སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཉིན་ ༡༢ པ་སྟེ། དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ དང་ཕྱེད་ཀའི་སྟེང་། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཞིག་གི་ཐད། སྤྱི་འཐུས་ནང་ཁུལ་དགོངས་ཚུལ་མ་མཐུན་པ་བྱུང་སྟབས། གྲོས་ཚོགས་འཐུས་མི་ ༡༢ ཙམ་གཅིག་རྗེས་གཉིས་མཐུད་ཀྱིས་གྲོས་ཚོགས་ལས་ཕྱིར་ཐོན་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་བ་ཡིན་ན། ལས་དོན་གང་ཡང་ཐག་གཅོད་བྱ་ཐབས་མེད་སྐོར་གཏན་འབེབས་བྱས་ཡོད་སྟབས། གྲོས་ཚོགས་དུས་མིན་གྱིས་མི་གྲོལ་ཐབས་མེད་བྱུང་ཡོད།
ཉེ་ལམ་ཆབ་སྲིད་བཙོན་ཟུར་གྱི་འོས་ཁོངས་ནས་ཨོ་སི་ཊོ་ལེ་ཡར་གཏན་སྡོད་དུ་ཕེབས་པ། མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལགས། ཐེངས་འདིའི་གྲོས་ཚོགས་ཚོགས་དུས་བརྒྱད་པར་ཆེད་ཕེབས་གནང་བའི་ལམ་གྲོན་དེ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཕུལ་ཡོད་སྟབས། དེ་འདྲའི་ལམ་སྲོལ་སྔར་བྱུང་མྱོང་མེད་པའི་ངོས་འཛིན་ཐོག སྤྱི་འཐུས་སྒྲོལ་མ་མཚོ་མོ་ལགས་ཀྱིས་རྒྱ་བལ་འབྲུག་གསུམ་ཕུད་པའི་ཆེད་འཛུགས་ཕྱི་རྒྱལ་ཁག་གི་སྤྱི་འཐུས་མ་ཡིན་པ་དག་ལ། སྔར་ལམ་ལྟར་འགྲོ་སོང་དོ་བདག་གིས་འགན་འཁུར་དགོས་པའི་གྲོས་འཆར་བཏོན་ཡོད་པ་མ་ཟད། གྲོས་འཆར་དེ་ལ་སྤྱི་འཐུས་ ༡༤ ཙམ་གྱིས་རྒྱབ་སྐྱོར་གྱི་ས་རྟགས་སྐྱོན་འདུག
གྲོས་ཚོགས་འཐུས་མི་འགའ་རེ་ཡིས་སྔར་ལམ་སྲོལ་མེད་བཞིན་དུ། ཐེངས་འདིར་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལགས་སུ་འགྲོ་སོང་བཏང་བ་དེ་སྤྱི་འཐུས་རྒྱུན་ལས་ཀྱིས་དྲང་མོ་བྱས་མེད་ཚུལ་དང་། ཡང་སྤྱི་འཐུས་འགའ་རེ་ཡིས་གྲོས་གཞི་གྲོས་འཆར་འདི་ལ་ཧ་ཅང་ཛ་དྲག་གི་རྣམ་པའི་ཐོག་ནས་སྤྱི་འཐུས་ ༡༤ ཙམ་གྱིས་རྒྱབ་སྐྱོར་ས་རྟགས་སྐྱོན་པ་ཚུལ་མཐུན་མིན་ལུགས་སོགས། གྲོས་འཆར་དེ་གྲོས་ཚོགས་ནང་སྙན་སྒྲོན་ཞུས་མ་ཐག་སྤྱི་འཐུས་ ༡༥ ལྷག་གིས་དགོངས་ཚུལ་གསུངས་མཐར་བསམ་ཚུལ་མ་མཐུན་པ་བྱུང་སྟེ། གྲོས་ཚོགས་འཐུས་མི་ ༡༢ ཙམ་གཅིག་རྗེས་གཉིས་མཐུད་ཀྱིས་གྲོས་ཚོགས་ར་བ་ལས་ཕྱིར་ཐོན་ཡོད་སྟབས། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆའི་གཉིས་མ་ལོངས་སྟབས། ཕྱི་དྲོའི་ཆུ་ཚོད་ ༤ དང་ཕྱེད་ཀའི་ཐོག་དུས་མིན་གྱིས་ཚོགས་གསེང་མི་སྤྲོད་ཐབས་མེད་བྱུང་ཡོད།
སྤྱི་འཐུས་སྒྲོལ་མ་མཚོ་མོ་ལགས་ཀྱིས་བཏོན་པའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གྱི་སྔོན་གླེང་ནང་བཀོད་དོན། བཅའ་སྒྲིག་དང་ལམ་ལུགས་དགོངས་དོན་ཆོལ་ཁ་དང་ཆོས་ལུགས། ཆོས་བརྒྱུད་སྤྱི་འཐུས་རྒྱ་བལ་འབྲུག་གསུམ་ནས་ཡོང་དགོས་པ་ལྟར། རྒྱ་བལ་འབྲུག་གསུམ་ཕུད་ཕྱིའི་རྒྱལ་ཁབ་ནས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཡོང་སྲོལ་མེད་གཤིས། ཁུངས་སོ་སོར་འདེམས་ཐོན་བྱུང་བའི་སྤྱི་འཐུས་ཕྱི་རྒྱལ་དུ་གནས་སྤོས་བྱས་པ་བྱུང་ཚེ། སྔར་ལམ་ལྟར་སོ་སོས་རྒྱག་རང་འཁུར་བྱེད་དགོས་པ་ལས། གཞུང་གྲོན་གཏོང་ལུགས་མེད་པས་གྲོས་ཆོད་ཅིག་འཇོག་དགོས་གལ་མཐོང་། ཞེས་དང་། གྲོས་ཆོད་དངོས་གཞིའི་ནང་བཀོད་དོན། རྒྱལ་བལ་འབྲུག་གསུམ་ནས་ཆོལ་ཁ་དང་ཆོས་ལུགས། ཆོས་བརྒྱུད་ཁུངས་སོ་སོར་འོས་འདེམས་བྱུང་བའི་སྤྱི་འཐུས་ཞིག་གོང་གསལ་ལས་ཕྱི་རྒྱལ་དུ་གནས་སྤོ་བྱ་དགོས་བྱུང་ཚེ་སྔར་ལམ་ལྟར་སྤྱི་འཐུས་སོ་སོས་རྒྱག་རང་འཁུར་བྱེད་དགོས་པ་ལས། གཞུང་གྲོན་གཏོང་མི་ཆོག་པའི་སྤྱི་མོས་སམ་མང་མོས་གྲོས་ཆོད་དུ། ཞེས་བཀོད་འདུག
སྤྱི་འཐུས་སྒེར་གྱི་གྲོས་གཞི་གྲོས་ཆོད་དེའི་འོག་ཏུ་སྤྱི་འཐུས་ཚེ་རིང་སྒྲོལ་མ་དང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན། སྤྱི་འཐུས་པད་མ་འབྱུང་གནས། སྤྱི་འཐུས་ཟླ་བ་ཚེ་རིང་། སྤྱི་འཐུས་ངག་དབང་ལྷ་མོ། སྤྱི་འཐུས་སྒྲོལ་མ་ཚེ་རིང་། སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས། སྤྱི་འཐུས་བསོད་ནམས་ཚེ་རིང་ཕིར་སི། སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན། སྤྱི་འཐུས་རྒྱལ་ནོར་ཚེ་དབང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ། སྤྱི་འཐུས་སྨོན་དཀར་བསོད་ནམས་ཕུན་ཚོགས། དེ་བཞིན་གྲོས་འཆར་འདོན་མཁན་སྤྱི་འཐུས་སྒྲོལ་མ་མཚོ་མོ་བཅས་གྲོས་ཚོགས་འཐུས་མི་ ༡༤ ཙམ་གྱིས་ས་རྟགས་སྐྱོན་འདུག
དྲ་གྲོགས་ཚོ་བདག་ལ་ལམ་སྟོན་ཞིག་གནོང་དང་། ཝ་ཟུར་བཏགས་ཤེས་ཀྱིན་མི་འདུག དཔེར་ན། གྲ་པ། ཁ་ཏ། སློབ་གྲ་ལྟ་བུ་རེད། ངའི་ཝ་ཟུར་འདོགས་སྟངས་ཀྱང་སྤྱི་འཐུས་ཚོའི་བྱེད་སྟངས་དང་གཅིག་པ་རེད།
ད་ཡང་བོད་པ་ཚང་གིས་རྡོ་དང་གྲི། དབྱུག་པ་དང་ལྕགས་རྡོ་སོགས་འཁྱེར་འགྲོ་དགོས་པའི་དུས་ཤིག་ལ་སླེབས་ཡོད་འདྲ། ང་ཚོའི་སྤྱི་འཐུས་ཚོ་ནི་བྱ་ཁ་ཏ་དང་འུག་ཁྱུ་ཅིག་རེད།
ད་ལྟ་རྒྱ་ནག་དགའ་གི་ཡོད་ཚོད་རེད།
གྲོས་ཚོགས་ཀྱི་རྙོག་དྲ་འདི་འདྲ་བྱུང་སའི་ཁུངས་གཙོ་བོ་ནི། ཆོས་བརྒྱུད་ཁག་གི་མིང་ཐོག་ནས་འོང་བའི་གྲྭ་ཆས་དང་བོན་ཆས་གོན་མཁན་གྱི་ཁྱི་རྒན་དེ་ཚོ་རེད། དེ་ཚོ་འཇུ་ཆེན་ཇག་དཔུང་གི་རྒྱབ་རྩ་ལ་ལངས་པས། མི་ངན་ཕྱོགས་གཏོགས་ནས་་་་ རྒྱ་ཆེའི་མདོ་སྟོད་མི་མང་ལ་མགོ་སྐོར་གཏོང་ཞོར་དང་། རྒྱ་ཆེའི་མདོ་སྟོད་མི་མང་ལོག་ལམ་དུ་ཁྲིད་ཞོར་དུ་་་་ག་དུས་ཡིན་ན་ཡང་གྲོས་ཚོགས་སུ་ཟིང་སློང་བྱེད་པ་རེད།
གྲོས་ཚོགས་སུ་སྤྱི་འཐུས་ཚོའི་གྲལ་རིམ་ལ་དབྱེ་བ་དེ་འདྲ་ཇི་ལྟར་ཕྱེས་པ་ཡིན་ནམ། དམར་ལམ་ལམ་་་དུ་ཡོད་པའི་ཝ་ཚོགས་དེ་ནམ་ཡང་མདུན་ནས་ངར་ངར་རྫིག་རྫིག་བྱེད། དེ་ཚོ་མར་རྒྱབ་ལོག་ལ་ཕུད་དགོས་འདུག རབ་བྱུང་ན་མི་དེ་རིགས་གྲོས་ཚོགས་ནས་བཟློག་རྒྱག་གིས་ཕུད་ན་རེད། རྒྱལ་བ་ཡེ་ཤེས་ནོར་བུ་ཚད་བཙུགས་ནས་བཤད་ན། མདོ་སྟོད་མི་མང་གི་རེ་བ་དང་བསམ་འདུན་དེ་་་་་ ཇག་རྒན་ཨུ་རྒྱན་སྟོབས་རྒྱལ་གྱི་བཤད་སྟངས་དེ་འདྲ་ཞིག་རྩ་ནས་མ་ཡིན། གནས་དོན་འདི་བོད་མི་ཚང་མས་ཤེས་ན་ལེགས།
སྤྱི་འཐུས
སྤྱ་འཐུས་མང་ཆེ་བའི་སྤྱོད་འཇུག་མ་ཎྀ་བཞིན་བློ་ལ་ཡོད་ཀྱང་རང་བརྒྱུད་ཐུལ་མི་འདུག ཁྱོད་མཆོངས་ས་ལ་རྒྱུ་མཚད་ཡོད་ཀྱང་འདྲ་མེད་ཀྱང་རུང་། ནང་ཁཱུལ་ཆོལ་ཁ་ཞིག་གི་དོན་དུ་མདུན་མཆོང་གི་དཔའ་རྒོད་ཤ་རྟག་རེད།
འདི་ནི་བོད་མི་དམངས་ཀྱི་གཏམ་དཔེ་རེད།
ཁོང་ཁྲོའི་རྗེས་ལ་འགྲོ་མཁན་སྨྱོན་པ་ཡིན།།
ཁོང་ཁྲོ་སློང་མཁན་མེད་ན།།
བཟོད་པ་སུ་ལ་སྒོམས།།
ཁོང་ཁྲོས་ཁོང་ཁྲོ་འདུལ་མི་ཐུབ།།
གཏམ་དཔེ་འདི་བློ་ལ་བཟུང་རོགས་གནང་།
ཕྱིས་འབྱུང་ཕན་ཐོགས་ཡོང་ངེས་པ་ཡིན་ནོ།།
ད་དུང་དྲན་ངོགས་ནས། ཞི་བ་ལྷའི་གསུང་ཞིག་དྲན་འོང་པ་འདི་ལྟར།
ས་སྟེང་འདི་དག་ཀོས་གཡོག་ཏུ།།
དེ་སྙེད་ཀོ་བས་ག་ལ་ལང་།།
ལྷམ་མཐིལ་ཙམ་གྱི་ཀོ་བས་ནི།།
ས་སྟེང་ཐམས་ཅད་གཡོགས་དང་མཚུངས།།
དེ་ཡང་ཉམས་ལེན་ཅུང་ཙམ་གནང་ན་གང་འདྲ་འདུག་གམ།།
བཀྱེལ་ཡངས་གནང་བར་ཞུ།
དྲྭ་གྲོགས་ཚོའི་སེམས་ཁཱུར་གང་གཟབ་གནང་ནས་བདེན་ཁ་རྗེས་འདེད་ཡོད་ན་བཟང་བ་ལས་གནས་ཚུལ་རྫབ་ཆེན་ཁྱབ་བསྒྲགས་བྱས་པ་ལ་དེ་བས་དགེ་མཚན་མི་འདུག། ཁ་གཏད་ཚང་ད་ཚོད་ཁུང་དགོད་རེ་ཤོར་ནས་ལུས་ཡོད་ངེས།
དེ་འདྲ་ཡིན་ན་དཔུང་པ་མཉན་གཤིབ་ཀྱིས་བོད་ལ་ལོག་རྒྱུ་ཁག་པོ་རེད་མི་འདུག་གམ།
ད་གང་དྲགས།
གོང་གི་རྐུབ་སྟེགས་སྟེང་ནས་འུར་ཟིང་འདི་འདྲ་ལངས་ན་དམངས་ལ་ཁག་མེད་པའི་གནས་ཚུལ་དུ་མ་་ཞིག་ཡོད་ངེས།
ཁ་སང་སྤྱི་འཐུས་རྣམས་རེ་རེ་བྱས་ནས་ང་ཕྱིར་ཐོན་འགྲོ ང་ཡང་འདི་ནས་ཕྱིར་ཐོན་འགྲོ་ཟེར་ནས་འགྲོ་སྐབས། ཁོང་ཚོའི་སེམས་ལ་སྔར་ནས་ནད་རྙིང་ཆེན་པོ་འདེགས་མི་ཐུར་པ་རེ་ཁྱེར་ཡོད་ཚོད་རེད། གནད་དོན་འདིས་ཐད་ལ་དག་སེལ་དང་ར་སྤྲོད་བྱེད་མཁན་ཡང་ཁག་པོ་རེད་མི་འདུག་གམ།
ཞབས་འདྲེན་ཚོ་བོད་མི་མང་ལ་གདོང་པ་བསྟན་རྒྱུ་ངོ་མི་ཚའམ། མུ་མཐུད་དེ་སྤྱི་འཐུས་ཀྱི་མིང་ཁུར་ནས་འདུག་རྒྱུ་ཡིན་ནམ། རང་ཉིད་རང་འཐུས་མ་གཏོགས་སྤྱི་འཐུས་རེད་འདུག་གམ། བེ་རི་དང་སྨོན་ལམ་མཐའ་ཕྱིན་གཉིས་དྲ་ཐོག་ཏུ་མི་ཡོང་བ་གང་དུ་བསྐུང་ཡོད། ཞབས་འདྲེན་གཉིས། ཁྱོད་གཉིས་གྲྭ་པའི་ཞབས་འདྲེན་ཡང་རེད།
དྲ་གྲོགས་ཚོ། གྲོས་ཚོགས་ནས་ཕྱིར་ཐོན་པའི་སྤྱི་འཐུས་ངས་ཤེས་པ་ནི། ཚོགས་ཟུར་ཀརྨ་ཆོས་འཕེལ་དང་། དགེ་ལུགས་སྤྱི་འཐུས་བེ་རི་འཇིགས་མེད་དབང་རྒྱལ། བོན་པོའི་སྤྱི་འཐུས་གཡུང་དྲུང་རྒྱལ་མཚན། རྙིང་མའི་འཐུས་ཨོ་རྒྱན་སྟོབས་རྒྱས། འཇུ་ཆེན་ཚང་གི་འདྲེ་མོ་དཀོན་མཆོག་ཟེར་བ། འབའ་བ་སྐལ་བཟང་རྒྱལ་མཚན། ཐུབ་བསྟན་འཕེལ་རྒྱས། སྨོན་ལམ་མཐའ་ཕྱིན། བཀའ་བརྒྱུད་སྤྱི་འཐུས་ཡིན་ནམ་གྲྭ་པ་ཚོ་སྟུག་དཀར་རིལ་རྒྱ་བོ་དེ་སོགས་རེད། གཞན་དག་ཚོའི་མིང་གསལ་པོ་དྲན་གྱི་མི་འདུག དཀྲིགས་ཤིང་གི་གཏེ་བོ་དེ་འཇུ་ཆེན་ཚང་གི་འདྲེ་མོ་དཀོན་མཆོག་ཟེར་བ་དང་། ཨོ་རྒྱན་སྟོབས་རྒྱས་ཟེར་བ། ཆང་ལད་ཀརྨ་ཆོས་འཕེལ་གསུམ་རེད། སྨོན་ལམ་མཐའ་ཕྱིན་ཟེར་བ་བོན་རྒན་ལྷག་བསམ་ཟོལ་ཅན་དེ་དང་གཡུང་དྲུང་རྒྱལ་མཚན་ཟེར་བའི་བཤད་ལུགས་ལ་ལྟོས་དཱ་སྤྱང་ཀུས་གྲྭ་གཟུགས་གྱོན་པའི་རྣམ་པ་གསལ་པོ་མི་འདུག ལྟོ་འགྲང་ཉི་མ་དྲོ་ཚེ་ཆོས་པའི་གཟུགས། །རྐྱེན་ངན་ཐོག་ཏུ་བབ་ཚེ་ཐ་མལ་པ་ཞེས་གསུངས་པ་ཅི་མ་བདེན།
༼ སྤྱི་འཐུས་བཅུ་གཉིས་གྲོས་ཚོགས་ནས་ཕྱིར་ཐོན་པ་༽ནི་རྩོམ་ཡིག་གི་བརྗོད་དོན་གཙོ་བོར་གྱུར་ཡོད་པས་ན། གྲོས་ཚོགས་ནས་ཕྱིར་ཐོན་པའི་སྤྱི་འཐུས་བཅུ་གཉིས་པོ་ནི་སུ་སུ་ཡིན་མིན་ངེས་པར་དུ་གསལ་འགོད་བྱེད་དགོས་པ་ཞིག་རེད། རང་སྣང་གང་དྲན་བྱེད་པའི་སྤྱི་འཐུས་སྒེར་དོན་པ་ཚོ་ནི་སུ་སུ་ཡིན་མིན་བོད་མི་མང་གིས་ཤེས་རྟོགས་ཡོང་དགོས། མ་གཞི་ནས་བསོད་ནམས་སྟོབས་རྒྱལ་མགོ་རལ་ཅན་འདི་བྱུར་གྱི་སྣ་འདྲེན་དང་། གྱོད་ཀྱི་གཞི་མ། ལྟས་ངན་ཡོང་ཁུངས་ཤིག་ཡིན། མི་ངན་འདི་འདྲས་བོད་དོན་ལ་སྣ་གཅིག་གི་ཕྱོགས་ནས་ཀྱང་ཅུང་ཙམ་ཡང་མི་ཕན་མོད། དུས་ཡུན་རིང་པོར་སྤྱི་འཐུས་ཀྱི་རྐུབ་སྟེགས་དེ་ཉིད་བརྟན་བཟུང་བྱས་ནས་བསྡད་ཡོད་པ་རེད། རྩོད་རྙོག་འདི་སྤྱི་འཐུས་སྒེར་གྱི་འགྲོ་གྲོན་གྱི་དོན་དག་ཅིག་ལ་ཐུག་འདུག་པས་དེ་ཆོལ་ཁའི་རྩོད་རྙོག་ཅིག་གཏན་ནས་མ་རེད་ལ། བོད་མི་ཚོས་ཀྱང་དེ་ཆོལ་ཁའི་རྩོད་རྙོག་ཅིག་གི་ངོ་བོ་དང་རྣམ་པ་གང་དུ་ཡང་བསྒྱུར་བཅོས་བྱེད་མི་རུང་། སྤྱིར་བཏང་གྲོས་ཚོགས་ནང་རྩོད་རྙོག་འབྱུང་བ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་ལ། བསམ་ཚུལ་མ་མཐུན་པའི་རྩོད་རྙོག་ནི་འབྱུང་དགོས་ངེས་ཤིག་ཀྱང་ཡིན། དེ་ཡང་རང་རེ་བོད་ཀྱི་སྤྱི་དོན་རང་ལ་བརྟེན་ནས་རྩོད་རྙོག་འདྲ་བྱུང་ན་ནི་དགའ་བསུ་ཡོད།
གང་ལྟར་ཐེངས་འདིའི་གྲོས་ཚོགས་སྐབས་ཀྱི་རྩོག་རྙོག་གི་འབྱུང་རྩ་ནི་སྤྱི་འཐུས་རྒྱུན་ལས་ཀྱིས་བཟོས་འདུག་ཅིང་། གྲོས་ཚོགས་འཐུས་མི་ཚོས་ཀྱང་བདེན་པ་དང་ལུགས་མཐུན་ཡིན་པའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་མ་བྱས་པའི་སྐྱོན་ཆ་ལྷགས་འདུག ད་ནི་བོད་མི་མང་སྤྱི་འཐུས་ཟེར་ནའང་འདྲ། རྒྱལ་སྤྱིའི་ཐོག་ཆེས་བརྩི་བཀུར་ཡོད་པའི་༧གོང་ས་མཆོག་གིས་དབུ་ཁྲིད་པའི་སྲིད་གཞུང་གི་གྲོས་ཚོགས་འཐུས་མི་ཟེར་ནའང་འདྲ། སྤྱི་འཐུས་སྒེར་གྱི་དོན་དག་ཆུང་ཆུང་ཞིག་ལ་བརྟེན་ནས་རང་མདོག་བསྟན་ཐལ། རྫུན་རྐུབ་བརྡོལ་ཐལ། ཞབས་འདྲེན་ཞུས་ཐལ། བོད་མི་མང་སྤྱི་འཐུས་མང་ཆེ་བའི་སྤུས་ཚད་དེ་འདྲའི་སྐྱོ་བོ་རེད།
ང་ཚོར་ཁྲིམས་བཟོ་ལྷན་ཁང་ཡོད་ཀྱང་རང་ཁྲིམས་ནི་རང་གིས་བཤིག་སོང་། འཛིན་སྐྱོང་བཀའ་ཤག་ཡོད་ཀྱང་བོད་དོན་གྱི་ཉམས་ཇེ་དམའ་རེད། ཁྲིམས་ཞིབ་ལྷན་ཁང་ཡོད་ཀྱང་དགའ་སྤོབས་འོས་པའི་ཁྲིམས་གཅོད་ནི་གང་ཡང་མི་ཡོང་།
དུས་བབ་རྩོམ་སྒྲིག་པ་ལགས། སྤྱི་འཐུས་ཚོའི་ཁྲོད་ན་དུས་བབ་ཀྱི་དྲ་རྒྱ་འདི་ལྟ་ཀློག་བྱེད་ཐུབ་མཁན་ཆེས་ཉུང་ཤས་ལས་མེད་ངེས་པས། དྲ་གྲོགས་ཚོས་བཏོན་པའི་བསམ་ཚུལ་རྣམས་སྡེབ་གཅིག་ལ་སྤྱི་འཐུས་རྒྱུན་ལས་དང་གྲོས་ཚོགས་ལ་འབུལ་ཐབས་བྱས་ན་ག་འདྲ་ཡིན་ནམ།
སྤུན་གྲོགས་རྣམས་པ་ཁྱེད་ཚོ་ཚང་མས་བོད་སྤྱི་བའི་ལས་དོན་ལ་སེམས་ཁུར་དང་ཁག་ཁུར་གནང་བ་ངོ་མས་དགའ་འོས་ཤིག་རེད། ཡིན་ན་ཡང་ སྐད་ཆ་བཤད་དུས་དང་རྩོམ་ཡིག་འབྲི་དུས་གཟབ་གཟབ་བྱེད་དགོས། དྲང་བོ་དྲང་བཞག་གི་གླེང་སློང་བྱེད་དགོས་པ་གལ་ཆེན་པོ་རེད། དེ་ལྟར་མ་བྱུང་ཚེ་སྤྱི་ཚོགས་ནང་ཤུགས་རྐྱེན་ངན་པ་ཞིག་དང་འདུ་ཤེས་ངན་པ་ཞིག་སླེབས་ངེས་ཡིན་པས་ཚང་མས་སྤྱི་སེམས་དང་བློ་བསམ་གཟུར་གནས་ཀྱིས་བསམ་གཞིག་བྱེད་རྒྱུ་དགོང་འཇགས་འཚལ།
སྐྱག་འཛིན་་་་་་་་་་སྐྱག་རྫུན་་་་ཡིག་ནོར་
ཁ་སང་དོན་རྐྱེན་ཆུང་ཆུང་དེ་གནད་དོན་ཆེན་པོ་མ་རེད། སྤྱིར་དེང་རབས་ནང་བཤད་སྲོལ་ཞིག་ལ། ཆབ་སྲིད་པ་ནི་སྐྱག་འཛིན་ཡིན། ཆབ་སྲིད་ནི་བདེན་པ་ཡིན་ཞེས་པ་ལྟར། ཆབ་སྲིད་པའི་གནས་སྟངས་འོག ཆབ་སྲིད་པའི་ཁོག་ངན་དང་གཡོ་སྦྱོར་རིགས་ངན་ཤོར་དུ་སོང་ན་རྗེས་འབྲས་དེ་འདྲ་ཞིག་ལས་ཡོང་རྒྱུ་ག་ལ་ཡོད།
འདི་ནི་གདོང་དམར་བོད་ཀྱི་རིགས་རྒྱུད་ཚོ་ལ་སྔོན་བརྡ་ཙམ་ལས་གནས་ཚུལ་རྫབ་ཆེན་གང་ཡང་མཐོང་གི་མེད། ད་དུང་ཆོས་ལུགས་དང་ཆོལ་ཁའི་འཐེན་ཁྱེར་དཔུང་སྒྲིག་གི་ནད་གཞི་མུ་འཐུད་ནས་སྐྱི་གཡའ་བ་རེ་འབྱུང་ཉེན་ཆེ་བའི། སྔོན་བརྡ་འདིས་འོག་ནས་ཀླད་འཁྲེགས་གཡོ་ཇུས་རིགས་སྤུན་ཟླ་རྣམས་ཀྱིས་དག་ཕུད་དང་། ནོར་བཅོས། བསམ་བློ་བཀྱེལ་ཡངས་གནང་རྒྱུ་གལ་འགངས་ཧ་ཅང་ཆེ་བ་མ་ཟད། དག་སེལ་ཡང་བའི་རེ་བ་འབུམ་ཕྲག་ལས་བརྒལ་བ་ཡོད། ང་ཚོའི་སྤྱི་ཚོགས་ནང་མི་མང་པོ་ཞིག་གི་རེ་བ་དང་ཡིད་ཆེས་ལ་སྙེག་བཞིན། མ་འོང་པའི་དམིག་ཡུལ་བཟུང་སྟེ། མཐོ་བ་དཔོན་པོ། མར་ཀྱི་སྙུག་ཐོག་པ་ཚུན་ཆད་ལ་ཕྱོགས་ལྷུང་གི་དཔུང་སྒྲིག་ཟེར་བ་འདི་ཆམ་ནད་བཞིན་དར་ཁྱབ་ཕྱིན་ཡོད།
h;ôm-¤VôG-¤Eïmü h-uÛ-ºfÞÅ-hï-±ô-GP-ºiü Åô-ÅôºÛ-Dï-wm-¤-GbôGÅ-GP-»P-zŤ-„Àô-GbôP-GÛm-¤ïh-q-ºiü h-»Ûm-m-P-mÛ-uÛ-ºfÞÅ-ºhÛ-±ô-¾-»Û-fP-¡h-hï-Vh-ÅôP.ü h;ôm-¤VôG-¤Eïmü
མང་པོ་ཞིག་གིས་ད་ལན་སྤྱི་འཐུས་སྒེར་གྱི་གྲོས་འཆར་འདི་བརྒྱུད་སྐུལ་བྱེད་པོ་ཚོགས་གཞོན་རྒྱ་རི་སྒྲོལ་མ་ཟེར་བ་དེ་ཡིན་པ་དང་། མོའི་ཤག་ཏུ་བློ་མཐུན་མང་པོ་ཉིན་ཚོགས་མཚན་ཚོགས་བྱས་ཡོད་སྐད། མདོ་སྟོད་སྤྱི་འཐུས་རལ་པ་ཅན་ལ་མིང་ཆད་བཟོས་ཏེ་ཕྱིར་འབུད་ཐུབ་ན་མོ་རང་གི་ཁྱོ་གའི་སྲིང་མོ་གྲའུ་ཚེ་བརྟན་ཟེར་བ་ཞིགསྤྱི་འཐུས་སུ་ཡོང་རྒྱུའི་ལམ་ཁ་རེག་ཐབས་བྱས་པ་ཞིག་ཡིན་སྐད་ཀྱང་འདུག
ད་ནི་འདི་ནི་ཆོལ་ཁའི་རྙོག་གྲ་མ་རེད་ཟེར་རྒྱུ་མི་འདུག་ལ་ས་ཡིག་རྒྱག་མཁན་མང་ཆེ་བ་དབུས་གཙང་དང་མདོ་སྨད་ཡིན་འདུག་འདིས་ཀྱང་མདོ་སྟོད་ཀྱི་མི་ཞིག་ལ་ཐུག་དུས་མཉམ་རུབ་བྱས་པའི་བཟོ་འདྲ་འདུག
གླང་དར་མའི་སྤྲུལ་བ་ཨུ་རྒྱན་སྟོབས། སྟོབས་མེད་པའི་འཁྱམས་པོ་བླུན་པོ་རེད།
བོད་རང་སྐྱོང་ལྗོངས་ཀྱི་སྐུ་མགྲོན་རེད། བོད་ཁ་བ་ཅན་གྱི་དགྲ་བོ་རེད།
ལོ་ངམ་རྟ་རྫི་རོ་ལངས་རྒྱག་ནས་འདུག གདོན་གཟུགས་བོན་གྱི་རྣམ་པར་མངོན་ནས་འདུག
སྨོན་ལམ་ལོག་པའི་མཐའ་རུ་ཕྱིན་ནས་འདུག ཆོས་སྐྱོང་སྲུང་མས་གདོན་འདི་བརླགས་པར་མཛོད།
བེ་རུ་འཇིགས་མེད་དགེ་ལུགས་ལྟོ་བ་ཅན། རང་ཚུགས་མེད་པས་བོན་གྱི་ཀླད་རོ་ཅན།
ངོ་ཚ་མེད་པས་འཇུ་ཆེན་ལག་ཆ་ཅན། ཕྱོགས་ཞེན་དུག་ཆུ་སྙིང་ནས་འཛག་མཁན་རེད།
ད་མང་པོ་བྲི་རྒྱུར་ལྷག་ཡོད། སང་ཞོགས་ཡར་ལངས་པ་ནས་འབྲི་རྒྱུ་ཡིན་པས་གཟིགས་གནང་།
ངས་འདི་ནས་བོད་རིགས་དྲ་གྲོགས་ཡོངས་ལ་ཆེད་དུ་ཞུ་རྒྱུར། གོང་དུ་སྤྱི་འཐུས་རྣམས་ཀྱིས་ཆོལ་ཁ་ཡིན་ན་ཡང་འདྲ་ཆོས་ལུགས་ཡིན་ན་འདྲ། གང་ལྟར་ཕྱོགས་ལྷུང་དང་ཞེ་འཁོན་ཞིག་གི་དབང་གིས་ཞབས་འདྲེན་ཞུས་ཚར་འདུག ཡིན་ན་ཡང་། ང་ཚོ་བོད་རིགས་སྤུན་ཟླ་རྣམས་ནི་ནམ་ཡང་སྐྱིད་སྡུག་གཅིག་གི་བདག་པོ་ཡིན་ལ། ཁྱིམ་ཚང་གཅིག་གི་སྤུན་ཟླ་ཡིན། མདོ་དབུས་ཁམས་གསུམ་གང་དུ་གནས་པའི་བོད་མི་ཡོད་དོ་ཅོག་བླ་མ་གཅིག་གི་སློབ་མ་ཡིན། ལོ་རྒྱུས་ཀྱི་སྟེང་ནས་བཤད་ན། ཕན་ཚུན་མི་མཐུན་པ་ཕྲན་བུ་རེ་བྱུང་ཡོད་ཀྱང་། འདས་པ་ནི་འདས་པ་རང་རེད། ང་ཚོས་ངེས་པར་དུ་མིག་སྔའི་གནས་སྟངས་ལ་གཞིགས་ནས་བསམ་བློ་ཞིབ་ཏུ་གཏོང་དགོས་ལ། མཐུན་སྒྲིལ་གྱི་ལག་རྡིང་དམ་དུ་སྒྲེལ་དགོས། ཆོལ་ཁ་ཟེར་ན་ཡང་རེད། མདོར་ན་ཚང་མ་བོད་རིགས་ནང་ཁུལ་རེད། བོད་རིགས་འདི་གྲངས་ཉུང་ལ་ཉམ་ཆུང་བའི་སྐབས་སུ། ང་ཚོ་བོད་མི་ཡོངས་ཀྱིས་སེམས་པ་གཅིག་ཏུ་སྒྲིལ་ནས་མཐུན་སྒྲིལ་བྱེད་དགོས། ཆོས་ལུགས་གང་ཞིག་ཡིན་རུང་སེམས་ཀྱི་བདེ་བ་འཚོལ་བྱེད་དུ་བཀོལ་དགོས་པ་ལས། སྤྱི་ཚོགས་ཀྱི་དཀྲིགས་ཤིང་ལྟ་བུ་ཞིག་ཆགས་སོང་ན། ཞེ་རེ་ཕངས། ཆོལ་ཁ་ཞེས་བཤད་ཀྱང་། ཁྱིམ་ཚང་གཅིག་ཡིན་པས། ཁྱིམ་ཚང་ནང་ཁུལ་མ་མཐུན་ན་ཁྱིམ་མཚེས་གཡས་གཡོན་དག་ལ་ངོ་རེ་ཚ། གཞིས་བྱེས་གང་དུ་བཞུགས་པའི་བོད་རིགས་སྤུན་ཟླ་རྣམས་པ། སྐྱར་དུ་ཞུ་རྒྱུར། གནས་ཚུལ་འདི་ནི་ང་ཚོ་ལ་མཚོན་ན། མཐུན་སྒྲིལ་གྱི་ལག་རྡིང་དམ་དུ་འཁྱུད་དགོས་པའི་བསྐུལ་མ་ཐེངས་གཅིག་ཡིན་ལ། འབྱུང་འགྱུར་གཞུང་ཞབས་ཀླད་མེད་དག་གི་རྗེས་སུ་མི་འགྲོ་བའི་བསླབ་བྱ་ཞིག་ཀྱང་ཡིན། ད་ནས་བཟུང་ང་ཚོ་བོད་མི་ཡོད་དོ་ཅོག་གིས། འབྱུང་འགྱུར་སྤྱི་འཐུས་འདེམས་སྟངས་ཀྱི་སྐོར་ལ་བསམ་བློ་གཏོང་དགོས་ལ། ཆོལ་ཁ་དང་ཆོས་ལུགས་ཀྱི་ནད་རྙིང་ཁུར་ནས་སྤྱི་ཚོགས་ཁྲོད་དཀྲིག་ཤིང་སློང་མཁན་གྱི་གདོན་འདྲེ་དེ་རིགས་སྤྱི་ཚོགས་དང་ཆོས་ལུགས་གང་གི་ཁུངས་སུ་གཏོགས་རུང་། ཕྱོགས་ལྷུང་ཁོ་ནའི་དབང་གིས་མི་ལྟ་བར། དྲང་བདེན་ཞེས་པ་དེ་ཡིད་ལ་དྲན་པར་གྱིས། ང་ཚོའི་མི་རབས་འདི་ནི། མཐུན་སྒྲིལ་གྱི་ལག་རྡིང་གཅིག་ཏུ་སྒྲེལ་ཞིང་། དྲང་བདེན་དང་གནས་ལུགས་ལ་ཕྱོགས་པའི་མི་རབས་ཤིག་ཡིན་པས། བོད་རིགས་སྐྱ་སེར་ཕོ་མོ་ཡོངས་ཀྱིས། བཟང་ངན་གང་ལྟར་ཡང་། ང་ཚོ་ཁྱིམ་ཚང་གཅིག་གི་མི་ཡིན་པ་མ་བརྗེད་རོགས། ང་ཚོ་ཤ་ཁྲག་གཅིག་གི་སྤུན་ཟླ་ཡིན་པ་མ་བརྗེད་རོགས། ང་ཚོ་ད་དུང་གཞིས་བྱེས་ཁ་བྲལ་ནས་ཡོད་པ་མ་བརྗེད་རོགས། ང་ཚོ་ལ་ད་དུང་རང་ཉིད་ལ་དབང་བའི་རང་ས་ཞིག་ཀྱང་མེད་པ། ཅི་ནས་ཀྱང་མ་བརྗེད་རོགས། ང་ཚོས་མི་ཡུལ་ནས་ཅི་ཞིག་མྱོང་གི་ཡོད་པ་མ་བརྗེད་རོགས། ང་ཚོ་ལ་གཞིས་བཞུགས་སྤུན་ཟླ་རྣམས་ཀྱིས་རེ་བ་ཇི་འདྲ་ཞིག་བཅངས་ཡོད་པ་མ་བརྗེད་རོགས། ང་ཚོ་ལ་༧གོང་ས་མཆོག་གིས་བཀའ་སློབ་གང་འདྲ་ཞིག་གནང་ཡོད་པ་མ་བརྗེད་རོགས། ང་ཚོ་བོད་པ་ཡིན། ང་ཚོ་ནི་ནམ་ཡང་ཁྱིམ་ཚང་གཅིག་ཡིན། ང་ཚོ་ནི་དུས་རྟག་ཏུ་དམིགས་ཡུལ་གཅིག་གི་ཆེད་དུ་མདུན་དུ་སྐྱོད་ཀྱིན་ཡོད། བོད་རིགས་ཚོ། མཐུན་སྒྲིལ་གྱིས་ཡ། སྙིང་གཏམ་ཤོད་ཡ། རིག་པ་སྒྲིམ་ཡ།
སྤྱི་འཐུས་གྲོས་ཚོགས་ཁང་ནས།།
སྤྱི་རྒྱུ་བརྩད་ནས་འཁོན་གི།།
སྤྱི་འཐུས་ར་ལིའི་རྒྱབ་ནས།།
སྤྱི་འཐུས་ཁ་ཤས་ལངས་གི།།
སྤྱི་དམངས་བྱ་བཞག་སྒྲུབ་ན།།
སྤྱི་རྒྱུ་ཧབ་འཐོབ་མ་གནང་།།
སྤྱི་འཐུས་ར་ལི་ཅན་པོ།།
སྤྱི་མང་དཀྲུག་པའི་འདྲེ་རེད།།
སྤྱི་འཐུས་བཅུ་གཉིས་བུད་སོང་།།
སྤྱི་འཐུས་གྲོལ་དགོས་བྱུང་སོང་།།
སྤྱི་ལ་སེམས་ཤིག་དཀར་ན།།
སྤྱི་མཐུན་བྱས་དང་ལོས་ཆོག།
སྤྱི་འཐུས་སྒེར་སེམས་ཅན་པོས།
སྤྱི་དམངས་སྐྱོང་ཐུབ་མི་འདུག།
སྤྱི་འཐུས་ར་ལིའི་ཁ་རླངས།།
སྤྱི་ལ་གནོད་པའི་ནད་རེད།།
སྤྱི་བོས་གཙིག་ཏུ་བཀུར་བ།།
སྤྱི་འཐུས་གྲོས་ཚོགས་ཆེན་མོ།།
སྤྱི་བའི་དོན་དུ་བསྐོས་པས།།
སྤྱི་མང་ཐུགས་ནས་མ་བརྗེད།།
ད་སྤྱི་མཐུས་ཚོ་ཁྱེདཚོའི་མིང་དེ་འདྲ་ཆགས་པོའི་ངང་མུ་མཐུན་དུ་འཁུར་རྒྱུ་ཡིན་ནམ།ད་ཁྱེད་ཚོ་དྲ་ཐོག་ལ་ཕེབས་ནས་སྐད་ཆ་རྫིག་པོ་ཤོད་ཡ།ད་སོ་སོའི་ནང་ཚང་ནས་སྐྱིད་པོོ་གཉིལ་ནས་འདུག་གི་ཡིན་ནམ།ད་ང་བློ་བདེ་སོང་།ཁྱེད་ཚོས་སྐད་གྲགས་འཛམ་གླིང་ན་གྲགས་པ་ཧ་ཅང་ཆེ་འདུག།ཁྱེད་ཚོས་གཟི་བརྗིད་རེད།མི་ཚེ་ལོ་རྒྱུས་ནང་ལ་འདི་འདྲའི་སྙན་གྲགས་བོད་ལ་བཞག་པ་བཙན་བྱོལ་ནང་ལ་ཐེངས་དང་པོ་རེད།ཁྱེད་ཚོ་བཀྲ་ཤིས་བདེ་ལེགས་ཞུས་བ་ཡིན།
༼གཤམ་གྱི་ཚིགས་བཅད་ཐན་ཐུན་དེ་རྣམས་གྲོས་ཚོགས་སྐོར་གྱི་གསར་འགྱུར་དང་མཆན་ཁག དེ་རྗེས་ཁང་གསར་ལགས་ཀྱི་རྩོམ་ཡིག་བཅས་བཀླགས་རྗེས་ཤར་མར་ཐལ་ལོ།༽
ད་ནི་དྷ་སའི་རི་ངོགས་སྟེང་ཤོད་ཀུན།།
བློ་ཕམ་སྡུག་སྐད་རྒྱག་མཁན་ཇེ་མང་རེད།།
སྤྱི་འཐུས་སྤྱི་འཐུས་ཟེར་མཁན་ཇེ་མང་རེད།།
ཞབས་འདྲེན་ཞབས་འདྲེན་ཟེར་མཁན་ཇེ་མང་རེད།།
ད་ནི་དྷ་སའི་རི་ངོགས་སྟེང་ཤོད་ཀུན།།
ཆོལ་ཁ་ཆོལ་ཁ་ཟེར་མཁན་ཇེ་མང་རེད།།
འདིས་འགྲིག་མི་འགྲིག་ཟེར་མཁན་ཇེ་མང་རེད།།
འདི་བདེན་དེ་རྫུན་ཟེར་མཁན་ཇེ་མང་རེད།།
ད་ནི་དྷ་སའི་རི་ངོགས་སྟེང་ཤོད་ཀུན།།
མ་བྱུང་མ་བྱུང་ཟེར་མཁན་ཇེ་མང་རེད།།
འུ་ཐུག་འུ་ཐུག་ཟེར་མཁན་ཇེ་མང་རེད།།
ཅི་དྲག་གང་དྲག་ཟེར་མཁན་ཇེ་མང་རེད།།
ད་ནི་དྷ་སའི་རི་ངོགས་སྟེང་ཤོད་ཀུན།།
སྙིང་རླུང་སྟོད་ལ་འཚང་བའི་ནད་པ་མང་།།
དུག་གསུམ་དུག་གིས་མྱོས་པའི་ནད་པ་མང་།།
སྨན་པའི་རྒྱལ་པོས་བཅོས་ཐབས་ཡོད་དམ་ཅི།།
ད་ནི་ཆོལ་ཁ་ཟེར་བའི་མིང་བྱང་འོག།
རྣམ་རྟོག་ཁྲི་མ་འབུམ་གྱི་དུག་རྫས་ཀྱིས།།
དམ་ཚིག་འོ་ཆུ་ལྟར་འདྲེས་བོད་འབངས་ཚོའི།།
སྙིང་ཁམས་གས་སུ་བཅུག་ན་ཀྱེ་མ་ཧུད།།
ད་ནི་དྲ་རྒྱའི་དྲ་གྲོགས་དཔྱོད་ལྡན་ཚོས།།
མི་རིགས་བླ་སྲོག་འཇིགས་པའི་ནད་ཡམས་དེར།།
སྙིང་གི་དགྲ་བཞིན་ཐུགས་གཟབ་མ་གནང་ན།།
གདོང་དམར་བོད་པ་རྨེག་མེད་གཞོམ་པའི་ཉེན།།
རེད་ཡ། སངས་རྒྱས་ཆོས་འཕེལ་གྱིས་བཤད་པ་ལྟར་ཕྱོགས་གཉིས་ཆས་སྒེར་གྱི་ཞེ་མཁོན་སྙིང་དུ་བཅང་ནས་གོ་སྐབས་ཤིག་འཚོལ་བཞིན་ཡོད་པ་ནི་ཁོ་ཚོས་ས་རྟགས་བསྡུ་རུབ་དང་གྲོས་ཚོགས་ལས་ཕྱི་འབུད་བྱས་པའི་བྱུང་རིམ་འདིས་གསལ་པོ་ཆགས་འདུག དེར་བརྟེན་ང་ཚོས་ཕྱོགས་གཉིས་ཆར་གྱི་ནོར་འཁྲུལ་གསལ་འདོན་དང་སྐྱོན་བརྗོད་བྱེད་དགོས་པ་ལས་གྲོས་ཚོགས་སུ་བྱུང་བའི་གནད་དོན་བཞིན་ཕྱོགས་ཞེན་ཀྱིས་སྐད་ཆ་བཤད་ཚེ་ང་ཚོ་ཟིན་བྲིས་པ་དག་ཀྱང་ཁོ་ཚོ་དང་ཁྱད་ཅི་ཡོད།
ད་དུང་དུས་བབ་གསལ་ཁང་གིས་མགོ་བརྗོད་དུ། སྤྱི་འཐུས་བཅུ་གཉིས་གྲོས་ཚོགས་ནས་ཕྱིར་ཐོན་པ། ཞེས་བཀོད་ནས་ཁོང་ཅག་སུ་ཡིན་པ་མིང་ཙམ་བཀོད་མེད་པ་འདི་ཡང་ཡ་མ་རླ་ཞིག་མ་ཡིན་ནམ།
རེད་ཡ། སངས་རྒྱས་ཆོས་འཕེལ་གྱིས་བཤད་པ་ལྟར་ཕྱོགས་གཉིས་ཆས་སྒེར་གྱི་ཞེ་མཁོན་སྙིང་དུ་བཅང་ནས་གོ་སྐབས་ཤིག་འཚོལ་བཞིན་ཡོད་པ་ནི་ཁོ་ཚོས་ས་རྟགས་བསྡུ་རུབ་དང་གྲོས་ཚོགས་ལས་ཕྱི་འབུད་བྱས་པའི་བྱུང་རིམ་འདིས་གསལ་པོ་ཆགས་འདུག དེར་བརྟེན་ང་ཚོས་ཕྱོགས་གཉིས་ཆར་གྱི་ནོར་འཁྲུལ་གསལ་འདོན་དང་སྐྱོན་བརྗོད་བྱེད་དགོས་པ་ལས་གྲོས་ཚོགས་སུ་བྱུང་བའི་གནད་དོན་བཞིན་ཕྱོགས་ཞེན་ཀྱིས་སྐད་ཆ་བཤད་ཚེ་ང་ཚོ་ཟིན་བྲིས་པ་དག་ཀྱང་ཁོ་ཚོ་དང་ཁྱད་ཅི་ཡོད།
ད་དུང་དུས་བབ་གསལ་ཁང་གིས་མགོ་བརྗོད་དུ། སྤྱི་འཐུས་བཅུ་གཉིས་གྲོས་ཚོགས་ནས་ཕྱིར་ཐོན་པ། ཞེས་བཀོད་ནས་ཁོང་ཅག་སུ་ཡིན་པ་མིང་ཙམ་བཀོད་མེད་པ་འདི་ཡང་ཡ་མ་རླ་ཞིག་མ་ཡིན་ནམ།
མི་བཅུ་གཉིས་པོ་གཉྀས་ལ་དག་བཅོས
རྒྱ་གཞུང་གིས་སྡོམ་བརྩིས་རྒྱག་པ་དེ། ད་ལྟའི་གནས་ཚུལ་འདི་ལ་བལྟས་ན་རིང་མིན་མི་ཡོང་བའི་ངེས་པ་མེད་པ་རེད། དེ་བས་ད་ལྟའི་རང་རེའི་སྤྱི་མཐུས་ཞབས་འདྲེན། བཅུ་བཞི་པོ་དེ་དང་། བཅུ་གཉིས་པོ་དེ་རྣམས་སུ་ཡིན་ནའང་། དེང་ཕྱིན་སྤྱི་མཐུས་སུ་མི་ཡོངས་པའི་ཐབས་ཤེས་ངེས་པར་དུ་བྱེད་དགོས། དེ་དག་ནི་རང་དོན་ཁོ་ནར་དོན་དུ་གཉེར་ཞིང་འཆོལ་ཁ་དཀྲུགས་མཁན་ཞིག་ཡིན་པའི་གསལ་བཤད་དེ། མི་གཅིག་ཕྱི་རྒྱལ་དུ་འགྲོ་བྱེད་ཀྱི་འགྲོ་སོང་དེས་བྱས་མི་འདུག་བས། མི་ངན་འདི་རིགས་ངེས་པར་དུ་སྐུབ་སྟེགས་དེའི་ཐོག་ནས་རིང་མིན་ཕྱི་ལོག་ཏུ་གཏོན་དགོས་པས། དུས་བབ་གཙོས་པའི་གསར་འགྱུར་བརྒྱུད་ལམ་ཁག་ནས་མི་དེ་རྣམས་ཀྱི་མིང་རྣམས་གསལ་པོ་ཞིག་ཤེས་ཐུབ་པར་བྱེད་པའི་འབོད་བསྐུལ་ཞུ་བགྱི་ཡིན།
སྐབས་འཚོལ་རིང་ལུགས་དེ་རྣམས་དངོས་གནས་བོད་མི་མང་ལ་ངོ་ག་འདྲ་བྱེད་ནས་སྟོན་དགོས་རེད། གང་ལྟར་ན་ད་ལྟའི་གནས་ཚུལ་འདི་ནང་དུ། མི་བཅུ་བཞི་པོ་དེ་དང་། མི་བཅོ་ལྔ་པོ་གཉིས་ལ་ཉེས་པ་ཆེ་ཆུང་ལར་ནས་མི་འདུག གང་ལྟར་བོད་མི་མང་གི་གྲོས་ཚོགས་དེ་མི་གཅིག་གི་འགྲོ་སོང་གིས་གཏོར་ཐུབ་པ་དེ། ལག་པ་གཅིག་ཁོ་ན་གཡུག་ན། ཆག་སྒྲ་ལར་ནས་མེད། ལག་པ་གཉིས་ཆར་ལས་ཆག་སྒྲ་དེ་བྱུང་བ་རེད། དེ་བཞིན་ཕྱོགས་གཉིས་དོན་དག་དེའི་ཐོག་ཏུ་ལོང་མེད་ན། ངོ་ཚ་ཁྲེལ་མེད་པའི་ལས་ཀ་འདི་ལར་ནས་ཡོང་གི་མ་རེད།
ད་ལམ་གྲོས་ཚོགས་ནང་འགྱོད་གཞི་བྱུང་བ་དེ་ནི་ཕྱོགས་ཁག་གམ་སྤུང་ངམ་གང་ཟེར་ཡང་གཉིས་ཀར་བདེན་པ་ཞིག་འདུག གང་ལྟར་མཐའ་ཉིན་དེར་འདི་ལྟའི་གྲོས་ཆོད་འཁྱེར་བ་ནི་དོགས་གནས་ཁ་ཞིག་འདུག གཅིག་ནི་གང་ཟག་གང་གི་སྐོར་རྙོག་གླེང་བྱུང་བ་དེ་ཉིད་གྲོས་ཚོགས་ནང་མེད་པའི་ཡ་མཚན་ཞིག་ཏུ་མཐོང། མ་ཟད་གང་ཟག་དེ་ཉིད་མེད་པའི་ཉིན་དེ་ག་རང་ལ་གྲོས་ཆོད་དེ་འདྲ་ཞིག་སླེབས་དེའང་དོགས་གནས་ཞིག་རེད་འདུག
སྲང་ལམ་གྱི་སྐད་ཆ་ཕྱེད་བདེན་ལ་ཕྱེད་མི་བདེན་ཟེར་བ་བཞིན། ད་ལྟ་གྲོས་ཆོད་འཁྱེར་བའི་རྒྱབ་ལྗོངས་ལ་བསམ་བློ་ཞིག་བཏང་ན་གལ་ཏེ་སྤྱི་འཐུས་དེ་ཉིད་མ་འོངས་ལམ་གྲོན་དབང་གིས་ཕེབས་མ་ཐུབ་པ་ཡིན་ན་དེའི་རྗེས་མའི་སྒུག་གྲས་ཀྱི་སྤྱི་འཐུས་དེ་རྒྱ་རི་སྒྲོལ་མའི་གཉེན་མཚན་ཞིག་ཡིན་པས་ཁོ་མོས་ད་ལྟའི་རྙོག་དྲ་འདིའི་ངན་བྱུས་མཁན་གཙོ་བོ་ཡིན་པ་བཤད་ཀྱི་འདག མ་གཞི་ནས་ཁོ་མོ་ནི་རང་ཉིད་ཚོགས་གཞོན་དུ་འཁོད་ཐབས་དང་དེ་མིན་རྒྱབ་སྐྱོར་དང་སྤུངས་རོགས་དགོས་ངེས་ཀྱི་ལས་རིགས་མང་པོའི་ཆེད་གསོལ་ཚིགས་དང་ཇ་ཆང་འདེགས་འབུལ་ཞུ་རྒྱུར་ཧ་ཅང་མཁས་པ་ཡིན་སྐད་འདུག
ད་དུང་སྤྱི་འཐུས་བསོད་སྟོབས་སྐོར་སྲང་གཏམ་འགའ་ཞིག་འདུག་པས་རིམ་པས་གཟིགས་རོགས།
གྲོས་ཚོགས་འདིའི་ཉིན་དང་པོ་ནས་མཐའ་མའི་བར་ང་རང་ཟུར་ཉན་དུ་བཅར་བའི་ཟོལ་ཡིན་ལ། གནད་དོན་འདི་མགོ་ནས་མཇུག་བར་མཐོང་ཐོས་བྱུང་བའི་ཁུལ་ཡིན། ང་རང་གྲོས་ཚོགས་ནང་ཁུལ་གྱི་དགོངས་ཚུལ་མ་མཐུན་པར་རྩོད་པ་བྱུང་བ་དང་། གྲོས་ཚོགས་འཐུས་མི་གྲོས་ཁང་ནས་ཕྱིར་ཐོན་པ་བཅས་ལ་ཧ་མི་ལས་ཤིང་། ཐ་ན། ཚོགས་འདུར་མཇུག་བསྡོམས་རྒྱག་མ་ཐུབ་པར་དུས་ཚོད་ངེས་མེད་བར་ཚོགས་གསེང་བཏང་བར་ཡང་ཧང་སང་རྒྱུ་གང་ཡང་མི་འདུག་སྙམ། དམངས་གཙོའི་གནས་བབ་ཆ་ཚང་ཡོད་པའི་རྒྱ་གར་དང་དབྱིན་ཇི་སོགས་ཀྱི་གྲོས་ཚོགས་ནང་ལྷམ་དང་རྐུབ་སྟེགས་ཀྱིས་གཞུ་རེས་སོགས་ཀྱང་ཡང་ཡང་ཡོང་གིན་ཡོད།
འོན་ཀྱང་། ང་རང་ཆེས་ཡིད་ཆད་ས་དང་ཞེ་མུག་ས་ནི། སྐྱབས་བཅོལ་བོད་མི་ཆིག་འབུལ་བཞི་ཁྲི་ལྷག་གི་ཁྲོད་ནས་དྲག་འདེམས་བྱས་པའི་སྐུ་ཚབ་ ༤༢ འདི་དག་གིས། དེ་རིང་གནད་དོན་གང་འདྲ་ཞིག་གི་ཐོག་ལ་རྩོད་གླེང་བྱུང་བ་དང་། རྣམ་པ་ཅི་འདྲ་ཞིག་གི་ཐོག་ནས་རྩོད་པ་བྱས་པ། ལངས་ཕྱོགས་གང་འདྲ་ཞིག་གི་ཐོག་ནས་ཆོད་སེམས་བཟུང་བ་དེ་རེད།
དྲ་གྲོགས་ཚོ། ད་སྤྱི་འཐུས་ཚོས་འཐེན་འཁྱེར་གྱི་གཡང་གཟར་ལ་མཆོངས་ཀྱིན་འདུག་ན། དྲ་ཐོག་འདི་ནས་ཟིན་བྲིས་པ་དང་མཆན་འདེབས་པ་པོ་ཚོ། ད་དུང་ཀློག་པ་པོ་ཚོས་དེ་བས་ཀྱང་མ་མཆོངས་རོགས་གནང་།
འདི་ལྟའི་སྙིང་རླུང་སྟོད་ལ་འཚང་བའི་སྐབས་སུ། མི་ཟེར་བ་དེས་མི་བྱེད་དགུ་བྱེད་བྱེད་ཀྱི་རེད་ལ། ཕྱིར་འདང་ཞིག་རྒྱག་སྐབས་ཚེ་གང་འགྱོད་པ་སྐྱེ་དགོས་པའི་ལས་ཤིག་བྱས་ནས་སྡོད་ཀྱིན་ཡོད། དེ་ནི་སྤྱི་འཐུས་ཕྱོགས་ལྷུང་ཅན་ཚོར་ཡང་ཡོང་ངེས་པ་ཞིག་རེད།
ད་ང་ཚོས་འབྱུང་འགྱུར་སྤྱི་འཐུས་འདེམས་སྟངས་ཀྱི་ཐོག་ལ་དེ་བས་ཀྱང་མནོ་བསམ་ཞིབ་མོ་ཞིག་གཏོང་དགོས་པའི་ཉེན་བརྡ་ཞིག་ཀྱང་རེད།
གནས་ཚུལ་འདིས་རྐྱེན་བྱས་ཏེ། མཐོ་༸གོང་ས་མཆོག་མི་མཉེས་པའི་རྒྱུར་འགྱུར་བ་དང་། དམའ་བོད་འབངས་དཀྱུས་མ་ཞིག་གི་སེམས་ཁམས་ལ་ཡང་ཕོག་ཐུག་ཏུ་གྱུར་པའི་ལས་ཤིག་བརྩམས་པ་མ་ཡིན་ནམ།
ད་ལྟའི་བོད་མི་མང་གི་སྤྱི་འཐུས་ཚོ། བློ་སྙིང་བྲང་གསུམ་གཏོད་མཁན་གྱི་བོད་འབངས་ཚོའི་སྙིང་ཁར་རྨ་ཁ་མ་བཟོ་རོགས་ཐུགས་རྗེས་གཟིགས། དགྲ་དགའ་གཉེན་སྡུག་གི་ལས་ངན་དེ་རིགས་མི་ཡོང་བའི་ཐུགས་བསམ་བཞེས་རོགས་གནང་ཐུགས་རྗེས་གཟིགས།
རང་ཉིད་ནས་འགོ་བརྩམས་ཏེ། བོད་མི་རིགས་ཀྱི་མགོ་འདོན་མིང་དོན་མཚུངས་པ་ཞིག་གནང་རོགས་ཐུགས་རྗེས་གཟིགས།
འདི་ནི་ང་བོད་མི་དཀྱུས་མ་ཞིག་གི་རེ་འབོད་ཡིན།
ད་ནི་སྤྱི་འཐུས་ཚོས་རང་མདོག་བསྟན་སོང་ང།
ད་དུང་ང་ཚོ་ལ་ཆོས་རྒྱུད་དེ་ཚོ་ང་ཚོའི་ཆབ་སྲིད་ནང་དགོས་བ་མཐོང་གི་མི་འདུག
སྤྱི་འཐུས་བཅུ་གཉིས་ཚོགས་ཁང་ནས་ཕྱིར་ཐོན་པ་ཙམ་ལ་ང་ཚོ་ཧང་སངས་དགོས་དོན་རྩ་བ་ནས་མེད།དམངས་གཙོ་དར་ཁྱབ་ཆེ་བའི་རྒྱལ་ཁབ་གཞན་པའི་ནང་དུའང་སྤྱི་འཐུས་གྲོས་ཚོགས་ཀྱི་བབས་སུ་སོ་སོ་བསམ་ཚུལ་མཐུན་མིན་གྱིས་ཚིག་རྩོད་དང་མཐའ་ན་རྒྱག་རེ་ཡང་བྱེད་ཀྱི་འདུག། འོན་ཀྱང་ཧང་སང་དགོས་པ་ནི་ཁོང་ཚོས་ཡང་སྙིང་ལས་དོན་གང་གི་ཆེད་དུ་ཚིག་རྩོད་དང་རྒྱག་རེ་བྱེད་ཀྱི་ཡོད་མེད་ཀྱི་ཐད་རེད་བསམ་གི་འདུག། དེ་ནི་དངོས་གནས་གནད་འགག་ཆེན་པོ་རེད།འདིར་སྤྱི་འཐུས་རྣམས་རྒྱག་རེ་རྒྱག་དགོས་དོན་སོ་སོའི་མི་དམངས་ཀྱི་བདེ་དོན་དང་རྒྱལ་ཁབ་ཀྱི་ཁེ་ཕན་ཆེད་དུ་རེད་འདུག་མོད། དེ་རིང་གི་གནས་ཚུལ་ཐོན་གསལ་ལ་གཞིགས་ཚེ་ང་ཚོའི་སྤྱི་འཐུས་རྣམས་ཀྱི་རྒྱག་རེ་བྱེད་དོན་ནི་བོད་མིའི་བདེ་དོན་དང་བཙན་བྱོལ་བོད་གཞུང་གི་ཆེད་དུ་མ་ཡིན་པར་སྤྱི་འཐུས་མི་སྒེར་བ་ཞིག་གི་འགྲོ་གྲོན་ཆེད་ཡིན་པར་འདུག་པས་འདིའི་ཐད་བསམ་ཚེ་དངོས་གནས་ངོ་གནོང་དགོས་པ་ཞིག་འདུག། འོན་ཀྱང་ང་རང་གིས་དངོས་སུ་མཐོང་རྒྱུ་མ་བྱུང་བས་གལ་ཏེ་(youtube)ནང་ཇི་ལྟར་འཚོལ་དགོས་མིན་གསལ་བོར་ཤེས་མཁན་ཡོད་ཚེ་ང་ལ་ལམ་སྟོན་ཞིག་བྱེད་རོགས་གནང༌། སྤྱི་འཐུས་རྣམས་ནས་མི་སྒེར་གྱི་ལས་དོན་ཆེད་ཆུ་ཚོད་འཕྲོ་བརླག་ཏུ་གཏོང་པ་ལས་སྤྱི་པའི་བདེ་དོན་ཆེད་གྲོས་བསྡུར་ལྷུག་པོ་བྱེད་ཐུབ་ཚེ་སྤྱི་འཐུས་ཞེས་པའི་ཐ་སྙད་དེའང་དོན་ལ་གནས་པ་ཞིག་ཆགས་ངེས་རེད་ལ། དེ་འདྲའི་ཐོག་བསམ་ཚུལ་མཐུན་མིན་གྱིས་སྤྱི་འཐུས་བཅུ་གཉིས་ཚོགས་ཁང་ནས་ཕྱིར་ཐོན་པ་ཡིན་ན་དེ་ནི་བོད་མི་དམངས་སྤྱི་འཐུས་རྣམས་ཀྱི་གཟི་བརྗིད་དང་མི་དམངས་ལ་སེམས་མགུལ་ཐེབས་པ་ལས་སྤྱི་འཐུས་ཀྱི་ངོ་ཚ་དང་མི་དམངས་ལ་བློ་ཕམ་འབྱུང་བའི་རྒྱུ་རྐྱེན་དུ་འགྲོ་མི་སྲིད།
བཙན་པོའི་བུ་སོགས། ཁག་འཇོགས་ས་ཁ་དཀར་རྐྱང་དང་། ངདའ་འཕེན་ས་བྲེ་སར་འབྲོང་མ་བྱེད། འདི་ནི་ཆོས་རྒྱུད་ཀྱི་གནད་དོན་ཞིག་མ་རེད། དཔེར་ན་བན་བོན་གཉིས་མི་འཐུན་ཡང་འདི་ན་བོན་འཐུས་སྨོན་མཐར་དང་དགེ་འཐུས་བེ་དབང་སོགས་ཁ་མཐུན་འདུག ཀ
ད་ལྟ་རང་གནས་ཚུར་ལ་གཞིག་ན། སྤྱི་འཐུན་གྲོས་ཚོགས་དུས་ཚུད་ངེས་མེད་བར་དུ་མཚམ་འཇོག་རྒྱུ་ཡིན་པའི་ཚོགས་གཙོའི་གསུངས་འདུག།།
གོང་དཀར་ངག་རྣམ་ལགས། འོ་ན་དེ་ཅི་ཞིག་རེད། མང་གཙོ་ཞེས་པ་ནི། མདུན་སྐྱོད་ཀྱི་རྣམ་པ་ཡོད་པ་གང་ཞིག་ལ། དམངས་ལ་ཁེ་ཕན་ཡོད་པ་ཞིག་གི་ཐོག་མི་སུ་གིས་བསམ་ཚུལ་གང་ཞིག་འདོན་ཆོག་ལ། དེ་དང་འབྲེལ་ནས་རྩོད་པ་ཡང་བྱེད་ཆོག འོན་ཀྱང་། བོད་མི་མང་སྤྱི་འཐུས་རྣམས་ཀྱིས་རང་ཉིད་ཀྱི་ཁེ་ཕན་རྩོད་བཞིན་ཡོད་པ་ལས། དམངས་ཀྱི་བདེ་སྡུག་གཏན་ནས་གཏན་དུ་བརྗེད་ཟིན་འདུག ད་དུང་ཆོལ་ཁ་དང་ཆོས་ལུགས་ཀྱི་ཕྱོགས་ཞན་བཟུང་ནས་གྲོས་ཚོགས་ནང་དུ་འཇིགས་སྐུལ་ཡང་བྱེད་ཀྱིན་འདུག དེ་དག་ལ་ཧང་མི་སངས་ན། ཅི་ཞིག་ལ་ཧང་སངས་དགོས་པ་རེད། སྤྱིར་ཞིབ་ཏུ་བསམ་ན། བོན་ཆོས་གཉིས་ཀྱིས་འགལ་ཟླའི་ཁྲོད་མི་རོ་སྟོང་ཕྲག་མང་པོ་རི་ལྟར་སྤུངས་ཡོད་ལ། ཆོལ་ཁའི་འཐེན་འཁྱེར་གྱི་དབང་གིས་བོད་ཀྱི་སྲིད་དབང་ཡང་རྒྱ་དམར་ཚང་ལ་སྟབས་བདེ་ཞིག་གིས་ངང་ལེན་ཐུབ་པར་བྱས་ཡོད། ད་དུང་འདི་འདི་བཞིན་འགྲོ་རྒྱུ་ཡིན་ན། ནམ་ཞིག་བོད་གཞིས་བྱེས་གཉིས་ཀ་ཡང་ཕྱོགས་གཉིས་བཟོས་ཏེ། འཐབ་འཛིངས་གཞན་ཞིག་གི་ལམ་ཁ་མི་འཛིན་པའི་ངེས་པ་གཏན་ནས་མི་འདུག དེ་ལས་ཆོས་ལུགས་ཀྱི་སྤྱི་འཐུས་རྣམས་ཕྱིར་དགོན་པ་སོ་སོར་བཏང་ན་ཡག་ཤོས་རེད། ངས་ནམ་རྒྱུན་འདི་ལྟར་བསམ་བཞིན་ཡོད། ཆོས་ལུགས་ཀྱི་སྤྱི་འཐུས་རྣམས་ནི་འགད་རྫས་ལྟ་བུ་ཞིག་དང་། དེ་དག་གིས་འདི་བཞིན་རྙོག་དྲ་བཟོས་ཡོང་དུས། བོད་མིའི་སྤྱི་ཚོགས་ཆུང་ངུ་འདི་སྐད་ཅིག་ཙམ་གྱིས་ཁ་འཐོར་དུ་ཕྱིན་ངེས། སྐབས་ཐོག་འདིར་འུ་ཅག་ལ་༧གོང་ས་མཆོག་དབུ་བཞུགས་ནས་ཡོད་སྟབས་ཁོང་ཚོས་ཇི་ལྟར་འཕགས་ཚགས་རྒྱབ་ཀྱང་ནུས་པ་ཆེན་པོ་ཞིག་ཐོན་མི་ཐུབ་ཀྱང་། གལ་སྲིད་༧གོང་ས་མཆོག་གི་སྐུ་ཚེར་འཕོ་འགྱུར་ཞིག་ཕྱིན་པ་ན། དེ་དུས་གཞི་ནས་ང་ཚོས་སྡུག་བསྔལ་གཞན་ཞིག་མྱོང་དགོས། དེ་ལས་དང་པོ་ནས། ཆོས་རྒྱུད་ཁག་གི་སྤྱི་འཐུས་རྣམས་མེད་པར་བཟོས་ཏེ། ཆོས་ལུགས་ཚང་མ་གཅིག་མཚུངས་ཀྱིས་ཆོས་དོན་ལས་ཁུངས་ཀྱི་འོག་ཏུ་ཚུད་པར་བྱས་ན་ལེགས་པར་མཐོང་། གལ་སྲིད་ཆོས་རྒྱུད་ཁག་གི་སྤྱི་འཐུས་རྣམས་མུ་མཐུད་དེ་དགོས་ཞེས་བརྗོད་པ་ཡིན་ན། ནམ་ཞིག་བོད་པ་ཁ་ཆེ་དག་ལ་ཡང་སྤྱི་འཐུས་འདེམས་རྒྱུའི་ཐོབ་ཐང་དགོས་ལ། བོད་པ་ཡེ་ཤུ་མ་ཤི་ཀ་པ་དག་ལ་ཡང་སྤྱི་འདུས་འདེམས་རྒྱུའི་ཐོབ་ཐང་དགོས། ད་དུང་གནས་ཚུལ་བྱུང་དང་འབྱུང་བཞིན་པ་ཞིག་ལ། བོད་པ་ཇོ་ནང་ཚང་གི་ཆོས་རྒྱུད་ཀྱིས་ཅི་ཞིག་བཤད་ཀྱིན་འདུག བོད་གཞུང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཇོ་ནང་ཚང་ལན་ཅི་ཞིག་བཏབ་སོང་། མདོར་ན། བཙན་བྱོལ་བོད་གཞུང་འདི་བོད་མིའི་བདེ་སྡུག་གི་ཆེད་དུ་བཙུག་པ་ཞིག་ཡིན་ཚེ། བོད་དོན་དང་འབྲེལ་བའི་ལས་དོན་ཞིག་སྒྲུབ་འགོ་རྩོམ་དགོས་པ་ལས། ཆོས་ལུགས་དང་ཆོལ་ཁ་རྩོད་སའི་བསྟི་གནས་ཤིག་ཏུ་གྱུར་སོང་ན། གང་ཟག་སྒེར་ངོས་ལ་མཚོན་ན་ཧ་ཅང་འགྱོད་པ་ཡོད། དེ་རིང་གི་གནད་དོན་འདི་ཡང་ཆོས་རྒྱུད་ཁག་གི་བླ་རྒན་ཁོག་སྟོང་དག་གིས་མི་ཤེས་ཤེས་ཁུལ་གྱིས་བསོད་ནམས་སྟོབས་རྒྱལ་ཟེར་བ་དེར་ཆོལ་ཁའི་འཐེན་འཁྱེར་གྱི་དབང་གིས་ངོ་སོ་འཁྱེར་རྒྱུ་མང་དྲག་ནས་མཐར་ཚོགས་འདུ་དེ་ཡང་མཇུག་སྐྱོང་མ་ཐུབ་པ་དེ་རེད། ངས་འདི་ནས་གསལ་བོ་ཞུ་དགོས་པ་ཞིག་ལ། ངས་ཆོས་ལུགས་ཁག་ཡག་པོ་མེད་ཚུལ་བརྗོད་ཀྱིན་མེད་ལ། དེ་བས་ཀྱང་བོད་པའི་སྤྱི་ཚོགས་ནང་གི་ཆོས་ལུགས་གཞན་པ་རྣམས་ལ་དམའ་འབེབས་བྱས་པ་གཏད་ནས་མིན། འོན་ཀྱང་། ཆོས་རྒྱུད་ཁག་གི་སྤྱི་འཐུས་རྣམས་ཆབ་སྲིད་ཀྱི་སྡིངས་ཆའི་སྟེང་དུ་ཡོང་ནས། ཆོས་ལུགས་ཀྱི་ལྟ་བ་རྩོད་ན་ང་ཚོ་ལ་གྱོང་ཆེན་ཞིག་རེགས་འདུག་ཅེས་བཤད་ཀྱིན་ཡོད། (ཡིག་ནོར་འདྲ་ཡོད་ན་དགོངས་དག་ཞུ།)
ནམ་རྒྱུན་ཡིན་་མཁས་པ་ཡིན་ཟེར་མཁན་སྤྱི་འཐུས་སྨོན་ལམ་འཐར་ཕྱིན་དང་བེ་རི་དབང་རྒྱལ་གཉིས་ཡང་སྤྱི་འཐུས་གཏོར་མཁན་གཏེ་བོ་༡༢་བའི་ནང་འདུག་ཀ
དགོད་བྲོ་བ་ཞིག་ལ་བསོད་ནམས་སྟོབས་རྒྱལ་ཁོ་རང་ཕྱིར་ཐོན་པའི་སྤྱི་འཐུས་ཚོའི་ནང་མི་འདུག ཁོ་འཚོགས་འདུའི་ནང་བསླེབས་འདུག
གནས་ཚུལ་འདི་འདྲའི་རིགས་ནི་མང་གཙོའི་སྤྱི་ཚོགས་ཀྱི་གནས་སྟངས་ནས་བལྟས་ན་གང་ཡང་མ་རེད། ཁྱོད་ཚོ་ཧང་སངས་མདོག་ཁ་པོ་བྱེད་དགོས་མ་རེད།
འོ་ཡ་ད་ཧོ་གོ་མ་སོང་།
བོད་པའི་སྤྱི་ཚོགས་འདིའི་ནང་དུ་ཕྱོགས་རིས་ཀྱི་སྐད་ཆ་དང་བྱ་སྤྱོད་དར་བཞིན་པའི་སྒང་རེད་འདུག
དེ་རིང་གི་གྲོས་ཚོགས་ཀྱང་འཚོགས་མ་ཐཱུབ་ནས་དུས་ཚོད་ངེས་མེད་བར་གྲོས་དགོས་ཁེལ་སོང་བ་རེད།
ད་རུང་འདིར་སེམས་པ་སྐྱོ་ཡང་སྐྱོ་སོང་་་་་་་་་་་་་་
མི་ཉག་སྐལ་བཟང་སེམས་པ་སྐྱོ་སྐྱོ་མ་གནང་དང་།་་་་ང་ཚོའི་མ་འོང་པར་མིའི་བསམ་བློ་ཡར་ཐོན་ལ་རེམ་དགོས་པ་དང་།་་ངས་ཀྱང་བོད་མི་ཚོའི་ནང་ཁུལ་ལ་བཙན་ཞིང།་་་་་་འཐེན་ཁྱེར་ཡང་གང་གཟབ་གཟབ་རེད་སེམས་བཞིན་ཡོད།་་་་ད་དུང་ནང་ཁུལ་ལ་ཁྲག་དོག་གི་ནད་གཞི་ལྕི་མོ་འཁུར་ནས་ཆོས་ལུགས་དང་ཆོལ་ཁའི་འདུ་འཛི་ཧ་ཅང་འཐུག་རུང་།་་་སྔོན་མ་ལ་ཞུགས་ན་དེང་སང་ཅུང་ཟད་གུ་ཡངས་ཀྱི་རྣམ་པ་ཡོད།་་་་འོན་ཀྱང་བོད་མི་རིགས་གྲལ་དུ་སྔོན་ཐོན་ནི་ཕྱིར་འགྱངས་ཡོད་ཡོད་པ་རེད་འདོད་དོ།་་་་ཁ་སང་སྤྱིའི་འཐུས་གྲོས་ཚོགས་ལ་མི་མཐུན་པ་བྱུང་བ་ནི་སེམས་ཕམས་ཤིན་ཏུ་ཡོད་།་་་་རྒྱལ་ཁབ་གཞན་ལག་ཏུ་བཞག་ནས།་་་ནང་ཁུལ་ཀླད་འཁྲེགས་རིགས་རྒོད་པ་ནི་བོད་མི་རིགས་རང་ཉིད་ཕུང་བྱེད་རེད་མི་འདུག་གམ།
???????????????????????????????????????
སྤྱི་འཐུས་རྣམས་ཐུགས་བསམ་རྒྱ་ཆེ་བཞེས་ནས་རྩ་བ་སྟོང་ནས་ཡ་གར་འཇུག་ཟེར་ལྟར་མ་ཡིན་པར་པོད་ཐོག་ཤུགས་བསྣོན་གནང་རོགས་ཞེས་འབོད་བསྐུར་བྱ།
ཨ་ལ་ལ་ལ། ཡི་གེ་འདི་ཚོ་སུ་ཞིག་གིས་བྲིས་པ་ཡིན་་ནམ། ཀློག་མི་ཤེས་ལ་དོན་ནི་དེ་བས་ཀྱང་ངོ་། སེམས་ཤུགས་ཡོད་ན་ཡང་བསྐྱར་གཙང་དག་ཅིག་ཕྲིས་དང་དྲ་གྲོགས་ལགས།
ཀྱེ་ཧུ་ཀྱེ་ཧུ་ཀྱེ་ཧུ་ཀྱེ་ཧུ་ཀྱེ་ཧུ་ཀྱེ་ཧུ་ཀྱེ་ཧུ་ཀྱེ་ཧུ་ཀྱེ་ཧུ་ཀྱེ་ཧུ་ཀྱེ་ཧུ་ཀྱེ་ཧུ་
ཀྱེ་ཧུ་ཀྱེ་ཧུ་ཀྱེ་ཧུ་ཀྱེ་ཧུ་ཀྱེ་ཧུ་ཀྱེ་ཧུ་ཀྱེ་ཧུ་ཀྱེ་ཧུ་ཀྱེ་ཧུ་ཀྱེ་ཧུ་ཀྱེ་ཧུ་
༧གོང་ས་མཆོག་གི་ཞབས་སྟེགས་རྒྱུ་ཕར་ཞོག་
༧གོང་ས་མཆོག་གི་ཞབས་ནས་འཐེན་གྱི་འདུག་
ཆོལ་ཁ་གསུམ་གྱི་ཚབ་བྱེད་རྒྱུ་ཕར་ཞོག་
ཆོག་ཁ་གསུམ་ནང་འཁྲུག་མེ་སྒྱོག་འཇོག་གི་འདུག་
ད་ག་འདྲ་བྱེད་དགོས་རེད་རྒྱལ་ཁབ་དང་མི་རིགས་གི་ཆེད་དུ་ཤི་གསོན་དག་
གི་འདྲ་དྲན་གྱི་རེད་ ད་སྡུག་སྦྱང་གནར་སྤྱོད་མྱང་བཞིན་པའི་ཁ་བའི་སྤུན་ཟླ་
རེ་བའི་མིག་འབུར་སུ་ལྟད་འདུག།ཨ་ཧོ་ཀྱི་ཧུད་
ད་དེ་རིང་གྱི་གནས་ཚུལ་དེ་དགྲ་བོའི་མདུན་ལ་ངོ་ཚ་དགོས་པ་ཆགས་སོང་མ་འོངས་་་་་་་་་་་་་་་་་་་་་་་་
སྤྱི་འཐུས་རྣམ་པས་གནང་སྟངས་འདི་ཧ་ཅང་གི་ཐབས་སྡུག་མ་ཡིན་ནམ། བོད་སྤྱི་པའི་དོན་ཐག་གླེང་རྒྱུ་མེད་པའི་ཁར། སྒེར་པ་སོ་སོའི་དགའ་ས་དང་མ་དགའ་ས་ཕྱོགས་ཁག་གཉིས་གནང་སྟེ། འཁྲུག་རྩོད་བྱེད་པ་ནི་བློ་ཕམ་བྱ་དགོས་པ་ཞིག་རེད། རྗེས་སུ་འདི་འདྲ་ཆུང་ཚགས་རིགས་ལ་རྩོད་པ་མ་གནང་བར། ད་ལྟ་དཀའ་སྡུག་མྱོང་བཞིན་པའི་བོད་དུ་བོད་མི་རྣམས་ལ་རོགས་བསྐྱོར་གང་ཐུབ་གནང་རོགས། དེ་རྣམས་ཀྱི་ཆེད་དུ་འགྲོ་སོང་བཏང་དགོས་ཀྱང་སེམས་ཕམ་བྱ་རྒྱུ་མེད། མ་འོངས་པར་འགྲོ་སོང་བཏང་རྒྱུ་ཡོད་ཀྱང་བཏང་ས་མ་བརྙེད་པའི་དུས་ཞིག་ཤར་ན་འགྱོད་པ་སྐྱེས་ཡོང་།
འཛིན་སྐྱོང་བཀའ་ཤག་དང་། ཆེས་མཐོསི་ཁྲིམས་ཁང་། སྤྱི་འཐུས་ལྷན་ཚོགས་གསུམ་ནི་མང་གཙོའི་ཀ་བ་གསུམ་ཞེས་པ་ལྟར་ཤིན་ཏུ་ནས་གལ་ཆེ་ཞིག་ཡིན་སྟབས་རང་ཚུགས་ཐུབ་པའི་ཀ་བ་ལྟ་བུ་ཞིག་དགོས།
བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ནང་གྲོས་ཚོགས་འཚོགས་བཞིན་པའི་སྐབས་སུ་འཐུས་མི་ཚོས་རང་ཉིད་བོད་རིགས་ཤིག་ཡིན་པའི་ཆ་ནས་བོད་མི་རིགས་ཀྱི་རྒྱལ་ཞེན་དང་ལ་རྒྱ་ཟབ་མོ་ཡོད་པ་ཞིག་གནང་དགོས།
ལྷག་དོན་གྲོས་ཚོགས་ཀྱི་ཚོགས་འདུའི་སྐབས་སུ་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡ་རབས་དང་། བཟང་སྤྱོད། དྲང་བདེན། རང་ཚུགས་ལྡན་པ། གུས་ཞབས། མཐུན་ལམ། ངག་འཇམ། འཛུམ་དམུལ། ཚུལ་ལྡན་སོགས་ཡ་རབས་སྤྱོད་བཟང་དང་ལྡན་པའི་སྒོ་ནས་བོད་རྒྱ་ཆེའི་མི་དམངས་ཀྱི་མདུན་དུ་ཡང་མཛའ་བརྩེའི་རྣམ་འགྱུར་བཟང་པོ་ཞིག་བསྟན་ཐུབ་པ་དགོས།
བོད་རྒྱ་ཆེའི་མི་དམངས་ཀྱི་མདུན་དུ་བོད་མི་རིགས་ཟེར་བ་དེའི་ལྷན་སྐྱེས་གཤིས་སུ་མངའ་བའི་མེས་པོའི་ཡ་རབས་དང་། བཟང་སྤྱོད། ལྷག་བསམ། མཁྱེན་ཡངས་དང་ལྡན་པའི་འཐུས་མི་ཞིག་གནང་ཐུབ་ཚེ་དོན་ངོི་མར་མི་དེ་ནི་ཆོས་ཤེས་མཁན་ཞིག་ཡིན་ལ་སྲིད་དོན་པ་ཤེས་མཁན་ཞིག་ཀྱང་ཡིན། ད་དུང་སྤྱི་ཚོགས་ནང་མིག་དཔེ་ལྡན་པའི་བོད་མི་ཡ་རབས་སྤྱོད་བཟང་དང་ལྡན་པ་ཞིག་དེ་བས་ལོས་ཡིན།
༸ རྒྱལ་བ་རིན་པོའི་བཀའ་བཞིན་སྒྲུབ་པ་ཟེར་ནའང་འདི་འདྲ་ཞིག་རེད། བོད་གཞུང་གི་སྲིད་ཞུ་ཟེར་ནའང་འདི་འདྲ་ཞིག་རེད། བོད་མི་རིགས་ལ་ཞབས་འདེགས་ཞུས་པ་ཟེར་ནའང་འདི་འདྲ་ཞིག་རེད། ནང་པའི་ཆོས་ཟེར་ནའང་འདི་འདྲ་ཞིག་རེད། བོད་མི་སྲིད་དོན་པ་ཟེར་ནའང་འདི་འདྲ་ཞིག་རེད། བོད་མི་ཡ་རབས་པ་ཟེར་ནའང་འདི་འདྲ་ཞིག་རེད།
དེར་བརྟེན་གུས་པར་བཀུར་བར་འོས་པའི་བོད་མི་དམངས་ཀྱི་སྤྱི་འཐུས་ཡག་པོ་ཞིག་གནང་ཐུབ་རྒྱུའི་རེ་འདུན་ཞུ།
དྲ་གྲོགས་རྣམས་ལ་ཞུ་རྒྱུ།
ཐེངས་འདིའི་གྲོས་ཚོགས་ཀྱི་ངན་སྤྱོད་འདིའི་ཐད་དུ་དགོངས་ཚུལ་གརང་ཡང་གསུང་རོགས་གནང་།དྲ་ལམ་ཟེར་བ་འདི་ལ་ནུས་པ་ཁྱད་པར་བ་ཞིག་ཡོད་པ་མ་ཡིན་ནམ།
དྲ་གྲོགས་ཚོ། ད་མཚམས་བཞག་ན་མ་རེད་དམ། བོན་གྱི་སྤྱི་འཐུས་དེ་ཚོར་དམིགས་ཡུལ་ངན་པ་ཞིག་ཡོད་ཐག་ཆོད་རེད། ད་དུང་ཨོ་རྒྱན་སྟོབས་རྒྱལ་ཟེར་བ་དེ་ནམ་རྒྱུན་ལྷ་ས་ན་རྒྱུན་འདུག་བྱས་ཡོད་ལ། བོད་རང་སྐྱོང་ལྗོངས་ཀྱི་དམར་ཕྱོགས་དྲུང་ཆེ་དང་ལྷན་འགྲོ་ལྷན་འདུག་ཡིན། ཁོས་སྐབས་རེར་འདི་འདྲའི་ལས་དོན་ཞིག་མ་སྒྲུབ་ན་ཁོ་དེ་ལྟར་འདུག་ཐུབ་བམ། དེའི་རྗེས་འབྲང་གཡུང་དྲུང་རྒྱལ་མཚན་ཟེར་བ་དེར་ཡང་དོལ་རྒྱལ་གྱི་སྒོར་མོ་ཟོས་པའི་མྱི་ཁ་ཞིག་སྔོན་ནས་འཁོར་ཡོད། དེ་མིན་བེ་རི་འཇིགས་མེད་ཟེར་བ་དེ་ཆུར་སྣ་གར་ཁྲིད་རེད། འཇུ་ཆེན་ཚང་གི་རྒྱུ་ཁྱི་རེད། དེ་ཚོ་ཚང་མ་ཇག་རྒྱབ་རྐུན་ལངས་བྱེད་ཀྱིན་ཡོད་པ་འདི་ལ་བལྟས་ན། བཀྲ་མ་ཤིས་པའི་བསོད་སྟོབས་སོགས་ལ་དམིགས་ཡུལ་གཞན་ཞིག་ཡོད་ཐག་ཆོད་རེད། ད་ང་ཚོས་འདི་ཚོའི་དམིགས་ཡུལ་དང་རྒྱབ་དཔུང་འཚོལ་བ་ལས་གྲོས་ཚོགས་ཀྱི་ངོ་གདོང་གཅིག་བུ་ལ་བལྟས་ནས་བསྡད་ན་ཡོང་རྒྱུ་ཡོད་པ་མ་རེད། ངའི་བསམ་པ་ཡིན་ན། ད་འདི་ནས་ཁོང་ཚོའི་བསམ་ཐོག་ལ་བཞག་ནས་དམར་གསོད་ཆེན་མོ་ཞིག་བྱེད་དགོས་པ་རེད། དེ་ལྟར་བྱས་རྗེས་གཞི་ནས་གཙང་མ་ཞིག་ཡོང་རྒྱུ་ཡིན་ངེས། ཁོ་ཚོས་ནམ་རྒྱུན་དེ་ལྟར་བྱས་པ་རེད། ད་འཁུར་ཐུབ་ཀི་མ་རེད། ད་དུང་ཀརྨ་ཆོས་འཕེལ་གྱིས་ཨ་བུ་འཇུ་ཆེན་གྱི་རྐུབ་ལྡག་གི་ཡོད་པ་རེད། དེ་ཚོར་འདོད་པ་གང་ཡོད་ན་ཐོག་ལ་འཇོག་རྒྱུ་རེད། ‹.Ó#⁽1400⁾
དུས་བབ་རྩོམ་སྒྲིག་པ་ལགས། ཉིད་ནས་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཞིག་གི་ཐད། སྤྱི་འཐུས་ནང་ཁུལ་དགོངས་ཚུལ་མ་མཐུན་པ་བྱུང་སྟབས། གྲོས་ཚོགས་འཐུས་མི་ ༡༢ ཙམ་གཅིག་རྗེས་གཉིས་མཐུད་ཀྱིས་གྲོས་ཚོགས་ལས་ཕྱིར་ཐོན་ཞེས་བཀོད་པ་དེ་ཁ་མ་གསལ་བ་ཞིག་ཆགས་འདུག་ལ། དེས་རྐྱེན་པས་དྲ་གྲོགས་མང་པོ་ཞིག་ནས་ཕྱིར་ཐོན་འགྲོ་མཁན་གྱི་སྤྱི་འཐུས་དེ་དག་སུ་རེད་ཅེས་དྲ་བ་འདི་ཡང་སྲིད་སླེབས་པ་རེད་སྙམ། དེ་ལས་གསར་གྱི་ཁ་བྱང་ལ་མདོ་སྨད་(བསྟན་འཛིན་མགོན་པོ་ཕུད་)དང་དབུས་གཙང་(ཀརྨ་ཆོས་འཕེལ་ཕུད་)གཉིས་ཀྱིས་བསྣམས་ཕེབས་པའི་གྲོས་འཆར་ལ་མདོ་སྟོད་པ་(རྒྱ་རི་ཚང་ཕུད་)རྣམས་ཀྱིས་སྡིགས་ར་དང་འཇིགས་སྐུལ་བྱས་ཀྱང་ཕན་མ་ཐོགས་པར་མཇུག་མཐར་ཚོགས་ར་ནས་ཕྱིར་ཐོན་པ་ཞེས་བྲིས་ན་ཅུང་ཁ་གསལ་བ་ཆགས་པ་མ་ཡིན་ནམ། དངོས་བྱུང་ལོ་རྒྱུས་འབྲི་བ་ལ་དེ་འདྲ་དཔའ་ཞུམ་དགོས་པ་དང་འཛེམ་ཟོན་བྱེད་དགོས་མེད་པར་སྙམ། དེ་ནི་གསར་ཁང་དང་གསར་འགོད་པའི་ལས་འགན་ཡང་ཡིན་པར་འདོད།
བཅིངས་འགྲོལ་དམག དེ་དངོས་གནས་བདེ་ན་པ་རེད་དེ་རྒྱ་ཆ་རྒྱ་ཐམ་པ་རྒྱབ་སྐྱོར་ཡོད།།