ལ་འཛིན་པའི་སྲིད་བྱུས་ལ་ནོར་འཁྲུལ་ཆེན་པོ་ཡོད་པ་དང་། ལྷག་པར་དུ་འདས་པའི་ལོ་ངོ་ ༥༠ ལྷག་རིང་གཞུང་གིས་བོད་ཐོག་གཡོན་ཐལ་ཆེ་བའི་སྲིད་བྱུས་ལག་བསྟར་བྱས་པ། གསུམ་གཅིག་བཞིའི་དོན་རྐྱེན་ཐད་གཞུང་གིས་དངོས་བདེན་མིན་པའི་གནས་ཚུལ་དྲིལ་བསྒྲགས་བྱས་ཏེ་རྒྱལ་སྤྱིར་མགོ་སྐོར་བཏང་བ་དང་། ནང་ཁུལ་དུ་བོད་རྒྱ་མི་རིགས་གཉིས་བར་དཀྲུག་ཤིང་བརྒྱབས་པ་སོགས་བརྗོད་འདུག རྩོམ་པ་པོ་མང་ཆེ་བས་༧རྒྱལ་བ་རིན་པོ་ཆེ་ནི་བོད་རྒྱའི་གནད་དོན་སེལ་བྱེད་ཀྱི་ལྡེ་མིག་ལྟ་བུར་ངོས་འཛིན་བྱེད་ཀྱིན་འདུག ཡང་ལོ་རྒྱུས་ཐོག་བོད་དེ་རང་བཙན་གཙང་མ་ཡིན་པ་དང་། བོད་མིར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ། ཐ་ན་རྒྱ་ནག་གཞུང་མགོ་རྟིང་སློག་དགོས་པའི་བསམ་ཚུལ་འཛིན་མཁན་ཡང་མི་ཉུང་བ་ཞིག་འདུག ཅེས་གསུངས་སོང་།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦
Mobile App

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༠༥/༡༦
Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia
Mobile App

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༠༥/༡༦
གངས་་སྐྱིད་དུ་རྒྱལ་སྤྱིའི་འགྲེམས་སྟོན་ཉིན་མོ་ཐེངས་ ༤༨ པ་སྲུང་གཙི་གནང་།  ༢༠༢༥།༠༥།༡༦ དུས་བབ་ཀྱི་པར།
Mobile App

བོད་ཀྱི་སྒྱུ་རྩལ་པས་སྒྱུ་རྩལ་བརྩམས་ཆོས་ཀྱི་ཐོག་ནས་བོད་དོན་འགྲེམས་སྟོན་བྱས།

༢༠༢༥/༠༥/༡༦
Advertisement for App

འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༥/༠༥/༡༦
The people involved in the brawl received administrative penalties on Friday. Photo: Handout (SCMP)
Mobile App

རང་བཙན་ནམ་འཇིགས་སྐུལ་བའི་དོགས་ཟོན་འོག་མི་ ༣༡ འཛིན་བཟུང་བྱས།

༢༠༢༥/༠༥/༡༥
The Ministry of Civil Affairs of the People’s Republic of China (PRC) released the 5th list of names geolocating locations in the Indian state of Arunachal Pradesh, 11th May 2025.
Mobile App

རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་དང་རི་ཆུ་ ༨༩ ལ་མིང་གསར་པ་བཏགས།

༢༠༢༥/༠༥/༡༥

མཆན། 15

  1. དོན་འགྲུབ་བཀྲ་ཤིས། says:
    ལོ་ 16 སྔོན།

    དྲ་གྲོགས་མགྲིན་པ་ཟབ་མོ་ལགས། དཔེ་དེབ་རྩོམ་སྒྲིག་པ་གཉིས་ཀྱིས་གསུངས་པ་ལྟར་ན། ཁོང་ཚོའི་དམིགས་ཡུལ་གཙོ་བོ། རྒྱ་རིགས་ཚོས་བྲིས་པའི་རིན་ཐང་ཅན་གྱི་རྩོམ་ཡིག་ཁག་དཔྱད་གཞིའི་ཡིག་ཆ་ལྟ་བུར་ཕྱོགས་སྒྲིག་བྱ་རྒྱུ་དེ་ཡིན་ཟེར་ཞིང་། སུད་སིའི་རྒྱལ་སྤྱིའི་བོད་རྒྱ་ལྷན་ཚོགས་སྟེང་དེབ་ ༥༠ ཙམ་བཀྲམས་ཟིན་ཞིང་། ད་དུང་བརྒྱུད་ལམ་འདྲ་མིན་ནས་བོད་ནང་དང་རྒྱ་ནག དེ་བཞིན་འཛམ་གླིང་གི་རྒྱ་རིགས་ཚོ་ལ་གང་ཐུབ་ཀྱིས་འགྲེམ་འཆར་ཡོད་ཟེར། ཨོ་་་་སྐུ་ཉིད་ཀྱིས་གཟིགས་འདོད་ན། དྲ་ཚིགས་ནང་སྔར་ནས་བཞག་ཡོད་པ་རེད། ( http://www.xizang-zhiye.org/b5/arch/books/lxz/book%20master%20page%201361.pdf )

    Reply
  2. མགྲིན་པ་ཟབ་མོ། says:
    ལོ་ 16 སྔོན།

    ལས་ཀ་བྱས་ཚར་དུས་སྐྱོན་བརྒྱབས་ན་ཆོ་ཡོད་པ་མ་རེད། དེ་ལས་འདི་བེད་སྤྱོད་ཡག་པོ་ཞིག་གཏོང་ཕྱོགས་ལ་བསམ་བློ་གཏོང་དགོས་པ་རེད།

    ཡིན་ཡང་། བསམ་ཚུལ་གཅིག་ཞུ་ན་འདོད་བྱུང་། གངས་སྐྱིད་ནས་ག་དུས་ཡིན་ཡང་ལས་ཀ་ཆོ་མེད་པ་དེ་འདྲ་རྐྱང་བྱེད་གི་རེད། དཔེར་ན། ད་རེབ་ཀྱི་དེབ་འདི་བཏོན་ནས་གང་ལ་འགྲེམ་རྩིས་རེད། བོད་པ་ཚོར་དམིགས་ཡོད་ན་བོད་ཡིག་ནང་དུ་སྒྱུར་དགོས་པ་རེད། ཆབ་སྲིད་ཀྱི་ལྟ་སྟངས་ཐད་ནས་བོད་པ་ཚོར་མིག་གསལ་བོ་ཞིག་དགོས་པ་དངོས་ཡོད་རེད། ཐ་ན་རྒྱ་མི་ཚོས་བོད་ལ་ལྟ་སྟངས་གང་ཡོད་དེའང་བོད་མི་ཚོས་ཤེས་གི་ཡོད་པ་མ་རེད། དེར་བརྟེན་བོད་ཡིག་ནང་བསྒྱུར་བཞག་ན་ཕན་ཐོགས་ཡོད་པ་རེད།
    གཉིས་པ་དེར། རྩོམ་དེ་དག་དེབ་གཟུགས་སུ་འགོད་པ་ལས་དྲ་ཚིགས་ཤིག་བཟོས་ཤིང་། དེའི་ནང་དུ་རྒྱ་རིགས་ཤེས་ཡོན་པ་དག་གིས་བོད་ཐོག་བྲིས་པའི་རྩོམ་རྣམས་བཀོད་བཞག་ན་ཕན་ཐོགས་ཆེ་གི་རེད། རྩོམ་འདི་དག་ཙམ་མིན་པར་རྗེས་ཕྱོགས་ཀྱང་རྩོམ་དེ་དག་མུ་མཐུད་ནས་བཀོད་ན་འགྲིག་གི་རེད། འདི་དག་ལ་བསམ་བློ་མི་གཏོང་བར་རྩོམ་ཡིག་ ༧༠༠ ནང་ནས་ ༥༠༠ ཞིག་ཟུར་དུ་དེབ་གཟུགས་ལ་བཀོད་ནས་ཅིག་ལ་འགྲེམ་རྩིས་བྱས་པ་ནི་སླར་ཡང་གངས་སྐྱིད་ཀྱི་ནོར་འཁྲུལ་རེད་འདོད།

    Reply
  3. བརྩེ་དུང་གི་རྒྱལ་སྲས། says:
    ལོ་ 16 སྔོན།

    རྣམ་པ་གཉིས་ཀྱི་གྲུབ་འབྲས་དང་ཤེས་ནུས་ལ་གུས་བརྩི་ཡོད་ལ། རྗེས་ཕྱོགས་ཀྱང་བོད་རྒྱའི་མི་མང་གི་གོ་རྟོགས་དང་མཐུན་སྒྲིལ་ཡོང་ཐབས་སུ་འདི་ལྟ་བུའི་ལས་གཞི་དུས་ནས་དུས་སུ་དང་ཡང་ནས་ཡང་དུ་ལྷག་བསམ་དང་འགན་ལེན་གྱིས་འབད་སྤུངས་བྱེད་རྒྱུར་རེ་འདུན་ཡང་ཞུ་བ་ལགས།

    Reply
  4. སྒྲོལ་མ། says:
    ལོ་ 16 སྔོན།

    དཔེ་དེབ་དེ་རྩོམ་སྒྲིག་གནང་མཁན་འཕགས་པ་ཚེ་རིང་དང་། ཚེ་རིང་ལྷ་མོ་གཉིས་ལ་བཀའ་དྲིན་ཞུ། འཐན་པའི་དུས་ཀྱི་ཆར་ཆུ་དང་སྐོམ་པའི་མི་ལ་བདུད་རྩི་བཞིན་རེ་བའི་ང་ཚོ་བོད་ནང་གི་བོད་མི་ཚོས་དཔེ་དེབ་དེ་ཀློག་རྒྱུའི་སྐལ་བ་ལྡན་ནམ། དཔེ་དེབ་རྩོམ་སྒྲིག་པ་ཚེ་རིང་ལྷ་མོས་༼བོད་པ་ཞིག་གིས་རྩོམ་ཡིག་བརྒྱ་བྲིས་པ་ལས་རྒྱ་རིགས་ཤིག་གིས་རྩོམ་ཡིག་གཅིག་བྲིས་པ་དེ་ལ་རྒྱ་རིགས་མི་དམངས་ཚོས་ཡིད་ཆེས་བྱེད་ཀྱིན་ཡོད།༽ཅེས་བརྗོད་པ་ལྟར། དགོས་མཁོ་དང་ཕན་ཡོན་གྱི་ཆ་ནས་ཀྱང་དཔེ་དེབ་འདི་ཀྲུང་གོའི་ནག་ལོགས་ས་ཁུལ་དང་། བོད་ཡུལ་མདོ་དབུས་ཁམས་གསུམ་ལ་ཤིན་ཏུ་གལ་འགེངས་ཆེ། གློག་རྡུལ་དཔར་གཞིའི་འོད་སྡེར་ཡོད་ན། བརྡ་འཕྲིན་དང་ཆ་འཕྲིན་གང་རུང་གི་ལམ་ནས་བོད་ནང་གི་མི་རེ་ཟུང་ལ་སྤྲོད་ཐབས་བྱོས་དང། བོད་ནང་ནས་ཁྱབ་གདལ་དུ་གཏོང་རྒྱུ་ང་ཚོའི་འོས་འགན་ཡིན། གུས་མོའི་ཡིག་སྒམ་ ( dolmatsering@yahoo.com )

    Reply
  5. ནད་པ says:
    ལོ་ 16 སྔོན།

    གནད་དོན་འདི་འདྲ་ཞིག་གི་ཐོག་ནས་༸ གོང་ས་སྐྱབས་མགོན་ཆེན་པོ་དང་། བཙན་བྱོལ་བོད་གཞུང་གི་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་གི་གནས་བབ་སྐོར་གླེང་བཞིན་ཡོད་པ་འདི་ཡང་དག་པའི་སྲིད་བྱུས་དང་ཐབས་ལམ་ཞིག་ཡིན།

    བོད་ཀྱི་གཏམ་དཔེ་གཅིག་ལ། ཐག་རིང་གི་གཉེན་ལས་གྲོང་པའི་དགྲ་དགའ། ཟེར་བ་ལྟར་ལེ་བ་ཁྲི་སྟོང་གི་སར་ཡོད་པའི་གཉེན་གཅིག་ལས་རང་གི་ཉེ་སར་ཡོད་པའི་དགྲ་བོ་གཅིག་དེ་དངོས་ཡོད་དཀའ་ངལ་འཕྲད་དུས་ཁེ་ཕན་ཆེ་བ་ཡོད

    དེར་བརྟེན་བར་ཐག་ཤིན་ཏུ་རིང་བའི་ཕྱི་རྒྱལ་སྟོབས་ཆེན་གྱི་རྒྱལ་ཁབ་ཁག་དང་། ཕྱི་སྡོད་རྒྱ་རིགས་ཀྱི་བློ་མཐུན་ཚོ་ཅན་ཚོས་ང་ཚོར་ག་ཚད་ཀྱི་བློ་ཉེ་ཡོད་ཀྱང་དོན་དངོས་ཐོག་ཁེ་ཕན་མེད།

    རྒྱ་ནག་གམ་ཀྲུང་གོ་སྲིད་གཞུང་ག་ཚོད་ཀྱི་དགྲ་བོ་ལྟ་བུར་སྡུག་ཀྱང་ང་ཚོའི་ཁྱིམ་མཚེས་ཀྱི་རྒྱལ་ཁབ་གཅིག་ཡིན་པའི་ཆ་ནས་ང་ཚོའི་དཀའ་ངལ་དེ་སེལ་བར་རྒྱ་ནག་སྲིད་གཞུང་ལས་ལྷག་པ་གཅིག་ཀྱང་མེད་སྟབས། ང་ཚོས་པེ་ཅིང་སྲིད་གཞུང་ལ་བློ་ཐག་ཉེ་བའི་གྲོགས་པོ་དང་། མཐུན་སྒྲིལ། བསྟུན་མཁས་ཀྱི་འབྲེལ་ལམ་གཙོ་བོར་བཟུང་དགོས་པ་དེ་གནད་ཀྱི་དམ་པ་ཞིག་ཡིན།

    Reply
  6. ནད་པ says:
    ལོ་ 16 སྔོན།

    ཕྱི་སྡོད་རྒྱ་རིགས་ཀྱི་ཤེས་ཡོན་པས་བོད་དོན་ཐོག་ཇི་ཙམ་གླེང་ནའང་ང་ཚོར་དོན་དངོས་ཐོག་ཁེ་ཕན་གང་ཡང་མེད། དེས་བས་ང་ཚོས་བཞུགས་སྒར་རྡ་ས་ནས་ཡིད་གཟབ་བྱས་ཏེ་ནང་སྡོད་རྒྱ་ནག་པི་ཅིང་གི་གཞུང་ལ་དོ་ཕོག་མེད་པའི་འབྲེལ་ལམ་དང་། གང་ཐུབ་ཀྱི་བསྟུན་མཁས་བྱེད་ཐུབ་ན་ཁེ་ཕན་ཆེ།

    ང་ཚོས་རྒྱ་ནག་གི་ས་ཁོངས་ནས་ལེ་བ་ཁྲི་འབུམ་གྱི་བར་ཐག་ཆོད་པའི་བློ་ཉེ་བའི་ཕྱི་རྒྱལ་གྱི་རྒྱལ་ཁབ་ཁག་དང་། ཕྱི་སྡོད་རྒྱ་རིགས་ཤེས་ཡོན་ཅན་གྱི་གྲོགས་པོ་ཚོར་ང་ཚོས་རེ་བ་གཏན་ནས་བཅང་མི་རུང་།

    དེ་ལས་བཞུགས་སྒར་རྡ་ས་ནས་ཡོད་གཟབ་བྱས་ཏེ་བར་ཐག་ཉེ་བའི་ནད་སྡོད་རྒྱ་ནག་གི་དབུས་སྲིད་གཞུང་དང་། རྒྱལ་ནང་མི་དམངས་ལ་འབྲེལ་ལམ་གྱི་དམིགས་ཚད་ངེ་ཅན་ཞིག་བཟུང་ཐུབ་ན་ང་ཚོར་གཐར་ཐུག་གི་རེ་འབྲས་ལ་མངོན་གྱུར་གྱི་ཁེ་ཕན་ཡོད།

    Reply
  7. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    རྣམ་པ་གཉིས་ཀྱི་མཛད་རྗེས་ལ་ཡི་རང་ཡོད་པ་མ་ཟད་བལ་ཡུལ་ནང་རྒྱ་རིགས་གནས་སྡོད་འགྲོ་འོང་བྱ་མཁན་མང་པོ་ཡོད་པས་གུས་པ་སྐར་མ་ཁྲི་བཙན་དགོས་པ་རེ་འབྱུང་ན་རང་ནུས་གང་ཡོད་ཀྱི་རམ་འདེགས་བྱེད་ངེས། རྒྱ་རིགས་དེ་ཚོར་སྐད་རིགས་ཀྱི་བརྡ་མི་འཕྲོད་པའི་སེམས་ཁྲལ་མེད། དྲ་ཐོག་ནས་གུས་པར་འབྲེལ་བ་བྱེད་ན་འགྲིག་གི་རེད།

    Reply
  8. གཡུ་སེང་ཨ says:
    ལོ་ 16 སྔོན།

    ཁྱེད་རང་གཉིས་གཙོ་མཛད་པའི་ཤེས་ཡོན་པ་དག་ལ་རྗེས་སུ་ཡི་རང་ཡོད།

    Reply
  9. རྐང་རྗེན་པ། says:
    ལོ་ 16 སྔོན།

    རྒྱ་རིགས་མཁས་པ་དེ་ཚོའི་ཁྲོད་ནས་བོད་ལ་དངོས་སུ་འགྲོ་མྱོང་མཁན་དང་། ༸གོང་ས་མཆོག་དངོས་སུ་མཇལ་ཏེ་གསུང་ཐོས་མྱོང་མཁན་ཚོའི་རྩོམ་ཡིག་ལ་བདེན་པའི་རིན་ཐང་ལྷག་པར་ཆེ་རྒྱུ་རེད། དེ་མིན་ཡིག་ཆ་དང་ཡིག་ཆ་ཀློག་པ་ཁོ་ནའི་ཐོག་ནས་བྲིས་པའི་རྩོམ་ཡིག་རིགས་ལ་དེ་འདྲ་ཅུང་དཀའ་ཚོད་རེད། སྤྱིར་རྒྱ་བོད་གཉིས་མི་གཤིས་མ་འདྲ་བའི་དབང་གིས་ཕན་ཚུན་གཅིག་གིས་གཅིག་གི་གནས་སྟངས་ཇི་བཞིན་ཤེས་དཀའ།
    ཁོང་ཚོའི་ལྟ་ཚུལ་མི་མཐུན་པའི་ཁྲོད་ནས་ཚབ་མཚོན་རང་བཞིན་གྱི་རྩོམ་ཡིག་རེ་བོད་བསྒྱུར་གྱིས་གསར་ཤོག་དང་དྲ་ངོས་སུ་བཀོད་ན་བོད་ཡིག་ཀློག་པ་པོ་རྣམས་ལ་ཕན་སྙམ།

    Reply
  10. སྟག་རྩེ་དཔལ་ལྡན says:
    ལོ་ 16 སྔོན།

    བཀླགས་ཟིན་

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཨ་རོགས། ཁོ་ཚོས་བཤད་པ་དེ་རྒྱ་ཡིག་གི་རྩོམ་ཡིག་ཕྱོགས་སྡེབ་ཅིག་རེད། དེ་བས་ང་ཚོས་བོད་ཡིག་གི་ནང་དུ་ཀློག་ཐུབ་གི་མ་རེད། གལ་སྲིད་མ་བཀླག་ཐབས་མེད་ལྟ་བུ་ཡིན་ན་དབྱིན་ཡིག་གི་ནང་དུ་ཀློག་རོགས། ངས་རྒྱ་ཡིག་དང་དབྱིན་ཡིག་གཉིས་ཀ་ནས་བཀླགས་མྱོང་ཡོད། Google Translate འདིའི་ནང་ལ་འགྲོ་རོགས། གལ་སྲིད་རང་ཉིད་སྐད་ཡིག་ཅིག་ལ་དཀའ་ངལ་མེད་ན་བསྒྱུར་དང་ཁྱོད་ལ་དཀའ་ངལ་ཡོད་པ་མ་རེད། རྗེས་མ་མུ་མཐུད་དཀའ་ངལ་འཕྲད་ན་ང་ལ་བཤད་རོགས།

    Reply
  12. གསེར་རྟ་ཆོས་དབྱིངས། says:
    ལོ་ 16 སྔོན།

    དཔེ་དེབ་འདི་རྒྱ་ཡིག་ཡིན་ནམ་བོད་ཡིག་ཡིན་བོད་ཡིན་ན་ཆ་ཚང་ཞིག་ཀློག་དགོས།

    Reply
  13. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    དེ་རིང་གི་ཉམས་ཞིབ་པ་དེར་ངས་ནི་ནམ་རྒྱུན་འཕགས་པ་རྒྱལ་བོ་ཞེས་འབོད་གིན་ཡོད། དེ་རིང་འཕགས་པ་ཚེ་རིང་ཞེས་བྲིས་ཡོད། སང་ཉིན་ནོར་ཡོད་ན་དག་བཅོས་དང་བཅས་འགོད་གི་ཡིན། དགོངས་དག

    Reply
  14. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བོད་དོན་དུ་སེམས་འཁུར་གནང་མཁན་གྱི་རྒྱ་རིགས་ཤེས་ཡོན་པ་དེ་དག་ལ་བཀའ་དྲིན་ཁྱེད་ཞུ་རྒྱུ་ཡིན་ལ། ལྷག་པར་དུ་ཁྱེད་གཉིས་ཀྱི་ཐུགས་འཁུར་བླ་མེད་གནང་དེ་དཔེ་དེབ་འདི་དཔར་བསྐྲུན་བྱས་པ་དེར་སྙིང་ནས་བཀའ་དྲིན་ཆེ་ཞུ།

    Reply
  15. གངས་རིའི་གླིང་བུ། says:
    ལོ་ 16 སྔོན།

    རྣམ་པ་གཉིས་ཀྱིས་སྐུ་ངལ་མཛད་མེད་ཀྱི་རིན་ཐང་ཅན་གྱི་དཔེ་དེབ་འདི་དག་འགྲེམས་སྤེལ་བྱེད་པ་ཡི་རངས་དང་བསྔགས་བརྗོད་བྱེད།  ཡིན་ན་ཡང་།འགྲེམ་སྤེལ་བྱས་བ་ཙམ་གྱིས་ཕན་ཐོགས་དང་གྲུབ་འབྲས་མངོན་གྱུར་བྱེད་རྒྱུ་ཁག་པོ་རེད།   གཙོ་བོ་སྤྱི་ཚོགས་ནང་དུ་བཀྲམ་རྒྱུ་དང་ལྷག་པར་ཏུ་རྒྱ་ནག་གི་ཤེས་ལྡན་མི་སྣ་དང་དེའི་སྤྱི་ཚོགས་ནང་དུ་བཀྲམ་རྒྱུ་གལ་འགངས་ཆེན་པོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese