མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་བཅུ་གཉིས་གྲོས་ཚོགས་ནས་ཕྱིར་ཐོན་པ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp

སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཉིན་ ༡༢ པ་སྟེ། དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ དང་ཕྱེད་ཀའི་སྟེང་། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཞིག་གི་ཐད། སྤྱི་འཐུས་ནང་ཁུལ་དགོངས་ཚུལ་མ་མཐུན་པ་བྱུང་སྟབས། གྲོས་ཚོགས་འཐུས་མི་ ༡༢ ཙམ་གཅིག་རྗེས་གཉིས་མཐུད་ཀྱིས་གྲོས་ཚོགས་ལས་ཕྱིར་ཐོན་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་བ་ཡིན་ན། ལས་དོན་གང་ཡང་ཐག་གཅོད་བྱ་ཐབས་མེད་སྐོར་གཏན་འབེབས་བྱས་ཡོད་སྟབས། གྲོས་ཚོགས་དུས་མིན་གྱིས་མི་གྲོལ་ཐབས་མེད་བྱུང་ཡོད།

ཉེ་ལམ་ཆབ་སྲིད་བཙོན་ཟུར་གྱི་འོས་ཁོངས་ནས་ཨོ་སི་ཊོ་ལེ་ཡར་གཏན་སྡོད་དུ་ཕེབས་པ། མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལགས། ཐེངས་འདིའི་གྲོས་ཚོགས་ཚོགས་དུས་བརྒྱད་པར་ཆེད་ཕེབས་གནང་བའི་ལམ་གྲོན་དེ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཕུལ་ཡོད་སྟབས། དེ་འདྲའི་ལམ་སྲོལ་སྔར་བྱུང་མྱོང་མེད་པའི་ངོས་འཛིན་ཐོག སྤྱི་འཐུས་སྒྲོལ་མ་མཚོ་མོ་ལགས་ཀྱིས་རྒྱ་བལ་འབྲུག་གསུམ་ཕུད་པའི་ཆེད་འཛུགས་ཕྱི་རྒྱལ་ཁག་གི་སྤྱི་འཐུས་མ་ཡིན་པ་དག་ལ། སྔར་ལམ་ལྟར་འགྲོ་སོང་དོ་བདག་གིས་འགན་འཁུར་དགོས་པའི་གྲོས་འཆར་བཏོན་ཡོད་པ་མ་ཟད། གྲོས་འཆར་དེ་ལ་སྤྱི་འཐུས་ ༡༤ ཙམ་གྱིས་རྒྱབ་སྐྱོར་གྱི་ས་རྟགས་སྐྱོན་འདུག

གྲོས་ཚོགས་འཐུས་མི་འགའ་རེ་ཡིས་སྔར་ལམ་སྲོལ་མེད་བཞིན་དུ། ཐེངས་འདིར་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལགས་སུ་འགྲོ་སོང་བཏང་བ་དེ་སྤྱི་འཐུས་རྒྱུན་ལས་ཀྱིས་དྲང་མོ་བྱས་མེད་ཚུལ་དང་། ཡང་སྤྱི་འཐུས་འགའ་རེ་ཡིས་གྲོས་གཞི་གྲོས་འཆར་འདི་ལ་ཧ་ཅང་ཛ་དྲག་གི་རྣམ་པའི་ཐོག་ནས་སྤྱི་འཐུས་ ༡༤ ཙམ་གྱིས་རྒྱབ་སྐྱོར་ས་རྟགས་སྐྱོན་པ་ཚུལ་མཐུན་མིན་ལུགས་སོགས། གྲོས་འཆར་དེ་གྲོས་ཚོགས་ནང་སྙན་སྒྲོན་ཞུས་མ་ཐག་སྤྱི་འཐུས་ ༡༥ ལྷག་གིས་དགོངས་ཚུལ་གསུངས་མཐར་བསམ་ཚུལ་མ་མཐུན་པ་བྱུང་སྟེ། གྲོས་ཚོགས་འཐུས་མི་ ༡༢ ཙམ་གཅིག་རྗེས་གཉིས་མཐུད་ཀྱིས་གྲོས་ཚོགས་ར་བ་ལས་ཕྱིར་ཐོན་ཡོད་སྟབས། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆའི་གཉིས་མ་ལོངས་སྟབས། ཕྱི་དྲོའི་ཆུ་ཚོད་ ༤ དང་ཕྱེད་ཀའི་ཐོག་དུས་མིན་གྱིས་ཚོགས་གསེང་མི་སྤྲོད་ཐབས་མེད་བྱུང་ཡོད།

སྤྱི་འཐུས་སྒྲོལ་མ་མཚོ་མོ་ལགས་ཀྱིས་བཏོན་པའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གྱི་སྔོན་གླེང་ནང་བཀོད་དོན། བཅའ་སྒྲིག་དང་ལམ་ལུགས་དགོངས་དོན་ཆོལ་ཁ་དང་ཆོས་ལུགས། ཆོས་བརྒྱུད་སྤྱི་འཐུས་རྒྱ་བལ་འབྲུག་གསུམ་ནས་ཡོང་དགོས་པ་ལྟར། རྒྱ་བལ་འབྲུག་གསུམ་ཕུད་ཕྱིའི་རྒྱལ་ཁབ་ནས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཡོང་སྲོལ་མེད་གཤིས། ཁུངས་སོ་སོར་འདེམས་ཐོན་བྱུང་བའི་སྤྱི་འཐུས་ཕྱི་རྒྱལ་དུ་གནས་སྤོས་བྱས་པ་བྱུང་ཚེ། སྔར་ལམ་ལྟར་སོ་སོས་རྒྱག་རང་འཁུར་བྱེད་དགོས་པ་ལས། གཞུང་གྲོན་གཏོང་ལུགས་མེད་པས་གྲོས་ཆོད་ཅིག་འཇོག་དགོས་གལ་མཐོང་། ཞེས་དང་། གྲོས་ཆོད་དངོས་གཞིའི་ནང་བཀོད་དོན། རྒྱལ་བལ་འབྲུག་གསུམ་ནས་ཆོལ་ཁ་དང་ཆོས་ལུགས། ཆོས་བརྒྱུད་ཁུངས་སོ་སོར་འོས་འདེམས་བྱུང་བའི་སྤྱི་འཐུས་ཞིག་གོང་གསལ་ལས་ཕྱི་རྒྱལ་དུ་གནས་སྤོ་བྱ་དགོས་བྱུང་ཚེ་སྔར་ལམ་ལྟར་སྤྱི་འཐུས་སོ་སོས་རྒྱག་རང་འཁུར་བྱེད་དགོས་པ་ལས། གཞུང་གྲོན་གཏོང་མི་ཆོག་པའི་སྤྱི་མོས་སམ་མང་མོས་གྲོས་ཆོད་དུ། ཞེས་བཀོད་འདུག

སྤྱི་འཐུས་སྒེར་གྱི་གྲོས་གཞི་གྲོས་ཆོད་དེའི་འོག་ཏུ་སྤྱི་འཐུས་ཚེ་རིང་སྒྲོལ་མ་དང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན། སྤྱི་འཐུས་པད་མ་འབྱུང་གནས། སྤྱི་འཐུས་ཟླ་བ་ཚེ་རིང་། སྤྱི་འཐུས་ངག་དབང་ལྷ་མོ། སྤྱི་འཐུས་སྒྲོལ་མ་ཚེ་རིང་། སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས། སྤྱི་འཐུས་བསོད་ནམས་ཚེ་རིང་ཕིར་སི། སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན། སྤྱི་འཐུས་རྒྱལ་ནོར་ཚེ་དབང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ། སྤྱི་འཐུས་སྨོན་དཀར་བསོད་ནམས་ཕུན་ཚོགས། དེ་བཞིན་གྲོས་འཆར་འདོན་མཁན་སྤྱི་འཐུས་སྒྲོལ་མ་མཚོ་མོ་བཅས་གྲོས་ཚོགས་འཐུས་མི་ ༡༤ ཙམ་གྱིས་ས་རྟགས་སྐྱོན་འདུག

འབྲེལ་ཡོད་གསར་འགྱུར།

FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

ཆུ་ཚོད་ ༦ སྔོན་ལ།
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༨ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༩ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

༢༠༢༥/༡༠/༠༩

མཆན། 285

  1. བཅིངས་འགྲོལ་དམག says:
    ལོ་ 16 སྔོན།

    དྲ་རོགས་ཚོ། ང་ཚོས་ངན་མཚང་འབྱིན། བདེན་མཐའ་འདེད།
    ཚོགས་ཁང་ནང་གི་འཁྲབ་སྟོན་དེའི་བརྒྱུད་རིམ་ཚང་མས་མཐོང་ཡོད་ལ། བསོད་ནམས་སྟོབས་རྒྱལ་ལ་གནམ་གྲུའི་གླ་ཆ་ལེན་རྒྱུའི་ཐོབ་ཐང་ཡོད་མེད་དང་། རྒྱུན་ལས་ཀྱིས་དྲང་པོ་བྱས་ཡོད་མེད་ཀྱང་ཚང་མས་ཤེས་གསལ་རེད། འོ་ན་མི་ངན་དེ་ཚོས་ལྷན་ཚོགས་ཀྱི་ར་བའི་ནང་བརྙན་འཕྲིན་ཐད་གཏོང་གི་སྐབས་སུ། དཀར་ནག་ཕྱིན་ཅི་ལོག་ཏུ་སྐད་གསེང་མཐོན་པོས་སྒྲུབ་ཐུབ་པའི་སྙིང་ཁམས་དེ་གང་ནས་བྱུང་བ་ཡིན་ནམ། དེ་ནི་ང་ཚོ་སྟེ། ར་སྐོར་དེའི་ཕྱི་ལ་ཡོད་མཁན་མང་ཚོགས་རྣམས་བདེན་རྫུན་གྱི་ཤན་འབྱེད་མི་ཤེས་མཁནཞེ་ཅིག་ཡིན་ཤག་གི་འཁྲུལ་སྣང་དེ་ལས་བྱུང་བ་མིན་ན། གཞན་དུ་རྒྱུ་མཚན་འཚོལ་ས་མེད། གྲོས་འཆར་བཏོན་པ་དེའི་དགོས་དོན་གཙོ་བོ་ནི་སྤྱི་འཐུས་སྒེར་ཞིག་གིས་ཐོབ་ཐང་ཞུ་ཧམ་བྱས་པས། རྒྱུན་ལས་ཚོས་སྒྲིག་འགལ་གྱིས་ཆོག་མཆན་སྤྲད་པ་དེ་རིགས་རྗེས་མ་འགོག་ཐབས་ཆེད་ཡིན་པ་གསལ་པོ་རེད། ཡིན་ནའང་། སྨོན་ལམ་མཐར་ཕྱིན་དང་། ཚུལ་ཁྲིམས་བསྟན་འཛིན། འཇུ་ཆེན་བུ་མོ། གཡུང་དྲུང་རྒྱལ་མཚན། ཨོ་རྒྱན་སྟོབས་རྒྱས་སོགས་རྗེས་འབྲངས་དང་བཅས་པས། བྱེད་སྟངས་དེ་དཔུང་བསྒྲིལ་ཡིན་ལུགས་གོ་བ་ལོག་སྒྲུབ་དང་། དོན་དག་གི་གནད་ཀ་བརྗེ་བསྒྱུར་གྱི་བྱེད་ཐབས་བརྩམས་པ་མ་ཟད། ད་དུང་རྙོག་དྲ་ཆེན་པོ་སློང་ཉེན་སོགས་ཀྱི་འཇིགས་སྐུལ་ཡང་ཡང་བྱས་ཡོད། ཚོགས་ཁང་དེའི་ནང་དུ་མངོན་གསལ་དོད་པོས་རྐུན་རྒྱབ་ཇག་ལངས་བྱེད་མཁན་དེ་དག་གིས་གཞན་ལ་འདི་འདྲའི་སྒྲོ་བསྐུར་བྱེད་པ་ནི། དོན་ལ་ཁོ་ཚོ་སྐུ་ཚབ་ཏུ་བསྐོ་མཁན་མང་ཚོགས་ལ་ཐད་ཀར་དམའ་འབེབས་བྱས་པ་ཞིག་ལས་མ་འདས།
    དེ་ལས་ཀྱང་ཀརྨ་ཆོས་འཕེལ་གྱི་བྱེད་སྟངས་ནི་ཧ་ཅང་དགོད་བྲོ་བ་ཞིག་སྟེ། རྒྱུན་ལས་ཀྱིས་དྲང་པོ་བྱས་མེད་པ་ཡིན་ན། ཚང་མས་དགོངས་པ་ཞུ་དགོས་པ་དང་། དེ་ལྟར་ཚོགས་གཙོའི་རྐུབ་སྟེགས་དེ་ཡང་བསྐྱར་རྩོད་རྒྱུ་ཅན་ཞིག་ཆགས་ན་བསམ་པ་དེ་ཡིན་ལ། མདོ་སྟོད་མི་མང་ནས་བསོད་སྟོབས་ལ་འོས་ཤོག་བླུགས་ནས་སྐབས་༡༥ སྤྱི་འཐུས་སུ་བདམས་ན། བོད་གཞུང་གིས་ལམ་གྲོན་སྤྲོད་མིན་ལྟོས་ཆོག་ཟེར་བ་ནི་ཞེ་འདོད་སྦས་ནས་གཏམ་བཤད་བྱེད་སྐབས་ཁ་ནས་ཤོར་སོང་བ་ཞིག་རེད་སྙམ།

    Reply
  2. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ཁྱེད་ཀྱི་མིང་དེ་ཅེ་ཧྥང་ཅིན་འདྲ་ཞིག་བཀླག་དགོས་པ་འདྲ། ཨེ་རེད། དེའི་སྟབས་ཀྱིས་མཆན་བུ་ཡང་དྲ་ངོས་སུ་མ་ཐོན་པ་ཡིན་རྒྱུ་རེད།་ཧ་ཧ་ཧ་ཧ།

    Reply
  3. jiefangjun says:
    ལོ་ 16 སྔོན།

    འདིར་བསམ་འཆར་འགོད་པ་ལ་མན་ངག་འདྲ་ཡོད་པ་ཡིན་ནམ། འདི་གོང་བསམ་འཆར་ཐུང་ངུ་བྲིས་ནས་བཏང་བ་ཡིན་ཡང་། གར་སོང་ཆ་མེད་རེད་འདུག

    Reply
  4. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    བོད་སྤྱི་པའི་རྩ་དོན་ལས་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་རལ་བ་ཅན་གྱི་ཁེ་ཕན་ཆུང་ཙག་གཙོར་བཟུང་བྱེད་མཁན་གྱི་མདོ་སྟོད་སྤྱི་འཐུས་ཕལ་མོ་ཆེ་དང་ཆོལ་ཁོངས་མདོ་སྟོད་ནས་ཡིན་པའི་ཆོས་ལུགས་སྤྱི་འཐུས་ཕལ་མོ་ཆེ་འདི་དག་གི་བྱེད་བབ་ལ་བོད་རྒྱ་ཆེ་མི་མང་ནས་གཟིགས་དང་། ང་ཚོ་ད་དུང་འདི་ལྟར་མུ་མཐུད་འགྲོ་རྒྱུ་ཡིན་ནམ། འདི་ལྟར་ཕྱིན་ན་བོད་ལ་རེ་བ་འདྲ་གཟིགས་ཀྱི་འདུག་གམ།

    Reply
  5. བདེ་ཆེན་སྒྲོལ་མ། says:
    ལོ་ 16 སྔོན།

    བཙན་པོའི་བུ་ལགས་ཀྱི་མཆན་བུ་འདི་སྣང་བར་དཔེ་མེད་པ་འགྲོ་སོང༌། ཚན་པ་འདིས་གནད་དོན་ཞིག་ཀྱང་ཕྱོགས་བསྡོམས་ཀྱིས་ང་ཚོ་ལ་གཏད་ཡོང་གིན་འདུག འོག་བསྐྱར་བཤུས།

    ང་ཚོ་མང་ཚོགས་ལ་གཏད་ནས་མི་དགོས་པའི་སྤྱི་འཐུས་ཁག་ནི།
    ༡རྒྱ་བོད་བར་གྱི་གནས་སྟངས་མི་ཤེས་པར་གཡམ་བཤད་རྒྱག་མཁན་གྱི་དགེ་བཤེས་དག་དང་།
    ༢ བོད་མིའི་བདེ་སྡུག་ལ་མི་བསམ་པའི་འབྱོར་ལྡན་བླུན་པོ་དག་དང་།
    ༣ བོད་ཡིག་མི་ཤེས་བོད་སྐད་མི་བཤད་པའི་བུད་མེད་གཤང་ཚོང་མ་དག་དང་།
    ༤རང་དོན་ཁོ་ནར་མིག་ནས་གཞན་དོན་ཅི་མི་སྙམ་དུ་འཇོག་མཁན་གྱི་བསམ་ངན་ཁོག་ནག་དག་དང་།
    ༥ཆོལ་ཁ་དང་ཆོས་ལུགས་ཁོ་ནའི་ཕྱོགས་ཞེན་གྱིས་རྐུབ་སྟེགས་ལ་འཐམ་པའི་ཀླད་མེད་ལྐུགས་པ་དག་ནི།
    སྤྱི་འཐུས་ཀྱི་མི་སྣའི་ཁུངས་ནས་གཏན་ནས་གཏན་དུ་ཕྱིར་འབུད་བྱེད་རོགས་ཞེས་ཡང་ཡང་སྐུལ་བཞིན་ཡོད

    Reply
  6. བཙན་པོའི་བུ། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་མཆོག་གིས། གནས་ཚུལ་དུས་ཐོག་ཏུ་སྤེལ་བར་བཀའ་དྲིན་ཆེ།

    བཀའ་ཤག་གིས་དེ་སྐོར་ལ་རོགས་པ་འདྲ་བྱེད་མི་འདུག་གམ།
    ང་ཚོས་མང་ཚོགས་བསྡུས་ནས་གངས་སྐྱིད་ཡོང་ནས་སྐད་ཅིག་བརྒྱབ་ན་ཕན་ཐོགས་འདྲ་ཡོད་དམ།
    སྤྱི་འཐུས་ཚོགས་གཙོ་གང་ཞིག་ལ་བུད་སོང་ཟིག

    Reply
  7. བདེ་ཆེན་སྒྲོལ་མ། says:
    ལོ་ 16 སྔོན།

    དྲ་བདག་ལགས།

    དུས་ཚོད་ངེས་མེད་ཀྱི་བར་ཟེར་བ་འདི་ཟླ་བ་གཅིག་གཉིས་ལ་གོ་བ་ལེན་དགོས་སམ། ཡང་ན་བདུན་ཕྲག་གམ་ཉིན་ཁ་ཤས་ལ་གོ་བ་ལེན་དགོས་སམ། འདི་ལ་གསལ་བཤད་རེ་བྱེད་རོགས།

    Reply
  8. ཁ་རུ་ཁ་ཐུག says:
    ལོ་ 16 སྔོན།

    ང་ངོ་ཚ་ནས་འབར་ཐལ། མགྱོགས་པོར་ཆུ་ཁྱེར་ཤོག་དཱ་
    ངོ་མ། ད་ང་ཚོས་དངོས་ཤུགས་བརྒྱུད་གསུམ་ནས་ཤུགས་མ་བརྒྱབ་པ་
    ཡིན་ན་གནས་སྟངས་གང་དུ་སླེབས་ཡོད་པ་ཚང་མས་མཐོང་ནོ་འདི་རེད།
    འདི་ནི་ང་ཚོའི་བསླབ་བྱ་ཞིག་གམ་ཉེན་བརྡ་ཞིག་ཀྱང་རེད།

    Reply
  9. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    སྤྱི་འཐུས་གྲོས་ཚོགས་འདི་འཚོགས་མ་ཐུབ་པའི་ཁར་གྲོལ་ཡང་མ་ཐུབ་ཐལ། དུས་ཚོད་ངེས་མེད་ཀྱི་བར་སྟོང་གི་དུས་ཚོད་ཅིག་ཏུ་མི་འཇོག་ཐབས་མེད་རེད།

    Reply
  10. བཙན་པོའི་བུ། says:
    ལོ་ 16 སྔོན།

    ངས་ད་དུང་གསལ་བོ་བྱས་ནས་དྲན་བཞིན་པ་ཞིག་ལ། ལོ་སྔོན་མའི་མི་མང་སྒེར་ལངས་ཆེན་མོའི་སྐབས་མང་ཚོགས་ཀྱིས་སེམས་ཤུགས་ཡོད་རྒུ་བཏོན་ནས་ལྡིལི་གསར་རྙིང་གཉིས་སུ་བོད་མི་སྐྱ་སེར་སྟོང་ཕྲག་མང་པོ་ཞིག་འདུ་འཛོམས་བྱས་པ་དང་། དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་དབུ་ཁྲིད་ནས། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་། རྒྱ་ནག་གཞུང་ཚབ་ཁང་སོགས་སུ་སྐད་འབོད་སྣ་ཚོགས་དང་། བོད་དོན་དང་འབྲེལ་བའི་དགོས་འདུན་སྣ་ཚོགས་ཤིག་བཏོན་པ་དང་། དེ་བཞིན་རྒྱ་ནག་གཞུང་ཚབ་ཁང་དུ་སྐད་འབོད་བྱེད་མཁན་རྣམས་རྒྱ་གར་གྱིས་ཁྲིམས་ཁང་དུ་བཅུགས་རྗེས། བོད་ཀྱི་གཞོན་ནུ་ཚོགས་པ་ཁག་དང་། ལྷག་པར་དུ་ལྡིལི་ས་གནས་བོད་ཀྱི་གཞོན་ནུ་ཚོགས་པ་བཅས་ཀྱིས་ཐབས་ཤེས་སྣ་ཚོགས་ཀྱིས་ཁྲིམས་པ་རྣམས་ཕྱིར་འདོན་ཐབས་བྱས། ཉིན་དེ་དག་ནི་བོད་ནང་ལ་ཛ་དྲག་གི་གནས་སྟངས་བྱུང་ནས་ཉིན་དང་པོ་དང་གཉིས་པའི་བར་ཡིན། འོན་ཀྱང་སྐབས་དེར་བོད་གཞུང་གི་མི་སྣ་ཞིག་མཐོང་ཡུལ་དུ་མི་སྣང་ལ། བོད་མི་མང་སྤྱི་འཐུས་ཤིག་གིས་ཞལ་ངོ་ཙམ་ཡང་ཕྱེས་མ་སོང་། ཉིན་གསུམ་པ་དང་བཞི་བ་ནས་བཟུང་། སྤྱི་འཐུས་མགོ་བདེ་ཁག་གཅིག་གིས་བོད་གཞུང་མང་ཛ་དྲག་ཚོགས་པ་ཞེས་པ་ཞིག་ཟུར་དུ་བཙུགས་ནས། མི་མང་ལ་སྐེ་བཙུར་ག་འདྲའི་སྐྱིད་པོ་ཞིག་བཏང་སོང་། དེ་བས་ཀྱང་། སྤྱི་འཐུས་ཚང་མ་ལྡིལི་གསར་པར་ཉིན་གཅིག་ཟས་བཅད་ངོ་རྒོལ་དུ་ཕེབས་ནས། ཞལ་འདེབས་ཇི་འདྲ་ཞིག་ལྷོང་སོང་། སྤྱི་འཐུས་དག་གིས་ཞར་དང་ཞོར་ལ་ཟ་རྒྱག་གང་འདྲ་ཞིག་བརྒྱབས་སོང་། ཞལ་འདེངས་གང་ཞིག་རེགས་པ་དེ་དག་མི་མང་གི་མདུན་དུ་གསལ་བཤད་ཙམ་ཡང་མ་བྱས་མ་ཟད། མི་མང་གི་སེམས་ཤུགས་ཆགས་པའི་རྣམ་འགྱུར་གང་མང་ཞིག་བསྟན་ཡོད་པ་ནི་སྐབས་དེའི་མི་མང་ཡོངས་ཀྱིས་མཁྱེན་ངེས་ཡིན། ད་དུང་སྤྱི་འཐུས་སྤེན་པ་ཚེ་རིང་ཟེར་བ་དེས་མི་མང་སྒེར་ལངས་ལ་རིན་ཐང་སྤུ་ཙམ་ཡང་མ་སྤྲད་ཁར། བོད་ཀྱི་གཞོན་ནུ་ཚོགས་པས་གོ་བསྒྲིགས་བྱས་པའི་སྐད་འབོད་བྱེད་མཁན་རྣམས་ལ་རང་དབང་གི་སྐད་འབོད་བྱེད་པའི་ཐོབ་ཐང་ཡང་འཕྲོག་ཡོད། དེ་བས་ཀྱང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལྷག་བསམ་ཡིན་ཁུལ་གྱིས། བོད་མི་སུ་ཞིག་གིས་རང་དགར་སྐད་འབོད་བྱས་པ་ཡིན་ན། དེ་རིགས་ནི་རྒྱ་ནག་གསང་ཉུལ་བ་ཡིན་ཚུལ་གྱིས། གསལ་ཁ་མེད་པའི་འཁྱར་གཏམ་མང་པོ་ཞིག་གིས། བོད་རིགས་གཞོན་སྐྱེས་གྲངས་མེད་ཅིག་གི་སེམས་ནང་ལ། ནམ་ཡང་བརྗེད་མི་ཐུབ་པའི་རྨ་ཁ་བཟོས་ཡོད། ད་དུང་སྤྱི་འཐུས་ཡེ་ཤེས་ཕུན་ཚོགས་ཟེར་བའི་གྲྭ་རྒན་ཞིག་གིས་སྤྱི་འཐུས་ཀྱི་མིང་ཁྱེར་ཏེ། མི་མང་ལ་ཚོགས་གཏམ་དང་། ཁ་མཚང་ངོ་མཚང་ཡང་གྲངས་མེད་ཅིག་བྱས་ཡོད། དགེ་འདུན་པ་གནས་སའི་དགོན་པ་སོགས་སུ་ཚོགས་གཏམ་གཏོང་ཆོག་སྲིད་ཀྱང་། ངེད་ཅག་ལ་མཚོན་ན་སྐབས་དེར་ཕ་མ་སྤུན་མཆེད་རྣམས་རྒྱ་དམར་གྱིས་དམར་གསོད་དང་། གཤད་རྡུང་། དོན་མེད་བཙོན་འཇུག་སོགས་བྱེད་བཞིན་པའི་སྒང་ཡིན་ལ། སེམས་ནང་གི་ན་ཚ་ནི་རི་བོ་ལས་ཀྱང་ལྗི། འོན་ཀྱང་། སྤྱི་འཐུས་རྣམས་ཀྱིས་ང་ཚོ་གཉོམ་ཆུང་དག་གི་སྟེང་ལ་རོ་ཐོག་རྟ་རྒྱུག་བྱས་པ་གྲངས་ལས་འདས། ད་དུང་བོད་ནང་ནི་བོད་མི་རྣམས་ཀྱིས་ཨོ་ལིམ་པིག་དཔལ་འབར་དེ་རྒྱ་གར་དུ་འཁྱེར་སྐབས་བོད་གཞུང་གིས་མི་རང་བའི་རྣམ་འགྱུར་སྟོན་པར་ཡིད་ཆེས་བྱས་ཀྱང་། བོད་གཞུང་སྤྱི་འཐུས་རྣམས་ཀྱིས་དེ་ལ་དགའ་བསུ་དང་བཀྲ་ཤིས་མཆོད་པ་འཁྲབ་ཡོད། ང་ཚོ་བོད་རིགས་གཉོམ་ཆུང་དག་གིས་ཉིན་དེ་དག་གི་རིང་ལ་མིག་ཆུ་རྒྱུན་མ་ཆད་པར་ངུ་ངག་བཏོན་ཞིང་། བོད་ནང་གི་ཕ་མ་སྤུན་མཆེད་དག་ལ་གདུང་སེམས་མཉམ་སྐྱེད་བྱས་མོད།
    འོན་ཀྱང་། བོད་གཞུང་སྤྱི་འཐུས་རྣམས་ཀྱིས་ང་ཚོའི་རོ་ཐོག་ལ། བོད་གཞུང་ཟློས་གར་གདེན་དྲངས་ནས་བཀྲ་ཤིས་མཆོད་པ་འཁྲབ་ཡོད། འདི་ནི་གང་ཟག་སྒེར་གྱི་ངོས་ནས་བསམ་ན་ཡང་། ཆེས་བློ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། དྲ་གྲོགས་ཚོ། ངས་གནས་ཚུལ་དེ་དག་རེ་བཞིན་དྲན་ཚེ། ངས་རང་ཉིད་དང་འབྲེལ་བའི་གཉེན་ཉེ་མང་པོ་ཞིག་གིས་སྐབས་དེར་ཚེ་སྲོག་ཤོར་སོང་བར་ཕན་ཐོགས་གང་ཡང་བྱུང་མ་སོང་སྙམ་ནས། ཉིན་མཚན་མེད་པར་ངུ་བཞིན་ཡོད། གང་ལྟར་དེ་དག་ནི་འདས་ཟིན་པ་རེད། འོན་ཀྱང་དོན་ངོས་ཀྱི་ཆ་ནས་བཤད་ན།
    མི་མང་སྤྱི་འཐུས་ཀྱིས་མི་མང་གི་བདེ་སྡུག་ལ་གདོང་སེམས་མཉམ་སྐྱེད་བྱེད་དགོས་པ་ལས། རང་ཉིད་ཀྱི་དབང་ཤུགས་ངོམས་ནས་མི་མང་གི་སེམས་ནང་ལ་རྨ་ཁ་དང་ཕོག་ཐུག་གཏང་ཤེས་པ་ཙམ་གྱིས་མི་མང་གི་རེ་འདུན་སྒྲུབ་པ་ཨེ་ཡིན་སྙམ། གང་ལྟར་བོད་པའི་སྤྱི་ཚོགས་ནང་ལ་རྒྱ་ནག་གི་གསང་ཉུལ་བ་ཡོད་ཟེར་མཁན་ཡང་སྤྱི་འཐུས་ཚོ་རང་རེད་ལ། རྒྱ་ནག་གི་མངོིན་འདོད་ལྟར་བོད་རིགས་ནང་ཁུལ་ལ་གཏོར་བརླག་དང་། མི་མང་ཚོགས་ཀྱི་སེམས་ནང་ལ་རྨ་ཁ་བཟོ་མཁན། དེ་བཞིན་བོད་རིགས་ནང་ཁུལ་ལ་ཕྱོགས་ཁག་དང་ཚོགས་པ་བཙུགས་ནས་དཀྲིག་ཤིང་བྱེད་མཁན་ཡང་སྤྱི་འཐུས་ཚོ་རང་རེད། སྤྱིར་མང་གཙོའི་ལྟ་བ་ཁུར་མཁན་གྱི་གཞུང་ཞིག་ཡིན་ན། མང་ཚོགས་དང་བསྟུན་དགོས་པ་ལས། མང་ཚོགས་ཀྱི་སེམས་ལ་ཆུ་འཁྱག་བླུགས་མཁན་ཞིག་ལས་མ་བྱུང་བ་ཡིན་ན། དེ་ནི་རྒྱ་དམར་སྲིད་གཞུང་གི་བྱེད་སྟངས་དང་གཅིག་མཚུངས་རེད། མཚམས་འདི་ནས་སྤྱི་འཐུས་རྣམས་པ་ཚོར་ཆེད་དུ་བཤད་རྒྱུར། ངེད་ཅག་ཉམ་ཐག་བོད་མི་ཡོངས་ཀྱི་སྤྱི་བོའི་གཙུག་རྒྱན་དམ་པ། འདི་ཕྱི་གཉིས་ཀའི་སྐྱབས་མགོན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་དགོངས་མ་དཀྲིགས་རོགས་གྱིས་བཤད་རྒྱུ་དང་། གལ་སྲིད་བོད་མི་མང་གི་སྤྱི་འཐུས་བྱེད་པའི་འཇོན་ཐང་མེད་པ་ཡིན་ན། ང་ཚོ་མང་ཚོགས་ཀྱིས་རྩེད་ཆས་མི་བྱེད་པར། ལས་གནས་ནས་ཕྱིར་འབུད་བྱེད་རོགས། ང་ཚོ་མང་ཚོགས་ལ་གཏད་ནས་མི་དགོས་པའི་སྤྱི་འཐུས་ཁག་ནི།

    ༡ རྒྱ་བོད་བར་གྱི་གནས་སྟངས་མི་ཤེས་པར་གཡམ་བཤད་རྒྱག་མཁན་གྱི་དགེ་བཤེས་དག་དང་།
    ༢ བོད་མིའི་བདེ་སྡུག་ལ་མི་བསམ་པའི་འབྱོར་ལྡན་བླུན་པོ་དག་དང་།
    ༣ བོད་ཡིག་མི་ཤེས་བོད་སྐད་མི་བཤད་པའི་བུད་མེད་གཤང་ཚོང་མ་དག་དང་།
    ༤ རང་དོན་ཁོ་ནར་མིག་ནས་གཞན་དོན་ཅི་མི་སྙམ་དུ་འཇོག་མཁན་གྱི་བསམ་ངན་ཁོག་ནག་དག་དང་།
    ༥ ཆོལ་ཁ་དང་ཆོས་ལུགས་ཁོ་ནའི་ཕྱོགས་ཞེན་གྱིས་རྐུབ་སྟེགས་ལ་འཐམ་པའི་ཀླད་མེད་ལྐུགས་པ་དག་ནི།
    སྤྱི་འཐུས་ཀྱི་མི་སྣའི་ཁུངས་ནས་གཏན་ནས་གཏན་དུ་ཕྱིར་འབུད་བྱེད་རོགས་ཞེས་ཡང་ཡང་སྐུལ་བཞིན་ཡོད།

    Reply
  11. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    གཅན་བཟོད་རྒྱམ་ལགས། ཁྱོད་ལ་མི་ཞིག་གིས་ཁབ་བཙུགས་པ་ལྟར་དེ་མ་ཐག་ང་ཨ་མདོ་བ་ཚོ་དང། ཁྱོད་ཁམས་པ་ཚོ། ཁོ་ལྷ་ས་བ་ཚོ་ཟེར་མི་ཉན། གོང་གི་བཙན་པོས་ཁྱོད་རང་མེ་འབར་བཞིན་པ་དེའི་སྟེང་དུ་ས་སྣུམ་བླུགས་ཀྱིན་ཡོད་རེད། དེར་ཁ་ཡ་མ་བྱོས། སྤྱི་འཐུས་ཚོ་ནི་བོད་མི་མང་གི་ངོ་ཚབ་ཡིན་པ་ལས་ཆོལ་ཁ་བྱེ་བྲག་པའི་འཐེན་འཁྱེར་གྱི་ཁ་ལོ་བ་མ་རེད། སྤྱིར་རྩོད་པ་ཏོག་ཙམ་རེ་ཡོང་ན་ཡག་རྟགས་རེད། རྩོད་པ་ཅི་ཡང་མེད་ན་ང་ཚོས་བོད་དོན་ཅིའི་ཕྱིར་རྩོད། རྩོད་པ་ལ་བརྟེན་ནས་ང་ཚོས་ཡར་རྒྱས་དང་གོམ་པ་རེ་རེ་བཞིན་སྔོན་ལ་སྤོ་ཐུབ་པ་བྱ་དགོས།

    Reply
  12. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས། དྲ་ངོས་གཙང་མ་ཡོང་སླད་མཆན་ཉིས་བརྩེགས་ཐེབས་ཡོད་པ་དེ་ཚོ་གསུབ་བཞག་ན་འགྲིག་གི་རེད་སྙམ། ངའི་རེ་ཞུ་འདིའང་གསུབ་ལ་ཐོངས།

    Reply
  13. ཨ་ལ་ལ says:
    ལོ་ 16 སྔོན།

    གླེང་རན་དང་ལྗིད་ཁོག་མེད་པའི་དོན་དག་ཅིག་གིས་ད་མདོག་ངན་ཆ་ཚང་བསྟན་སོང་།ད་ཁོ་ཚོས་ངར་ངར་དང་རྫིག་རྫིག་བྱེད་ཀྱི་མི་འདུག ད་ཚར་སོང་།ད་ཚར་སོང་། ད་མི་འདི་ཚོ་མི་གྲལ་ནས་རང་ཉིད་ཀྱིས་རང་ཉིད་ཕུད་སོང་དཱ།ཁོ་ཚོས་ཁོང་ཁྲོའི་ངང་ནས་བསམ་བློ་ཐོང་མེད།ད་ཁོང་ཁྲོ་ཞི་ཚར་བས་འགྱོད་པ་སྐྱེས་ནས་བསྡད་ཡོད་ཐག་ཆོད།

    Reply
  14. ཨ་ལ་ལ says:
    ལོ་ 16 སྔོན།

    གླེང་རན་དང་ལྗིད་ཁོག་མེད་པའི་དོན་དག་ཅིག་གིས་ད་མདོག་ངན་ཆ་ཚང་བསྟན་སོང་།ད་ཁོ་ཚོས་ངར་ངར་དང་རྫིག་རྫིག་བྱེད་ཀྱི་མི་འདུག ད་ཚར་སོང་།ད་ཚར་སོང་། ད་མི་འདི་ཚོ་མི་གྲལ་ནས་རང་ཉིད་ཀྱིས་རང་ཉིད་ཕུད་སོང་དཱ།ཁོ་ཚོས་ཁོང་ཁྲོའི་ངང་ནས་བསམ་བློ་ཐོང་མེད།ད་ཁོང་ཁྲོ་ཞི་ཚར་བས་འགྱོད་པ་སྐྱེས་ནས་བསྡད་ཡོད་ཐག་ཆོད།

    Reply
  15. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    བཙན་པོ་ལགས་ཀྱི་གོང་གི་གསུང་དེ་ང་ལ་གསུངས་པ་འདྲ། ཨ་མདོ་བ་ཚོ་མ་ཟེར། ཨ་མདོ་ན་གནའ་ནས་ད་བར་དུ་མཁས་པ་མང་ནི་རེད། ང་ལ་ཅི་བཤད་འདོད་ན་ཤོད་དང་ཆོག ཚོགས་ཁང་ནང་མི་ཡོང་པའི་སྤྱི་འཐུས་དེ་ཚོ་ཁ་སང་གྲོས་ཁང་ཕྱི་ལ་ཐོན་སོང་མཁན་དེ་ཚོ་རེད། བསྐྱར་བཤད་མི་དགོས་པ་ཞུ།

    Reply
  16. ཨ་ལ་ལ says:
    ལོ་ 16 སྔོན།

    གསར་འགོད་པ་ལགས།
    ཁ་སང་གྲོས་ཚོགས་ནས་ཕྱིར་ཐོན་མཁན་དང་དེ་རིང་ཚོགས་ཞུགས་མ་གནང་བ་སྤྱི་འཐུས་སུ་སུ་ཡིན་པ་གསུང་རོགས་གནང་།འདི་ནི་གསར་འགྱུར་འདིའི་ཆ་མ་ཚང་བའི་ཁ་གསབ་ཀྱང་ཆགས་འདུག ངས་ཤེས་འདོད་པ་བཞིན་རྒྱ་ཆེའི་མི་དམངས་རྣམས་ལའང་ཐུགས་འདོད་ཡོད་ཤག་རེད།

    Reply
  17. བཙན་པོ། says:
    ལོ་ 16 སྔོན།

    སྤྱི་འཐུས་རེ་ཟུང་རྒྱ་གུང་བྲན་གྱི་རྒྱུགས་ཁྱི་ཡིན་སྲིད་པ་རེད། སྤྱི་འཐུས་གཞན་ཚོ་རྒྱུགས་ཁྱི་དེ་ཚོའི་མགོ་སྐོར་འོག་ལ་ཚུད་པ་ཡིན་རྒྱུ་རེད།

    Reply
  18. བཙན་པོ། says:
    ལོ་ 16 སྔོན།

    རྩོམ་སྒྲིག་པ་ལགས། འཚོགས་ཁང་ནང་ལ་མི་ཡོང་བའི་སྤྱི་འཐུས་༡༢་དེ་ཚོ་སུ་སུ་རེད་དམ།

    Reply
  19. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ང་ཚོའི་སྤྱི་འཐུས་ཚོས་ཞབས་འདྲེན་འཇོག་པ་མཐོང་ན་དགྱ་འདྲེ་དང་རྒྱུག་ཁྱི་དེ་ཚོ་འགའ་ཐག་ཆོད་ཡོད་རྒྱུ་རེད། ངོ་མ་བཤད་ན་ཆོས་རྒྱུད་ཁག་ནས་སྤྱི་འཐུས་ཡོང་བ་འདིས་ཕན་མི་ཐོག་པ་གསལ་བོ་རེད། ངོ་མ་དཔའ་བོ་ཡིན་མིན་གང་ཤེས་སྐྲག་མི་དགོས་ས་ནས་སྤྱི་འཐུས་རེ་ཟུང་གིས་རྟག་པར་ངར་ངར་རྫིག་རྫིག་བྱས་དང་བཞིན་རེད་ཡ ང་ཚོའི་ཕམ་ཁ་ཆེ་ཐག་ཆོད་པ་ཞིག་ཉོས་སོང་། ཤུ་་་་་་་་་་་་་་་་་་་་་་་་་་་་་་་་་་་

    Reply
  20. བཙན་པོ། says:
    ལོ་ 16 སྔོན།

    ད་འདུག་རིན་མ་རེད། འཚོགས་འདུ་མཇུག་བསྡུ་ཐུབ་ས་མ་རེད། རྡ་ས་ན་ཡོད་པའི་མི་དམངས་ཚོ་སོང་ནས་འཚོགས་ཁང་ན་བཞུགས་ཡོད་པའི་སྤྱི་འཐུས་ཚོར་རྒྱབ་སྐྱོར་ཆེད་སྐད་འབོད་བྱེད་རིན་རེད་ད།

    Reply
  21. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    ཁོང་ཚོས་ངོ་རྒོལ་བྱས་སྟངས་དང་བསམ་ཚུལ་གྱི་གླེང་སློང་བྱུང་སྟངས། རྒྱབ་སྐྱོར་བྱས་སྟངས་དང་དབར་གནས་བསྡད་སྟངས་སོགས་ལ་བལྟས་པ་ཡིན་ན་ཆོལ་ཁ་འཐེན་འཁྱེར་གྱིས་བཅོས་ཐབས་མེད་པའི་ན་ཚ་ཞིག་ཡིན་པ་ལས་བོད་རིགས་སྤྱིའི་བདེ་སྡུག་དང་འབྲེལ་ཅི་ཡང་མི་འདུག དཀོན་མཆོག་གི་མཁྱེན། ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་སྐམ་པོ་འདིས་བོད་མི་མང་པོ་ཞིག་འཆི་བཞིན་པ་དང་གསོད་བཞིན་པ་རེད། སྙིང་རྗེ། ངོ་ཚ། ང་ཚོར་གྱོང་རེད། མཐའ་ན་བོད་ཀྱི་དུས་བབ་ནང་ལུང་རིང་རྒྱལ་ཟེར་བ་དེ་གཅིག་པུ་དེ་ཡང་ཞེན་ཁོག་རིལ་རིལ་ཞིག་རེད་འདུག ངའི་ཁོང་ལ་སྔོན་མ་ནས་ང་ལ་ཟིན་བྲིས་ཤིག་བཟི་རོགས་ཞེས་ལན་མང་བསྐུར་མྱོང་། འོན་ཀྱང་ཁོང་གི་ངའི་མིང་ལ་མི་ཉག་སྐལ་བཟང་ཞེས་བྲིས་ཡོད་པས་ཁམས་པ་ཞིག་ཡིན་པ་རྟོགས་ནས་ཡ་ལན་ཙམ་ཡང་མ་བྱུང། ད་ང་ཤི་སོང་ན་ཡང་ཟིན་བྲིས་ཤིག་མི་དགོས་ཐག་ཆོད་ཡིན།

    Reply
  22. བཙན་པོ། says:
    ལོ་ 16 སྔོན།

    ཧ་ཧ་ ཨ་མདོ་ཀླེན་ཁྱེད་ཚོས་མི་ཤེས། ཆོལ་ཁ་དང་ཆོས་རྒྱུད་ཀྱི་ས་མཚམས་མེད་ན་མི་ཚང་ཁ་ཤས་དང་ཕྱོགས་ཁག་ཁ་ཤས་ནས་སྤྱི་འཐུས་འཛིན་གི་རེད།

    Reply
  23. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    དེ་རིང་སྤྱི་འཐུས་ཚོགས་དུས་མཐའ་མ་དེ་ཡིན་ཀྱང་། ཚོགས་དུས་ཕར་འགྱངས་བྱས་པའི་དུས་༡༡དང་སྐར་༡༥་དེའང་ཡོལ་ནས་ད་ནི་དུས་ཙོད་༡༡།༣༠་ལ་སླེབས་སོང་། ཚང་མ་རང་རང་སར་ལོག་སོང་། རྒྱ་གར་གྱི་ཉེན་རྟོགས་པ་འདྲ་འདྲ་བོ་དེ་ཚོར་ཞེད་ཀི་འདུག་མ་གཏོགས། སྤྱི་འཐུས་ནང་གི་ཁོ་ཡིན་ང་ཡིན་ཟེར་མཁན་དེ་ཚོར་བཟོ་ལྟ་ཞིག་བཟོ་ན་འདོད་ཀི ཨ་ཤུ་རེ་ཁོ། ཕ་ཡུལ་བོད་ཡིན་རྒྱུ་ན།

    Reply
  24. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    མ་གཞི་ནས་ཆོས་རྒྱུད་ཁག་གི་སྤྱི་འཐུས་ཟེར་བ་དེ་རྙོག་དྲའི་གཞི་ཆགས། གྲྭ་བ་དེ་ཚོས་མི་ལ་གཅེར་ལ་ཁད་པ་བྱེད་ཀྱིན་འདུག ད་དུང་ཆོལ་ཁའི་སྤྱི་འཐུས་ཀྱང་དགོས་ཀི་མི་འདུག་སྙམ། རྩོམ་སྒྲིག་པས་གསུངས་པ་དེ་ལ་དངོས་གནས་བསམ་བློ་གཏོང་རན་ལས། སྤྱི་འཐུས་ཚོས་འདི་འདྲ་གནང་བསྡད་ན་དངོས་བཟོད་མི་ནུས་པ་ཞིག་འདུག གོང་དུ་དྲ་གྲོགས་བློ་བཟང་ཟེར་བ་འདི་དངོས་གནས་གཞིས་བཞུགས་པ་ཞིག་ཡིན་ན་ནི། ད་ནི་ང་ཚོ་བཙན་བྱོལ་ནང་གི་ཆབ་སྲིད་གནང་སྟངས་སོགས་ལ་ཡིད་ཆད་བྱུང་འདུག་པ་འདི་རེད། ང་ཚོས་སྤྱི་འཐུས་ཟེར་བ་འདི་ཆོལ་ཁོངས་དང་ཆོས་རྒྱུད་སོགས་ནས་འདེམས་ལུགས་འདི་རྩ་མེད་གཏོང་དགོས་ལ། དེ་ནས་གྲོས་ཙོགས་གོང་འོག་གི་ལམ་སྲོལ་ཐོག་ལ་གོམ་པ་སྤོ་རྒྱུའི་གྲ་སྒྲིག་དགོས་པའི་སྐོར་ལ་བགྲོ་གླེང་དང་། རྩོམ་ཡིག་སྤེལ་རོགས།

    Reply
  25. གཉན་མདང་ཕོ་ཉ། says:
    ལོ་ 16 སྔོན།

    ཡང་དེ་རིང་ཆུ་ཚོད་བཅུ་བའིཐཽག་གྲོས་ཚོགས་འཚོགས་ནའང་གྲུབ་ཆ་མ་ཚང་སྐར་མ་ཙམ་རིང་གྲངས་གཤེར་གྱིས་ལམ་སང་གྲོལ་སོང་བ་རེད།
    འདི་ཚོའི་བྱ་སྤྱོད་འདིས་ཅི་ཞིག་བསྟན་ཀྱིན་འདུག
    འདི་ནི་མི་ཞྀག་གི་ལམ་གྲོན་ཙམ་ཡིན་ལ།
    དེའང་ཕྱོགས་རིས་ཀྱིས་ཁ་སང་དང་དེ་རིང་གཉིས་ལ་རྩོད་གླེང་བྱས་ཏེ་ཉི་མ་ཕུད་སོང་།
    བོད་ནང་གི་གནས་བབ་དང་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཕྱོགས་ལ་འདིས་ཅིའང་ཕན་མི་སྲིད་ཁར་གནོད་ཀྱིན་པའི་ལས་གཞི་རེད།
    ཡིན་ནའང་གྲོས་འཆར་ཕྱི་འཐེན་མེད་པ་སྡིག་པ་མིག་བཙུམ་གྱིས་ད་རུང་མིག་ཤེལ་འོག་ཉམ་ཆཱུང་འདོག་གིས་བསྡད་འདུག
    ངོ་མ་་་་་་་་་

    Reply
  26. སོག་ཤོད་ལྷག་བསམ། says:
    ལོ་ 16 སྔོན།

    ང་ཚོ་ནི་དམངས་གཙོ་ཡིན་ཞེས་དགྲ་ལ་ངོམ་རྒྱུ་གཉེན་འཆར་རྒྱུ་དེ་རེད་། དེ་ཡང་རྩ་བ་དམངས་གཙོའི་ཀ་བ་གསུམ་ཐུག་ཡོད། དེ་ནང་ནས་གྲོས་ཚོགས་འདི་ལ་ཐུག་ཡོད་ཁྱེད་རྣམས་ཀྱི་དགྲ་དགའ་གཉེན་སྡུག་གི་ལས་ཀ་དེ་དེའི་རིག་གཞིས་བྱེད་མི་དམངས་ཐུགས་ག་ཚད་ཕམ་གི་རེད༧གོང་ས་མཆོག་གི་འཛད་འཕྲིན་ནང་གི་གཙོ་བོ་བོད་མི་དམངས་ལ་དམངས་གཙོའི་གསོལ་རས་གནང་བ་དེ་རེད་དེ་ཁྱེད་རྣམས་ཀྱི་ནག་སུབ་དུ་དཏང་གི་ཡིན་ནམ་དངོས་གནས་མ་འོངས་པ་ན་སྤྱི་མཐུན་སྤུས་དག་དུ་གཏང་ཡག་ད་ལྟ་ནས་མི་དམངས་གི་ཐུགས་གསམ་གཞེས་རོག་གནང་ཐུགས་རྗེ་གཟིགས་

    Reply
  27. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    སྤྱི་འཐུས་ཞེས་པ་དེ་ཆོལ་ཁོངས་དང་ཆོས་བརྒྱུད་ཁག་ནས་ཡོང་ན་མཇུག་འབྲས་འདི་རང་རེད། ད་ནི་སྤྱི་འཐུས་ཀྱི་ཡོང་ཁུངས་འདི་ལ་བཅོས་སྒྱུར་ཆེན་པོ་ཞིག་གནང་དགོས་པའི་དུས་ལ་སླེབས་འདུག

    འདི་དང་མཉམ་དུ་གྲོས་ཚོགས་གོང་འོག་གི་ལམ་སྲོལ་དེ་ཡང་མྱུར་ཏུ་ཕྱེ་དགོས་པར་འདུག

    མྱུར་ཏུ་བཀའ་སྩོལ་རོགས་ཞུ།

    Reply
  28. བློ་བཟང༌། says:
    ལོ་ 16 སྔོན།

    བྱེས་ཞུགས་སྤུན་ཟླ་ལགས། ང་ཚོས་ཁྱེད་ཚོར་རེ་བ་དང་ཡིད་ཆེས་བྱས་ཏེ་རྒྱ་རྒོད་དང་རང་བཙན་གྱི་ཆེད་རང་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་དང་གཏོང་བཞིན་པ་ཕལ་ཆེར་ནོར་གྱི་མེད་དམ་བསམ་པའི་དོག་པ་འདུག གང་ཡིན་ཞུས་ན་ཁྱོད་ཚོའི་གནང་སྟངས་ནི་ལོ་རེ་ནས་ལོ་རེ་སྡུག་ཏུ་འགྲོ་གི་འདུག བརྗོད་པར་དཀའ་བའི་བློ་ཕམ་ཡོད། གཞིས་སྡོད་བོད་རིགས་སྤུན་ཟླས།

    Reply
  29. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    བོད་ཆེན་པོའི་བཀའ་ཡི་བློན་པོ་ཚོ་གཅིག་རྗེས་གཉིས་མཐུད་ཀྱིས་ངེད་ཚང་ལ་བར་གསེང་གི་གསོལ་ཇ་བཞེས་པར་ཕེབས་སོང་བས་ལས་བྱེད་ཚང་མ་ཡར་ལངས་ཏེ་གུས་བསུ་བྱེད་རོགས། དུས་ཚོད་༡༡་དང་སྐར་མ་༡༥་སྟེང་དུ་ཕྱིར་གྲོས་ཁང་དུ་ཕེབས་རྒྱུ་རེད། འོན་ཀྱང་གྲོས་ཚོགས་འཚོག་ཐུབ་མིན་ད་དུང་ཧ་མི་གོ་གི

    Reply
  30. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    ད་ནངས་གྲོས་ཚོགས་ཀྱི་སྐོར་ལ་ཟིན་བྲིས་རིང་པོ་ཞིག་བྲིས་ཡོད་པ་འདིར་མཆན་བུར་འདེབས་སྐབས་དྲ་ཐག་ལ་སྐྱོན་བྱུང་ནས་གང་ཞིག་ཏུ་ཡལ་སོང་བས་བསྐྱར་འབྲི་བྱ་རྒྱུར་སུན་སོང་། བོད་ནང་གི་ཧི་གཟུགས་ཟིན་བྲིས་ན་རྩོམ་ཡིག་གཞན་ཞིག་གི་མཆན་བུ་སྙིང་རྗེ་ཞིག་འདུག་པ་འདིར་འདྲེན་འདོད་ཀྱིས་བཤུ་འགོད་བྱས་ཡོད།

    དུས་ད་ལྟ་ཁ་མིན་དོན་གཏམ་ཞིག་ཇི་ལྟར་ལབ་ན་ཁོར་ཡུག་འདིའི་རྣ་བར་འགྲོ་ནུས་སམ། ངས་བཤད་དཀའ་ཚོད་རེད་ཨང་། དེང་སྐབས་ཀྱི་མི་རེ་རེར་རང་ལ་དབང་བའི་རོ་ཀོག་སྐམ་པོ་ཞིག་ལས་མི་འདུག་སྟེ། འགྲན་རྩོད་ཀྱི་ཁྲོད་དུ་དངུལ་ལ་ཤོར་བའི་སེམས་པ་དམར་ཆུང་དེ་གནའ་ནས་བཟུང་གཞན་ལ་དབང་ཚར་འདུག་པས། ཁ་བཤད་སྟོང་པ་རེའི་འུར་སྒྲ་སྒྲོག་དགོས་ན་ང་ཡོད་ཁོ་ཡོད་ཀྱི་ལ་རྒྱའི་ཅོད་པན་དེ་མགོ་ལ་བཅིངས་མོད། ལག་ལེན་གསོན་པོ་རེའི་དཀའ་སྡུག་འདི་དག་ངས་བཤོལ་ཁོས་བཤོལ་གྱི་གཟུར་ལམ་རེ་འཚོལ་ནས་བཞུད་འགྲོ་དུས། དབུགས་ཀྱི་རྒྱུ་བ་ཇེ་བས་ཇེ་རིང་དུ་ཕྱིན་ངེས་པའི་མཆི་མ་དེ་ལས། ང་ལ་ཅི་ཡང་ལབ་རྒྱུ་མེད།

    འོས་འཚམས་ཤིག་བྲིས་མི་འདུག་གམ།

    Reply
  31. ཚེ་རིང་། says:
    ལོ་ 16 སྔོན།

    བོད་བཙན་པོའི་དུར་ནས་ཐོན་པའི་བཀའ་རྒྱ་གསང་གཏེར་མ།

    རྒྱུན་ལས་རྣམས་ཀྱིས་རྩ་ཁྲིམས་བློ་སྦྱོང་བྱོས།།
    སྟོབས་ཆེན་རྣམས་ཀྱིས་དམར་པོའི་དཔུང་རྩ་མྱོངས།།
    སྒེར་གཅེས་ཅན་གྱིས་གསུམ་བཅུའི་ཚེ་སྲོག་སྒོམས།།
    རྔ་དཔུང་ཅན་ཚོས་འདས་པའི་ལོ་རྒྱུས་ཀློག།
    ངས་ཀྱང་སྐྱོ་བཞིན་ངུ་བཞིན་ཚིག་རྡོ་འཕེན།།
    སྙིང་དོན་གཞིས་ཀྱི་རེ་འབྲས་མི་སྟོང་སྨོན།།
    ཡང་དོན་རང་གི་རྒྱལ་ཁབ་རྙེད་པར་ཞུ།།
    མཐའ་དོན་བོད་ལ་ཉི་མ་འཆར་ཤོག།

    Reply
  32. སོག་ཤོད་ལྷག་བསམ། says:
    ལོ་ 16 སྔོན།

    ལར་ནས་སྦྱི་འཐུས་བསོད་ནམས་སྟོབས་རྒྱལ་ག་དུས་ཡིན་ན་གྲོས་ཚོག་ནང་ལ་སྙོག་དྲ་དང་སྒེར་གྱི་ཁོག་མཛིན་ལ་སྤྱི་དོན་གཉིས་གཉམ་སེས་བྱས་ནས་ཐེན་ཕྱིར་ཕྱོག་རེས་གྱི་རྒྱལ་བོ་རེད་ མ་འོངས་པ་ན་སྤྱི་འཐུན་དེའི་རིགས་མ་བླུག་བཟང་།

    Reply
  33. གནམ་ལྕགས། says:
    ལོ་ 16 སྔོན།

    ཁ་སང་གི་གྲོས་ཚོགས་ནང་གི་གནང་སྟངས་དེ་ཚོ་དང་གཅིག་ལས་གཅིག་ངར་གྱི་རྫིགས་ཉམས་དེ་མཐོང་བས། ང་ནི་རྦད་དེ་ཧང་སངས་སོང༌། དོན་དངོས་ཀྱིས་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རྣམ་ཤེས་ཀྱིས་ང་ཚོར་ཕྱིར་མིག་བལྟས་ནས་བསྡད་ཡོད། བཙན་བྱོལ་ནང་གི་སྤྱི་འཐུས་འདི་ཚོར་ཧང་སངས་རྒྱུ་ག་རེ་ཡོད། མི་འབུམ་གཅིག་གི་འཐུས་མི་རེད། ཞེ་བོ་ཡིན་མདོག་མདོག་ཅིག་སྟོན་ཁུལ་བྱས་ཀྱང༌། དོན་དུ་ཞབས་འདྲེན་རེད། འདི་ལྟར་བོད་ཆོལ་ཁ་གསུམ་ཁྲག་དཀྲུགས་དཀྲུགས་བྱས་པའི་མཇུག་འབྲས་ངན་པ་བྱུང་ན། ལོ་རྒྱུས་ཀྱི་འགན་དེ་སུས་འཁུར་དགོས་པ་རེད། སྐུ་མཁྱེན་རྒྱལ་བ་རིན་པ་ཆེ་མི་ལོ་འདི་ཉིད་ཅིག་ལ་ཁྱོད་ཚོས་རྩེད་སྤྱད་བྱས་པ་རེད། ད་བླ་རྒན་ཁོང་དགུང་ལོ་བདུན་བཅུ་དོན་ལྔ་རེད། ད་ཁྱོད་ཚོར་འདང་རྒྱུ་ཞིག་ཡོད་ན་འདང་ཚར་ཡོད། ད་ནི་ཁོང་གི་དགོངས་གཞི་ལ་འདོད་པ་མེད་ན་ཁ་ཐུག་གིས་བཤད་ན་འགྲིག་གི་རེད། འདི་ལྟར་ཐུགས་དགོངས་དཀྲུགས་ནས་དམར་གསོད་མ་གཏོང་རོགས། ཆིག་སྒྲིལ་གལ་ཆེ་བ་ནི་ཚང་མས་ཤེས་ངེས་ན། འདི་ལྟར་བྱེད་དོན་ཅི་ཡིན། མ་གཞི་མི་ཁ་ཤས་ཤིག་གིས་འདི་ལྟར་རྙོག་དྲ་བཟོས་ན་དེ་ནི་མར་གྱི་ནང་གི་སྤུ་ཡིན་ནའང༌། ང་ཚོའི་ངོས་ནས་ཏོག་ཙམ་ནོར་ན་དགྲ་བོའི་ལག་ཆ་ཆགས་ཡོད། འདི་ནི་གྲོས་ཚོགས་ཀྱི་འཐུས་མི་ཡོངས་ལ་ཕུལ་བ་ཡིན།

    Reply
  34. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    ཁ་སང་གི་རྩོད་གཞི་དེ་ལ་བསྟེན་ནས་དེ་རིང་ཡང་སྤྱི་འཐུས་ ༡༢ དེ་གྲོས་ཚོགས་སུ་མ་ཕེབས་སྟབས། སྤྱི་འཐུས་གྲོས་ཚོགས་ཚུགས་སྐབས་སྤྱི་འཐུས་ཀྱི་རྩ་འབོར་ལས་གསུམ་ཆ་གཉིས་ཚང་དགོས་པ་ལྟར། དེ་རིང་མ་ཚང་སྟབས་ཆུ་ཚོད་ ༡༡ དང་སྐར་མ་ ༡༥ ལྔའི་བར་གྲོས་ཚོགས་ཀྱི་བར་གསེང་ཡིན་པར་ཚོགས་གཙོས་བསྒྲགས་སོང་། དེ་རིང་ནི་གྲོས་ཚོགས་ཀྱི་ཉིན་མཐའ་མ་དེ་རེད།

    Reply
  35. ཚེ་རིང་། says:
    ལོ་ 16 སྔོན།

    ཁྲིམས་མི་བརྩི་བའི་ཁྲིམས་བཟོ་ལྷན་ཁང་ཞིག་གིས་ཅི་བྱེད། རྒྱ་དམར་གཞུང་ལའང་ཁྲིམས་ལུགས་སྒྲིག་གཞི་སྙིང་རྗེ་བོ་ཞིག་ཡོད་པ་མ་ཡིན་ནམ།༼སྤྱི་འཐུས་རྒྱུན་ལས་ལ་ཕུལ༽
    རྒྱལ་ཁབ་མི་སེམས་པར་རྒྱུ་སྟོབས་སྤྱོད་པའི་ནག་ཚོགས་ཤིག་གིས་ཅི་བྱེད། དཔོན་ངན་ནག་ཚོགས་པ་རྒྱ་ནག་དམར་ཤོག་ལའང་ཤིན་ཏུ་མང་བ་མ་ཡིན་ནམ།༼རྒྱུ་ཆེན་སྟོབས་ཆེན་སྨྲ་བ་དག་ལ་ཕུལ༽
    དམངས་ཀྱི་བདེ་སྡུག་མི་སེམས་རང་གི་ཁེ་ཕན་གཉེར་བའི་གཡེན་སྦྱོར་ཟིང་སློང་བ་ཞིག་གིས་ཅི་བྱེད། ཅང་ཙེ་མེན་ཡང་རང་དོན་ཁེ་གཉེར་ཅན་ཕུལ་དུ་བྱུང་བ་ཞིག་མ་ཡིན་ནམ།༼སྤྱི་འཐུས་རལ་བ་ཅན་ལ་ཕུལ༽
    རྒྱལ་ཁབ་ཀྱི་ཕུགས་རྒྱང་མི་སེམས་ཕྱོགས་རིས་རྔ་དཔུང་གཟེངས་མཁན་གྱི་གྲོས་ཚོགས་ཅིག་གིས་ཅི་བྱེད། དམར་ཤོག་འཐུས་མི་ཚོགས་ཆེན་གྱིས་ཀྱང་ཕྱོགས་ལྷུང་ཤེད་འཁྱེར་གྱི་ལག་པ་ཡ་གཅིག་དུས་རྒྱུན་མཐོན་པོར་བསྒྲེངས་ནས་ཡོད་པ་མ་ཡིན་ནམ།༼སྤྱི་འཐུས་གྲོས་ཚོགས་ལ་ཕུལ༽

    Reply
  36. གསང་གཏོར། says:
    ལོ་ 16 སྔོན།

    གནད་དོན་འདི་ནི་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་གྱི་ནོར་བ་དང༌། རྒྱུན་ལས་ཀྱི་ཡང་ནོར་བ་རེད། ལྷག་པར་གྲོས་འཆར་འདོན་མཁན་གྱི་ནོར་མ་ཟད། ལམ་སྲོལ་མེད་པའི་འཐུས་མི་མང་པོས་ས་ཡིག་འཁོད་པའི་རྒྱབ་སྐྱོབ་བྱེད་མཁན་གྱི་ནོར་བ་རེད། ཚང་མས་ནོར་འཁྲུལ་རེད། ང་ཚོའི་གྲོས་ཚོགས་འདི་འདྲ་ཞིག་ཆགས་རེད་ལྟོས་དང༌། ད་རེ་བ་བྱེད་རན་གང་ཡང་མི་འདུག དེ་ནང་ལ་སྐད་ཆ་དྲང་གཏམ་བཤད་མཁན་སྤྱི་འཐུས་འགའ་ཤས་བྱུང་སོང༌། ཟླ་བ་ཕུན་སྐྱིད་དང༌། ཚུལ་ཁྲིམས་བསྟན་འཛིན། གསེར་རྟ་ཚུལ་ཁྲིམས། བསྟན་འཛིན་མཁོན་པོ། ཀརྨ་ཡི་ཤེས་བཅས་རེད། གཞན་བསམ་ཚུལ་བཤད་མཁན་ཚང་ཕྱོགས་ལྷུང་རེད་འདུག

    Reply
  37. སོག་ཤོད་ལྷག་བསམ། says:
    ལོ་ 16 སྔོན།

    ་སྤྱི་འཐུན་ཚོ་བོད་སྤྱི་དོན་ལ་མི་རྩོད་ སོ་སོའི་སྒོར་མོ་ལ་རྩོད་པ་དེ་གཞིས་བཞུགས་བོད་རིགས་སྤུན་ཟླ་ཚོའི་རེ་བ་དང་ཡོད་ཆེས་༧གོང་ས་མཆོག་གི་དགོངས་གཞི་རྣམས་ནག་སུབ་སུ་བཏོང་བ་དེ་ཁྱེད་རྣམས་བོད་མི་དམངས་གི་ཚབ་ཐུབ་མིན་རྒྱ་ཆེན་མི་དམངས་བློ་ཚབ་བྱེད་དགོས་པའི་དུས་ལ་བབས་འདུག

    Reply
  38. ཚེ་རིང་། says:
    ལོ་ 16 སྔོན།

    ཁྲིམས་མི་བརྩི་བའི་ཁྲིམས་བཟོ་ལྷན་ཁང་ཞིག་གིས་ཅི་བྱེད། རྒྱ་དམར་གཞུང་ལའང་ཁྲིམས་ལུགས་སྒྲིག་གཞི་སྙིང་རྗེ་བོ་ཞིག་ཡོད་པ་མ་ཡིན་ནམ།༼སྤྱི་འཐུས་རྒྱུན་ལས་ལ་ཕུལ༽
    རྒྱལ་ཁབ་མི་སེམས་པར་རྒྱུ་སྟོབས་སྤྱོད་པའི་ནག་ཚོགས་ཤིག་གིས་ཅི་བྱེད། དཔོན་ངན་ནག་ཚོགས་པ་རྒྱ་ནག་དམར་ཤོག་ལའང་ཤིན་ཏུ་མང་བ་མ་ཡིན་ནམ།༼རྒྱུ་ཆེན་སྟོབས་ཆེན་སྨྲ་བ་དག་ལ་ཕུལ༽
    དམངས་ཀྱི་བདེ་སྡུག་མི་སེམས་རང་གི་ཁེ་ཕན་གཉེར་བའི་གཡེན་སྦྱོར་ཟིང་སློང་བ་ཞིག་གིས་ཅི་བྱེད། ཅང་ཙེ་མེན་ཡང་རང་དོན་ཁེ་གཉེར་ཅན་ཕུལ་དུ་བྱུང་བ་ཞིག་མ་ཡིན་ནམ།༼སྤྱི་འཐུས་རལ་བ་ཅན་ལ་ཕུལ༽
    རྒྱལ་ཁབ་ཀྱི་ཕུགས་རྒྱང་མི་སེམས་ཕྱོགས་རིས་རྔ་དཔུང་གཟེངས་མཁན་གྱི་གྲོས་ཚོགས་ཅིག་གིས་ཅི་བྱེད། དམར་ཤོག་འཐུས་མི་ཚོགས་ཆེན་གྱིས་ཀྱང་ཕྱོགས་ལྷུང་ཤེད་འཁྱེར་གྱི་ལག་པ་གཅིག་དུས་རྒྱུན་མཐོན་པོར་བསྒྲེངས་ཡོད་པ་མ་ཡིན་ནམ།༼སྤྱི་འཐུས་གྲོས་ཚོགས་ལ་ཕུལ༽

    Reply
  39. བོད་ཀྱི་དྲང་བདེན། says:
    ལོ་ 16 སྔོན།

    བོད་མི་མང་གིས་རེ་བཅོལ་བྱེད་སའི་སྤྱི་འཐུས་ཚོས་ཞབས་འདྲེན་ཞུ་བའི་འགོ་བསྐྱར་དུ་ཚུགས་སོང་། སྤྱི་འཐུས་ཨོ་རྒྱན་བསྟན་འཛིན་དང་། འཇུ་ཆེན་དཀོན་མཆོག་གིས་སྐད་ཆ་བཤད་ལུགས་ལ་ལྟོས་དཱ། རྒྱུ་སྟོབས་དང་དཔུང་ཤེད་ཡོད་ན་དགྲ་གུང་ཁྲན་ལ་མི་ངོམ་པར་སྤྱི་འཐུས་ནང་ཁུལ་དུ་ངོམ་དགོས་དོན་འདུག་གམ། འཇུ་ཆེན་ཚང་ལ་རྒྱུ་ཡོད་ནས་བོད་སྲིད་ལ་ཕན་པའི་ལས་དོན་ཅི་ཞིག་བསྒྲུབ་ཡོད། ཨ་ཐར་ནོར་བུ་ལག་མགོར་བཅུས་ནས་༸གོང་ས་མཆོག་གི་བཞེད་དགོངས་དང་མི་མཐུན་པ་དང་བོད་ཀྱི་བསྟན་སྲིད་ལ་གནོད་པའི་རྙོག་དྲ་ཅི་བྱས་དྲན་གྱི་མི་འདུག་གམ། བསོད་ནམས་སྟོབས་རྒྱས་ཀྱི་རྒྱབ་ཏུ་ཁྱེད་འཇུ་ཆེན་ཚང་ཡོད་ཟེར་གྱི་ཡོད་དམ། ཁོས་བཤད་ཕོད། བཤད་ཤེས་ཟེར་ངོ་ཚ་རྒྱུ་ཨེ་འདུག དངོས་གནས་བྱས་ན་ཅི་ཞིག་ཤེས། བླུན་པོ་རང་སྣང་མཐོ་བའི་སྐྱིད་གླུ་མ་ཡིན་ནམ། འཕེལ་རྒྱས་སྒྲོལ་མའི་གྲོས་འཆར་ལ་སྐྱོན་ཅི་ཞིག་འདུག སྒྲིག་གཞི་གསལ་ཁ་མེད་ས་འདི་རིགས་སྒྲིག་གཞི་གསར་བཟོ་བྱེད་མ་དགོས་པ་རེད་དམ། རྙཽག་དྲའི་གཞི་མ་ཁམས་པ་རལ་བ་ཅན་ཨོ་སི་ཀྲི་རི་ཡར་འགྲོ་བ་དེ་ཁོ་རང་རང་དོན་གྱི་ཆེད་དུ་སོང་བ་རེད་དམ། བོད་ཀྱི་བསྟན་སྲིད་ཀྱི་ཆེད་དུ་སོང་བ་རེད། ཚོར་ཤུགས་ཀྱིས་བློ་སྒྲིབ་ཏུ་མ་བཅུག་པར་བརྟག་དཔྱད་ཕྲན་བུ་བྱེད་མི་ཐུབ་བམ། མ་གཞི་ནས་གྲོས་འཆར་འདི་ཆོལ་ཁའི་རྙོག་དྲ་ཞིག་གཏན་ནས་མ་རེད་ཀྱང་། ཨོ་རྒྱན་སྟོབས་རྒྱས་དང་འཇུ་ཆེན་ཞི་མོ་གཉིས་ཀྱིས་བསམ་བཞིན་དུ་ཆོལ་ཁའི་རྙོག་དྲའི་སྟེང་དུ་བསྒྱུར་སོང་། ངས་རྒྱུན་ལས་ཚོས་མ་དྲང་བ་བྱས་པ་རེད་གཏན་ནས་བསམ་གྱི་མི་འདུག འོན་ཀྱང་སྒྲིག་གཞི་ལྟར་མ་བྱས་པའི་ནོར་འཁྲུལ་དངོས་གནས་བྱུང་འདུག ཆོལ་ཁའི་སྤྱི་འཐུས་ཕྱི་རྒྱལ་ན་ཡོད་མཁན་ལམ་གྲོན་གཏོང་ཆོག་པའི་སྒྲིག་གཞི་བཅའ་ཁྲིམས་ནང་དུ་གསལ་པོ་ཡོད་པ་མ་རེད། ཆབ་བྲག་ལྷ་མོ་སྐྱབས་ད་རེབ་ཧྥ་རན་སི་ནས་ཚུར་ཡོང་བ་དེ་ལ་ཅི་ཕྱིར་གཏོང་མ་དགོས་པ་རེད། སྤྱི་ཡོངས་ཀྱི་ཆ་ནས་བཤད་ན་གནས་བབ་གཅིག་པ་རེད། ངའི་རེ་བ་ལ་སྤྱི་འཐུས་ཚོས་སྒེར་བའི་འཁོན་ནད་གྲོས་ཚོགས་ཁང་དུ་འཁྱེར་མ་ཡོང་རོགས་ཞུ།

    Reply
  40. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    སྤྱི་འཐུས་སྒྲོལ་མ་མཚོ་ལགས་ཀྱི་གྲོས་འཆར་འདི་དངོས་ཡོད་རེད། སྤྱི་འཐུས་རྒྱུན་ལས་ནས་གང་ཟག་ལ་ལྟོས་ཏེ་སྒྲིག་གཞི་ལ་འགྱུར་བ་བཏང་ན་དྲང་བདེན་མ་རེད། གཞུང་གི་སྒྲིག་གཞིའི་ནང་དུ་བྱང་ཨ་རིའི་འཐུས་མི་གཉིས་ཀ་དང་ཡོ་རོབ་སྤྱི་འཐུས་གཅིག་བུ་དེ་ལ་གནམ་གྲུ་དང་ལམ་ཁ་མགྲོན་གླ་སོགས་གཏོང་གི་ཡོད་པ་ལས་སྤྱི་འཐུས་གཞན་དག་རྒྱ་བལ་འབྲུག་གསུམ་དུ་ཡོད་པ་ཚོ་དང་པོ་སོ་སོ་སྤྱི་འཐུས་ལ་ལངས་སྐབས་སྡོད་གནས་དང་ཁ་བྱང་གང་ཞིག་ཡིན་ན་གྲོས་ཚོགས་འཚོགས་དུས་སྐབས་སྡོད་གནས་དེ་ནས་རྡ་རམ་ས་ལའི་བར་གྱི་ལམ་གྲོན་གཏོང་གི་ཡོད་པ་རེད། ཆོད་ཁོངས་དང་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཞིག་ཨ་རི་ལྟ་བུ་ཕྱིའི་རྒྱལ་ཁབ་ཅིག་ལ་གནས་སྤོས་བ་ཡིན་ན་སོ་སོ་སླར་ཡང་བྱང་ཨ་རིའི་སྤྱི་འཐུས་ལ་ལངས་ཐུབ་ན་གནས་ཚུལ་གཞན་རེད་མ་གཏོགས་སྤྱི་འཐུས་གྲོས་ཚོགས་ནས་དེ་ལ་འགྲོ་གྲོན་གཏོང་གི་ཡོད་པ་རེད། སྒྲིག་གཞིའི་ནང་དུ་ཧ་ཅང་ཁ་གསལ་པོ་རེད། འོན་ཀྱང་སྤྱི་འཐུས་རྒྱུན་ལས་སམ་ཁྲིམས་བཟོ་ལྷན་ཚོགས་ནས་མགོ་བྱས་ཏེ་ཁྲིམས་དང་སྒྲིག་གཞི་རྩིས་མེད་དུ་བཏང་ན་ང་ཚོའི་བཅའ་ཁྲིམས་ཟེར་བ་དེར་དགོས་བ་ཅི་ཞིག་འདུག

    Reply
  41. གཡུ་སེང་ཨ says:
    ལོ་ 16 སྔོན།

    ཁོ་རྣམས་པའི་བརྗོད་གཞི་ལ་ལྟོས་དང་ཁོང་ཚོ་ཚོགས་འདུ་ལ་གཅར་བ་དེ་བོད་ཀྱི་རྕ་དོན་ལ་ཕེབས་པ་མ་རེད།གཞི་ལུས་རྒྱ་ཆེའི་མི་དམངས་ཀྱི་ལུས་སྲོག་ལོངས་སྤྱོད་དང་བཅས་བ་འཛེམས་མེད་དུ་གཏོང་གི་ཡོདརེད།ཁོང་རྣམས་པའི་དམིགས་ཡུལ་དང་སེམས་ཤུགས་ལ་ཚང་མའི་ལྟོས་དང་ལྗི་ཁོག་ག་འདྲ་ཞིག་ཡོད་མེད་ཧ་གསལ་བོ་གོ་བཞིན་འདུག།སྒེར་ཁོ་ན་བསམ་བློ་མ་བཏང་བར་སྤྱི་ལ་ཡང་བསམ་བློ་ངེས་པར་དུ་གཏོང་དགོས་བ་མ་རེད།མ་འོང་བ་ན་བོད་ཁ་ཐོར་དུ་མི་འགྲོ་བའི་གདངས་ཚོད་བརྟན་པོ་ཞིག་ཁྱེད་རྣམས་པ་ཡོད་ལེགས།མ་འོངས་ང་ལམ་ཁ་གསར་བ་ཞིག་ལ་མི་འགྲོ་པའི་སྤོ་པ་ཆུང་ནས་ཆུང་དུ་འགྲོ་སོང་།མ་འོངས་བ་ན་འདི་འདྲིའི་རྩོད་ལྷུང་མི་ཡོང་པའི་ཕྱོགས་ལ་གྲ་སྒྲིག་ངེས་པར་དུ་རྒྱག་དགོས་ས་རེད།

    Reply
  42. jampa says:
    ལོ་ 16 སྔོན།

    བློ་དགའ་ལགས། ཁྱོད་རང་གི་ག་རེ་བཤད་ཀྱི་ཡོད། གང་ཟག་སྒེར་ལ་དམིགས་ནས་གྲོས་འཆར་ཁུར་ཡོང་བ་དེ་ཡག་པོ་མ་རེད། ཁོ་ཚོ་དཔུང་བསྒྲིགས་ནས་ཡོང་བ་དེ་ཡག་པོ་མ་རེད།

    Reply
  43. ཁ་བའི་འདབ་མ says:
    ལོ་ 16 སྔོན།

    བློ་དགའ་མིང་ཅན་ལགས། ཚོགས་གཙོ་ཟུར་བར་སྐྱོན་འདོགས་མ་བྱེད་རོགས། ཁོང་རང་གིས་དགོངས་པ་དང་བསྟུན་ནས་ཕྱིར་ཕེབས་པ་ཡིན་རྒྱུ་རེད།

    Reply
  44. བློ་དགའ། says:
    ལོ་ 16 སྔོན།

    རང་ངོས་ནས་རང་ཉིད་ཕྱིར་ཕུད་བྱས་པ་ཡི་སྤྱི་འཐུས་དེ་ཚོ་ལ་བཀྲ་ཤིས་བདེ་ལེགས་ཞུ་ཡ་ཡིན། ད་ཁྱོ་རས་རང་ལ་འཇོན་ཐང་མེད་པའི་ཧ་ཉིད་གོ་ནས་ཐོན་པ་རེད། གཏན་ནས་གཏན་དུ་ཕྱིར་ལོག་མ་འོང་རོགས། དམིགས་བསལ་གྱི་་་ཚོགས་གཙོ་ཟུར་པ་ར་བཟི་བ་དེ་དང་ཨུ་རྒྱན་སྟོབས་རྒྱལ་གཉིས། ད་བོད་མི་རིགས་འགྱེལ་བའི་སྒང་ལ་རྡོག་བརྫིས་མ་གནང་རོགས། སྐུ་མཁྱེན། གཟིམ་འཇགས་གནང་།

    Reply
  45. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    སྤྱི་འཐུས་ཚོ་ཞབས་འདྲེན་ཇི་ལྟར་ཞུ་བཞིན་པའི་Bhagsu བོད་སྐད་རླུང་འཕྲིན་གྱི་དུམ་བུ་ཙམ་ཡང་Yuotube.com དྲ་རྒྱའི་སྟེང་དུ་བཅུག་ཐུབ་ན་བཟང་། ང་ཚོ་ཕྱི་རྒྱལ་ལ་ཡོད་པའི་བོད་རིགས་ཚོས་ཀྱང་བལྟ་འདོད་འདུག ཕྱི་སྡོད་བོད་རིགས་མང་པོ་ཞིག་ཁོང་ཚོའི་བྱ་སྤྱོད་དག་མཐོང་ནས་རང་བཙན་ལག་དེབ་ཀྱི་དཔྱ་ཁྲལ་ཆད་པ་མ་རེད་བཅད་པ་རེད་ད།

    Reply
  46. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    ད་རེས་སླར་ཡང་ཧོར་གཙང་འཇིགས་མེད་ལགས་ཀྱིས་བསམ་ཚུལ་ཞིག་དྲན་སོང་། ཕྱི་རྒྱལ་ལ་ཡོད་པའི་བོད་པ་གང་རུང་ཞིག་ལ་ཟླ་རེའི་དོ་ཕོག་ཨ་སྒོར་སྟོང་ཕྲག་ཅིག་ཡོད་པ་ཞིག་རྡ་སར་མགྲོན་དུ་འབོད་ནས་ཨ་སྒོར་ཉིས་བརྒྱའི་དོ་ཕོག་གིས་བཀའ་ཁྲིར་འགོད་ཀྱང་རུང་ཁག་པོ་རེད་ཅེས་པ་ནི་ཤིན་ཏུ་བདེན། ད་ནི་ཏག་ཏག་སྤྱི་འཐུས་ཚོས་བོད་དོན་མི་རྩོད་སྒོར་མོ་རྩོད་བའི་དུས་ལ་བབ་ཡོད་པ་འདྲ། ཨ་ཁཁཁཁཁ

    Reply
  47. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    འདི་ལྟར་དཔའ་གཏམ་འགའ་བཤད་དེ་རང་དགར་གྲོས་ཁང་ཕྱི་ལ་ཐོན་ཏེ་འགྲོ་བ་ལས། རྒྱ་གར་གྲོས་ཙོགས་འཐུས་མི་ཚོ་ནང་བཞིན་གནད་དོན་གང་ཞིག་བརྩད་དེ་རྒྱག་རེས་བྱས་ནའང་མི་འགྲིག་པ་ཅི་ཡོད། Bhagsu་ བོད་སྐད་བརྙན་འཕྲིན་ལྟ་རོགས་གནོང་། དེ་རུ་ཁོ་ཚོས་ཞབས་འདྲེན་ཇི་ལྟར་བྱེད་བཞིན་པ་མཐོང་ཐུབ།

    Reply
  48. བསྟན་འཛིན་ཡོན་ཏན། says:
    ལོ་ 16 སྔོན།

    སྦྱི་འཐུས་བསོད་ནམས་སྟོབས་རྒྱལ་ཡིན་ན་འདིས་རྐྱེན་པས་ག་དུས་ཡིན་ན་གླེང་རྙོག་རྐྱང་རྐྱང་ལས་གང་ཡང་མི་འདུག་ཨ་ཧ་བོ

    Reply
  49. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    སྤྱི་འཐུས་ཚོས་རང་མདོག་བསྟན་སོང་། མང་གཙོའི་ཀ་བ་གསུམ་གྱི་ཡ་གྱལ། ཆབ་སྲིད་ཀྱི་གྲོས་ཚོགས་འདི་འདྲ་ཞིག་ཨ་ཡིན།

    Reply
  50. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    ད་སྤྱི་འཐུས་རྣམས་པས་དགོངས་པ་ཟབ་ཙམ་བཞེས་རན་འདུག དེ་རིང་གི་གྲོས་ཚོགས་ནང་གི་ངོ་གདོང་དེ་ཚོར་བལྟ་གིན་བལྟ་གིན་བློ་འཚབ་སྐྱེ་བ་ཞིག་རེད། བླ་མས་མཁྱེན།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese