སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཉིན་ ༡༢ པ་སྟེ། དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ དང་ཕྱེད་ཀའི་སྟེང་། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཞིག་གི་ཐད། སྤྱི་འཐུས་ནང་ཁུལ་དགོངས་ཚུལ་མ་མཐུན་པ་བྱུང་སྟབས། གྲོས་ཚོགས་འཐུས་མི་ ༡༢ ཙམ་གཅིག་རྗེས་གཉིས་མཐུད་ཀྱིས་གྲོས་ཚོགས་ལས་ཕྱིར་ཐོན་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་བ་ཡིན་ན། ལས་དོན་གང་ཡང་ཐག་གཅོད་བྱ་ཐབས་མེད་སྐོར་གཏན་འབེབས་བྱས་ཡོད་སྟབས། གྲོས་ཚོགས་དུས་མིན་གྱིས་མི་གྲོལ་ཐབས་མེད་བྱུང་ཡོད།
ཉེ་ལམ་ཆབ་སྲིད་བཙོན་ཟུར་གྱི་འོས་ཁོངས་ནས་ཨོ་སི་ཊོ་ལེ་ཡར་གཏན་སྡོད་དུ་ཕེབས་པ། མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལགས། ཐེངས་འདིའི་གྲོས་ཚོགས་ཚོགས་དུས་བརྒྱད་པར་ཆེད་ཕེབས་གནང་བའི་ལམ་གྲོན་དེ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཕུལ་ཡོད་སྟབས། དེ་འདྲའི་ལམ་སྲོལ་སྔར་བྱུང་མྱོང་མེད་པའི་ངོས་འཛིན་ཐོག སྤྱི་འཐུས་སྒྲོལ་མ་མཚོ་མོ་ལགས་ཀྱིས་རྒྱ་བལ་འབྲུག་གསུམ་ཕུད་པའི་ཆེད་འཛུགས་ཕྱི་རྒྱལ་ཁག་གི་སྤྱི་འཐུས་མ་ཡིན་པ་དག་ལ། སྔར་ལམ་ལྟར་འགྲོ་སོང་དོ་བདག་གིས་འགན་འཁུར་དགོས་པའི་གྲོས་འཆར་བཏོན་ཡོད་པ་མ་ཟད། གྲོས་འཆར་དེ་ལ་སྤྱི་འཐུས་ ༡༤ ཙམ་གྱིས་རྒྱབ་སྐྱོར་གྱི་ས་རྟགས་སྐྱོན་འདུག
གྲོས་ཚོགས་འཐུས་མི་འགའ་རེ་ཡིས་སྔར་ལམ་སྲོལ་མེད་བཞིན་དུ། ཐེངས་འདིར་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལགས་སུ་འགྲོ་སོང་བཏང་བ་དེ་སྤྱི་འཐུས་རྒྱུན་ལས་ཀྱིས་དྲང་མོ་བྱས་མེད་ཚུལ་དང་། ཡང་སྤྱི་འཐུས་འགའ་རེ་ཡིས་གྲོས་གཞི་གྲོས་འཆར་འདི་ལ་ཧ་ཅང་ཛ་དྲག་གི་རྣམ་པའི་ཐོག་ནས་སྤྱི་འཐུས་ ༡༤ ཙམ་གྱིས་རྒྱབ་སྐྱོར་ས་རྟགས་སྐྱོན་པ་ཚུལ་མཐུན་མིན་ལུགས་སོགས། གྲོས་འཆར་དེ་གྲོས་ཚོགས་ནང་སྙན་སྒྲོན་ཞུས་མ་ཐག་སྤྱི་འཐུས་ ༡༥ ལྷག་གིས་དགོངས་ཚུལ་གསུངས་མཐར་བསམ་ཚུལ་མ་མཐུན་པ་བྱུང་སྟེ། གྲོས་ཚོགས་འཐུས་མི་ ༡༢ ཙམ་གཅིག་རྗེས་གཉིས་མཐུད་ཀྱིས་གྲོས་ཚོགས་ར་བ་ལས་ཕྱིར་ཐོན་ཡོད་སྟབས། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆའི་གཉིས་མ་ལོངས་སྟབས། ཕྱི་དྲོའི་ཆུ་ཚོད་ ༤ དང་ཕྱེད་ཀའི་ཐོག་དུས་མིན་གྱིས་ཚོགས་གསེང་མི་སྤྲོད་ཐབས་མེད་བྱུང་ཡོད།
སྤྱི་འཐུས་སྒྲོལ་མ་མཚོ་མོ་ལགས་ཀྱིས་བཏོན་པའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གྱི་སྔོན་གླེང་ནང་བཀོད་དོན། བཅའ་སྒྲིག་དང་ལམ་ལུགས་དགོངས་དོན་ཆོལ་ཁ་དང་ཆོས་ལུགས། ཆོས་བརྒྱུད་སྤྱི་འཐུས་རྒྱ་བལ་འབྲུག་གསུམ་ནས་ཡོང་དགོས་པ་ལྟར། རྒྱ་བལ་འབྲུག་གསུམ་ཕུད་ཕྱིའི་རྒྱལ་ཁབ་ནས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཡོང་སྲོལ་མེད་གཤིས། ཁུངས་སོ་སོར་འདེམས་ཐོན་བྱུང་བའི་སྤྱི་འཐུས་ཕྱི་རྒྱལ་དུ་གནས་སྤོས་བྱས་པ་བྱུང་ཚེ། སྔར་ལམ་ལྟར་སོ་སོས་རྒྱག་རང་འཁུར་བྱེད་དགོས་པ་ལས། གཞུང་གྲོན་གཏོང་ལུགས་མེད་པས་གྲོས་ཆོད་ཅིག་འཇོག་དགོས་གལ་མཐོང་། ཞེས་དང་། གྲོས་ཆོད་དངོས་གཞིའི་ནང་བཀོད་དོན། རྒྱལ་བལ་འབྲུག་གསུམ་ནས་ཆོལ་ཁ་དང་ཆོས་ལུགས། ཆོས་བརྒྱུད་ཁུངས་སོ་སོར་འོས་འདེམས་བྱུང་བའི་སྤྱི་འཐུས་ཞིག་གོང་གསལ་ལས་ཕྱི་རྒྱལ་དུ་གནས་སྤོ་བྱ་དགོས་བྱུང་ཚེ་སྔར་ལམ་ལྟར་སྤྱི་འཐུས་སོ་སོས་རྒྱག་རང་འཁུར་བྱེད་དགོས་པ་ལས། གཞུང་གྲོན་གཏོང་མི་ཆོག་པའི་སྤྱི་མོས་སམ་མང་མོས་གྲོས་ཆོད་དུ། ཞེས་བཀོད་འདུག
སྤྱི་འཐུས་སྒེར་གྱི་གྲོས་གཞི་གྲོས་ཆོད་དེའི་འོག་ཏུ་སྤྱི་འཐུས་ཚེ་རིང་སྒྲོལ་མ་དང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན། སྤྱི་འཐུས་པད་མ་འབྱུང་གནས། སྤྱི་འཐུས་ཟླ་བ་ཚེ་རིང་། སྤྱི་འཐུས་ངག་དབང་ལྷ་མོ། སྤྱི་འཐུས་སྒྲོལ་མ་ཚེ་རིང་། སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས། སྤྱི་འཐུས་བསོད་ནམས་ཚེ་རིང་ཕིར་སི། སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན། སྤྱི་འཐུས་རྒྱལ་ནོར་ཚེ་དབང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ། སྤྱི་འཐུས་སྨོན་དཀར་བསོད་ནམས་ཕུན་ཚོགས། དེ་བཞིན་གྲོས་འཆར་འདོན་མཁན་སྤྱི་འཐུས་སྒྲོལ་མ་མཚོ་མོ་བཅས་གྲོས་ཚོགས་འཐུས་མི་ ༡༤ ཙམ་གྱིས་ས་རྟགས་སྐྱོན་འདུག
རིག་པའི་རལ་གྲི། ཁྱེད་གཏན་ནས་གཏན་དུ་ནོར་སོང་ཐལ། ངས་ཁྱེད་ལ་བཤད། ཁྱེད་སྤྱི་འཐུས་ཤིག་མིན་ན་ཡང་། སྤྱི་འཐུས་ཤིག་གི་གླ་ཟན་ཞིག་རེད་པྰ།
མིའུ་ཕྲུག་ཁྱོད་ཉོན་ཅིག རང་རེའི་བོད་ཀྱི་སྤྱི་ཚོགས་ནང་དུ་མང་གཙོ་བེད་སྤྱོད་ཚད་ལྡན་བྱེད་ཐུབ་ནས་འོས་ཤོག་འཕེན་མཁན་ཀྱི་བརྒྱ་ཆ་ནི་ཁ་ཤས་ལས་ལོང་མེད་ལ་། འོས་འཕེན་རྣམས་ཀྱིས་སོ་སོས་འོས་འཕེན་ཡུལ་གྱི་མིང་ཙམ་ཡང་གོ་བ་ཐེང་དང་པོར་་ཆགས་པའི་འོས་ཤོག་འཕེན་མཁན་གྱི་བརྒྱ་ཆ་དེ་འཐོ་ཤོས་ཡིན་པ་གསལ་བོ་ཡིན་པ་དང་། ཁམས་པ་རྣམས་ནི་ཆོས་ལུགས་ཀྱི་ཕྱོགས་རིས་ཀྱིས་རྒྱག་པ་ཆགས་ནས་ཡང་དག་པའི་མང་གཙོའི་ལམ་དུ་གོམ་པ་རྒྱག་ཡ་དཀའ་ངལ་ཡོད་ལ། དབུས་གཙང་རྣམས་ནི་འཆོལ་ཁའི་ཞེན་ཁོག་ཀྱིས་རྐང་ཡ་ཞ་ནས་མང་གཙོའི་ལམ་དུ་དེ་ལས་ཀྱང་ཚུལ་མཐུན་གོམ་པ་རྒྱག་ཐུབ་ཀྱི་མེད་ལ། ཨ་མདོ་བ་རྣམས་ནི་ཆོས་ལ་དུག་ཏུ་བརྩིས་མཁན་མ་ཉུང་བ་ཞིག་ཆགས་ནས་གུང་ཁྲན་གིས་ཤན་ཞུགས་ནས་དམར་པོའི་སྲིད་གཞུང་ལ་ཡིད་སྨོས་དོན་གྱིས་སྐྱེས་ནས་ཡང་དག་པའི་མང་གཙོའི་ལམ་ལས་གོལ་བཞིན་ཡོད་པ་འདི་རྣམས་ལ་དཔག་ན། ད་ལྟའི་ཆར་གྱིས་སྤྱི་མཐུས་ཀྱི་ལམ་འགགས་འདི་ནི་རང་རེའི་བོད་ཀྱི་གནས་ཚུལ་དང་། ཆོས་ལུགས་ཀྱི་གནས་ཚུལ་སོགས་གང་ལ་དཔག་ན་མཚམས་ཤོས་ཞིག་ཆགས་ཡོད་པ་དེ་ཤེས་པར་གྱིས།
ད་ལྟའི་གནས་ཚུལ་ཆུང་ཆུང་འདིས་ཐམས་ཅད་འུར་ཟིང་དགོས་པ་ཞིག་ཆགས་པ་འདིའི་བརྒྱུད་ནས་མ་འོང་པར་སྤྱི་མཐུས་གང་འདྲ་ཞིག་གདམ་དགོས་མིན་གྱི་བགྲོ་གླེང་བྱེད་དགོས་པའི་དུས་ལ་བབ་འདུག
སྤྱི་མཐུས་སྒེར་གྱི་མིང་ནས་འབོད་ནས་ཁ་ཤས་ལ་བསྟོད་པ་དང་ཁ་ཤས་ལ་སྨད་པ་བྱེད་པ་འདི་ལེགས་པོ་ཞིག་མ་མཐོང་། ཕྱོགས་གཅིག་ནས་བཤད་ན་འདི་འདྲའི་བགྲོ་གླེང་བྱས་ན་ཕན་ཐོག་འབྱུང་སྲིད་ཀྱང་། ད་ལྟའི་ཆར་རྙོག་དྲ་འདི་ཆོས་ལུགས་དང་འཆོལ་ཁ་ལ་ཕྱོགས་ཞེན་ཀྱིས་བྱུང་བ་ཞིག་ཏུ་བསྒྱུར་འདུག་རུང་ཞིབ་བལྟ་བྱས་ན་རེད་མི་འདུག འདི་ནི་གང་ཟག་སྒེར་ལ་འཁོན་འཛིན་ཡོད་པས་རྐྱེན་བྱས་སྐབས་འཚོལ་རིང་ལུགས་ཀྱིས་ཟློས་གར་འཁྲབ་པའི་གོ་སྐབས་བཟང་ཤོས་ཞིག་རེག་ནས་བྱུང་བའི་གནས་ཚུལ་ཞིག་རེད་འདུག་ལ། བཙན་བྱོལ་བོད་གཞུང་འདི་འཐོར་ཐབས་བྱེད་མཁན་རྣམས་ཀྱི་སྔོན་དཔག་བྱེད་པ་དེ་ཡོང་པའི་སྔོན་བརྡ་ཞིག་ཏུ་ངོས་འཛིན་བྱེད་ནས་ཐུགས་སྤྲོ་གཏང་བའི་གོ་སྐབས་ཞིག་རེད་འདུག་ལ། བོད་རྣམས་གཅིག་སྒྲིལ་བྱེད་པར་ཤུགས་རྒྱག་མཁན་རྣམས་སེམས་པ་ཕམ་པའི་སྡུག་བསྔལ་གསོགས་པའི་གནས་ཚུལ་ཞིག་ཀྱང་རེད་འདུག
འོན་ཀྱང་འདི་ནི་དོན་དག་ཆུང་ཆུང་རེད། ཆུང་ཆུང་དེ་ཆེན་པོར་བཟོས་ན་མ་འཐར་གྲུབ་འབྲས་ངན་པ་དེ་སུ་ལ་ཡོང་གི་རེད།།
ང་བདེན་པ། ང་དྲང་པོ། ང་ལ་ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་མེད། ང་ལ་སྤྱི་སེམས་དང་། ང་ལ་ལ་རྒྱ་ལྡན་ཞེས་ཇི་ཙམ་དབུ་བཙུགས་ཀྱིས་བསྒྲུབས་ཀྱང་། སྣ་འཐེན་ནས་ཁར་སླེབས་དཀའ་ལ། དོན་དངོས་ཐོག་ཁྱོད་ཚོ་མི་རེ་ངོ་རེས་སྐད་ཆ་བཤད་སྟངས་སོགས་ལ་ཡང་བསྐྱར་བརྙན་འཕྲིན་བརྒྱུད་ནས་ལྟོས་དང་། ཁྱོད་ཚོས་སེམས་གཏིང་གི་བསམ་དོན་དེ་དཔོག་ངེས་རེད།
དཔལ་ལྡན་ཟླ་བ་གྲགས་པས།
དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་།
བདག་གི་འདི་ཞེས་དངོས་ལ་ཆཌ་བསྐྱེད་པ།
ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི།
འགྲོ་ལ་སྙིང་རྗེའི་གྱུར་གང་དེ་ལ་འདུད།
ཅེས་དང་། དཔལ་ལྡན་ཆོས་ཀྱི་གྲགས་པས་ཀྱང་།
བདག་ཡོད་ན་ནི་གཞན་དུ་ཤེས།
བདག་གཞན་ཆ་ལས་འཛིན་དང་སྡང་།
འདི་དག་དང་ནི་ཡོངས་འབྲེལ་ལས།
ཉེས་པ་ཐམས་བཅད་འབྱུང་བར་འགྱུར།
ཞེས་གསུངས་པའི་མཐུན་དཔེ་དམ་པར་སྣང་།
དྲ་འབུ་ཚོའི་ནང་དུའང་གྲོས་ཚོགས་ཁང་གི་འདྲེ་ཤིག་དེ་ཚོའི་མཆུ་ཏོ་བརྐྱངས་འདུག་དཱ། རྩོད་གཞིའི་ཁ་ཕྱོགས་བསྒྱུར་ཐབས་བྱེད་མཁན་དེ་ཚོ་ལ་ལྟོས་དང་། ན་ནིང་གཞེས་ནིང་དང་། དེ་དང་དེ་སོགས་ལ་འབྲེལ་བ་ག་རེ་འདུམ་གམ། འདི་ནི་ཐོབ་ཐང་དང་འབྲེལ་བའི་རྩོད་གླེང་ཞིག་རེད། དེ་ལས་ཡར་ཁྲིད་མར་འདྲུད་ཀྱི་ཐབས་ཤེས་བསྟེན་མཁན་དེ་ཚོར་ཁོག་རྩིས་གཞན་ཡོད་པའི་དོགས་པ་མི་བྱེད་རང་བྱེད་རེད། ཁམས་པའི་ཞབས་འདྲེན་དེ་ཚོས་ནམ་ཡིན་ཡང་ཆོལ་ཁའི་རྩོད་རྙོག་བཟོ་རྒྱུར་སྣང་དག་མི་བྱེད་ལ། དེ་ལྟར་བྱས་ན་ཁོ་ཚོར་འོས་ཤོག་ཐོབ་ཤག་གི་རྩིས་ནོར་རྒྱག་བཞིན་ཡོད།
སྐབས་འདིར་གནད་དོན་ཞིག་ནི། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆེན་ད་དུང་ཡང་མཇུག་སྡོམ་བྱེད་ཐུབ་ཡོད་པ་མ་རེད། མཇུག་སྡོམ་མེད་པའི་ཚོགས་འདུ་ཞིག་གིས་གནད་དོན་གང་ཡང་ཐག་གཅོད་བྱས་མི་ཆོག་ལ། ཐ་ན་ཚོགས་འདུ་རྗེས་མ་འཚོགས་ཆོག་མིན་ཡང་ཁྲིམས་སྒྲིག་ཁག་ན་ཆ་རྐྱེན་ཁ་གསལ་རེ་ཨེ་ཡོད། འོ་ན། སྤྱི་འཐུས་ལྷན་ཚོགས་འདི་ཕྱིར་བསྡུ་བྱེད་དགོས་ནའང་ཧ་ལམ་༸གོང་ས་མཆོག་ལ་ལག་པ་འཕྱིད་ཐབས་མ་བྱས་པར་འགྲོ་ས་གཞན་མེད་པའི་ཚོད་དུ་སྣང་།
སྡིག་རྒན་༡༢ དེ་དག་གིས་འདིའི་འགན་ཁྱེར་གྱི་རེད་དམ།
རྒྱུན་ལས་ནང་ཁྲིམས་མེད་ལུགས་མེད་ཀྱི་ཐག་གཅོད་དེར་རྒྱབ་སྐྱོར་བྱེད་མཁན་ཚོས་འགན་ཇི་ལྟར་ཁྱེར་རམ།
རང་ཉིད་ཀྱི་འདོད་འདུན་དེ་མ་གྲུབ་པར་རྩ་དོན་ལ་མ་བསམ་པར་ཕྱི་ལ་སོང་བའི་སྤྱི་འཐུས་ཚོ། ཁྱོད་ཚོས་སོ་སོ་ལ་ད་དུང་མདང་ངེས་ཀྱི་འཇོན་ཐང་ཞིག་མེད་པ་ཧ་གོ་དགོས།
ཁྱོད་ཅག་བློ་རྒྱ་དེ་ལས་མེད་ན་རྐུབ་སྐྱག་མཐོན་པོའི་སྟེང་སྡོད་ནས་ཅི་བྱེད།
ཁྱོད་ཚོས་འཇོན་ས་མ་རེད་ན་ཕྱི་ཤུད་བྱོས་དང་ཤེས་འཇོན་གཉིས་ཀྱིས་ཕྱུག་པའི་གཞོན་སྐྱེས་ཀྱི་རི་དཔུང་ཞིག་ཁྱོད་ཚོས་མི་ས་ན་འདུག
ངོ་མ་བཤད་ན་ཁྱོད་ཅག་གི་བྱེད་སྟངས་དེར་རྒྱ་ཆེ་མི་མང་སུ་གཅིག་གིས་མུས་མཐུན་བྱ་མི་སྲིད་དོ།།
འོ་དེ་རིང་གནས་ཚུལ་གསལ་བ་ཞིག་ཡོད་ང་ཚོའི་སྐུ་ངོ་བསམ་ནམས་སྟོབས་རྒྱལ་ལགས་ས་གནས་ནས་སྡོད་མ་ཐུབ་པ་ལྡི་ལ་བསྡད་འདུག། ཁོ་ཧི་མ་ཅལ་ཁྲིམས་ཁང་ནས་རྩད་བཅད་པར་བརྟེན་འབྲོ་དགོས་བྱུང་བ་འདྲ།
འོན་ཀྱང་སྤྱི་འཐུས་ལ་ཐོན་ཕྱག་ཞུས་ཡོད་མེད་གང་ཤེས།
ངུ་ཡང་ཤོར་ལ། དགོད་ཡང་སྤྲོ་གནས་ཚུལ་བྱུང་ཤག།
གནད་དོན་འདི་ཡི་ཐོག་ནས་ང་ཚོས་བགྲོ་གླེང་དང་ཐེར་འདོན་བྱེད་དགོས་པ་གལ་ཆེན་ཞིག་རེད་འོན་ཏེ་གྲོས་ཚོགས་སུ་བྱུང་བའི་གནད་དོན་དེ་ཡང་རང་ལྟ་མཆོག་འཛིན་ཞིག་དང་ཞེན་ཁོག་ནག་པོ་ཞིག་གིས་མཇུག་འབྲས་ཡིན་པ་ནི་དགག་ཕྱོགས་སྒྲུབ་ཕྱོགས་གཉིས་ཀྱི་མི་སྣ་དག་གི་ཡོང་ཁུངས་ལས་ཀྱང་ཤེས་ནུས། གནད་དོན་ཆུང་ངུ་འདི་ཙམ་ལ་བརྟེན་ནས་ཁོ་ཚོས་རྙོག་གླེང་ཆེན་པོ་བཟོ་བར་དཔག་ཚེ་མ་འོངས་པ་གོ་སྐབས་ཤིག་རག་ན་ཆོལ་ཁ་དང་ཆོས་ལུགས་ཀྱི་མིང་ཁྱེར་བའི་རྩོད་གླེང་ཆེན་པོ་ཞིག་བྱེད་པར་ཐེ་ཚོམ་ཅི་ཡང་མེད། ངས་བཤད་པ་བདེན་དུ་མི་རློམ་ཚེ་ཨོ་རྒྱན་སྟོབས་རྒྱལ་གྱིས་ཁམས་པ་མི་མང་ཟེར་བ་དེ་ལས་སླ་བོ་ཡོད་མ་རེད་ད་་་ཟེར་བའི་ཚིག་འདི་ཀྱང་ཁོང་ཚོས་འཆར་གཞི་གང་ཡིན་ཤེས་ནུས། སྤྱིར་ཟིན་བྲིས་པ་ང་རང་ཁམས་པ་ཞིག་ཡིན་མོད་མདོ་སྟོད་ཀྱི་སྤྱི་འཐུས་དག་ལས་འབར་བ་སྐལ་བཟང་ཟེར་བ་དེ་དང་གསེར་རྟ་ཚུལ་ཁྲིམས་ཟེར་བ་གཉིས་ལས་གཞན་རྣམས་བླུན་པོ་ཆུ་སྣ་གར་ཁྲིད་མཁན་ཤ་སྟག་ཡིན་པ་ངོས་འཛིན་བྱེད་ཀྱིན་ཡོད། དེ་བརྟེན་ཁོ་ཚོས་བློ་ཕམ་བྱེད་དགོས་པའི་བྱ་བ་འདི་དག་ཀྱང་འབྱུང་འགྱུར་ཡང་མུ་མཐུད་རྒྱུ་རེད་སྙམ། དེ་བཞིན་མདོ་སྨད་ཀྱི་སྤྱི་འཐུས་དག་ལ་ཡང་རིགས་བསྒྲེ་ཆོགས། ཡ་མཚན་པ་ཞིག་ལ་ང་ཚོས་སྤྱི་འཐུས་འདེམས་ཕྱོགས་འདི་ཉིད་བསམ་བློ་ཡག་པོ་གཏང་ན་རྩོམ་པ་པོ་མཐུན་ཚོགས་ཤིག་འདེམས་པ་དང་ཧ་ཅང་མཚུངས་སྤྱི་ཚོགས་ནང་དུ་གོ་རྒྱུ་ཡོད་མེད་ཀྱི་རྩོམ་ཉོག་ཐ་ཐོར་འབྲི་མཁན་དག་ཆབ་སྲིད་ཀྱི་གོ་རྟོགས་དང་མང་ཚོགས་ཀྱི་སེམས་ཁུར་ཡོད་མེད་ལ་མ་བརྟེན་པར་འདེམས་ཀྱང་བྱེད་པ་ནི། བེར་འཇིགས་དང་ལྷ་མོ་སྐྱབས་གསེར་ཚུལ་དང་གསེར་ཚུལ་ཧོར་གཙང་དང་སྨོན་མཐར་སོགས་ཀྱིས་ཤེས་ནུས། གང་ལྟར་ངས་བཤད་འདོད་པ་ནི་རྙོག་གླེང་འདི་དག་མི་ཡོང་བའི་ཆེད་རྩ་བའི་བསྒྱུར་བཅོས་ཤིག་བྱེད་དགོས་པ་ནི་སྤྱི་འཐུས་འདེམས་སྟངས་དེ་ཡིན། རབ་ན་ཆོས་རྒྱུད་སྤྱི་འཐུས་དག་དགོས་གལ་མི་ཆེ་བའི་རང་བཞིན་དུ་སོང་ཁོང་ཅག་ལ་ཁ་བཏགས་རེ་དང་བཅས་བཀྲ་ཤིས་བདེ་ལེགས་ཞུས་ནས་གྲྭ་སར་ཁག་ཏུ་དགེ་རྒན་དང་དཀོར་གཉེར་སོགས་ཀྱི་ལས་ཀ་རེ་ཕུལ་ནས་ཕེབས་སྐྱེལ་སྟབས་བདེ་ཞིག་ཞུ་དགོས། དེ་བཞིན་ཆོལ་ཁའི་སྤྱི་འཐུས་དག་ཀྱང་ཧི་མ་བཅའ་དང་ལྷོ་ཕྱོགས་བལ་ཡུལ་འབྲུག་སོགས་ས་གནས་དེ་གའི་མི་མང་གིས་ས་གནས་སོ་སོར་ནས་འདེམས་ཚེ་རྙོག་གླེང་འདི་དག་ཡོང་གཞི་མེད། ཡིན་གཅིག་གཞིས་བྱེས་གཉིས་ཀྱི་ཚབ་མཚོན་ཡིན་ཟེར་ནས་ཆོལ་ཁ་ནས་འདེམས་དགོས་ན་མདོ་སྟོད་ནས་མི་བཅུ་དང་དེ་བཞིན་མདོ་སྨད་དབུས་གཙང་སོགས་ནས་མི་བཅུ་རེ་ལུང་ཁུལ་སོ་སོར་ལ་མ་བལྟོས་པར་བོད་རྒྱ་ཆེན་མི་མང་ཡོངས་ནས་འདེམས་དགོས། དེ་ལྟར་བྱས་ཚེ་སྤྱི་འཐུས་སྤུས་ཚད་ལ་ཡར་རྒྱས་འགྲོ་བར་ངས་ཁས་ལེན་ཞུ་ཆོག ད་དུང་ནན་གཏན་ཞུ་རྒྱུ་ཞིག་ལ་བསེ་རུ་དང་ཀླུ་སྨྱོན་མི་ནག་ཚང་གསུམ་ལས་གཞན་པའི་ཟིན་བྲིས་པ་རྣམས་ད་ནི་ཞེན་ཁོག་གི་ལམ་འགག་ཀྱག་ཀྱོག་དེ་དག་བསྐྱུར་ན་ལེགས། དེ་ལྟར་མིན་ན་་ཁྱེད་ཅག་ཡང་དཔང་སྒྲིག་པའི་རུ་དཔུང་ཞིག་ལ་ངོས་འཛིན་བྱེད་རྒྱུ་ལས་ཐབས་ཅི་ཡོད།
ད་ཡང་ལྷག་པ་གཡུག་ཕྱོགས་གཞན་ཞིག་སླེབས་སོང་། རྩོམ་སྒྲིག་པ་དང་མིའུ་ཕྲུག་གཉིས་ལ་ཁ་གཏད་ཁུལ་གྱིས་རྩོད་གཞི་གཙོ་བོ་དེ་སྦས་ཐབས་བྱེད་མཁན་འདུག་དྰ།
འཐུས་མི་ཆོལ་ཁོངས་ནས་ཡོང་མ་དགོས་ན་ལྷ་རབ་རེད་འདོད། འོན་ཀྱང་། དེ་ལྟར་མ་ཡོང་ན་ཡང་དེ་མི་ལེགས་པའི་གནས་སྟངས་ཤིག་མ་རེད། དེ་མང་གཙོའི་ལུགས་དང་མཐུན་པ་ཞིག་རེད། གྲུབ་ཆ་དེ་ཡང་གལ་ཆེན་ཞིག་རེད།
ཡིན་ན་ཡང་། ཆོས་བརྒྱུད་ཁག་ནས་སྤྱི་འཐུས་ག་རེ་བྱས་ནས་དགོས་པ་རེད་དམ། ཆོས་བརྒྱུད་དེ་ཚོ་བོད་ཆོལ་ཁ་གསུམ་གྱི་ཁོངས་སུ་ཡོད་མ་རེད་དམ། ད་འོ་ན་ཆོས་བརྒྱུད་ཁག་དེ་བོད་ཀྱི་ཁོངས་སུ་ཡོད་མ་རེད་པས། ལམ་ལུགས་འདི་དངོས་ནས་དྲང་པོ་མ་རེད། དེ་བས་ཀྱང་ཆོས་ལུགས་མི་སྣ་རྣམས་ཀྱིས་འོས་ཤོག་གཉིས་རེ་འཕེན་པ་འདི་མང་གཙོའི་ལམ་སྲོལ་དང་འགལ་བ་ཞིག་རེད། ད་ལྟའི་བར་དུ་ལམ་ལུགས་འདི་ལ་བརྟེན་པའི་ནོར་འཁྲུལ་ཤ་སྟག་འོང་བ་ལས་དགེ་མཚན་སྤུ་ཙམ་བྱུང་མ་སོང་བ། ད་ང་ཚོས་ཆོས་བརྒྱུད་ཁག་གི་སྤྱི་འཐུས་དེ་མེད་པར་བཟོ་དགོས་འདུག དེ་མ་ཐུབ་ན་ཆོས་ལུགས་མི་སྣ་ཁག་ལ་འོས་ཤོག་གཉིས་འཕེན་པའི་ལམ་ལུགས་དེ་མེད་པར་བཟོ་དགོས་འདུག དེ་ལྟར་བྱས། ད་དཔུང་ངོམ་ངོམ་བྱེད་མཁན་དེ་ཚོར་ལག་ཆ་ཉུང་དུ་འགྲོ་བ་རེད།
སྤྱི་འཐུས་བསོད་ནམ་སྟོབས་རྒྱལ་ཁོ་སྙིང་རྗེ། གཞན་གྱི་ཁྱི་རྒྱག་གི་དབྱུག་པ་རེད། གཞན་གྱི་ལག་ཆ་རེད།
རྩོམ་སྒྲིག་པ་དང་མིའུ་ཕྲུག་སོགས་ཀྱིས་ཧོམ་རྒྱུགས་བྱེད་ཀིན་འདུག ཆོལ་གསུམ་སྤྱི་འཐུས་མི་དགོས་ཟེར་བ་ནི་རྒྱ་ནག་གིས་བོད་ཆེན་པོ་ཟེར་བ་མེད་ཟེར་བ་དང་འཇམ་ནོར་སོགས་ཀྱིས་རྒྱ་སྡེ་དང་བོད་སྡེ་། ཡང་ན་བོད་ཕྱི་མ་དང་བོད་ནང་མ།བོད་ནང་མ་རང་བཙན་གཙང་མ་ཡིན་པས་རང་བཙན་བྱེད་དགོས་ཟེར་བ་ལ་མཐུན་ཐབས་བྱེད་ཀིན་འདུག དེ་ན་ཁྱེད་ཚོ་རྒྱ་སྡེ་ཡི་ཁོངས་ཡིན་པས་རྩོམ་བྲིས་བྱེད་དགོས་དོན་མེད་ཀི
དགོངས་དག་དེ་རིང་ཡང་༼མཐོང་མ་མྱོང་མཁན་༽ཞེས་མ་དེ་ཆད་འདུག
མཁས་བ་ཆིག་ན་འདོམ་གང་དང་བླུན་པོ་ཆིག་ན་མཐོ་གང་ཟེར་བ་ཅི་མ་བདེན། བཀུར་འོས་རྩོམ་སྒྲིག་པ་མཆོག་ཀྱང་སྤྱི་འཐུས་ཟེར་བ་འདི་ཆོལ་ཁའི་ཁོང་ནས་ཡོང་ན་འགྲིག་གིན་མེད་ཚུལ་གསུངས་སོང་། དེ་ན་དྲ་གྲོགས་མིའུ་ཕྲུག་ཟེར་བ་འདིས་བཤད་པ་བཞིན་གཞིས་ཆགས་ཁག་ནས་༼སྔོན་འཇུག་མ་ཅན་གྱི་སྤྱི་མཐུས་ཟེར་བ་ཞིག༽བོད་ས་མིག་གིས་མཐོང་མྱོང་མཁན། བོད་ཡིག་དག་མ་ཞིག་ཕར་ཟད། བོད་སྐད་གཙང་མ་ཞིག་ཀྱང་མི་ཤོད་པའི་མི་འགའ་འདེམས་དགོས་བ་ཨེ་རེད། འདི་ལྟ་བུ་ཞིག་གིས་གཞིས་ལུས་མི་དམངས་ངོ་འཚབས་བྱེད་ཐུབ་གི་རེད་དམ། ང་ཚོས་དཔེ་འདི་ཆེ་ས་ནས་ལྟོས་ན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཡོང་སྟངས་དང་འདྲ་བོ་རེད། དེའི་དགོས་བ་རྒྱུ་མཚན་ཡང་ཨ་རིའི་ལྷོ་བྱང་གཉིས་ཀྱི་དམག་འཁྲུག་མཚམས་ཆད་རྗེས་རྒྱལ་ཁབ་དབུ་བརྙེས་ནའང་མངའ་སྡེ་ཕན་ཚུན་དང་ས་ཁུལ་བྱེ་བྲག་པར་༼སྐབས་དེར་མི་རིགས་དབྱེ་འབྱེད་ཀྱི་ལྟ་བ་ཤུགས་ཆེན་ཡོད་སྟབས་ས་ཁུལ་ལར་མི་རིགས་ནག་པོ་དང་ས་ཁུལ་ལ་ལར་ཨིན་ཌི་ཡ་ན་ལྟ་བུ་ཁེར་རྐྱང་མང་་པོ་ཡོད་སྟབས༽འཐེན་འཁྱེར་མི་ཡོང་ཆེད་མཐར་མངའ་སྡེ་སོ་སོ་ནས་གྲངས་ཚད་ཆ་སྙོམས་བྱས་ནས་ཡོང་བ་རེད། བཙན་བྱོལ་གཞུང་ལ་གྲོས་ཚོགས་གོང་འོག་གཉིས་ཡོད་པའི་ཉིན་མོ་ནས་གྲོས་ཚོགས་འོག་མའི་འཐུས་མི་དེ་ས་གནས་སོ་སོ་ནས་ཡོང་གི་རེད།
སྤྱིར་སྤྱི་འཐུས་བསོད་ནམས་སྟོབ་རྒྱལ་གྱིས་སྤྱི་འཐུས་གྲོས་ཚོགས་སུ་རྙོགས་དྲ་བྱས་རབ་དེ། གསར་འགྱུར་བརྒྱུད་ལམ་ཁག་ནས་ཐོས་པ་ཉུང་ངུ་ཞིག་མིན་ལ། བཀའ་ཤག་སོགས་ཀྱི་ལན་དོན་ལ། དཀག་འགོག་བྱས་པའི་ལོ་རྒྱུས་ཀྱང་དེ་ལས་ཀྱང་ཉུང་ངུ་མིན། དེ་ལ་དགེ་མཚན་དང་སྐྱོན་གང་མང་དེ་སྤྱི་འཐུས་ཀྱི་གནས་ཚུལ་ལེགས་པོ་ཞིག་ཤེས་ཀྱི་མེད་ལ། བཙན་བྱོལ་གཞུང་གི་གནས་ཚུལ་ལམ་ཙམ་མ་གཏོགས་མི་ཤེས་པའི་རྒྱུ་མཚན་གྱིས་བཤད་ཐུབ་མ་སོང་།
འོན་ཀྱང་ད་ལྟའི་ཆར་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་གྱིས་ནོར་འཁྲུལ་གང་ཡང་བཟོས་མི་འདུག སྤྱི་འཐུས་རྒྱུན་ལས་རྣམས་ཀྱི་ནོར་འཁྲུལ་རེད་འདུག་ལ། ས་རྟགས་འགོད་མཁན་རྣམས་ཀྱི་ནོར་འཁྲུལ་དེ་ལས་ཀྱང་རེད་འདུག རང་རེའི་བཅའ་ཁྲིམས་རིན་པོ་ཆེ་དེ་ག་བར་བཞག་ཡོད་རེད། ག་དུས་བེད་སྤྱོད་བྱེད་དགོས་རེད། གལ་སྲིད་སྤྱི་མཐུས་རྒྱུན་ལས་ཀྱིས་མ་དྲངས་པ་བཟོས་འདུག་ན། བོད་ཀྱི་བཅའ་ཁྲིམས་རིན་པོ་ཆེ་དང་འགལ་ཡོད་རྒྱུ་རེད། དེ་འགལ་ཡོད་ན་དེར་ལུགས་ཀྱི་ཁྲིམས་ཀྱིས་ཉེས་པ་ཁུར་དགོས་པ་དེ། གཞུང་མང་གཉིས་ཆར་ཁྲིམས་ཀྱིས་དབང་འོག་ཏུ་སྡད་དགོས་པའི་མང་གཙོའི་ཆབ་སྲིད་ཀྱི་སྲོག་ཤིང་མ་རེད་པས།
གལ་སྲིད་བཅའ་ཁྲིམས་རིན་པོ་ཆེ་དང་འགལ་མེད་ཀྱང་བཅའ་ཁྲིམས་གསར་བཟོས་དགོས་ཀྱི་ཡོད་ན། རྗེས་སུ་མི་བཟོ་བར། ད་ལྟའི་སྐབས་སུ་གྲོས་གཞི་མིན་པ་ཞིག་ལྐོག་ལྐོག་སུ་བསྣན་ནས་ནང་ཁུལ་དུ་དཀྲུགས་གཞི་བཞག་མཁན་དེ། སྨར་ཁམས་བསོད་ནམས་སྟོབ་རྒྱལ་ལ་མི་དགའ་མཁན། རང་གི་དོན་ཁོ་ན་མ་གཏོགས་བོད་སྤྱི་བའི་དོན་ལ་མི་བསམ་མཁན་ཞིག་ཡིན་པར་ངེས།
སྤྱི་མཐུས་སྒེར་གྱི་མིང་ནས་སྨོས་ཤིང་སྒྲོ་བཀུར་སྣ་ཚོགས་བྱེད་མཁན་རྣམས་ནི་བོད་སྤྱི་ལ་བསམ་མཁན་ཞིག་མ་རེད་ཤག འདི་དག་ནི་སྐབས་འཚོལ་རིང་ལུགས་པ་ཞིག་རེད་འདུག ཕྱོགས་ཞེན་རིང་ལུགས་པ་ཞིག་གོ
མིའུ་ཕྲུག་ལགས། སྔོན་མ་ས་སྐྱ་དང་བསོད་ནམས་སྟོབས་རྒྱལ་བར་གྱི་དཀྲུག་ཤིང་རྒྱག་མཁན་དེ་སྐབས་དེའི་ཚོགས་གཙོ་པདྨ་འབྱུང་རེད་མ་གཏོགས་བསོད་ནམས་སྟོབས་རྒྱལ་གྱིས་ནོར་འཁྲུལ་བྱས་བཞག་པ་དེ་འདྲ་ཡོད་མ་རེད། དེ་རིང་སྤྱི་འཐུས་ནང་རྙོག་དྲ་ཡོང་གཞིའི་སྐོར་འདི་པདྨ་འབྱུང་གནས་ཀྱིས་བྲིས་པ་ཞིག་ཡིན་ཐག་གཅོད་རེད། ཁོས་སྐད་ཆ་བཤད་སྟངས་དང་གྲོས་གཞིའི་ཡིག་ཆ་ནང་ཡོད་པ་གཉིས་ཁ་མཐུན་གྱི་འདུག་མཐོང་མ་སོང་ངམ།
ད་ངས་གནས་ཚུལ་སོ་མ་ཞིག་ཤེས་བྱུང་། དེ་ནི་ཁ་སེང་སྤྱི་འཐུས་གྲོས་ཚོགས་ནང་གནས་ཚུལ་ཛ་དྲག་དེ་འདྲ་ལྷག་ཚར་རྗེས་ཡང་དགོང་མོ་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་དང་། སྒྲོལ་མ་མཚོ་མོ་གཉིས་ཀྱིས་གཙོས་པའི་ཕྱོགས་གཏོགས་པ་མང་པོ་ཞིག་རྡ་སྟེང་བོད་ཀྱི་གསོལ་མགྲོན་ཁང་དུ་ཐུགས་སྤྲོ་གཏོང་བཞིན་འདུག་ཟེར། ད་ང་ཚོས་ཕྱོགས་ཐམས་ཅད་ནས་གླེང་དགོས་རྒྱུ་ཤིན་ཏུ་གལ་ཆེར་མཐོང་། ཡང་ཁ་སེང་སྔ་དྲོ་གངས་སྐྱིད་དུ་རྒྱ་གར་གྱི་ཉེན་རྟོག་པ་ཁ་ཤས་ཁྲིད་འདུག་ཟེར་བས་དེ་ཡང་རྒྱ་རི་སྒྲོལ་མས་ཁྲིད་ཡོང་སྐོར་བཤད་ཀྱི་འདུག་ད།
ང་ཚོས་སྤྱི་མཐུས་འདེམས་ཕྱོགས་དང་བཀའ་ཁྲི་འདེམས་སྟངས་གང་ཐད་ནས་འོས་འཕེན་པ་དག་གིས་རང་གི་ལྟ་གྲུབ་ཀྱི་བསམ་ཚུལ་དང་ལྡན་པའི་ཐོག་འོས་འདེམས་བྱེད་རྒྱུ་དེ་ཆེས་ཉུང་བ་རེད། ཕྱོགས་ཞེན་གྱི་བསམ་བློ་དབང་བཙན་པའི་ཐོག་མི་དེ་ལ་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་ཡོད་མཁན་ཞིག་རྩ་བའི་ཆ་རྐྱེན་དུ་བརྩི་བ་ནི་དངོས་ཡོད་གནས་ཚུལ་རེད། རྒྱུ་མཚན་དེས་སྤྱི་མཐུས་དག་གིས་ཀྱང་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་དེ་རང་གི་ལས་དོན་དུ་བརྩིས་ཏེ་རྟག་ཏུ་དེ་ཁ་ལ་ཁྱེར་བཞིན་ཡོད། སུ་ཞིག་གིས་གིས་ལག་ཆ་རུ་གྱུར་པའི་བསོད་སྟོབས་འདིས་ཀྱང་རྟག་ཏུ་ཁམས་པ་དང་མདོ་སྟོད་ཞེས་མཆུ་རྩེར་ཁྱེར་ཏེ་རྙོག་གླེང་བཟོ་བཞིན་ཡོད་མོད་མདོ་སྟོད་མི་མང་གིས་དེ་ལེགས་ཆ་རུ་རློམས་ཏེ་རྟག་ཏུ་ཁོ་ལ་འོས་ཤོག་འཕེན་བཞིན་གདའ། ལོ་ཤས་སྔོན་དཔལ་ལྡན་ས་སྐྱའི་གྲྭ་ས་ཁ་ཤས་ནས་བསོད་སྟོབས་ལ་འོས་ཤོག་མི་འཕེན་པའི་རེེ་བསྐུལ་ཇི་ལྟར་བྱས་ཀྱང་དེ་ལས་ཟློག་ཐུབ་མེད། དེ་བཞིན་ཟིན་བྲིས་པ་དག་གིས་ཀྱང་འཕེལ་རྒྱས་ཚང་སྒྲོལ་མ་མཚོ་མོ་སོགས་སྐྱོན་མེད་དཀར་སར་སྒྲུབ་བཞིན་པ་འདི་ཉིད་ཀྱང་དོན་དུ་ཆོལ་ཁའི་ཞེན་ཁོག་ལས་མ་འདས་པ་ཞིག་མངོན་གསལ་རེད། ཞན་ཆ་འདི་དག་ཡོང་ཁུངས་གཙོ་བོ་ནི་གཞུང་གི་སྲིད་ཇུས་ཀྱི་ཁ་ཕྱོགས་ནོར་བའི་དབང་གིས་ཡིན་པ་ནི་ཟུར་བལྟས་ལེབ་མཐོང་རེད། གལ་སྲིད་ང་ཚོས་ཆོལ་ཁ་དང་ཆོས་ལུགས་ཞེས་པའི་ཐ་སྙད་རྫོབ་པོ་འདི་དག་བེད་སྤྱོད་མི་བྱེད་པར་རང་བཙན་དང་དབུ་མའི་ལམ་ཞེས་ཆབ་སྲིད་ཀྱི་ཕྱོགས་ཁག་གཉིས་སུ་ཕྱེས་ནས་གཞུང་འཛིན་བཀའ་ཤག་འདེམས་པ་དང་གཞིས་སྒར་ཆེ་ཁག་དག་ལས་དེར་གནས་མི་མང་གིས་སྤྱི་མཐུས་འདེམས་ཚེ་རྩོད་རྙོག་འདི་དག་མེད་པ་མ་ཟད་ལས་དོན་སྒྲུབ་ཕྱོགས་ལ་ཡང་ཉེར་མཁོའི་རང་བཞིན་གྱུར་བ་ནི་ལྟ་ཅི་སྨོས། འོན་ཀྱང་འདི་དག་གླེང་བའི་ཁོར་ཡུག་ཧ་ཅང་དོག་ཏེ་ལྷ་སྲིན་སྡེ་བརྒྱད་ཀྱི་རྭ་བ་ལས་བརྒལ་དགོས་པའི་ཕྱིར།
ཨོ་དེ་འདྲ་ཡིན་ན་ངས་ཁྱེད་ལ་བཟོད་སོལ་ཞུ། ཡིན་ན་ཡང་བོད་མི་མགོ་བཅག་བྱེད་ཀྱི་རྒྱ་མི་སོ་བ་དང་དོལ་རྒྱལ་ཚོགས་པ་ཟེར་པའི་ཐ་སྙད་དེ་ཧ་ཅང་རྫབ་ཆེ་རེད།
འཇུ་ཆེན་ཐུབ་བསྟན་ནི་བཙན་བྱོལ་བོད་ཀྱི་རེ་ལྟོས་ཆེ་སའི་མི་སྣ་དང་དངོས་གནས་ཐབས་བཀོལ་ཡོད་པའི་མི་སྣ་ཞིག་རེད། ་འདི་ང་ཚོས་བདག་པོ་སྐྱོང་དགོས་ནི་རེད། མི་འདི་ལ་དོན་མེད་བསྙོན་འཛུགས་བྱས་ན་ཅི་ཡང་བཙན་བྱོལ་ནང་རྒྱུས་མེད་པའི་རྟོགས་ཡིན།
བློ་ལྡན་ལགས། ནོར་སྐྱོན་ཡོད་མཁན་གྱི་མི་ཚང་མ་དོལ་ཚོགས་དང་འབྲེལ་བ་ཡོད་ཚུལ་གང་ཡང་བཤད་ཀྱི་མེད། ཡིན་ནའང་བློ་དགའ་ཟེར་བ་དེས་སྔ་ཕྱི་བར་གསུམ་གྱི་ནོར་འཁྲུལ་ཚང་མ་འཇུ་ཆེན་ཇག་ཚོགས་གྱིས་བཟོས་པ་ཡིན་སྐོར་ཤ་སྟག་བཤད་བཞིན་འདུག་པས་རྔ་ལ་དཔག་པའི་འཆམ་ཞིག་འཁྲབ་པ་ཡིན།
ད་དུང་སྤྱི་འཐུས་སྒེར་གྱི་གྲོས་འཆར་འདིའི་རྒྱབ་ལོག་ཏུ་ཚོགས་གཙོ་སྤེན་པ་ཚེ་རིང་དང་ཚོགས་གཞོན་རྒྱ་རི་སྒྲོལ་མ་གཉིས་ཀ་ཡོད་ཚོད་རེད། སྤེན་པ་ཚེ་རིང་སྔོན་མ་བཀའ་བློན་ལ་བསྐོས་གྲབས་ཡོད་དུས་བསོད་ནམས་སྟོབས་རྒྱལ་གྱིས་དགག་བྱ་བརྒྱབ་ནས་འོས་མ་ཐོན་པ་དང་། རྒྱ་རི་སྒྲོལ་མས་ཕྱི་ནང་གང་དུ་ངུ་ཁུལ་བགད་ཁུལ་བྱས་ཀྱང་བསོད་ནམས་སྟོབས་རྒྱལ་གྱིས་དམར་འདོན་བྱེད་ཀྱི་ཡོད་པ་མ་ཟད། ཁོ་སྤྱི་འཐུས་ལས་བུད་ན་མོའི་མག་པའི་ཨ་ཅག་སྤྱི་འཐུས་ལ་སླེབས་ཀྱི་ཡོད་སྐད་ཐོས། ཁ་སང་སྤྱི་འཐུས་རྒྱུན་ལས་ཀྱིས་འགྲིག་མེད་ཚུལ་ག་ཚོད་བཤད་ཀྱང་ཁོ་གཉིས་ནས་གསལ་བཤད་གནད་ལ་ཕིགས་པ་གང་ཡང་བྱས་མི་འདུག
སུང་དམར་ལགས། མི་ཞིག་གི་སྐྱོན་དང་ཉེས་པ་ཚང་མ་དོ་རྒྱལ་དང་འབྲེལ་བ་ཡོད་ནི་མ་རེད། རྒྱུ་མཚན་མེད་པའི་འཆལ་གཏམ་མ་བཤད་རོགས།
བློ་དགའ་ཟེར་བ་འདིས་ཕྱོགས་གཅིག་རྐྱང་རྐྱང་བཤད་ནས་དཀྲིག་ཤིང་སློང་མཁན་གྱི་གཏེ་བོ་ཞིག་ཏུ་ཐོན་འདུག་པས་ཁོ་དོལ་ཚོགས་ཀྱི་གསང་ཉུལ་པ་ཞིག་མིན་འགྲོ།
དངོས་གནས་བློ་ལྡན་གྱི་བཤད་པ་བདེན་ནི་རེད། དུས་བབ་ཚང་གི་རྒྱལ་བོས་བླུན་བཤད་རྒྱབ་ཀྱི་འདུག ཆོལ་ཁ་གསུམ་ནི་ནམ་ཡང་དོར་ཐབས་མེད་པའི་དམ་བཅའ་རེད་ལ། ཆོལ་གསུམ་སྤྱི་འཐུས་ཡོངས་སྟངས་དེ་ཧ་ཅང་རྩ་ཆེན་དོན་ཆེན་རེད།
ཨ་རོ།་་དུས་བབ་རྒལ་བོ་རྗེས་མར་དེ་འདྲའི་སྨྱོན་བཤད་མ་རྒྱབ་རོགས། དེ་ནི་རྒྱ་མའི་འདོད་དོན་རེད། ཧོལ་རྒྱུགས་དེ་ལྟར་མ་བྱེད་ཨང་།
ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རང་རེར་མང་གཙོ་གསོལ་སྩལ་གནང་བ་བཞིན་ང་ཚོས་ཡང་དག་པར་ལོངས་སུ་སྤྱོད་པར་བོད་མི་མང་ལ་ཡར་ཐོན་འཛམ་གླིང་རྒྱལ་ཁབ་ཀྱི་ཆབ་སྲིད་པ་དང་མང་ཚོགས་ལྟར་རྒྱལ་ཁབ་ལ་ཤ་ཞེན་དང་ཆབ་སྲིད་ཀྱི་གོ་རྟོགས་མེད་དུ་མི་རུང་བ་ཞིག་ཡིན། མང་ཚོགས་ལ་ཤེས་ཡོན་དང་སྤྱི་དོན་ལ་ལྷག་བསམ། ཆབ་སྲིད་ཀྱི་གོ་རྟོགས་མེད་པར་བླུན་པོ་ཆུ་སྣ་གར་ཁྲིད་དང་ལུང་ཚན་ཕྱོགས་ཞེན་རང་འདོད་མཁྲེགས་འཛིན་མཁན་པོ་དེ་འདྲ་ཡིན་ན་དེས་བདམས་པའི་སྤྱི་འཐུས་ནི་དེ་དང་འདྲ་བ་ཞིག་ལས་མ་འདས། དེས་ན་ང་ཚོས་རྒྱལ་བ་རིན་པོ་ཆེས་མང་གཙོའི་ས་བོན་གནང་བ་དེ་སར་བཏབ་ནས་ཆུ་ལུད་དགོས་ངེས་སྤྲད་ཅིང་ཕྱོགས་ཀུན་ནས་འགལ་རྐྱེན་ལས་བསྲུངས་ན་འབྲས་བུ་སྨིན་པའི་དུས་སུ་ཅི་དགར་ལོངས་སུ་སྤྱོད་ཐུབ་རྒྱུར་ཐེ་ཚོམ་ག་ལ་དགོས། དེ་མིན་བུ་མ་སྐྱེས་གོང་ནས་མིང་རྫིག་པོ་དེ་འདྲ་བཏགས་ནས་དམག་སར་བཏང་བ་དང་ཅིས་མི་མཚུངས། འདིའི་དཔེ་མཚོན་གསལ་པོ་ཞིག་ནི་ད་ལམ་སྤྱི་འཐུས་གྲོས་ཚོགས་སུ་བྱུང་བའི་གནས་ཚུལ་དགྲ་དགའ་གཉེན་སྡུག་བོད་མི་མང་གི་རེ་བ་ཆུ་ལ་བསྐྱུར་བ་འདི་རེད། ད་ལྟའི་བོད་མི་མང་སྤྱི་འཐུས་སོགས་ཚང་མ་དེ་འདྲ་ཡིན་པས་ག་ལ་ཁྱབ། དེ་འདྲ་རེད་ཞུ་གི་ཡང་མེད། འོན་ཀྱང་མི་ངན་གཅིག་གིས་ལུང་པའི་ཕུ་མདའ་དཀྲུགས། ཟས་ངན་གཅིག་གིས་ཁོག་པའི་སྟོད་སྨད་དཀྲུགས། ཟེར་བ་དང་། བསྟན་འཛིན་བརྒྱ་ཕྲག་ཡོད་ཀྱང་ཉུང་སྐྱོན་དང་། བསྟན་གཤེད་གཅིག་ཙམ་ཡོད་ཀྱང་མང་འགྲོ་བས་གསུངས་པ་ལྟར་ཡིན། སླར་བཀའ་བློན་ཁྲི་པས་གཙོས་པའི་མི་མང་གི་སྐུ་ཚབ་འདེམས་སྐབས་ཕྱོགས་ཞེན་གྱི་དབང་དུ་མ་སོང་པར་རང་རེ་ཡུལ་གྱར་དུ་གནས་པའི་དངོས་ཡོད་གནས་སྟངས་དང་མཐུན་པའི་སྒོ་ནས་སྤྱི་དོན་ཕྱར་གྲུ་མཉམ་འདེགས་བྱེད་མཁན་ལྷག་བསམ་ཅན་ཞེ་གཅིག་ཡོང་ཐབས་གནང་གལ་ཆེ་བ་ལགས་སོ།
ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རང་རེར་མང་གཙོ་གསོལ་སྩལ་གནང་བ་བཞིན་ང་ཚོས་ཡང་དག་པར་ལོངས་སུ་སྤྱོད་པར་བོད་མི་མང་ལ་ཡར་ཐོན་འཛམ་གླིང་རྒྱལ་ཁབ་ཀྱི་ཆབ་སྲིད་པ་དང་མང་ཚོགས་ལྟར་རྒྱལ་ཁབ་ལ་ཤ་ཞེན་དང་ཆབ་སྲིད་ཀྱི་གོ་རྟོགས་མེད་དུ་མི་རུང་བ་ཞིག་ཡིན། མང་ཚོགས་ལ་ཤེས་ཡོན་དང་སྤྱི་དོན་ལ་ལྷག་བསམ། ཆབ་སྲིད་ཀྱི་གོ་རྟོགས་མེད་པར་བླུན་པོ་ཆུ་སྣ་གར་ཁྲིད་དང་ལུང་ཚན་ཕྱོགས་ཞེན་རང་འདོད་མཁྲེགས་འཛིན་མཁན་པོ་དེ་འདྲ་ཡིན་ན་དེས་བདམས་པའི་སྤྱི་འཐུས་ནི་དེ་དང་འདྲ་བ་ཞིག་ལས་མ་འདས། དེས་ན་ང་ཚོས་རྒྱལ་བ་རིན་པོ་ཆེས་མང་གཙོའི་ས་བོན་གནང་བ་དེ་སར་བཏབ་ནས་ཆུ་ལུད་དགོས་ངེས་སྤྲད་ཅིང་ཕྱོགས་ཀུན་ནས་འགལ་རྐྱེན་ལས་བསྲུངས་ན་འབྲས་བུ་སྨིན་པའི་དུས་སུ་ཅི་དགར་ལོངས་སུ་སྤྱོད་ཐུབ་རྒྱུར་ཐེ་ཚོམ་ག་ལ་དགོས། དེ་མིན་བུ་མ་སྐྱེས་གོང་ནས་མིང་རྫིག་པོ་དེ་འདྲ་བཏགས་ནས་དམག་སར་བཏང་བ་དང་ཅིས་མི་མཚུངས། འདིའི་དཔེ་མཚོན་གསལ་པོ་ཞིག་ནི་ད་ལམ་སྤྱི་འཐུས་གྲོས་ཚོགས་སུ་བྱུང་བའི་གནས་ཚུལ་དགྲ་དགའ་གཉེན་སྡུག་བོད་མི་མང་གི་རེ་བ་ཆུ་ལ་བསྐྱུར་བ་འདི་རེད། ད་ལྟའི་བོད་མི་མང་སྤྱི་འཐུས་སོགས་ཚང་མ་དེ་འདྲ་ཡིན་པས་ག་ལ་ཁྱབ། དེ་འདྲ་རེད་ཞུ་གི་ཡང་མེད། འོན་ཀྱང་མི་ངན་གཅིག་གིས་ལུང་པའི་ཕུ་མདའ་དཀྲུགས། ཟས་ངན་གཅིག་གིས་ཁོག་པའི་སྟོད་སྨད་དཀྲུགས། ཟེར་བ་དང་། བསྟན་འཛིན་བརྒྱ་ཕྲག་ཡོད་ཀྱང་ཉུང་སྐྱོན་དང་། བསྟན་གཤེད་གཅིག་ཙམ་ཡོད་ཀྱང་མང་འགྲོ་བས་གསུངས་པ་ལྟར་ཡིན། སླར་བཀའ་བློན་ཁྲི་པས་གཙོས་པའི་མི་མང་གི་སྐུ་ཚབ་འདེམས་སྐབས་ཕྱོགས་ཞེན་གྱི་དབང་དུ་མ་སོང་པར་རང་རེ་ཡུལ་གྱར་དུ་གནས་པའི་དངོས་ཡོད་གནས་སྟངས་དང་མཐུན་པའི་སྒོ་ནས་སྤྱི་དོན་ཕྱར་གྲུ་མཉམ་འདེགས་བྱེད་མཁན་ལྷག་བསམ་ཅན་ཞེ་གཅིག་ཡོང་ཐབས་གནང་གལ་ཆེ་བ་ལགས་སོ།
ཚང་མར་ཞུ་རྒྱར། དུས་བབ་རྩོམ་སྒྲིག་པ་ཡིས་རྙོག་བཤད་བརྒྱབ་སྟེ་ཆོལ་ཁ་གསུམ་གྱི་སྤྱི་འཐུས་ཡོང་སྟངས་དེ་འཕོ་འགྱུར་གཏོང་འོས་པའི་བསམ་ཚུལ་ཧ་ཅང་ཐལ་ཆ་ཅན་དེ་ཚོར་ཀུན་གྱིས་གཟབ་དགོས།་རྒྱལ་བ་བསྟན་འཛིན་རྒྱ་མཚོའི་ཐུགས་དཀྱིལ་ཀྱི་དགོངས་གཞི་རླབས་ཆེན་དང་རྒྱ་ནག་གིངོས་ལེ་མེད་པ་དེ་ཆོལ་ཁ་གསུམ་གྱི་ལམ་ལུགས་བཟང་བོ་དེ་རེད།འདི་ནི་ནམཡང་ང་ཚོའི་བསྐལ་བའི་མཐར་དུ་གཅེས་ནོར་རེད།
ས་ཐག་ཧ་ཅང་རིང་བའི་ཕྱི་རྒྱལ་ནས་རྡ་ས་བར་དུ་ཡོང་བའི་དམིགས་ཡུལ་ནི་སྤྱི་འཐུས་གྲོས་ཚོགས་བདེ་ལེགས་ངང་གྲོལ་རྒྱུར་གཏོར་བཤིག་གཏོང་གི་ཡོང་བ་ཡིན་རྒྱུ་མ་རེད། སྤྱི་འཐུས་དེའི་ཀུན་སློང་ལ་སྐྱོན་ཡོད་པ་རེད་ཅེས་ཚིག་ཐག་གཅོད་དཀའ་ནའང་ཁོང་ནི་སྤྱི་འཐུས་གྲོས་ཚོགས་ནམ་ཚོགས་ཀྱང་འཆམ་མཐུན་ལ་གཏོར་བརླག་བྱེད་མཁན་གཏེ་བོ་གཅིག་པུ་དེ་རེད་ཅེས་ཁ་གསལ་བོར་བརྗོད་ཆོག་ལ་མ་ཟད་ཁོང་ནི་སོ་སོའི་སྣང་བ་འགྲོ་མ་འགྲོ་དང་སོ་སོར་ཁེ་ཕན་ཅི་ཙམ་ཡོད་མེད་གཙིགས་སུ་བཟུང་ནས་རྙོག་དྲ་སློང་མཁན་གྱི་བླུན་རྨོངས་པ་ཞིག་ལས་སྔ་ཕྱིའི་གནས་ཚུལ་གསལ་བོར་མཐོང་བའི་ཐོག་བསམ་ཚུལ་འདོན་མཁན་གྱི་རྣམ་དཔྱོད་ཅན་ཞིག་ཁྱོན་ནས་མིན་པ་ནི་སྒོ་ལྔ་ལ་ཕྱོགས་ཞེན་གྱི་དྲི་མས་བསླད་མེད་མཁན་གྱི་བོད་འབངས་རྣམས་ཀྱིས་ཀྱང་གསལ་གསལ་ཐང་ཐང་མཁྱེན་གྱི་ཡོད་ན།སྤྱིའབངས་རྣམས་ལས་ཁོ་ལ་རྒྱས་མངའ་ཆེ་བའི་སྤྱི་འཐུས་རྣམས་འགས་ཁོ་ལ་རྒྱབ་ཀྱིས་གྲོས་ཚོགས་ཀྱི་བདེ་ལེགས་ངང་གྲོལ་རྒྱུར་འགལ་རྐྱེན་བཟོས་ཡོད་པ་ནི་དངོས་གནས་ཧ་སང་བ་ཞིག་རེད།བོད་མི་ས་ཡ་དྲུག་གི་འབྱུང་འགྱུར་གྱི་བདེ་དོན་སོགས་གལ་ཆེན་རང་བཞིན་གྱི་ལས་དོན་ཐད་བགྲོ་གླིང་ཚོགས་བཞིན་པའི་སྐབས་འདིར་གླེང་རིན་མེད་པའི་སྒེར་དོན་གྱི་ལས་ཀ་ཆུང་ཚགས་ཞིག་གི་དབང་གིས་སྤྱི་དོན་འཐུས་ཤོར་དུ་བཏང་བའི་ཐད་ཁོ་ལ་དངུལ་སོགས་ཀྱི་ཉེས་ཆད་ནན་མོ་བཅད་ནས་མ་འོངས་པར་ཡང་འདི་འདྲའི་རིགས་མི་ཡོང་བའི་སྔོན་འགོག་བྱེད་རན་འདུག དེ་ལྟར་མ་བྱས་ངོ་ཚ་དང་མིའི་རྩ་བའི་ཀུན་སྤྱོད་ཀྱས་ཕངས་པའི་ཁོ་ལྟ་བུས་མ་འོངས་ནང་མི་ཆ་ཚང་རྡ་སར་ཁྲིད་ཡོང་ཁོང་ཚོའི་འགྲོ་སོང་ཡང་གཞུང་ནས་གཏོང་དགོས་ཀྱི་འདུག་པ་སོགས་ཀྱི་བསམ་ཚུལ་ཡང་འདོན་མི་ཟད་པ་མིན་ལ་ཕྱོགས་ཞེན་ར་བཟི་བའི་སྤྱི་དེ་ཚོ་ཡང་ཁོའི་རྒྱབ་ནས་ལངས་ཏེ་སྤྱོ་དོན་འཐུས་ཤོར་ལ་ཡང་གཏོང་མི་སྲིད་པ་མིན།
ལྷག་པར་ཁ་སང་གྲོས་ཚོགས་ནང་གི་གྲྭ་སྤྱི་ཚོའི་སྤྱོད་སྟངས་ལ་ལྟོས་ན། རང་གི་སྟོན་པ་ཐུབ་པའི་དབང་བོས་གཟིགས་ཚེབློ་དགྱེས་ཐུབ་པ་མ་ེརད།
དེ་དངོས་གནས་རེད། ཆོས་ལུགས་དང་ཆོས་བརྒྱུད་ཀྱི་་སྤྱི་འཐུས་ཤིག་བོད་གངས་ཅན་ཀྱི་གྲོས་ཚོགས་སུ་འཚང་ན་དུས་རབས་ཀྱི་འགྲོས་དང་མཐུན་དཀའ་མོ་རེད་ལ། ཆོས་ལུགས་དང་ཆོས་བརྒྱུད་རང་གི་ངོ་བོ་དང་བསྒྲུབ་བྱ་ཐོག་ནས་ལྟོས་ན་དྲང་བོ་མ་ེརད།
ཆོས་བརྒྱུད་སྤྱི་འཐུས་འདི་ཕན་ཐོགས་ས་ཞིག་ལ་མི་སླེབས་པར། གནོད་བསྐྱལ་ས་རྐྱང་རྐྱང་ལ་སླེབས་ཀྱིན་ཡོད་པས། ཆོས་དོན་ལྷན་ཁང་གི་ཁོངས་སུ་ལས་གཞན། བོད་ཀྱི་སྤྱི་འཐུས་ཡི་ཁོངས་སུ་ཆོས་བརྒྱུད་སྤྱི་འཐུས་ཟེར་བ་ཞིག་དུས་ནམ་ཡང་དགོས་མེད་ཞིག་མ་རེད་དམ།
ཐེངས་འདིར་མཆན་འདེབས་མཁན་ཚོས་མི་གཞི་ལ་དམའ་འབེབས་བྱེད་པ་སོགས་ཀྱི་འགན་འཁུར་མེད་པའི་དཀྲོགས་གཏམ་རིགས་སུ་ལའང་ཕན་པ་མེད་པར་འདོད།
བཙན་བྱོལ་བོད་ཀྱི་ཆབ་སྲིད་རྭ་བའི་ནང་ཡེ་ཤེས་སྤྱན་གྱིས་གཟིགས་ཐུབ་མཁན་ཞིག་ཡིན་ཚེ། ད་རེས་གྲོས་ཚོགས་ཀྱི་འདུ་རྭ་འདིར་ཡ་མཚན་དགོས་པ་གང་ཡང་མ་རེད། དེ་ནི་ནམ་རྒྱུན་བོད་པའི་སྤྱི་ཚོགས་ཀྱི་གྲུབ་གཟུགས་སུ་གནས་ཡོད། ལྷག་པར་རྒད་པོ་འཇུ་ཆེན་ལ་སྡིགཔའི་སྣང་ཚུལ་དེ་འོས་འཚམ་ཨེ་ཡིན་སྙམ།
ཁོང་ནི་བཙན་བྱོལ་བོད་ཀྱི་ཀ་བ་ཞིག་ཡིན་ངེས།
བོད་སྤྱི་ཕུང་ལ་སྤྱོར་མཁན་གྱི་གཏེ་བོ་ཨུ་རྒྱན་སྟོབས་རྒྱལ་ད་ནས་བཟུང་སྤྱི་མཐུས་ཚོགས་ས་གཏན་ནས་མ་ཡོང་།ཁྱོད་ཡོང་ས་ན་ཉོག་དྲ་མ་གཏོགས་བོད་སྤྱི་བོའི་དོན་ཏིལ་འབྲུ་ཙམ་ཡང་སྒྲུབ་ཐུབ་མི་སྲིད།ལྷོ་ཕྲུག་སྣ་བོ་ཆེ་ཡོང་བ་དགའ་བསུ་གྲངས་མེད་ཞུ་་་་་་་་།
སྐད་ཆ་རྡོག་རྡོག་དེ་བཤད་ན། ཐེངས་འདིར་ཨུ་རྒྱན་སྟོབས་རྒྱལ་གྱིས་སྣེ་ཁྲིད་ཅིང་། བེ་རུ་འཇིགས་མེད་དབང་རྒྱལ་གྱིས་མཇུག་སྐྱོང་ནས་འོང་བའི་འཇུ་ཆེན་དཔུང་ཁག་གིས་ནོར་སོང་། དོན་དག་ཆུང་ཆུང་འདི་ཆེན་པོ་བཟོས་ནས་རང་ཉིད་སྲུང་སྐྱོབ་དང་གཞན་ལ་ནག་ཉེས་འགེལ་ཐབས་བྱས་པ་དང་། མཐར་ཨུ་ཐུག་ནས་གྲོས་ཚོགས་ནས་ཐོན་པ་རེད། འདི་ཕྱི་གསལ་ནང་གསལ་རེད། ཁོང་ཚོ་་་མི་རྒྱུ་དཔུང་གསུམ་པའི་སྐུ་དྲགས་མི་དྲགས་དག་གི་ནང་འཁྲུགས་དེ། བོད་ཆོལ་ཁ་གསུམ་གྱི་ནང་འཁྲུགས་ལ་བསྐོར་བ་རེད། དེ་ཚོ་ཐོན་འགྲོ་མཁན་དེ་ཚོ་རེད།
ད་ང་ཚོས་ཐོན་འགྲོ་མཁན་ཚོའི་ཚབ་ཏུ་འོས་ཤོག་འཕེན་དགོས་རེད།
རྔ་ལ་དཔག་པའི་འཆམ་བཟོ་དགོས་ལེ་རེད།
རིག་པའི་རལ་གྲི་ལགས་ཀྱིས་དགོངས་ཚུལ་གནང་བར་ཡི་རངས་ཡོད།
འདིར་སྤྱི་འཐུས་ཞེས་པར་སྤྱི་མཐུས་ཞེས་སྔོན་འཇུག་མ་ཡིག་རྐྱང་བེད་སྤྱོད་གནང་འདུག་པས།
སྤྱི་འཐུས་ཞེས་པ་འ་འཐུས་ཡིན་པ་ལས། མ་མཐུས་མ་རེད་དོ།།
དྲྭ་གྲོགས་རྣམ་པས་ཀྱང་ཕྱོགས་ཞེན་འཐེན་ཁྱེར་མ་སོང་བའི་སྒོ་ནས་གསར་འགྱུར་དེ་ལེགས་པོ་ཞིག་ཀློག་ནས་མཆན་འདེབས་རྒྱུ་གནད་འགག་ཆེ་ཤོས་སུ་མཐོང་།
སྤྱི་མཐུས་ཞིག་གིས་གསལ་བཤད་བྱས་པ་འདི་དང་། ཟུར་ཉོན་པ་ཞིག་གི་སྐད་ཆ་དེ་དག་ལས་གཞིག་ན། ད་ལྟའི་ཆར་སྤྱི་མཐུས་ཕྱི་ལོག་དོན་མཁན་དང་། མིང་རྟགས་བཀོད་མཁན་གཉིས་ལ། འགལ་འཛོལ་གྱི་ནོར་འཁྲུལ་ཁྱད་པར་ལར་ནས་མི་འདུག གང་ལྟར། ད་ལྟའི་གནས་ཚུལ་ཆུང་ཆུང་ཞིག་གིས་རྐྱེན་པས་རང་རེའི་སྤྱི་མཐུས་དེ་རྣམས་ཀྱིས་ཀླད་རྙིང་མཁྲེགས་བཟུང་། ནང་ཁུལ་གྱི་ཕྱོགས་ཁག་ཕན་ཚུན་ཁ་གཏད་དོན་གནད་ཆུང་ཆུང་ཡན་དུ་ག་འདྲ་བྱས་ནས་བྱས་ནས་གཅོག་གིས་ཡོད་པའི་གསལ་བཤད་བྱས་འདུག་ལ། སྤྱི་མཐུས་གྲོས་ཚོགས་དེའི་ཚོགས་འདུའི་གནད་དོན་ག་འདྲ་ཞིག་གི་ཐོག་འགྲོ་བཞིན་ཡིན་པའི་གསལ་བཤད་ཀྱང་བྱས་འདུག
ཁ་ཤས་ཀྱིས་མང་གཙོའི་གཞུང་མང་པོའི་གྲོས་ཚོགས་སྐབས་ཕན་ཚུན་དབྱུག་པ་ཞུ་རེས་ཡན་བྱེད་ཀྱི་ཡོད་པས་འདི་ཆུང་ཆུང་རེད་ཟེར་གྱིན་འདུག་རུང་། གཞན་གྱི་གྲོས་ཚོགས་ལ་དེ་ལྟར་བྱེད་ཀྱི་ཡོད་ནའང་རེད། འདི་འདྲའི་རིགས་ཕྱིན་ཆོད་ལར་ནས་མི་ཡོངས་བ་ཞིག་ཡོང་བའི་ཐབས་ལམ་ད་ལྟ་ནས་འབད་དགོས་ཀྱི་མི་འདུག་པས།
ཁ་ཤས་ཀྱི་བོད་མི་མང་གི་སྤྱི་མཐུས་བྱེ་བྲག་བ་ཞིག་གི་མིང་ནས་འབོད་ཅིང་དེ་དག་གི་སྒེར་གྱི་ལས་དོན་སྒྲུབ་པའི་ཆེད་དུ་རྙོག་དྲ་འདི་བྱུང་བ་རེད་ཟེར་མཁན་རྣམས་ནི། སོ་སོའི་དམིགས་ཡུལ་དེ་སྒྲུབ་པའི་ཆེད་དུ་ད་ལྟའི་གོ་སྐབས་འདི་བཟུང་ནས་ཕྲག་དོག་གིས་འབོད་ཚིག་ཞིག་རེད་འདུག་པས་མཆན་འདེབས་པ་རྣམས་ཀྱིས་ཀྱང་རང་རེའི་སྤྱི་ཚཽགས་ནང་དུ་སྤྱི་མཐུས་གྲོས་ཚོགས་ནང་བཞིན་མི་ཡོང་བའི་མགན་ཁྱེར་དགོས་པ་ཞིག་རེད།
བོད་མི་མང་གི་སྤྱི་མཐུས་དེ་བོད་མི་མང་གིས་གདམ་པ་ཞིག་རེད། བོད་མི་མང་གི་སྤྱི་མཐུས་དེ་རྣམས་ཀྱིས་སོ་སོ་གདམ་མཁན་གྱི་ཚབ་གང་མཚམ་བྱེད་ཀྱིན་ཡོད་དུས། གལ་གནད་ཆུང་ཆུང་ཞིག་དེས་སྤྱི་མཐུས་ནང་ཁུལ་ཕན་ཚུན་འཁོན་འཛིན་དང་། མགྲན་བསྡུར་ཡོད་པས་རྐྱེན་བྱས་ནས་གྲོས་ཚོགས་འཚོགས་མ་ཐུབ་པའི་གནད་འགག་ཆེན་པོ་ཞིག་ཏུ་བཟོས་ཟིན་སྐབས་། མཆན་འདེབས་མཁན་རྣམས་ཀྱིས་སྤྱི་མཐུས་སྒེར་གྱི་མིང་ནས་འབོད་ཅིང་སོ་སོའི་ཁོང་དུ་ཉལ་ནས་ཡོད་པའི་ཕྱོགས་ཞེན་གྱིས་མཆན་གང་བྱུང་འདེབས་ནས་སྤྱི་ཚོགས་རྣམས་ཀྱི་ནང་དུ་དེ་ལས་ཀྱང་ཚབ་ཆེན་གནས་ཚུལ་དུ་བསྒྱུར་སྲིད་པས། དང་པོ་བསམ་གནོ་ཐོན། དེ་ནས་མཆན་ཐོབ་ཞུ་རྒྱུ་ཡིན།
གང་ལྟར་ས་རྟགས་འགོད་མཁན་མི་བཅུ་བཞི་པོ་དེས། རྒྱུན་ལས་ཀྱི་ཐག་བཅོད་ལ་མོས་མཐུན་མེད་ན། སྔོན་ནས་གསལ་བཤད་དགོས་རྒྱུ་གནད་འགག་ཆེན་པོ་རེད། སྤྱི་མཐུས་གྲོས་ཚོགས་སུ་ལོ་མང་དེ་ཙམ་འཚོགས་ཟིན་རུང་ད་དུང་གྲོས་གཞི་དེ་འདྲ་ལ་རྙོག་དྲ་འདི་འདྲ་ཡོང་བ་ཚོད་དཔག་ཐུབ་མེད་ན། བོད་མི་མང་གི་སྤྱི་མཐུས་ཀྱི་ཚབ་ཐུབ་པའི་ཤེས་འཇོན་མེད་པ་གསལ་པོ་རེད་ལ། གལ་སྲིས་ཤེས་བཞིན་དུ་ཆེད་དུ་གཉེར་ནས་རྐང་བཙུགས་བཟོས་ན་དེ་ལས་བློ་ཕམ་དགོས་པའི་གནས་ཚུལ་ཞིག་རེད།
ཡར་གཞེངས་ནས་འགྲོ་མཁན་རྣམས་ནི་ཕལ་ཆེར་སྤྱི་མཐུས་རྒྱུན་ལས་དེ་རྣམས་ཡིན་རྒྱུ་རེད་ལ། ཆབ་སྲིད་ཀྱི་གནད་དོན་དང་། བོད་སྤྱི་བའི་གནས་ཚུལ་ལས་ཀྱང་སོ་སོའི་ནང་ཁུལ་གྱི་རུ་ཁག་དེའི་འབྲེལ་བ་རྩར་ཆེན་བརྩིས་མཁན་ཞིག་ཡིན་པར་གདོན་མི་ཟ།
གང་ལྟར་ན་ཡང་འདི་ནི་མ་འོངས་པར་བོད་མི་མང་གི་སྤྱི་མཐུས་དེ། ད་ལྟའི་ཀླད་རྙིང་མཁྲེགས་བཟུང་ཅན་གྱི་སྤྱི་མཐུས་སུ་གང་ལ་མི་ཐོབ་པ་ཞིག་དང་། སྤྱི་མཐུས་དེ་མི་ག་འདྲ་ཞིག་རང་རེས་རག་ཐབས་བྱེད་དགོས་པའི་བསྐུལ་བརྡ་བླ་ན་མེད་པ་ཞིག་རེད།
ཚར་ཟིན་པ་དེ་ཚར་བ་རེད། ཡང་བསྐྱར་མང་པོ་བཤད་དྲགས་ན། མང་པོ་ཞིག་ཐག་པ་ཤོར་རྗེས་གད་སྙིགས་རྣམས་དྲུད་ཡོང་བར་ངེས་པས་གཟབ་འཚལ།།
ད་ཐེངས་བོད་ཀྱི་ཆེས་མཐོའི་གྲོས་ཚོགས་དེ་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་མིན་པའི་ཐོག་ནས་གཏམ་ངན་ལུང་པ་གང་བསྒྲགས་ཏེ་གྲོལ་ཡོད།
འདིའི་འབྱུང་རྩ་ནས་གཞིག་ན་སྤྱི་མཐུས་སྒེར་གྱི་གྲོས་ཆོད་ཞིག་གིས་ཡིན་ནའང་
འདིས་བསགས་པའི་སྡིག་ཉེས་དེ་བོད་མི་གཞིས་བྱེས་གཉིས་ཀྱི་སེམས་ལ་ཆེས་ན་ཟུག་ཞིག་སློང་ཡོད།
དེ་འདྲའི་དོན་ཆུང་ཞྀག་གིས་གནད་ཆེན་ཞིག་ཐོན་ཡང་དམན་ཆུང་རེས་བོད་བསྟན་པ་ཆབ་སྲིད་ཀྱི་གཉན་འཕྲང་འདི་ན་བསམ་ནས་ཕྱིར་འཐེན་ཙམ་ཡང་བྱས་མེད་པ་འདིས་རིགས་རུས་ཞེས་གཡེལ་ཆེན་ཞྀག་གླེང་སོང་ཡང་། སྡིག་ཉེས་དག་ཐབས་མེད་པའི་སྤྱོད་ངན་ཞིག་མི་རིགས་འདིའི་ཁྲོད་དང་། ལོ་རྒྱུས་འདི་ཚཽའི་ཁྲོད་བཞག་སོང་སྙམ།
དེའི་ཞཽར་དུ་ལྐོག་ལྐོག་སུག་སུག་གི་མཚན་རྟགས་བཀོད་མཁན་བཅུ་བཞྀ་པོའང་ཉེ་སར་སླེབས་ཡོད། སྤྱི་མཐུས་འགས་བཤད་པ་ལྟར་གྲོས་ཆོད་དང་བསམ་འཆར་ཡོད་ན་ནམ་རྒྱུན་གྱི་ལམ་ལུགས་ལྟར་གྲོས་ཚཽགས་ནང་ཁྱེར་མ་ཡོང་བ།
མཚན་འགྲོས་དང་བཞེས་ལག་བར་ནས་ཁྱེར་ཡོང་དགོས་དོན་མེད་པ་རེད།
ད་རུང་སྤྱི་མཐུས་སྐབས་མང་པོ་ཞིག་བྱས་ཡིན་བཤད་ཀྱིན་འདུག
བྱས་ན་བྱེད་སྟངས་འདི་སྤྱི་མཐུས་ཀྱི་ལམ་ལུགས་ཡོད་པའི་ནམ་རྒྱུན་བྱེད་སྟངས་ཤིག་རེད་དམ།
ཁ་ཤས་ཀྱིས་རྒྱུན་ལས་ཀྱི་ཐག་བཅད་འདི་སྔོན་མ་དང་མཐུན་ཀྱིན་མི་འདུག་དེས་ན་ཁྲིམས་འགལ་རེད་ཟེར། འོ་ན་བཙན་བྱོལ་གཞུང་གི་བྱེད་ཕྱོགས་འདི་ཁྲིམས་འགལ་རེད་དམ།
སྔོན་མའི་བྱེད་ཕྱོགས་དང་མཐུན་ཀྱིན་མི་འདུག
དེ་ཡང་དམངས་གཙོའི་ལམ་སྲོལ་མཐུས་ཚང་རིམ་པ་འགྲོ་མུས་བཞྀན་བོད་གཞུང་གི་སྔོན་མའི་ལམ་ལུགས་དང་མི་མཐུན་པས་སོ།
གནད་དོན་ཆུང་ཚེགས་འདི་ཙམ་ལའང་བསམ་བློ་ཕྱི་སྐོར་དང་ངོ་ཚ་འཛིན་བག་མེད་པ་འདིས་མང་མོས་ཀྱིས་ཆེ་མཐོང་གིས་བསྐོས་པའི་མི་ཞིག་མཚཽན་ཐབས་འདུག་གམ།
ད་རུང་ལ་ཕར་རྒྱབ་ཀྱི་ཁ་བཏད་ལ་ལོངས་ཁུལ་འདིར་སྤོབས་པ་མེད་ཁར་ཁྲེལ་སྣང་ཆེན་པ་མི་འདུག་གམ།
གཞིས་ལུས་བོད་མིས་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རྩ་ཆེས་ལུས་སྲོག་ཀྱང་བློས་བཏང་ཡོད།
ཡིན་ནའང་འདི་ནས་བོད་མཐོང་མྱོང་མེད་པའི་མི་འགས་བོད་ནང་ཁུལ་གྱི་ཁ་ཕོར་ཁྱེར་ནས་གྲོས་ཚོགས་ཀྱི་སྐུག་སྟེགས་བཀང་ཡོད།
ད་གང་དྲགས་་་་་་་་
མཆན་འགོད་པ་ཡོང་ལ་ཞཱུ་རྒྱུར།
ང་ཚོས་ཅི་བཤད་ལ་མ་ཉན་ཅི་ལས་ལ་ལྟོས་ནས་མཆན་བཏགས་ཐུབ་ན་འདི་ཚོའང་བོད་ཀྱི་དོན་དུ་ལོས་ཡིན།་་་་་་་་
དྲྭ་གྲོགས་ཚང་མར་ཞུ་རྒྱུར། ང་འདིར་ཡོང་བ་ཐེངས་དང་པོ་ཡིན་པའི་ཆ་ནས་རྣམ་པ་ཚོར་འཚམ་ཞུའི་ཚིག་བཟང་གི་རྟེན་འབྲེལ་མ་ཞུས་པའི་སྔ་རོལ་ནས་ཉོག་གཏམ་ཚིག་འགས་སྣེ་དྲངས་ཏེ་དུས་བབ་ཟིན་བྲིས་སུ་ཐོག་མར་ཞུགས་དགོས་གྱུར་པར་དགོངས་དག་ཞུ་རྒྱུ་ཡིན།
མཁྱེན་ལྡན་དྲྭ་གྲོགས་རྣམ་པ་ཚོས་ཁང་གསར་རྡོ་རྗེ་ལགས་ཀྱི་ཟིན་བྲིས་ལ་ཐེངས་གཅིག་གཟིགས་རོགས་ཞུ། དངོས་གནས་རྒྱུ་མཚན་ལྡན་པའི་དཔྱད་གཏམ་ལེགས་པོ་ཞིག་སྤེལ་འདུག
དེ་མིན་ལམ་ནོར་ལྡོག་ཤེས་བྱེད་པའི་ཐབས་ལམ་ཅི་ཡང་སྟོན་དུ་མེད་ཅིང་མདུན་དུ་ལྷག་པའི་དཀའ་རྙོག་གི་རྒྱུ་རྐྱེན་དང་རང་བཞིན་སོགས་ལ་རྒྱུས་མངའ་མེད་པར་མཐར་ལྷུང་དང་ཐལ་ཆ་ཆེ་བའི་སེམས་ཚོར་གྱི་སྐད་ཆས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོ་རྒྱུ་ལས་ཕན་ཆ་ཞིག་མཐོང་དུ་མེད།
ལག་ཏུ་སྨྱུ་གུ་ཐོག་པའི་མི་སྣ་ཞིག་གི་ཤེས་བྱ་ཕྱི་རོལ་ལ་བལྟ་སྟངས་ནི་གཡག་ཞྭར་གྱིས་རྩ་ཟ་སྟངས་དང་མ་འདྲ་བ་ཞིག་དགོས་པ་ལས་གློ་བུར་གྱི་སེམས་ཚོར་དང་འདོད་སྡང་གི་བསམ་པ་གཅིག་ཏུ་བསྲེས་པ་ལས་བཏོན་པའི་ཉོག་གཏམ་ནི་སྐྱུག་པ་དང་ཁྱད་པར་མེད་པས་ཟིན་བྲིས་པ་འགའ་ཞིག་གནད་འདིར་ཡིད་གཟབ་དགོས་པའི་ཆ་ཧ་ཅང་མང་བས་དེ་དོན་དགོངས་འཇགས་ཡོང་བ་འཚལ།
དགོངས་དག མཆན་འབྲི་བཞིན་པའི་སྐབས་མཛུབ་གནོན་ནོར་བས་ཤོར་སོང། བསྐྱར་དུ་འབྲི་རྒྱུར།
རྙོག་དྲ་འདིའི་ཕྱི་ནང་གསང་གསུམ།
ང་ཚོས་སྤྱི་འཐུས་རྣམས་ལ་གཤེ་གཤེ་རྐྱང་རྐྱང་བཏང་བས་ཕན་ཐོགས་ཅང་ཨེ་ཡོད། ལྷག་པར་ཆོས་བརྒྱུད་སྤྱི་འཐུས་ཞེས་གཤེ་གཤེ་བཏང་ན་ཆོས་བརྒྱུད་རྣམས་ལ་ཕོག་སྲིད། དེ་བས་ཆོས་བརྒྱུད་སྤྱི་འཐུས་བྱེ་བྲག་པའི་མིང་ནས་བཟུང་སྟེ་སྐྱོན་བརྗོད་བྱས་ན་བདེ་ལ། ཆོལ་ཁའི་སྤྱི་འཐུས་ལའང་དེ་བཞིན་རེད། གང་ཟག་བྱེ་བྲག་པའི་སྐྱོན་སྤྱི་ལ་འགེལ་མི་རུང། ང་ཚོས་བཤད་དགོས་པ་དང་ཤེས་དགོས་པ་མང་ནའང་ཐོག་མར་རྙོག་དྲ་འདིའི་གནད་དོན་ངོ་མ་དེ་ཤེས་དགོས། ད་ལྟ་ཕན་གྱི་འདིའི་སྐོར་གྱི་གནས་ཚུལ་ལ་བལྟས་ན་ཕྱི་ནང་གསང་བའི་ཆ་གསུམ་འདུག
༡༽ ཕྱི་ལྟར་ན། རྒྱ་བལ་འབྲུག་གསུམ་གང་རུང་དུ་གནས་སྡོད་སྤྱི་འཐུས་ཤིག་ཕྱི་རྒྱལ་དུ་གནས་སྤོས་ཚེ། ཚོགས་འདུར་ཕེབས་པ་སོགས་ཀྱི་འགྲོ་གྲོན་སྒེར་ངོས་ནས་གཏོང་དགོས་པའི་ལམ་ལུགས་ཡོད་མུས་ལྟར་དེ་དོན་གྲོས་ཆོད་བཞག་སྟེ་ཁྲིམས་སུ་བཅའ་ཐབས་བྱས་པ་ལམ་དུ་མ་སོང་བ་ཞིག་རེད།
༢༽ ནང་ལྟར་ན། ཉེ་ཆར་མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལ་གཞུང་གིས་འགྲོ་གྲོན་གཏོང་རྒྱུ་སྤྱི་འཐུས་རྒྱུན་ལས་ནས་ཐག་གཅོད་གནང་བ་དེ། རྒྱུན་ལས་ནང་ཆོལ་ཁུངས་མདོ་སྟོད་ཡིན་པ་མང་བས་ཕྱོགས་འཐེན་བྱས་པ་ཞིག་ཏུ་ངོས་འཛིན་བྱས་པ་དང། དེ་མི་འགྲིག་པར་བཤད་པའི་སྐབས་སུའང་སྤྱི་འཐུས་བཅུ་བཞིས་ས་ཡིག་བརྒྱབས་པ་ནི་དཔུང་བསྒྲིགས་པ་ཞིག་དང། ས་ཡིག་རྒྱག་མཁན་རྣམས་ཆོལ་ཁ་གཞན་གཉིས་ནས་ཡིན་པས་དེའང་ཕྱོགས་སྒྲིལ་བྱས་པ་ཞིག་ཏུ་ངོས་འཛིན་བྱས་པ་དང། སྐབས་དེར་རྒྱུན་ལས་ཚོས་གཙོས་སྤྱི་འཐུས་བཅུ་གཉིས་གྲོས་ཚོགས་ནས་ཕྱི་ལ་ཐོན་པ་ནི་ཁོང་ཚོའི་ཐག་གཅོད་དེ་ལ་འགྱུར་བ་མི་འགྲོ་བའི་ཆེད་དང། ཁོང་ཚོ་ལ་ཕམ་ཁ་མི་འབྱུང་བའི་ཆེད་ཡིན་འདུག
༣༽ གསང་བ་ལྟར་ན། རྒྱ་རི་སྒྲོལ་མས་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་མདོ་སྟོད་སྤྱི་འཐུས་ནས་འཕོ་འགྱུར་འགྲོ་ཐབས་ཀྱིས་དེའི་ཚབ་ཏུ་ཁོ་མོའི་གཉེན་ཚན་གྲའུ་ཚེ་བརྟན་ཞེས་པ་ཞིག་སླེབས་ཐབས་བྱས་པ་ཡིན་འདུག
ད་ལྟ་མིག་སྔའི་གནས་ཚུལ་ནས་བལྟས་ན་འདི་འདྲ་ཞིག་རེད། འདི་དག་དངོས་འབྲེལ་ཡིན་མིན་ང་ཚོས་མུ་མཐུད་ཞིབ་འཇུག་བྱེད་དགོས།
གྲོས་ཚོགས་ནང་བོད་མི་རྒྱ་མིའི་གསང་ལས་པ་རེ་གཉིས་ཡོད་མི་སྲིད་པའི་ངེས་མ་ཡོད་པ་མ་རེད། དེ་འདྲ་ཡོད་མེད་སྤྱི་འཐུས་སྤྲུལ་སྐུ་ཨུ་རྒྱུན་སྟོབས་རྒྱལ་ཕྱག་མོ་ཞིག་གཟིགས་ན་ཁོང་ཐུགས་ན་ཁྲ་ལམ་ལེ་ཡོད་ཤག་རེད།
རྩོད་རྙོག་འདི་སྐབས་བཅུ་བཞི་པའི་གྲོས་ཚོགས་དབུ་ཚུགས་སྐབས་ཚོགས་གཙོ་གཉིས་ཀྱི་རྩོད་གླེང་དང་། ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༣ པའི་གྲོས་ཚོགས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་ས་ཁོངས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ལ་གསལ་བཤད་མ་བཞེས་པའི་བརྒྱུད་རིམ་སོགས་གཏིང་ཟབ་པའི་བོད་ཀྱི་རྩ་དོན་རྩོད་ལེན་གྱི་གནད་དོན་དང་འབྲེལ་འདུག་སྙམ། ཡང་ཁག་ཅིག་གིས་གོ་སྐབས་འདི་བཟུང་ནས་སྤྱི་འཐུས་ནང་ཁུལ་གྱི་ཕྱོགས་བྱས་ཏེ་གསར་འགྱུར་སྤེལ་བཞིན་འདུག འདི་ཚོ་གསར་འགོད་པའི་བཟང་སྤྱོད་དང་རྩ་འགལ་དུ་ཕྱིན་འདུག་སྙམ།
རྙོག་དྲ་འདིའི་ཕྱི་ནང་གསང་གསུམ།
ང་ཚོས་སྤྱི་འཐུས་རྣམས་ལ་གཤེ་གཤེ་རྐྱང་རྐྱང་བཏང་བས་ཕན་ཐོགས་ཅང་ཨ་ེ་ཡོད། ལྷག་པར་ཆོས་བརྒྱུད་སྤྱི་འཐུས་ཞེས་གཤེ་གཤེ་བཏང་ན་ཆོས་བརྒྱུད་རྣམས་ལ་ཕོག་སྲིད།
ཐེངས་འདིའི་གྲོས་འཆར་ལས་འཕྲོས་པའི་གྲོས་ཚོགས་ཚོགས་མ་ཐུབ་པ་རེད། ཡིན་ནའང་འདིའི་རྒྱབ་ཀྱི་འཐབ་རྩོད་དངོས་དེ་བསོད་ནམས་སྟོབས་རྒྱལ་གྱི་འགྲོ་གྲོན་དོན་ལ་ཡིན་དང་། ཡང་ན་དོན་གཞན་ཞིག་གི་ཆེད་ཡིན། འདི་ནི་སྐབས་བཅུ་བཞི་པའི་སྤྱི་འཐུས་ལས་དོན་དབུ་ཚུགས་པ་ནས་བཟུང་ད་བར་གྱི་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ནས་ཡོང་བའི་དྲི་བ་རེད་ལ། དོན་དངོས་སུ་ང་ཚོ་རྣ་ཕྱོགས་གཅིག་ལ་མ་གཟེད་པར་ཉན་དགོས་པའི་གནད་དོན་རེད།
ད་ཡང་གནས་ཚུལ་ཞེད་སྣང་ཚ་བོ་ཞིག་བཀོད་འདུག་ག
གཤམ་གྱི་མཆན་བུ་འདི་བོད་ཀྱི་བང་ཆེན་ལས་བཤུས།
ད་ཡིན་ན་རྡ་སར་འབར་རྫས་ཆེན་པོ་འགད་འདུག་ཟེར། འབར་རྫས་དེ་འདི་ཟླའི་སྤྱི་ཚེས་ 18་ཉིན་ཏག་ཏག་རེད། གོ་གསལ་ལྟར་ན་འབར་རྫས་དེ་དང་པོ་བཟོ་ས་བལ་ཡུལ་ཨ་ན་པི་ནའི་ཟ་ཁང་ནང་རེད་ཟེར། བཟོ་མཁན་ཡང་སྒྲོལ་མ་ཉེར་གཅིག་གི་གྲས་ལ་མི་ཐེ་བའི་སྒྲོལ་མ་གཉིས་རེད་ཟེར། སྒྲོལ་མ་གཅིག་ལ་རྒྱ་རི་སྒྲོལ་མ་ཟེར། གཅིག་ལ་སྒྲོལ་མ་མཚོ་མོ་ཟེར། འབར་རྫས་དེ་བཟོས་ཚར་བ་དང་བལ་ཡུལ་དོན་གཅོད་ཀྱི་མོ་ཊའི་ནང་ཁུར་ནས་བལ་ཡུལ་HOTEL TIBETI ནང་ཁུར་འདུག དེ་རིང་བར་གནམ་ཐོག་ནས་ལྡི་ལི་བརྒྱུད་རྡ་སར་འབྱོར་འདུག སྟབས་ཉེས་པ་ཞིག་ལ་འབར་རྫས་དེ་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་ཀ་བ་གསུམ་ལས་གཅིག་སྟེ་བོད་ཀྱི་གྲོས་ཚོགས་ནང་གཡུགས་འདུག
ངས་སྤྱི་འཐུས་ཚོ་ལ་ཉེས་མེད་ཉེས་འཛུགས་བྱས་པ་རེད་འདུག་གམ།
ཀ་ཡེ་རྒྱུ་འབྲས་མེད་པའི་ལྕི་འཐུས་ཚོ།།
ཁ་བ་ཅན་གྱི་སྤྱི་དོན་མི་གླེང་ཞིང་།།
ག་ལེར་ཆུ་ཚོད་བསྐྱལ་བའི་ཉེས་ཚོ།།
ང་ལ་དབང་ཞིག་ཡོད་ཚེ་གསོད་ན་འདོད།།
ཅ་ཅོའི་ཚིག་རྙོག་མང་པོ་གླེང་མཁས་པའི།།
ཆ་ཡོད་སྤྱི་འཐུས་འདི་ཚོ་སྐྱུགས་རེ་བྲོ།།
ཇ་ཆང་ཐུགས་སྤྲོ་བསམ་ནས་ཡོང་བ་ལས།།
བོད་ཀྱི་སྤྱི་དོན་བསམ་མཁན་གཅིག་ཀྱང་མེད།།
ཏྰ་ལའི་བླ་མ་ཟེར་ནས་དད་ཁུལ་བྱེད།།
ཐ་ཤལ་རྒྱ་མི་ཟེར་ནས་སྡིག་ཁུལ་བྱེད།།
ད་དུང་ཁྲེལ་མེད་སྐྱལ་བཟན་འདི་འདྲ་ཚོ།།
ན་ནིང་དོ་ཚིགས་བོད་ཀྱི་དབུ་ཁྲིད་བྱེད།།
པ་ལགས་རྒྱ་ཡིས་བསད་པའི་ད་ཕྲུག་ཚོ།།
ཕ་རོལ་དགྲ་ལ་འཐབ་བཞིན་བོད་ན་ཡོད།།
བ་གླང་ལྟ་བུའི་སྐུ་ངོ་སྐྱག་བཟན་ཚོ།།
མ་རབས་ནང་འཁྲུགས་སློང་བཞིན་རྡ་སར་བཞུགས།།
ཙ་རི་ལྷ་ས་མདོ་སྟོད་མདོ་སྨད་སོགས།།
ཚ་གྲང་ན་ཟུག་བཟོད་པའི་བོད་རིགས་ཚོ།།
ཛ་དྲག་གོ་ལག་ཐོགས་པའི་རྒྱ་དམག་གིས།།
ཝ་མོ་བཞིན་དུ་གསོད་པ་མཐོང་ན་ཡང་།།
ཞ་ར་འོན་པ་ལྟ་བུའི་ལྐུག་ངོ་ཚོས།།
ཟ་མ་ཞིམ་པོ་ཟ་བཞིན་ལྷོད་ལྷོད་ངང་།།
འ་འ་འོ་འོ་ཟེར་ནས་བགད་མོ་ཤོར།།
ཡ་མཚན་འདི་འདྲ་བོད་ལ་དངོས་སུ་བྱུང་།།
ར་རྫི་ལུག་རྫི་ལྟ་བུའི་སྤྱི་འཐུས་ཚོ།།
ལ་རྒྱ་ཅན་གྱི་བོད་མི་ཉམས་ཆུང་ཚོས།།
ཤ་ཁྲག་བཏང་ནས་བོད་དོན་རྩོད་བཞིན་པ།།
ཟ་འདྲེ་ཁྱོད་ཚོས་རྣ་བས་མ་གོ་སམ།།
ཧ་ཅང་རྒྱུ་འབྲས་མེད་པའི་སྐུ་ངོ་ཚོ།།
ཨ་ཁ་ད་ལྟ་ཤི་ན་དགའ་བ་ལ།།
ནོར་བཅོས།
སྤྱི་འཐུས་སོ་སོར་ཐག་གཅོད་འཁོད་པའི་ཚིག་ཐོ་དང་རྒྱུན་ལས་ཀྱི་གནས་འཕྲིན་གཉིས་ཀ་
མི་ཉག་སྐལ་བཟང་ལགས་ནས་ཝ་ཟུར་འདོགས་ཤེས་ཀྱི་མེད་སྐོར་གསུངས་པར་གལ་ཏེ་ངེད་གཉིས་ཀྱི་མཛུན་སྣོན་འགྲོ་སྟངས་གཅིག་གྱུར་ཡིན་ན་ཁྱེད་ནས་ཐོག་མར་ shift བསྣན་དེ་ནས་མཛུབ་མཐེབ་ w བསྣན་ཚེ་ཁྱེད་ཀྱི་སྐུ་ངལ་ཕལ་ཆེར་སེལ་ཐུབ།
༄༅། །རྒྱ་ཆེའི་དྲ་རྒྱ་གཟིགས་མཁན་ཡོངས་དང་། བསམ་ཚུལ་འདོན་མཁན་ལྷན་རྒྱས་ལ་ཆེད་ཞུ། ད་ལན་བོད་མི་མང་སྤྱི་འཐུས་གྲོས་ཚོགས་སུ་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཞིག་ལས་འཕྲོས་ཏེ་བསམ་ཚུལ་མཐུན་མིན་དང། སྤྱི་འཐུས་མང་པོ་ཕྱི་རོལ་ཏུ་ཐོན་པ་སོགས་ཀྱིས་གྲོས་ཚོགས་ཚུལ་མཐུན་གྲོལ་མ་ཐུབ་པར་བརྟེན། གནད་དོན་འདི་དང་འབྲེལ་བའི་གསར་འགྱུར་ཐོག་མཆན་བརྒྱ་ལྷག་བཀོད་དེ་གྲོས་ཚོགས་ཕྱི་རོལ་ཏུ་ཐོན་མཁན་རྣམས་ཀྱིས་མ་འགྲིག་ཚུལ་དང་དེ་མིན་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་ཡིན་སྐོར། ལྷག་ཏུ་བསམ་ཡུལ་ལས་འདས་པའི་ཆོལ་ཁ་དང་ཆོས་ལུགས་ཕྱོགས་རིས་སུ་འགྲོ་གཞིའི་ཚིག་ངན་མང་པོ་ཞིག་བཀོད་འདུག་པ་ཚང་མ་བཀླགས་པ་ཡིན་ལ། འགའ་ཞིག་གིས་གྲོས་ཚོགས་འཐུས་མི་རྣམས་ཀྱི་བཟང་སྤྱོད་ལ་སྨ་འབེབ་ཞོར་རང་ཉིད་ཀྱི་ཚིག་སྦྱོར་དེ་ཚོ་ལ་འགན་ཁུར་དང་གཞི་རྩ་ཨེ་ཡོད་ན་བསམ་པ་མང་པོ་འབྱུང་བཞིན་འདུག འོན་ཀྱང་ད་ལན་གྱི་གྲོས་ཚོགས་དེ་རྒྱལ་ཁའི་ངང་གྲོལ་མ་ཐུབ་པ་དེས་འགན་ང་ཚོ་སྤྱི་འཐུས་རྣམས་ལ་ཡོད་པ་ཤེས་པའི་ངང་ནས་མ་འོངས་ཇི་དགེའི་ལམ་སྟོན་ཐད་འགན་ཁུར་དང་རྒྱུ་མཚན་ཡོད་པའི་དགོངས་འཆར་རིགས་ག་འདྲ་བྱུང་ཡང་ལེགས་སྤེལ་ཉེས་འགོག་གྱིས་ལག་བསྟར་བྱ་འཆར་ཡོད་པ་ལས་ཁྲེལ་མེད་ལུགས་མེད་དང་གོ་མེད་ཚོར་མེད་དུ་བསྡད་ན་ག་ལ་འགྲིག་སྟེ་བསྡད་རྩིས་གང་ཡང་མེད།
ངས་སྤྱི་འཐུས་སྒེར་གྱི་གྲོས་འཆར་དེར་དགག་པ་བརྒྱབས་པ་ཡིན། དགག་པ་རྒྱག་དགོས་དོན་ནི། ཐོག་མར་ཕྱི་ཟླ་བདུན་པའི་ནང་སྤྱི་འཐུས་རྒྱུན་ལས་ཀྱིས་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་གྱི་ལམ་གྲོན་གཏོང་འཆར་གྱི་ཐག་བཅད་མ་ཐག་ནས་སྤྱི་འཐུས་སོ་སོར་ཐག་གཅོད་འཁོད་པའི་ཚིག་ཐོ་རྒྱུན་ལས་ཀྱི་གནས་འཕྲིས་གཉིས་ཀ་བཏང་ཡོད་ཀྱང་འགྲིག་མིན་གྱི་གསུང་མོལ་གནང་མཁན་སུ་ཡང་བྱུང་མེད་པ་དང། དེ་རྗེས་ད་ལན་གྱི་གྲོས་ཚོགས་སྐབས་སུ་སྤྱི་འཐུས་ནང་ཁུལ་ལྷན་འཛོམས་ཉིན་གསུམ་གནང་སྟེ་སྤྱི་འཐུས་རྒྱུན་ལས་སམ་ཡང་ན་སྤྱི་འཐུས་བྱེ་བྲག་པའི་གནང་ཕྱོགས་འགྲིག་མིན་སོགས་ཀྱི་སྐོར་ལ་ནང་ཁུལ་བསམ་ཚུལ་བཤད་རེས་བྱས་ཡོད་ཀྱང། སྤྱི་འཐུས་རྒྱུན་ལས་ཀྱིས་དྲང་པོ་བྱས་མེད་ཚུལ་ཟུར་ཙམ་ཡང་གསུངས་མེད་ལ་མཐར་ལྐོག་ལྐོག་སུད་སུད་ལ་མངོན་ཆུང་ངང་བློ་མཐུན་པ་རྣམས་ལས་ས་རྟགས་མང་པོ་ཞིག་བསྡུ་རུབ་བྱས་འདུག་པ་དེ་དཔུང་སྒྲིག་པ་ལྟ་བུ་ཆགས་ཀྱི་ཡོད་པར་བརྟེན་རྒྱུད་རིམ་དེ་དྲང་པོ་མིན་པ་དང། མ་འོངས་བྱེད་ཕྱོགས་ཀྱི་ཐད་ལ་གྲོས་ཆོད་ཅིག་འཇོག་དགོས་ཚེ་གང་ཟག་བྱེ་བྲག་པར་འབྲེལ་བ་མེད་པ་ཞིག་དགོས་པ་མ་ཟད། ལྷག་པར་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ནང་སྐྱེ་བོ་སྒེར་གྱི་བྱ་སྤྱོད་དང་འབྲེལ་བ་མེད་པ་ཞིག་དགོས་ཀྱི་ཡོད་པས་དེ་ལྟར་བྱུང་མིན་གྱི་ཐེ་ཚོམ་དང་། གྲོས་ཚོགས་སུ་གྲོས་ཆོད་གྲོས་འཆར་ཞིག་འདོན་པ་ལ་གྲོས་འཆར་འདོན་མཁན་དང་རྒྱབ་སྐྱོར་གནང་མཁན་གཉིས་ཀྱིས་མཚན་རྟགས་བསྐྱོན་ན་འགྲིག་ཀྱང་མཚན་རྟགས་མང་པོ་ཞིག་བསྐྱོན་ནས་ཁུར་ཡོང་བ་འདི་ཡང་ང་རང་སྤྱི་འཐུས་སུ་སླེབས་རྗེས་བོད་བསྟན་པ་ཆབ་སྲིད་སོགས་ཀྱི་གནད་དོན་དང་འབྲེལ་བའི་ཐོག་ན་ནིང་ ༢༠༠༨ ལོར་ཚོགས་འདུ་མཚམས་འཇོག་གི་གྲོས་འཆར་ཞིག་ལ་སྤྱི་འཐུས་མང་པོས་མཚན་རྟགས་བཀོད་ནས་ཕུལ་ཡོད་པ་ལས་དེ་མིན་གྲོས་ཆོད་ཞིག་ལ་མཚན་རྟགས་མང་པོ་འདི་འདྲ་བཀོད་ནས་འབུལ་དགོས་གལ་མ་མཐོང་བ་བཅས་ལ་བརྟེན་ནས་ཡིན།
ད་དུང་ཉིན་གཅིག་དང་ཕྱེད་རིང་གྲོས་ཚོགས་སུ་མི་བཅར་དོན་ཡང་རྒྱུད་རིམ་མ་དྲང་བའི་གྲོས་འཆར་འདི་ཉིད་གྲོས་ཚོགས་ཀྱི་ལས་རིམ་སུ་མུ་མཐུད་བཀོད་འདུག་པས་རང་ཉིད་ཀྱི་མང་གཙོའི་ཐོབ་ཐང་བེད་སྤྱད་པ་ཞིག་ཡིན། གཞན་པའི་རྒྱུ་མཚན་གང་ཡང་མེད། ལར་ནས་སྤྱི་འཐུས་ཚོས་གང་བཤད་པ་རྣམས་གྲོས་ཚོགས་ཀྱི་ལས་རིམ་བརྙན་འཕྲིན་དང་ལས་རིམ་གསར་ཤོག་བརྒྱུད་ཀུན་གྱིས་མཁྱེན་རྟོགས་ཡོང་ངེས་རེད། གྲོས་འཆར་འདིར་དགག་བྱ་གནང་མཁན་སྤྱི་འཐུས་སོ་སོར་རྒྱུ་མཚན་མ་འདྲ་བ་ཡོད་པ་ལས་གཅིག་པ་གཅིག་རྐྱང་ས་རྟགས་བརྒྱབ་བཞག་པ་དེ་འདྲ་གང་ཡང་ཡོད་མ་རེད། ལར་ནས་སྤྱི་འཐུས་ ༡༢ ཕྱི་རོལ་ཏུ་ཐོན་པ་ཙམ་གྱིས་གྲོས་ཚོགས་ཀྱི་གྲུབ་ཆ་མ་ལོང་བ་ཆགས་ཀྱི་མེད་ཀྱང་རྒྱུན་དུ་གྲོས་ཚོགས་སུ་མི་བཅར་མཁན་དང་ད་དུང་འགའ་རེ་དགོངས་པ་ཞུས་ནས་ཕྱིན་ཟིན་པ་བཅས་ལ་བརྟེན་གྲོས་ཚོགས་ཀྱི་གྲུབ་ཆ་མ་ལོང་བ་ཆགས་པ་རེད། སྤྱི་འཐུས་རྣམས་ནི་མི་མང་གིས་འོས་འདེམས་བྱེད་ཀྱི་ཡོད་པ་ལས་རང་ཉིད་རང་གིས་བསྐོས་ཐབས་གང་ཡང་མེད་ལ་མི་མང་གི་བསམ་འཆར་ལ་བདག་པོ་རྒྱག་དགོས་པ་དངོས་འབྲེལ་ཡིན། འོན་ཀྱང་བསྟན་དགྲ་རྒྱ་མི་དམར་པོའི་ཁ་ནས་ཀྱང་ཐོན་དཀའ་བའི་ཚིག་ངན་དེ་འདྲ་སྤྱི་འཐུས་རྣམས་ལ་འཕངས་ཀྱང་དགོས་པ་གང་ཡང་མ་མཐོང་ཅིང་། དྲ་ལམ་དུ་ཕེབས་མཁན་རྣམས་ཀྱིས་བཟང་སྤྱོད་དང་ལྡན་པའི་ཐོག་ནས་དགོངས་འཆར་གསུང་བའི་རེ་བ་ཡོད། ངས་གྲོས་འཆར་དེར་དགག་པ་རྒྱག་དོན་ནི་གོང་དུ་བཤད་པ་ལྟར་ཡིན་པ་ལས་གཞན་པའི་རྒྱུ་མཚན་གང་ཡང་མེད་ཀྱང་མཆན་འགོད་པ་རྣམས་ཀྱིས་ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་འཁྱེར་ཞིག་ལ་ནམ་ཡང་མི་བཟོ་བའི་རེ་འབོད་དང། བསྐྱར་དུ་ཞུ་རྒྱུར་དོན་དངོས་ཐུགས་ཁུར་གནང་མཁན་ཡོད་ཚེ་འགན་ཁུར་ཡོད་པའི་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་གནང་རོགས་ཞུ་ཞུ།། བོད་མི་མང་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་པས།
བྲག་འགོ་དཀོན་མཆོག་དར་རྒྱས་ལགས། ཉིད་ཀྱི་བསམ་ཚུལ་དག་ལ་རྒྱབ་སྐྱོར་ཡོད། ཡིན་ན་ཡང་ཁྱེད་རང་གིས་དག་ཆ་ནོར་བས་ངའི་མགོ་ན་གིན། དག་ཆར་ཐུགས་གནང་གནང་རོགས། མ་གཞི་ནས་ད་ཡིན་ན་བོད་པ་དང་བོད་ཡིག་གཉིས་དུས་མཉམ་དུ་ཡལ་འགྲོ་བར་ཆོས་ཉིད་ཡིན་ས་རེད། སྤྱི་འཐུས་མགོ་ལེབ་ཚོའི་བྱེད་སྟངས་ནས་ཧ་གོ་གིན། དཀོན་མཆོག་གསུམ། ངའི་སེམས་ལ་ན་ཟུག་དག་གིས་ང་སྨྱོན་པར་མི་འགྱུར་བར་ཤོག ད་དུང་ཆོལ་ཁ་ཆོས་ལུགས་ཀྱི་ཞེན་ཁོག་སྐམ་པོ་ཡོད་མཁན་དག་གིས་རྒྱབ་ཕྱོགས་ན་རྒྱ་མིའི་གཞུང་དང་། ཡང་ན་འཇིགས་སྐུལ་པ་ཁག་ཅིག་ཡོད་ཐག་ཆོད་རེད། ཁོང་ཚོར་འབར་རྫས་ཡོད་མེད་ལྟོས་ཤོག་ཨང།།
སྤྱི་འཐུས་གཏོར་མའི་ཚོགས་འདི།
སྤྱི་ལ་དགོས་དོན་མི་འདུག།
བོད་ཁམས་སྐྱོང་བའི་སྲུང་མ།
དམ་ཉམས་འདི་དག་བསྒྲོད་ཅིག