མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ནང་ཆེན་དུ་བོད་ཀྱི་རྒྱལ་དར་སྒྲེང་བ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

ནང་ཆེན་རྫོང་ཐོག་དུ་བོད་ཀྱི་རྒྱལ་དར་སྒྲེང་བ།

སྤྱི་འཐུས་སྨོན་ལམ་མཐར་ཕྱིན་གྱི་ཟིན་བྲིས་ནས་བཤུས།

འབྲེལ་ཡོད་ནས་འདི་གར་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་དོན་ལྟར་ན། ཕྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༡༦ ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ། ནང་ཆེན་རྫོང་གི་ལྟེ་གནས་སུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་པ་དང༌། བོད་མི་རྣམས་ལ་རྒྱ་དམག་དང་ཉེན་རྟོག་པས་ཉེས་རྡུང་ཚད་མེད་བཏང་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག དེ་ཡང་ཉིན་ཤས་སྔོན་ཡུལ་ཤུལ་ཁུལ་ཆོས་དོན་ལས་ཁང་ནས་ནང་ཆེན་རྫོང་ཁོངས་ཀྱི་ཚེས་བཅུ་དགོན་དང༌། སྐྱོ་བྲག་དགོན། དཔལ་མེ་དགོན། དགོན་ཞབས་དགོན་བཅས་དགོན་སྡེ་ཁག་བཞི་ལ་སྐམ་གློག་འཕྲུལ་ཆས་སོགས་ཀྱི་ཅ་དངོས་ཁག་ཅིག་སྤྲོད་འཆར་ཡོད་ཁོངས་ནས་དགོན་སྡེ་ཁག་ལ་དངོས་སུ་སྤྲད་སྐབས་ཅ་དངོས་ཁག་བཅུ་ཙམ་ཞིག་མ་ཚང་བར་བརྟེན། དགོན་ཞབས་དགོན་པའི་གྲྭ་པ་གཉིས་ནང་ཆེན་རྫོང་དུ་ཕྱིན་ནས་འབྲེལ་ཡོད་ཁག་ལ་བར་བཟས་བྱས་སྐོར་བཤད་དེ་བཅའ་དངོས་རྣམས་རྩིས་སྤྲོད་དགོས་པའི་རེ་སྐུལ་ཞུས་ཀྱང་དོན་འབྲས་མ་སོན་བར་ཕན་ཚུན་ཁ་རྩོད་སོགས་ཤོར་བ་མ་ཟད་གྲྭ་པ་དེ་གཉིས་འཛིན་བཟུང་གིས་བཀག་ཉར་བྱས་ཡོད་འདུག དེ་རྗེས་དགོན་ཞབས་དགོན་པའི་སྤྲུལ་སྐུ་སོགས་འབྲེལ་ཡོད་རྣམས་ཀྱིས་སྙན་ཞུ་ཕུལ་ཏེ་གྲྭ་པ་དེ་གཉིས་གློད་གྲོལ་གཏང་དགོས་པ་དང༌། གལ་སྲིད་གློད་གྲོལ་མ་བཏང་ཚེ་བོད་མི་རྣམས་ཀྱིས་བཟོད་དཀའ་བ་ཡིན་ཚུལ་བཅས་ཞུས་ཡོད་འདུག་ཀྱང་ཉིན་ཤས་རིང་དོན་འབྲས་སོན་པ་གང་ཡང་བྱུང་ཡོད་མི་འདུག དེ་རིང་ནང་ཆེན་རྫོང་ཁོངས་དཔལ་མེ་དགོན་དུ་བོད་ཀྱི་གཞས་པ་གཞས་མ་གྲགས་ཅན་ཁག་ཅིག་གདན་དྲངས་ཏེ་དགོན་པའི་མདུན་ཐང་དུ་མི་མང་འདུ་འཛོམས་ཤུགས་ཆེ་བྱུང་བའི་སྐབས་ཕྱི་དྲོ་ཆུ་ཚོད་ ༥།༠༠ པ་ཙམ་ལ་གློ་བུར་དུ་ཐང་ཆེན་གྱི་ཕྱི་ལོག་ནས་བོད་མི་སྐོར་ཞིག་གིས་ཀི་སྒྲ་སྒྲོག་བཞིན་སླེབས་པ་དང་མི་གཅིག་ཤིང་སྡོང་ཞིག་གི་རྩེར་འཛེགས་ནས་བོད་ཀྱི་རྒྱལ་དར་ཞིག་སྒྲེང་འཛུགས་བྱས་པ་ཡོད་འདུག་ཅིང༌། བོད་མི་རྣམས་ཀྱིས་སྐད་འབོད་འདྲ་མིན་བྱས་ཡོད་འདུག རྒྱལ་དར་སྒྲེང་མཁན་གྱི་མི་དེ་ཕྱི་ལོག་ཏུ་སྒུག་ཡོད་པའི་གྲྭ་པ་ཞིག་གི་སྦག་སྦག་གི་རྒྱབ་ལ་ཞོན་ནས་བྲོས་ཟིན་ཡོད་འདུག་པ་དང༌། ད་སྐབས་འཛིན་བཟུང་བྱ་ཐུབ་ཡོད་ཚོད་མི་འདུག ཁོང་གི་རོགས་པ་རྣམས་ནི་མི་མང་གི་ཁྲོད་དུ་གྲམ་ཟིན་ཡོད་འདུག སྐབས་དེར་རྫོང་འབྲིང་རིམ་སློབ་གྲྭ་དང་པོའི་སློབ་ཕྲུག་བཞི་ཙམ་གྱིས་ཕྱི་ལོག་ནས་གློག་བརྙན་དང་པར་ལེན་བྱས་པར་བརྟེན་ཉེན་རྟོག་པས་ཚ་འདེད་ཀྱིས་གཅར་རྡུང་ཚད་མེད་བྱས་ཡོད་འདུག་པ་དང༌། མི་མང་རྣམས་ཉེན་རྟོག་པ་དང་དམག་མིས་མཐའ་བསྐོར་ཡོད་འདུག དགོང་མོ་ཡུལ་ཤུལ་ཁུལ་གྱི་ལྟེ་གནས་སྐྱེ་རྒུ་མདོ་ནས་དྲག་ཆས་སྤྲས་པའི་དམག་མི་མང་པོ་ཞིག་འབྱོར་ཏེ་སྲང་མདོ་ཁག་སོ་སོར་དམག་མི་ ༢༠ ཙམ་བསྡད་ནས་བལྟ་སྲུང་གིས་དམ་བསྒྲགས་ཆེན་པོ་བྱེད་བཞིན་པའི་གནས་ཚུལ་འདུག་ཀྱང་བོད་མི་ཇི་ཙམ་ཞིག་འཛིན་བཟུང་བྱས་མིན་ཞིབ་ཕྲ་ཤེས་རྟོགས་བྱུང་ཡོད་མི་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

༧གོང་ས་མཆོག་གིས་སྤྱན་རས་གཟིགས་ཕྱག་བཞི་པའི་བཀའ་དབང་བསྩལ།

སྐར་མ ༢༠ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ། བོད་ཀྱི་དུས་བབ་གསར་ཁང་གི་སྐུ་པར། ༢༠༢༣།༡༠།༤
༸གོང་ས་མཆོག གསར་འགྱུར།

འཛམ་གླིང་ཞི་བདེ་ཡོང་བར་ནང་སེམས་ཀྱི་ཞི་བདེ་དང་བྱམས་བརྩེ་གལ་ཆེན་ཡིན།

སྐར་མ ༣༤ སྔོན་ལ།
Mobile App

སྤྱི་འཐུས་གྲོས་ཚོགས་ལས་འཕྲོས་པའི་བསམ་ཚུལ།

སྐར་མ ༣༥ སྔོན་ལ།
Advertisement for App

Tibet Times launched new English website

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་མཆོག་དང་ཕྱི་ལོ་ ༢༠༢༣ ནོ་སྦེལ་དངོས་ཁམས་རིག་པའི་གཟེངས་རྟགས་ཐོབ་མཁན་ཚན་རིག་པ་ཀཱ་ཊ་ལིན་ཀཱ་རི་ཀོ་(Katalin Karikó)། ཌི་རེའོ་ཝི་སི་མན་(Drew Weissman)། པར་དུས་བབ་ཀྱིས་བསྒྲིགས།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་ནོ་སྦེལ་སྨན་གྱི་གཟེངས་རྟགས་ཐོབ་མཁན་གཉིས་ལ་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོ། པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་།
Mobile App

བོད་མི་ཚུལ་ཁྲིམས་ལ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༣ སྔོན་ལ།

མཆན། 13

  1. བཀྲ་ཤིས། says:
    ལོ་ 14 སྔོན།

    དཔའ་བོ་རྣམས་ཀྱི་བསམ་དོན་འགྲུབ་པར་སྨོན།

    Reply
  2. གཅེན་པོ། says:
    ལོ་ 14 སྔོན།

    རྒྱལ་གཅེས་པ་དེ་རྣམས་ཀྱི་བསམ་དོན་འགྲུབ་པར་ཤོག

    Reply
  3. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    རྒྱལ

    Reply
  4. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    རྒྱ་གཅེས་དཔའ་བོ་དཔའ་མོ་ཁྱེད་ཚོས་བོད་མི་ས་ཡ་དྲུག་གི་དོན་དུ་གཅེས་པའི་རང་སྲོག་དོར་དང་སྡར་མ་ངས་ཁ་གདང་ནས་ལྟ་འདུག

    Reply
  5. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 14 སྔོན།

    མེ་མདའི་སོ་ཁ་ནས་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བཏངས་ཏེ་བོད་པ་ཚང་གི་ཕུག་དོན་སྒྲུབ་ཕོད་པའི་དཔའ་བོ་འདི་ཚོར་་་་་་་་་འདི་ནས་ང་ཚོས་ཁོང་ཚོར་ཡི་རང་དང་བསྔགས་བརྗོད། གཟི་བརྗིད་ཆེ་བའི་ཁོང་ཚོའི་སྣང་བརྙན་དེ་གླིང་ཕྲན་དང་རྒྱ་མཚོ་བརྒལ་ཏེ་འཛམ་གླིང་ན་ཁྱབ་པ་བྱེད་དགོས། དེ་ནི་ད་ལྟའི་ཆར་ང་ཚོས་ཁོང་ཅག་ལ་ཕན་པ་སྒྲུབ་ཐུབ་པའི་བྱ་བ་ཉག་གཅིག་དེ་རེད། གནས་ཚུལ་འདི་ལྟ་བུ་བོད་ཀྱི་ས་ཁུལ་གང་དུ་བྱུང་ནའང་དྲ་ཐོག་ཏུ་འགོད་ཐུབ་ན་ཧ་ཅང་ཡག་པོ་འདུག

    Reply
  6. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 14 སྔོན།

    མེ་མདའི་སོ་ཁ་ནས་ལུས་སྲོག་ལོངས་སྤྱོད་ཡོངས་སུ་བཏངས་ཏེ་བོད་པ་ཚང་གི་ཕུག་དོན་སྒྲུབ་ཕོད་པའི་དཔའ་བོ་འདི་ཚོར་་་་་་་་་འདི་ནས་ང་ཚོས་ཁོང་ཚོར་ཡི་རང་དང་བསྔགས་བརྗོད། གཟི་བརྗིད་ཆེ་བའི་ཁོང་ཚོའི་སྣང་བརྙན་དེ་གླིང་ཕྲན་དང་རྒྱ་མཚོ་བརྒལ་ཏེ་འཛམ་གླིང་ན་ཁྱབ་པ་བྱེད་དགོས། དེ་ནི་ད་ལྟའི་ཆར་ང་ཚོས་ཁོང་ཅག་ལ་ཕན་པ་སྒྲུབ་ཐུབ་པའི་བྱ་བ་ཉག་གཅིག་དེ་རེད། གནས་ཚུལ་འདི་ལྟ་བུ་བོད་ཀྱི་ས་ཁུལ་གང་དུ་བྱུང་ནའང་དྲ་ཐོག་ཏུ་འགོད་ཐུབ་ན་ཧ་ཅང་ཡག་པོ་འདུག

    Reply
  7. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 14 སྔོན།

    ༧སྐྱབས་མགོན་ཏ་ལའི་བླ་མའི་མཁྱེན་།་་་་་བོད་ཀྱི་དཔའ་རྒོད་དེ་རིགས་་རྒྱ་དམར་ལག་འོག་ཏུ་མ་ཚུད་པར་ཤོག

    Reply
  8. བློ་བཟང༌། says:
    ལོ་ 14 སྔོན།

    སྐུ་ངོ་སྤྱི་འཐུས་ལགས། དགོངས་པ་མ་འཚོམས་རོགས་གནང་། དོག་འདྲི་ཆུང་ཆུང་ཞིག་འདུག

    1༼རྒྱལ་དར་སྒྲེང་མཁན་གྱི་མི་དེ་ཕྱི་ལོག་ཏུ་སྒུག་ཡོད་པའི་གྲྭ་པ་ཞིག་གི་སྦག་སྦག་གི་རྒྱབ་ལ་ཞོན་ནས་བྲོས་ཟིན་ཡོད་འདུག་པ་དང༌། ད་སྐབས་འཛིན་བཟུང་བྱ་ཐུབ་ཡོད་ཚོད་མི་འདུག ༽

    2༼གོང་གསལ་རྒྱལ་དར་བསྒྲེངས་ཟིན་རྗེས་བྲོས་བྱོལ་དུ་འགྲོ་སྟངས་དང་བྱུང་རིམ་གྱི་གནས་ཚུལ་རྣམས་དེར་ཡོད་རྒྱ་ཡི་ཉེན་རྟོག་པ་སོགས་ཀུན་གྱིས་གསལ་མཐོང་བྱུང་ཟིན་པ་ཞིག་རེད་འདུག༽

    སྐད་ཆ་འདི་གཉིས་མི་མཐུན་པའི་རྒྱུ་མཚན་ནི་གཅིག་གསར་འགྱུར་དང་གཅིག་ཤོད་འདི་གསར་འགྱུར་མིན་པས་ཡིན་ནམ།

    Reply
  9. བསེ་རུ། says:
    ལོ་ 14 སྔོན།

    བཀུར་འོས་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་ལགས།
    དུས་ཐོག་ཏུ་གསལ་འདེབས་གནང་བར་ཡི་རངས་ཡོད།
    གང་གིས་སྟེང་ལྷ་ཡུལ་ནས་འོག་དམྱལ་བའི་ཡུལ་བར་ཞིབ་འཇུག་གནང་དགོས་ལ།

    ཁྱིམ་ཚང་གཅིག་ལ་མཚོན་ན། སྒོ་རྒྱབ་ཀྱི་ཕྱགས་མ་ནས་ཡ་གིའི་དར་ལྕོག་བར་ཞིབ་འཇུག་དང་འགན་འཁུར། བདག་སྤྲོད་ཅིག་གནང་ཐུབ་ན། དེ་ནི་འཇིག་རྟེན་གྱི་ཕ་རྒན་ངོ་མ་ཞིག་རེད།
    དེར་བརྟེན། ཁྱེད་ཀྱང་བོད་མི་མང་གི་ཕ་རྒན་ངོ་མ་ཞིག་ཏུ་འགྱུར་བར་ཤོག།

    Reply
  10. སྨོན་ལམ་མཐར་ཕྱིན། says:
    ལོ་ 14 སྔོན།

    གནས་ཚུལ་འདི་རིགས་གནས་ཚུལ་མཁོ་སྤྲོད་པ་དང་འབྲེལ་ཡོད་ནས་རེ་སྐུལ་ཞུས་དོན་ལྟར་ཡོངས་ཁྱབ་བཀྲམས་ཀྱི་ཡོད་པ་ལས་གཞིས་ལུས་མི་མང་གི་བདེ་འཇགས་ལ་བསམ་གཞིགས་མ་བྱས་པ་རྩ་བ་ནས་མིན། གོང་གསལ་རྒྱལ་དར་བསྒྲེངས་ཟིན་རྗེས་བྲོས་བྱོལ་དུ་འགྲོ་སྟངས་དང་བྱུང་རིམ་གྱི་གནས་ཚུལ་རྣམས་དེར་ཡོད་རྒྱ་ཡི་ཉེན་རྟོག་པ་སོགས་ཀུན་གྱིས་གསལ་མཐོང་བྱུང་ཟིན་པ་ཞིག་རེད་འདུག
    གནས་ཚུལ་ཕྱིར་བསྒྲགས་མི་དགོས་པ་མང་པོ་ཞིག་ཉར་ཡོད་པ་ལས་མཐོང་ཐོས་བྱུང་ཚད་བཀོད་བཞག་པ་རྩ་བ་ནས་མེད།

    Reply
  11. སྨོན་ལམ་མཐར་ཕྱིན། says:
    ལོ་ 14 སྔོན།

    གནས་ཚུལ་འདི་རིགས་གནས་ཚུལ་མཁོ་སྤྲོད་པ་དང་འབྲེལ་ཡོད་ནས་རེ་སྐུལ་ཞུས་དོན་ལྟར་ཡོངས་ཁྱབ་བཀྲམས་ཀྱི་ཡོད་པ་ལས་གཞིས་ལུས་མི་མང་གི་བདེ་འཇགས་ལ་བསམ་གཞིགས་མ་བྱས་པ་རྩ་བ་ནས་མིན། གོང་གསལ་རྒྱལ་དར་བསྒྲེངས་ཟིན་རྗེས་བྲོས་བྱོལ་དུ་འགྲོ་སྟངས་དང་བྱུང་རིམ་གྱི་གནས་ཚུལ་རྣམས་དེར་ཡོད་རྒྱ་ཡི་ཉེན་རྟོག་པ་སོགས་ཀུན་གྱིས་གསལ་མཐོང་བྱུང་ཟིན་པ་ཞིག་རེད་འདུག
    གནས་ཚུལ་ཕྱིར་བསྒྲགས་མི་དགོས་པ་མང་པོ་ཞིག་ཉར་ཡོད་པ་ལས་མཐོང་ཐོས་བྱུང་ཚད་བཀོད་བཞག་པ་རྩ་བ་ནས་མེད།

    Reply
  12. སྒ་སྟོད་ཇོ་བོ། says:
    ལོ་ 14 སྔོན།

    དངོས་གནས་སྙིང་སྟོབས་རེད། སྤྱིར་ནང་ཆེན་རྫོང་ལྟ་བུ་ཆ་བཞག་དེ་སྔོན་རྒྱ་གཞུང་ལ་ངོ་རྒོལ་གྱི་རྣམ་པ་དེ་ཙམ་ཐོས་མ་སོང་མོད།་་དེ་རིང་ཡིན་ན་ དངོས་གནས་དཔའ་བོ་རེད།་ལྷག་པར་དུ་སློབ་ཕྲུག་དེ་ཚོ་སེམས་གཏིང་རྒྱབ་སྐྱོར་ཡོད།

    Reply
  13. བློ་བཟང༌། says:
    ལོ་ 14 སྔོན།

    དྲང་པོར་ཞུས་ན་གནས་ཚུལ་འདི་རིགས་བྱུང་མ་ཐག་ཡིན་པར་བརྟེན་ཤེས་དགོས་མཁན་ཞིག་གིས་ཤེས། ཤོད་དགོས་ས་ཞིག་ལ་བཤད་པ་མ་གཏོགས་ང་ཚོས་དྲ་རྒྱ་སོགས་སུ་བཏོན་མི་རུང༌། གང་ཡིན་ཟེར་ན་གོང་དུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་་སྒྲེང་འཛུགས་བྱ་མཁན་དཔའ་བོ་ཁོང་ཇི་ལྟར་བྲོས་པ་དང་གང་དུ་ཡོད་པ་སོགས་རྒྱ་མིས་རྩད་བཞིན་པའི་སྒང་ལ་ང་ཚོས་འདི་ནས་གནས་ཚུལ་རྣམས་རྒྱ་མིར་མཁོ་སྤྲོད་བྱེད་ཀྱི་ཡོད་པ་འདྲ་པོ་འདུག དྲ་རྒྱ་ནི་སུས་བལྟ་ཆོག་ཆོག་རེད།
    ཅིག་བྱས་ངའི་བསམ་ཚུལ་འདི་ནོར་ཡོད་ཡང་སྲིད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist