མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འོས་ཆོས་ཚད་ལོངས་དགོས། དགེ་བཤེས་བློ་ལྡན

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp

                          

ཧ་སྤུར་དབུས་བོད་སློབ་དགེ་བཤེས་བློ་ལྡན་གྱིས།

ཆབ་སྲིད་རྣོ་ངར་ལྡན་པ་གཞིས་བྱེས་བོད་རིགས་རྣམས་ཀྱིས་ངང་སྒུག་བྱེད་བཞིན་པའི་རྗེས་ཡོང་བཀའ་བློན་ཁྲི་པ་དེ་ཇི་འདྲ་ཞིག་ཏུ་མངོན་པར་གསལ་ཡོང་མིན་ནི་ཀུན་གྱི་ཐེ་ཚོམ་གྱི་ཡུལ་དུ་གྱུར་ལ། ལྷག་པར་ཕྱི་ནང་གཉིས་ཀའི་བོད་རིགས་ཁག་ཅིག་ནི་༧གོང་ས་ལྷ་མིའི་རྣམ་འདྲེན་མཆོག་གི་སྐུ་ནའི་བབ་ལ་འདང་བརྒྱབས་ཏེ་རྗེས་ཡོང་མངོན་པར་མི་གསལ་བའི་བཀའ་ཁྲི་ཐོག་དེ་བས་ཆེས་བློ་ཚབ་ཀྱི་རང་བཞིན་དུ་ལྷག

ཐབ་ཆུང་ཡང་མེ་ཚ་བའི་དཔེ་ལྟར། ཕྱིར་མངོན་པའི་རང་རེའི་བཙན་བྱོལ་བོད་གཞུང་མ་ལག་དང་བཅས་པའི་འཛུགས་སྐྲུན་དང་མཐུན་རྐྱེན་སོགས་ནི་དབང་ཆ་གཅིག་སྡུད་རྒྱ་དམར་གཞུང་བཞིན་གྲ་རྒྱས་པོ་རང་མི་མངོན་ཡང༌། འཛིན་སྐྱོང་སྡེ་ཚན་ཁག་གི་རང་དབང་ལྡན་པའི་ཐོག་ནས་ལས་དོན་སྒྲུབ་ཆོག་པའི་ཚུལ་ཁྲིམས་དབང་ཚད་ནི་འཆལ་ཁྲིམས་ལུགས་མེད་དབུས་དམར་པོའི་སྲིད་གཞུང་དང། བྱེ་བྲག་སྲིད་གཞུང་དེའི་བཀོལ་སྤྱོད་འོག་ཚུད་པའི་བོད་ས་ཁུལ་ཁག་གི་རང་སྐྱོང་མིང་ཙམ་གྱི་འཛིན་སྐྱོང་སྡེ་ཚན་ཁག་ལས་ཀྱང་ཚད་གཞི་ཧ་ཅང་མཐོ་ལ་སྤུས་ཚད་ཀྱང་དེ་བས་ལེགས་པ་ཡོད་པ་ནི་སྨོས་མི་དགོས་པ་ཡིན། དེ་ལྟ་བུའི་འཛིན་སྐྱོང་ཚན་པ་ཁག་གི་བཀའ་བློན་རྣམ་པ་ཡང་འོས་ཆོས་ཀྱི་ཚད་གཞི་ཇི་ཙམ་དང་ཇི་འདྲ་ཞིག་ཡོད་མིན་གང་ལྟར་ནའང་བཀའ་བློན་རྣམ་པ་བཀའ་ཁྲི་རང་གིས་འདེམས་སྒྲུག་གནང་སྟེ་དེ་ལ་གྲོས་ཚོགས་གི་འཐུས་མི་གསུམ་ཆ་གཅིག་གི་མང་མོས་ཐག་གཅོད་གནང་སྲོལ་ཡོད་པས། དེ་འདྲའི་ཚད་མཐོ་བའི་ལམ་ལུགས་ཀྱི་བརྒྱུད་རིམ་ལ་བརྟག་ན་བཀའ་ཁྲི་འདེམས་སྒྲུག་ལ་དངངས་ཚབ་ཇི་ལྟར་ཡོད་པ་བཞིན་དུ་བཀའ་བློན་གཞན་རྣམས་བསྐོ་འདེམས་བྱེད་ཕྱོགས་ལ་དེ་བས་ཀྱང་ལྷན་སྐྱེས་ཀྱིས་དངངས་ཚབ་སྐྱེ་གཞི་ཞིག་ཏུ་མངོན།

བཙན་བྱོལ་དུ་ཡོད་པའི་སྒེར་དང་ཚོགས་སྡེ་འགས་འབྱུང་འགྱུར་བཀའ་ཁྲིའི་འོས་དམིགས་འདེམས་སྒྲུག་གི་གྲ་སྒྲིག་ཚ་ཚ་འུར་འུར་གནང་བཞིན་པ་དང་གང་འོས་དམིགས་སུ་བཙུད་པའི་གང་ཟག་དག་གི་ལོ་རྒྱུས་རྣམས་མང་ཚོགས་གང་སར་ངོ་སྤྲོད་ལས་འགུལ་སྤེལ་འཆར་ལ་ཆེས་ལེགས་སོ་ཞུ་རྒྱུ་ལས་མ་འདས་མོད། འོན་ཀྱང་སྤུས་ཚད་གོང་མཐོར་གཏོང་ཐུབ་ན་དགེ་ལས་སྐྱོན་དུ་མི་འགྱུར་བས་དེ་ལ༌། འབྱུང་འགྱུར་བཀའ་ཁྲི་དེ་གཞན་གྱིས་རྒྱུད་སྐུལ་དང་འབྲེལ་ཏེ་འོས་དམིགས་སུ་ཚུད་པ་ཙམ་མ་ཡིན་པར་དོ་བདག་རང་ཉིད་བཀའ་ཁྲིའི་ལས་དོན་སྒྲུབ་པར་དོ་དབྱིངས་དང༌། རང་གིས་རང་ལ་བཀའ་ཁྲི་སྒྲུབ་ནུས་མིན་བརྟག་ནས་ཅི་སྟེ་སྒྲུབ་ནུས་ན་མང་ཚོགས་ཀྱི་གམ་དུ་ཧུར་བརྩོན་ཆེན་པོས་རང་ཉིད་བཀའ་ཁྲིར་ཚང་དགོས་པའི་དམིགས་ཡུལ་དང་སྦྲགས། ད་ལྟའི་བཀའ་ཁྲིས་འཛིན་པའི་སྲིད་བྱུས་དང་ལས་དོན་སྒྲུབ་ཕྱོགས་ཐད་དགེ་སྐྱོན་ཡོ་སྲང་གིས་རིང་མིན་རང་ཉིད་བཀའ་ཁྲིར་འདེམས་ཐོན་བྱུང་ཚེ་སྤྱི་དང་བྱེ་བྲག་གི་ལས་དོན་སྒྲུབ་ཕྱོགས་དང༌། ཁྱད་པར་གལ་ཆེའི་གནད་་དོན་བྱེ་བྲག་དམིགས་འཛུགས་ཀྱིས་ཁ་ཞེ་གཉིས་མེད་ཐོག་ནས་སྒྲུབ་འབྲས་འདི་ལྟར་འདོན་ཐུབ་པར་བྱ་རྒྱུའི་གཏམ་བཤད་སྤེལ་ཏེ། དམངས་དང་རང་ཉིད་དབར་ལ་རྒྱུས་ལོན་ཟམ་པ་སྐྲུན་ཐབས་གསར་གཏོད་ཀྱི་ལས་འགུལ་ཞིག་སྤེལ་དགོས་ངེས་ཡིན། དེ་ལྟ་བུའི་ལས་དོན་སྒྲུབ་ཕྱོགས་ནི་མང་གཙོ་ཚད་ལྡན་གྱི་འགྲོ་ལུགས་དང་ཆེས་མཐུན་ལ། དུས་ཀྱི་འགྱུར་འགྲོས་དང་ཡང་ཧ་ཅང་འཚམས་ཤིང་ཁྱད་པར་དམངས་ཀྱི་ངོས་ནས་བཀའ་ཁྲི་འོས་མི་དམིགས་འཛུགས་བྱ་བདེའི་སྟ་གོན་གྱི་བྱེད་སྒོ་མེད་དུ་མི་རུང་བ་ཞིག་རེད་སྙམ། དེ་ནས་གཞུང་འབྲེལ་མིན་པ་གཞོན་ནུ་ཚོགས་པ་སོགས་ཀྱི་ལྷག་བསམ་རྣམ་དག་གི་གོ་སྒྲིག་འོག་འོས་དམིགས་སུ་ཚུད་པ་རྣམས་ཕན་ཚུན་བགྲོ་གླེང་དང་སྦྲགས། ཆབ་སྲིད་དང་སློབ་གསོ། འཛིན་སྐྱོང་གི་ལས་དོན་ཡར་རྒྱས་དང་བསྒྱུར་བ་གཏོང་ཕྱོགས་སོགས་དང་འབྲེལ་བའི་གལ་གནད་ཆེ་བའི་དྲི་བ་ཁག་བཏོན་ཏེ། དེ་ལ་དོ་བདག་སོ་སོས་ངག་གི་ལན་འདེབས་གནང་རྒྱུའི་སྡིངས་ཆའི་གོ་སྐབས་ཤིག་བཞུགས་སྒར་རྡ་ས་ལྟ་བུར་ལས་འགུལ་གོ་སྒྲིག་ཅིག་གནང་ཐུབ་ན། དེ་ནི་ཆབ་སྲིད་ཀྱི་ལྟ་ཚུལ་ཤིག་གི་ཐོག་ནས་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་མདུན་བསྐྱོད་ཆེན་པོའི་ལོ་རྒྱུས་རང་བཞིན་ཅན་དང་གནད་འགག་རང་བཞིན་ཅན་དུ་འགྱུར་བ་མ་ཟད། བཙན་བྱོལ་བོད་མིའི་མང་གཙོའི་ལུགས་བཟང་གི་མིག་ལྟོས་ཧ་ཅང་བཟང་པོ་ཞིག་ཀྱང་གསར་དུ་གཏོད་པའོ།།     

གང་ཟག་ལ་མ་ལྟོས་ཆོས་ལ་ལྟོས། ཞེས་གསུང་པའི་དོན་ལས་ལྡོག་སྟེ་བཙན་བྱོལ་སྤྱི་ཚོགས་ཁྲོད་དུ་འབྱུང་འགྱུར་བཀའ་ཁྲིའི་འོས་ཆོས་ལ་དོ་ནན་དཔྱད་པ་ཞིབ་ཚགས་མ་གནང་བར། མང་པོ་ཞིག་གིས་གང་ཟག་བྱེ་བྲག་པ་དེ་དང་དེ་སྔར་ལས་དོན་འགའ་ཞིག་ཏུ་ཞུགས་མྱོང་བ་དང༌། ཁ་ཕོ་ཤོད་མཁས་པའི་གཏན་ཚིག་ཙམ་བཀོད་པ་དང༌། ཡང་འོས་མི་དམིགས་འཛུགས་བྱེད་པའི་དོ་བདག་རང་གིས་རངཉིད་སྤྱི་དོན་སྒྲུབ་པའི་དོ་དབྱིངས་དང་འཇོན་ཐང་གི་ནུས་པ་ཟད་པའམ་མ་འདང་བ་སོགས་ཤེས་བཞིན་དུ་ང་ཚོས་མིག་བཙུམས་ཏེ་གང་ཟག་དེ་འོས་དམིགས་སུ་བཙུད་པའི་བྱ་གཞག་དེ་ནི་གང་ཟག་ཙམ་ལ་ལྟོས་པའི་ཆེས་ཐ་ཤལ་གྱི་བྱེད་སྟངས་ཤིག་ཡིན་པ་ལྟ་ཅི། ལྷག་པར་ད་ལྟའི་གངས་ཅན་པའི་ཆེས་གཉན་འཕྲང་གི་ལས་དབང་ལ་བསམ་བཞིན་དུ་སྡང་ཟུག་བྱས་པར་ཡང་འགྱུར་བ་སྨོས་མ་དགོས་ལ། དེ་བས་བསམ་གཞིགས་བྱ་དགོས་པའི་གནད་དོན་འགངས་ཆེ་བ་ནི་བཀའ་ཁྲིའི་འོས་ཆོས་ཡིན་པས་འདི་ཚད་ལོངས་བ་བྱུང་ན་བཀའ་ཁྲི་ཚད་ལྡན་ཞིག་འཁྲུང་འོང་བ་གདོན་མི་ཟ་བས། སྐབས་འདིར་རྨོངས་འཆར་གི་ཚུལ་དུ་བཀའ་ཁྲིའི་འོས་ཆོས་མདོར་བསྡུས་འཚམ་པ་ཞིག་འགོད་ན་སྙམ།

དེ་ལ་གཞི་རྩའི་འོས་ཆོས་ནི། ༡༽ བློ་རྒྱ་ཡངས་པ། ༢༽ དྲང་ཚུགས་བརྟན་པ། ༣༽ རྣམ་དཔྱོད་ཀྱི་ཐག་གཅོད་ལྡན་པ། ༤༽ ཤེས་ཡོན་གྱིས་ཕྱུག་པ་བཅས་ཡིན་མོད་གསལ་ཁ་ཅུང་ཞིག་དབྱེ་ན། དེ་ལ།

འོས་ཆོས་དང་པོ་བློ་རྒྱ་ཡངས་པ་ལ། ༡-༡༽ འཛམ་གླིང་སྤྱིའི་འཕོ་འགྱུར་དང་ལྷག་པར་རྒྱ་དཀར་ནག་གི་སྲིད་བྱུས་དང་འབྲེལ་བའི་གནད་དོན་འགྱུར་འགྲོས་ལ་བརྟེན་པའི་ཕྱི་འབྲེལ་གྱི་ཟམ་པ་འཛུགས་པའི་འཆར་གཞི་འདིང་མཁས་པ། ༡-༢༽ བོད་དང་རྒྱ་ནག་ནང་གི་དུས་ནས་དུས་ཀྱི་ཆབ་སྲིད་འགྱུར་འགྲོས་ལ་རྟོག་ཞིབ་རྟིང་ཟབ་པོས་རྩ་དོན་ལ་སྨན་པའི་སྐབས་འཚམས་འཆར་གཞི་དང་འབྲེལ་དུས་ཐོག་ལས་དོན་འགྲུབ་པའི་ཐབས་བྱུས་འདོན་མཁས་པ། ༡-༣༽ ད་ལྟའི་རྒྱ་བོད་ཀྱི་འབྲེལ་མོལ་བརྒྱུད་རིམ་དེ་གྲོས་མོལ་གྱི་ལམ་བུའི་ངོ་བོར་མྱུར་དུ་ཁ་ལོ་བསྒྱུར་ཏེ་རྒྱ་བོད་དཀའ་རྙོག་གི་གནད་དོན་སེལ་བའི་ཐབས་བྱུས་འདོན་མཁས་པའི་བློ་རྩལ་རང་བཞིན་ལྡན་པ། ༡-༤༽ བོད་ནང་གི་དངོས་ཤུགས་བརྒྱུད་གསུམ་དང་འབྲེལ་བའི་ཛ་དྲག་གི་གནད་དོན་བྱུང་རིགས་རྒྱལ་སྤྱི་དང་ཡུ་རོབ་མཉམ་འབྲེལ་མཐུན་ཚོགས་སོགས་ཕན་ནུས་འདོན་དཔའ་བའི་ཚོགས་སྡེ་ཁག་ལ་འབྲེལ་གཏུག་དང་འབྲེལ་ཛ་དྲག་གི་དཀའ་རྙོག་བསང་ཐབས་ཀྱི་བློ་རྒྱ་ལྡན་པ།

འོས་ཆོས་གཉིས་པ་དྲང་ཚུགས་བརྟན་པ་ལ། ༢-༡༽ རང་མི་རིགས་དང་རྒྱལ་ཁབ་ལ་མི་འཕྱེད་པའི་ཞེན་སྤོབས་ལྡན་ཏེ་གཞན་གྱི་དངོས་ཤུགས་བརྒྱུད་གསུམ་ཐོག་ནས་འཇམ་རྩུབ་ཀྱི་བསླུ་འབྲི་འོག་ཏུ་མི་འཚུད་པའི་བློ་སེམས་བརྟན་པོར་གནས་པ། ༢-༢༽ ༧སྤྱི་ནོར་༧གོང་ས་མཆོག་གི་བོད་རྩ་དོན་ལ་སྨན་པའི་གཉིས་མེད་ཐབས་བརྒྱ་བྱུས་སྟོང་གི་མཛད་དཀའ་ལ་རྒྱབ་གནོན་གྱི་ཆོད་སེམས་བརྟན་པ་དང་ཞེ་ནས་བཀའ་མ་ལོག་པའི་དྲང་ཚུགས་རང་བཞིན་ལྡན་པ།

འོས་ཆོས་གསུམ་པ་རྣམ་དཔྱོད་ཀྱི་ཐག་གཅོད་ལྡན་པ། ༣-༡༽ འཛིན་སྐྱོང་ཚན་པ་ཁག་གི་སྐབས་འབྲེལ་ལས་དོན་མཐུད་ཤོར་སོང་བའམ་ནུས་པ་ཐོན་མ་ཐུབ་པ་རྣམས་ཨའུ་ཙི་ཡིན་འགྲོ་ཟེར་བ་མ་ཡིན་པར་ཐད་ཀ་ཐད་ཀར་གང་དྲག་བཅོས་བསྒྱུར་གཏོང་བའི་ཐག་གཅོད་རང་བཞིན་ལྡན་པ།
༣-༢༽ རྒྱ་དམར་པོས་ཟེར་སྲོལ་གྱི་བརྟན་ལྷིང་ལས་ལྡོག་སྟེ་བོད་ཕྱི་ནང་གི་རྩ་དོན་དང་འབྲེལ་བའི་བརྟན་ལྷིང་ལ་གནོད་པའི་བྱ་བ་སྤེལ་མཁན་ཐོག་འཇིགས་ཞུམ་དོར་ཏེ་རྣམ་དཔྱོད་ཀྱིས་ཐད་ཀར་གདོང་ལེན་བྱེད་པའི་ཐག་གཅོད་ཀྱི་ནུས་པ་ལྡན་པ། ༣-༣༽ བོད་རྒྱ་གཉིས་ཀྱི་འབྲེལ་མོལ་གྱི་བརྒྱུད་རིམ་དེ་མཐར་མ་ལྷུང་བའི་གྲོས་མོལ་གྱི་གནད་དོན་ཐོག་ཁ་ཕྱོགས་བསྒྱུར་ཏེ་རྒྱལ་སྤྱིའི་ཆབ་སྲིད་ཀྱི་ཁྲིམས་ལུགས་དང་མི་འགལ་བའི་ཐོག་ནས་རིང་པོ་མི་ཐོགས་པར་བོད་ཕྱི་ནང་གཉིས་ཀའི་འདོད་བློ་རྫོགས་ཤིང་ཕན་ནུས་ལྡན་པའི་གནད་དོན་ཐག་གཅོད་ཐུབ་པའི་ནུས་རྩལ་ལྡན་པ།

འོས་ཆོས་བཞི་པ་ཤེས་ཡོན་གྱིས་ཕྱུག་པ། ༤-༡༽ གངས་ལྗོངས་བླ་སྲོག་བོད་སྐད་ཡིག་ཐོག་རང་ཉིད་ཞུམ་མི་དགོས་པར་འབྲི་ཀློག་རང་སྐྱ་ཐུབ་པ་དང་སྦྲགས། བོད་མིའི་ངོ་བོ་མ་བརླགས་པའི་ཆེད་ལྷད་མེད་སྲོལ་རྒྱུན་རིག་གནས་རྣམས་མི་ཉམས་རྒྱུན་འཛིན་ཐུབ་ཐབས་སུ་གནད་ལ་ཁེལ་བའི་སེམས་འགུལ་གཏོང་ཐུབ་པའི་བསམ་བློའི་སློབ་གསོའི་རིག་གནས་ཀྱིས་ཕྱུག་པ། ༤-༢༽ ཨིན་རྒྱ་ཧིན་གསུམ་གྱི་སྐད་ཡིག་གོ་རྟོགས་རང་སྐྱ་ཐུབ་པ་དང་སྦྲགས། དེང་དུས་རྒྱལ་སྤྱི་དང་ལྷག་པར་རྒྱ་ནག་གི་ཆབ་སྲིད་འགྱུར་འགྲོས་ཀྱི་གནད་དོན་དང་ཁྲིམས་ལུགས་ཀྱི་ཐོག་རྒྱུད་མངའ་ཚད་ལྡན་ཡོད་པ། ༤-༣༽ རང་ཉིད་བོད་སྐད་ཡིག་བསྲེ་ལྷད་མེད་པར་རང་སྐྱ་ཐུབ་པའི་ཐོག་སྐད་ཡིག་གཞན་ལའང་གོ་རྟོགས་འཕེར་བ་དང་སྦྲགས། བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཤེས་ཡོན་གོང་མཐོར་གཏོང་བ་དང་འབྲེལ་ཤེས་ཡོན་སློབ་གསོ་སྤེལ་བའི་ཤེས་རྒྱ་ཡངས་པ་བཅས་དགོས་སོ།

མདོར་ན། བར་ལམ་༧གོང་ས་མཆོག་ལ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་ཤེས་ཡོན་ཧ་ཅང་ཉམས་ཆག་ཕྱིན་པའི་ཚོར་ཤུགས་དྲག་པོས་ཐུགས་ཚབ་ཆེན་པོ་བཟོས་ཡོད་པས། དེ་ནི་འབྲེལ་ཡོད་གཞུང་གི་འཛིན་སྐྱོང་དང་སློབ་གྲྭའི་འཛིན་སྐྱོང་སྡེ་ཚན་ཁག་གཉིས་ཀས། འཇིག་རྟེན་གྱི་དཔེ་ལྟར། ལས་ལ་མི་བརྩོན་ཆང་ལ་ཆགས། སང་གི་བྱ་བ་གནངས་ལ་བསྐྱལ། ཞེས་པ་ལྟར་ཞན་ཆ་དང་སྐྱོན་ཆའི་རིགས་ཐེར་བཏོན་བྱས་ཏེ་ཡར་རྒྱས་གཏོང་བའི་མདུན་མཆོང་ལ་གོམས་ཆ་ཞན་ཅིང༌། དེ་ལས་ལྡོག་སྟེ་རྟག་ཏུ་བཟང་ཆ་དང་ཨའུ་ཙི་ཡི་གོམས་སྲོལ་ངན་པས་ཤེས་ཚད་ལྡན་པའི་མི་སྣ་འཛུགས་སྐྲུན་བྱ་རྒྱུའི་ལས་དོན་ཐོག་ཆེས་མཐུད་ཤོར་གྱིས་འདས་ཟིན་པའི་ལོ་རབས་སུམ་ཅུ་ལྷག་གི་ལོ་རྒྱུས་ཀྱི་ནག་ཐིག་ཅིག་དྲན་ཐོ་བཀོད་པར་འཁུམས།

ཀྱག་ཀྱོག་བོད་ཀྱི་ཆབ་སྲིད་གནད་དོན་དེ་ཤེས་ཡོན་གྱི་ཐོག་ནས་ཁ་བསྒྱུར་དང་ཐག་གཅོད་བྱེད་དགོས་པས་བཙན་བྱོལ་བོད་མིའི་ཤེས་ཡོན་གྱི་བསྟི་གནས་ཁག་གི་ཕྱི་འཛུགས་སྐྲུན་ལས། ནང་རིག་གནས་ཀྱི་འཛུགས་སྐྲུན་ད་ལྟ་ལས་ལྡབ་གསུམ་གྱིས་སྒྱུར་བ་ཞིག་གཏོང་མ་ཐུབ་ཚེ་ཤེས་ཚད་ལྡན་པའི་མི་སྣའི་བར་སྟོང་ཁ་སྐོང་དེ། ད་དུང་ཡང་མི་རབས་གང་འཚམས་ཤིག་གི་བར་བསྐང་མ་ཐུབ་པར་ཆེས་གསོ་ཐབས་བྲལ་བའི་ཉེན་ཚབ་ཅིག་སྤྱི་སྒོས་གཉིས་ཀའི་གངས་ཅན་པ་དག་གི་ཕང་བར་གདོན་མི་ཟ་བར་ལྷག་གོ།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༣ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ཆུ་ཚོད་ ༡༩ སྔོན་ལ།
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

མཆན། 5

  1. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 17 སྔོན།

    རྗེས་མ་བཀའ་ཁྲི་ལ་སེར་མོ་བ་ཞིག་མི་སླེབས་པར་ཤོག

    Reply
  2. བསོད་ནམས says:
    ལོ་ 17 སྔོན།

    བཀྲ་ཤིས་རྒྱ་མཚོ་ལགས། དེ་འདྲའི་བཀའ་ཁྲི་ཞིག་འོང་མི་སྲིད་པ་ཞིག་རེད།

    Reply
  3. བསོད་ནམས says:
    ལོ་ 17 སྔོན།

    དགོངས་ཚུར་དཔེ་ཡག་པོ་འདུག ཁྱེད་ཀྱི་འོས་གཞི་ཞིག་སྟོན་ན་དེ་ལས་ཡག

    Reply
  4. བཀྲ་ཤིས་རྒྱ་མཚོ says:
    ལོ་ 17 སྔོན།

    ཨེ་ཡོད་ན།

    Reply
  5. བཀྲ་ཤིས་རྒྱ་མཚོ says:
    ལོ་ 17 སྔོན།

    བདེན་པ་རེད་་་བདེན་པ་རེད་་་་འོན་ཀྱང་བཙན་བྱོལ་གཞུང་གི་ལངས་ཕྱོགས་དང་སྒྲིགས་འཛུགས་ལ་བློ་ལོག་པའི་གང་ཟག་ཞིག་བཀའ་ཁྲིར་སླེབས་ན་ཅི་ལྟར་བྱེད། བཀའ་ཁྲི་འཚོལ་ཕྱིར་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་རྒྱབ་བརྟེན་དགོས་དོན་ཅེ་ཡོད་ན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese