མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་སློབ་གྲྭའི་ཆེད་དུ་ཡོང་བ་ཡིན།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

ངས་རང་གི་ཕ་ཡུལ་གྱི་མི་རབས་རྗེས་མ་དག་གི་མདུན་ལམ་དང་རང་ཉིད་ཀྱི་ཡིག་རྨོངས་སེལ་བའི་སློབ་གྲྭ་དེ་ཉིད་བོད་མི་རིགས་ལ་ཕན་པའི་སློབ་སྦྱོང་གི་བསྟི་གནས་ཤིག་ཏུ་འགྱུར་ཆེད་འདིར་ཡོང་བ་ཡིན་ཟེར།

ཕྱི་ཚེས་ ༧ ཉིན་འདི་གའི་གསར་འགོད་པས་བོད་གཞུང་དབུས་སྣེ་ལེན་ཁང་དུ་བོད་ནས་གསར་དུ་འབྱོར་བའི་ཕ་ཡུལ་གསེར་རྟ་རྫོང་སྙི་ཆུ་ཞང་གནུབས་ཟུར་དགོན་པ་ནས་ཡིན་ཞིང་།  ད་ལྟ་རང་ལོ་ ༢༢  ཡིན་པའི་ཆོས་གྲགས་ལགས་སུ། དེང་སྐབས་གསེར་རྟ་ས་ཁུལ་གྱི་་གནས་སྟངས་གང་འདྲ་ཡིན་མིན་ཐད་བཀའ་འདྲི་ཞུས་པར་ཁོས། ང་ཚོའི་དགོན་པ་ནི་གསེར་རྟ་རྫོང་ནས་ལེ་དབར་ཉི་ཤུ་ལྷག་གི་མཚམས་སུ་ཡོད། ལོ་སྔོན་མའི་ཕྱི་ཟླ་ ༦ པའི་ནང་ང་ཚོའི་དགོན་པའི་དགེ་འདུན་པ་གསུམ་གྱིས་བོད་རང་བཙན་གྱི་སྐད་འབོད་བྱས་པ་དང་། དེ་ནས་བཟུང་རྒྱ་གཞུང་གིས། ཁོང་ཚོ་འཛིན་བཟུང་བྱས་ཏེ་ཁྲིན་ཏུའུ་མེན་ཡཱང་བཙོན་ཁང་དུ་བཙོན་འཇུག་བྱས་སོང་ལ། རྗེས་སུ་རྒྱ་གཞུང་གི་དམག་མི་འབོར་ཆེན་སླེབས་ཏེ་ང་ཚོའི་དགོན་པའི་མདུན་རིའི་སྟེང་དུ་དམག་སྒར་ཆུང་ཆུང་ཞིག་བརྒྱབས་ཏེ་ཉིན་མཚན་དབྱེར་མེད་དུ་དྲག་ཆས་རྣམས་དགོན་པར་གཏད་དེ་འདི་ལོའི་ཕྱི་ཟླ་ ༣ པ་བར་དུ་བསྡད་སོང་། དེ་བཞིན། དགོན་པའི་ནང་རྒྱ་གཞུང་གི་ལས་བྱེད་ཡོང་སྟེ། དགེ་འདུན་པ་ཚོར་༧གོང་ས་མཆོག་ལ་མཚན་སྨོད་དང་ངོ་རྒོལ་བྱ་དགོས་པ་དང་། མི་རིགས་ཁ་བྲལ་གྱི་ལས་འགུལ་སྤེལ་མི་ཆོག་པ་སོགས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་སྤེལ་བ་མ་ཟད། དགོན་པའི་ནམ་རྒྱུན་གྱི་ཆོས་ཕྱོགས་ཀྱི་བྱེད་སྒོ་མང་པོ་ཞིག་ལ་བཀག་སྡོམ་ནན་མོ་བྱས་ཏེ་དགོན་པའི་སྤྲུལ་སྐུ་གཙོས་པའི་གྲྭ་བ་ཚོར་གནོན་ཤུགས་གང་མང་སྤྲད་མཐར། གྲྭ་བ་ཚོ་འདུག་མ་ཐུབ་པར་ཕྱི་ཕྱོགས་སུ་འཁྱམས་ཏེ་གར་སོང་གི་གནས་ཚུལ་མི་ཤེས་པ་སོགས་ད་ལྟ་དགོན་པའི་ནང་གྲྭ་བ་ཉུང་ནས་ཉུང་དུ་འགྲོ་བཞིན་པ་དང་།  རྫོང་དང་ལེ་དབར་ ༩༠ མཚམས་སུ་ས་གནས་གསུམ་དུ་བསྔོག་བཤེར་གྱི་ས་ཚིགས་གསུམ་བརྒྱབས་ཡོད་པ་དང་། གྲྭ་པ་ཚོ་འགྲོ་དགོས་ཚེ་ངེས་པར་དུ་ཉིན་དེའི་ལས་དོན་གྱི་མགོ་མཇུག་བར་གསུམ་སྙན་སེང་ཞུ་དགོས་པ་མ་ཟད། མི་སེར་གྱི་ཐོབ་ཐང་ལག་འཁྱེར་དང་གྲྭ་པའི་འཛིན་ཡིག་སོགས་སྟོན་དགོས་པ་རེད།  གལ་སྲིད་ཡིག་ཆ་དེ་དག་མ་ཚང་བ་ཡིན་ན་དགོན་པ་ནས་རྫོང་ཐོག་ལ་འགྲོ་ཐབས་མེད་པའི་གནས་སྟངས་དེ་འདྲ་ཞིག་ཆགས་ཡོད་པ་རེད། ཅེས་བརྗོད་བྱུང་།

དེ་བཞིན་ཁོང་གིས་ས་ཁུལ་དེའི་སློབ་གྲྭ་ཞིག་གི་སྐོར་བརྗོད་དོན། སྔོན་ཆད་ང་ཚོའི་ས་ཁུལ་དེར་སློབ་གྲྭ་ཞིག་གསར་འཛུགས་བྱས་ཡོད། ཡིན་ནའང། བུ་ཕྲུག་དེ་དག་སློབ་ཆུང་ལོ་རིམ་དྲུག་པ་མཐར་ཕྱིན་ཡང་གསལ་བྱེད་སུམ་ཅུའི་ཀློག་འདོན་ཁོ་ན་ལས་ཐ་ན་རང་གི་མིང་ཡང་འབྲི་དཀའ་ལ། རྒྱ་ཡིག་གི་ལམ་ནས་མིང་འབྲི་མི་ཤེས་པ་ནི་བཤད་མ་དགོས་པ་ཞིག་རེད། རྒྱུ་མཚན་ནི། རྒྱ་གཞུང་གིས་མངགས་གཏོང་བྱས་པའི་དགེ་རྒན་དེ་དག་གིས་ནམ་རྒྱུན་ཟླ་གཅིག་གཉིས་རིང་སློབ་མ་ཚོར་གུང་གསེང་སྤྲད་དེ་ཁྲིན་ཏུའུ་སོགས་གྲོང་ཁྱེར་དུ་འཁྱམས་བསྡད་སྡོད་པ་དང་།  སློབ་གྲྭའི་ནང་འཛིན་རིམ་ཆེ་ཆུང་དབྱེར་མེད་ཀྱི་སློབ་མ་ཚང་མ་སློབ་ཁང་གཅིག་ཏུ་བཅུག་རྗེས་ཕྱུགས་ཟོག་ནང་བཞིན་ཕྱི་ནས་བལྟས་བསྡད་ཡོད་ལ། མཚམས་རེར་མི་གཞན་ལ་དངུལ་སྤྲད་དེ་སློབ་གྲྭ་གཞན་ལ་བཅོལ་རྗེས་གང་སར་འཁྱམས་ཏེ་ཉི་མ་འཁྱོལ་ཐབས་བྱེད་ཀྱིན་པ་ལས་བྱིས་པ་དེ་དག་གི་མདུན་ལམ་ལ་བསམ་བློ་ཅི་ཡང་གཏོང་གི་མི་འདུག་ལ།  སློབ་ཆུང་ནས་མཐར་ཕྱིན་ཏེ་དམའ་འབྲིང་དུ་ཆས་བའི་སློབ་མ་དེ་དག་ལའང་དམིགས་བསལ་གྱི་སློབ་སྦྱོང་ཞིག་རག་གིན་མེད་པར། ཐ་མ་འཐེན་པ་དང་འཁྱམ་ཉུལ་བྱེད་པ་སོགས་ཀྱི་གོམས་གཤིས་ཤིག་འཇགས་ཡོད། ཕ་མ་ཚོས་ཀྱང་བུ་ཕྲུག་ཚོར་སློབ་སྦྱོང་རག་གིན་མེད་པའི་གནས་ཚུལ་ཤེས་ཏེ་བྱིས་པ་སློབ་གྲྭར་མི་གཏོང་བར་ཚང་མ་ཕྱུགས་རྫི་ལ་མངགས་ཀྱིན་འདུག  གནས་ཚུལ་དེ་དག་སེམས་ཀྱིས་མ་གཟོད་པར་ང་རང་རྒྱ་གར་དུ་ཡོང་བ་ཡིན་ལ། ངས་མ་འོངས་པར་ཕ་ཡུལ་གྱི་མི་རབས་རྗེས་མའི་མདུན་ལམ་དང་རང་ཉིད་ཀྱི་སློབ་གྲྭ་ཆུང་ཆུང་དེ་སེམས་ལ་བཅངས་ཏེ་འདིར་ཡོང་བ་ཡིན། ཉེ་བའི་ལོ་འགའི་སྔོན་ཕྱི་གླིང་བ་ཞིག་གི་རོགས་སྐྱོར་འོག་ང་དང་གྲྭ་བ་གསུམ་ལྷག་མཉམ་རུབ་ཀྱི་ཕ་ཡུལ་དུ་ཡིག་རྨོངས་སེལ་བའི་སློབ་གྲྭ་ཞེས་པའི་ཁང་པ་ཆུང་ཆུང་ཞིག་བརྒྱབས་ཡོད་ལ།  ང་ཚོའི་སློབ་གྲྭ་དེ་ནི་ཆེ་བ་རང་ལོ་ ༥༠ ནས་ཆུང་བ་ལོ་དྲུག་གི་སློབ་མ་ཡོངས་ལ་ཡིག་རྨོངས་སེལ་ཆེད་གསར་འཛུགས་གནང་བ་ཡིན་ལ། ད་ལྟའི་ཆར་སློབ་གྲྭ་ཆུང་ཆུང་དེ་རུ་བྱིས་པ་ ༢༠ དང་དགེ་རྒན་གཉིས་ཡོད། སློབ་གྲྭའི་ནང་བོད་ཡིག་གི་ཡིག་རྨོངས་སེལ་བ་དང་ཆབས་ཅིག་སུམ་རྟགས་དག་གསུམ་སོགས་འཁྲིད་ཀྱིན་ཡོད་པ་ལས་རྒྱ་ཡིག་དང་དབྱིན་ཡིག་སོགས་ཅི་ཡང་མེད།  རྒྱུ་མཚན་ནི། སྤྱིར་ང་ཚོ་འབྲོག་ཁུལ་ཡིན་པ་དང་ཁོར་ཡུག་གི་ཆ་རྐྱེན་སོགས་གནས་ཚུལ་གང་མང་ཞིག་གིས་དགེ་རྒན་རག་ཁག་པོ་ཆགས་ཡོད་ལ། དེ་བཞིན་རྒྱ་གཞུང་གི་སློབ་གྲྭར་ཆོག་མཆན་མེད་པ་སོགས་གནོན་ཤུགས་འོག་མཐུན་རྐྱེན་མ་འཛོམས་པ་སོགས་ཀྱི་རྐྱེན་ཡིན་འདུག ཅེས་བརྗོད་བྱུང་།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༡༩ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༢༢ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 10

  1. བཀྲ་ཤིས། says:
    ལོ་ 17 སྔོན།

    དམ་བཅའ་གཏན་པོ་ཡོང་བའི་རེ་བ་དང་། ཁ་མིག་ཡར་ལྟ་བྱེད་དགོས་པའི་སྐུལ་མ་ཞུ།

    Reply
  2. བཙན་པོའི་བུ། says:
    ལོ་ 17 སྔོན།

    རིང་ན་ལོ་གཅིག ཐུང་ན་ཟླ་དྲུག གང་ལྟར་ཁྱེད་ཀྱི་སེམས་ཤུགས་དེ་བཙན་བྱོལ་བ་ཚོས་གཅོག་སེམས་ཐག་ཡིན། སྙིང་རྗེ། དང་པོ་བོད་ནས་ཡོང་སྐབས་སེམས་ཤུགས་ཆེན་པོ་ཁུར། རེ་བ་ཆེན་པོ་ཞིག་བརྒྱབས་ནས་ཡོང་བ་རེད། འོན་ཀྱང་། བཙན་བྱོལ་བོད་གཞུང་གི་ལས་བྱེད་པ་ཚོས་རང་དོན་ཁོག་བཅུག་གི་ལས་ཀ་བྱེད་སྟངས་དང་། གཞིས་ཆགས་རྙིང་པ་ཚོས་གསར་འབྱོར་བ་ཞེས་འཕྱའ་དམོད་རེ་རེ་མཐོང་དུས། ཁྱོད་ཀྱིས་ཁུར་བའི་སེམས་ཤུགས་སྐད་ཅིག་ཙམ་མེད་ཐག་གེར་འགྱུར་འགྲོ། ཡིན་ན་ཡང་། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་དག་གིས་ཁྱོད་ལ་གསོན་ཤུགས་ཤིག་སྤྲད་ནོ་སེམས་ཐག་ཡིན། སྐྱབས་སུ་མཆི། ཁོང་གཅིག་བུའི་བཀའ་དྲིན་མིན་རྒྱུ་ན།

    Reply
  3. འཁྱམས་པོ། says:
    ལོ་ 17 སྔོན།

    བཟང་གི། སཻམས་ཤུགས་ཆེན་པོ་ཁུར་ནས་ཡོང་འདུག རྗེས་སུའང་དེས་རྒྱུན་སྐྱོང་རྒྱུ་མ་བརྗེད་ན་ཡག་པོ་འདུག

    Reply
  4. གཡུ་སེང་ཨ says:
    ལོ་ 17 སྔོན།

    སེམས་ཤུགས་ལ་རྗེས་སུ་ཡི་རེང་ཡོད།ད་སྐབས་ཀྱི་སེམས་ཤུགས་དེ་མུ་མཐུན་དུ་གནས་ཐུབ་པ་ཞིག་དང་དེ་ལས་དཔག་པའི་ནུས་བ་ཞིག་ཡོང་ཐུབ་པའི་སྨོན་འདུན་ཞུ།

    Reply
  5. namgyalpelden says:
    ལོ་ 17 སྔོན།

    དངོས་གནས་ཡག་པོ་རེད་མི་རིགས་ལ་ཤ་ཞེན་ཡོད་པའི་སྐད་ཆ་རེད་ཐུགས་རྗེ་ཆེ།

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    སེམས་ཤུགས་རི་བོ་འདྲ་ཞིག་འཁུར་ནས་ཡོང་མཁན་གྱི་གཞིས་ལུས་པ་སུ་ཞིག་ཡིན་ཡང་རང་གིས་རང་ལ་ནམ་ཡང་སྐུལ་ལྕགས་བྱས་དེ་བསྐྱོད་རྒྱུར་རེ་སྐུལ་དང་བཅས་ཁོང་ཉིད་ལྟ་བུའི་བོད་ཞེན་གཙང་མ་གཉེར་མཁན་མི་ཉུང་བ་ཞིག་བྱེས་སུ་ཡང་འཚར་ལོངས་བྱུང་ཐུབ་པར་ཤོག

    Reply
  7. སྐར་ཁྲི་བཙན། says:
    ལོ་ 17 སྔོན།

    ཧཧཧ བལ་ཡུལ་སྣེ་ལེན་ཁང་ནས་ངས་ཁོ་ཤས་ཀྱི་ཡོད། བཀྲ་ཤིས་བདེ་ལེགས་ཡོད་ད

    Reply
  8. བློ་བཟང་དར་རྒྱས་འོད་ཡུག་པ། says:
    ལོ་ 17 སྔོན།

    ཧ་ཧ།

    Reply
  9. བསྟན་འཛིན་ཚེ་བརྟན། says:
    ལོ་ 17 སྔོན།

    ལོ་ཤས་རྗེས་མག་པར་ཕེབས་ཀྱང་མཆོག་གི་རེད་འོན་ཀྱང་སེམས་ཤུགས་དེ་ཾརང་ཚུགས་ཟིན་པ་ཞིག་བྱུང་ན་དེ་བས་འགྲིགས་པ་རེད།་་་་

    Reply
  10. བཀྲ་ཤིས་རྒྱ་མཚོ says:
    ལོ་ 17 སྔོན།

    ངོ་མ་དམིགས་ཡུལ་ཡག་པོ་རེད་ཧ་ཅང་བཟང་གི། འོན་ཀྱང་ལོ་ཤས་རྗེས་ནས་མག་པ་མ་སོང་ན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese