སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཉིན་ ༡༢ པ་སྟེ། དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༤ དང་ཕྱེད་ཀའི་སྟེང་། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ཞིག་གི་ཐད། སྤྱི་འཐུས་ནང་ཁུལ་དགོངས་ཚུལ་མ་མཐུན་པ་བྱུང་སྟབས། གྲོས་ཚོགས་འཐུས་མི་ ༡༢ ཙམ་གཅིག་རྗེས་གཉིས་མཐུད་ཀྱིས་གྲོས་ཚོགས་ལས་ཕྱིར་ཐོན་ཡོད་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་མ་ཚང་བ་ཡིན་ན། ལས་དོན་གང་ཡང་ཐག་གཅོད་བྱ་ཐབས་མེད་སྐོར་གཏན་འབེབས་བྱས་ཡོད་སྟབས། གྲོས་ཚོགས་དུས་མིན་གྱིས་མི་གྲོལ་ཐབས་མེད་བྱུང་ཡོད།
ཉེ་ལམ་ཆབ་སྲིད་བཙོན་ཟུར་གྱི་འོས་ཁོངས་ནས་ཨོ་སི་ཊོ་ལེ་ཡར་གཏན་སྡོད་དུ་ཕེབས་པ། མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལགས། ཐེངས་འདིའི་གྲོས་ཚོགས་ཚོགས་དུས་བརྒྱད་པར་ཆེད་ཕེབས་གནང་བའི་ལམ་གྲོན་དེ་བོད་མི་མང་སྤྱི་འཐུས་རྒྱུན་ལས་ནས་ཕུལ་ཡོད་སྟབས། དེ་འདྲའི་ལམ་སྲོལ་སྔར་བྱུང་མྱོང་མེད་པའི་ངོས་འཛིན་ཐོག སྤྱི་འཐུས་སྒྲོལ་མ་མཚོ་མོ་ལགས་ཀྱིས་རྒྱ་བལ་འབྲུག་གསུམ་ཕུད་པའི་ཆེད་འཛུགས་ཕྱི་རྒྱལ་ཁག་གི་སྤྱི་འཐུས་མ་ཡིན་པ་དག་ལ། སྔར་ལམ་ལྟར་འགྲོ་སོང་དོ་བདག་གིས་འགན་འཁུར་དགོས་པའི་གྲོས་འཆར་བཏོན་ཡོད་པ་མ་ཟད། གྲོས་འཆར་དེ་ལ་སྤྱི་འཐུས་ ༡༤ ཙམ་གྱིས་རྒྱབ་སྐྱོར་གྱི་ས་རྟགས་སྐྱོན་འདུག
གྲོས་ཚོགས་འཐུས་མི་འགའ་རེ་ཡིས་སྔར་ལམ་སྲོལ་མེད་བཞིན་དུ། ཐེངས་འདིར་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ལགས་སུ་འགྲོ་སོང་བཏང་བ་དེ་སྤྱི་འཐུས་རྒྱུན་ལས་ཀྱིས་དྲང་མོ་བྱས་མེད་ཚུལ་དང་། ཡང་སྤྱི་འཐུས་འགའ་རེ་ཡིས་གྲོས་གཞི་གྲོས་འཆར་འདི་ལ་ཧ་ཅང་ཛ་དྲག་གི་རྣམ་པའི་ཐོག་ནས་སྤྱི་འཐུས་ ༡༤ ཙམ་གྱིས་རྒྱབ་སྐྱོར་ས་རྟགས་སྐྱོན་པ་ཚུལ་མཐུན་མིན་ལུགས་སོགས། གྲོས་འཆར་དེ་གྲོས་ཚོགས་ནང་སྙན་སྒྲོན་ཞུས་མ་ཐག་སྤྱི་འཐུས་ ༡༥ ལྷག་གིས་དགོངས་ཚུལ་གསུངས་མཐར་བསམ་ཚུལ་མ་མཐུན་པ་བྱུང་སྟེ། གྲོས་ཚོགས་འཐུས་མི་ ༡༢ ཙམ་གཅིག་རྗེས་གཉིས་མཐུད་ཀྱིས་གྲོས་ཚོགས་ར་བ་ལས་ཕྱིར་ཐོན་ཡོད་སྟབས། སྤྱི་འཐུས་རྩ་འབོར་གྱི་གསུམ་ཆའི་གཉིས་མ་ལོངས་སྟབས། ཕྱི་དྲོའི་ཆུ་ཚོད་ ༤ དང་ཕྱེད་ཀའི་ཐོག་དུས་མིན་གྱིས་ཚོགས་གསེང་མི་སྤྲོད་ཐབས་མེད་བྱུང་ཡོད།
སྤྱི་འཐུས་སྒྲོལ་མ་མཚོ་མོ་ལགས་ཀྱིས་བཏོན་པའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གྱི་སྔོན་གླེང་ནང་བཀོད་དོན། བཅའ་སྒྲིག་དང་ལམ་ལུགས་དགོངས་དོན་ཆོལ་ཁ་དང་ཆོས་ལུགས། ཆོས་བརྒྱུད་སྤྱི་འཐུས་རྒྱ་བལ་འབྲུག་གསུམ་ནས་ཡོང་དགོས་པ་ལྟར། རྒྱ་བལ་འབྲུག་གསུམ་ཕུད་ཕྱིའི་རྒྱལ་ཁབ་ནས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཡོང་སྲོལ་མེད་གཤིས། ཁུངས་སོ་སོར་འདེམས་ཐོན་བྱུང་བའི་སྤྱི་འཐུས་ཕྱི་རྒྱལ་དུ་གནས་སྤོས་བྱས་པ་བྱུང་ཚེ། སྔར་ལམ་ལྟར་སོ་སོས་རྒྱག་རང་འཁུར་བྱེད་དགོས་པ་ལས། གཞུང་གྲོན་གཏོང་ལུགས་མེད་པས་གྲོས་ཆོད་ཅིག་འཇོག་དགོས་གལ་མཐོང་། ཞེས་དང་། གྲོས་ཆོད་དངོས་གཞིའི་ནང་བཀོད་དོན། རྒྱལ་བལ་འབྲུག་གསུམ་ནས་ཆོལ་ཁ་དང་ཆོས་ལུགས། ཆོས་བརྒྱུད་ཁུངས་སོ་སོར་འོས་འདེམས་བྱུང་བའི་སྤྱི་འཐུས་ཞིག་གོང་གསལ་ལས་ཕྱི་རྒྱལ་དུ་གནས་སྤོ་བྱ་དགོས་བྱུང་ཚེ་སྔར་ལམ་ལྟར་སྤྱི་འཐུས་སོ་སོས་རྒྱག་རང་འཁུར་བྱེད་དགོས་པ་ལས། གཞུང་གྲོན་གཏོང་མི་ཆོག་པའི་སྤྱི་མོས་སམ་མང་མོས་གྲོས་ཆོད་དུ། ཞེས་བཀོད་འདུག
སྤྱི་འཐུས་སྒེར་གྱི་གྲོས་གཞི་གྲོས་ཆོད་དེའི་འོག་ཏུ་སྤྱི་འཐུས་ཚེ་རིང་སྒྲོལ་མ་དང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན། སྤྱི་འཐུས་པད་མ་འབྱུང་གནས། སྤྱི་འཐུས་ཟླ་བ་ཚེ་རིང་། སྤྱི་འཐུས་ངག་དབང་ལྷ་མོ། སྤྱི་འཐུས་སྒྲོལ་མ་ཚེ་རིང་། སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས། སྤྱི་འཐུས་བསོད་ནམས་ཚེ་རིང་ཕིར་སི། སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན། སྤྱི་འཐུས་རྒྱལ་ནོར་ཚེ་དབང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ། སྤྱི་འཐུས་སྨོན་དཀར་བསོད་ནམས་ཕུན་ཚོགས། དེ་བཞིན་གྲོས་འཆར་འདོན་མཁན་སྤྱི་འཐུས་སྒྲོལ་མ་མཚོ་མོ་བཅས་གྲོས་ཚོགས་འཐུས་མི་ ༡༤ ཙམ་གྱིས་ས་རྟགས་སྐྱོན་འདུག
ཐོག་རྒོད་ཟེར་བ་འདི་ངོ་མ་རྒྱ་མའི་སོ་བ་ཞིག་ཤས་ཆེ།
དོན་ཡོད་མེད་ཚང་མ་གླེང་དགོས་མཁན་གྱི་མི་ཞིག་རེད།
དྲ་གྲོགས་མག་གྷན་ལགས།
གོང་དུ་ཁྱོད་ཀྱིས་དགོང་མོ་དེར་རྒྱ་རི་སྒྲོལ་མ་དང།སྒྲོལ་མ་མཚོ་མོ་གཉིས་ཀྱིས་གཙོས་མཐུན་ཕྱོགས་ཚོས་རྡ་སྟེང་བོད་ཀྱི་གསོལ་མགྲོན་ཁང་དུ་ཐུགས་སྤྲོ་བཏང་འདུག་ཟེར་བ་དེ་རེད།ད་ལྟ་སྒྲོལ་མ་མཚོ་མོ་སྐབས་དེར་མི་འདུག་ཟེར་བ་དེ་རེད།གང་ལྟར་གོང་གི་ཁྱོད་ཀྱི་སྐད་ཆ་དེ་ཁུངས་མེད་རྫུན་གཏམ་ཆགས་པ་རེད།གཞན་མོ་ཀྲ་དམར་སེར་ངས་རྩད་གཅོད་དགོས་དོན་མེད་ལ་ཨོ་རྒྱན་བསྟན་འཛིན་འཛགས་རྒན་ཡིན་མིན་ངས་མ་ཤེས།གལ་སྲིད་ཡིན་ཡང་ང་ལ་ཕྲག་དོག་དགོས་དོན་གང་ཡང་མེད།
ཨ་རོ་ཐོག་རྒོད་མིང་ཅན། ཁྱོད་ཀྱི་སྣང་བ་མ་འགྲོ་ཚད་ཐམས་ཅད་གཞི་ཆེན་ཨམ་དེའི་ཇུས་འགོད་འོག་ཚུད་པ་ཡིན་དགོས་དོན་གང་ཡང་ཡོད་རྒྱུ་མ་རེད། ངས་སྔོན་མ་རྒྱ་རི་སྒྲོལ་མ་སོགས་རྡ་སྟེང་བོད་ཀྱི་གསོལ་མགྲོན་ཁང་དུ་ཕྱིན་ཡོད་སྐོར་བྲིས་པ་དེ་སྤྱི་ཚེས་༡༩དགོང་མོ་ཟེར་གྱི་ཡོད། ཚེས་༡༨དགོང་མོ་བཀའ་སྤྱི་གཉིས་ཀྱིས་ཕྱི་རྒྱལ་བ་ཞིག་ལ་གསོལ་ཚིགས་ཕུལ་ཡོད་འདུག་པ་ལས་རྒྱ་གར་བ་ཞིག་ལ་ཕུལ་ཡོད་མི་འདུག མྱི་ངན་ཁྱོད་ཀྱིས་དཀྲིག་ཤིང་མ་རྒྱག སྤྱི་ཚེས་༡༩དགོང་མོ་རྒྱ་རི་སྒྲོལ་མ་བོད་ཀྱི་གསོལ་མགྲོན་ཁང་དུ་ཕྱིན་མིན་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་དེ་ཚོར་དྲིས་ན་ཤེས་ཀྱི་ཡོད་འདུག དེ་དགོང་སྒྲོལ་མ་མཚོ་མོ་མཉམ་དུ་ཡོད་སྐད་མི་འདུག་ཡིན་ནའང་གཏེ་རྒན་དེ་རྒྱ་རི་སྒྲོལ་མའི་ཨབ་ཕྲུག་འཛག་རྒན་དབུས་གཙང་སྤྱི་ཟུར་ཨོ་རྒྱན་བསྟན་འཛིན་གྱི་མོ་ཊ་དམར་པོ་དེའི་ནང་སྦ་སི་འབབ་ཚིགས་བར་བསྐྱེལ་བཅུག་ཡོད་འདུག ཡང་བདེན་མིན་ཞིབ་འཇུག་གྱིས་ཤིག
དྲ་གྲོགས་གསེར་རྟ་ཆོས་དབྱིངས་ལགས།
ཁྱེད་ཀྱིས་དྲ་ཐོག་ཏུ་གྲོས་ཚོགས་ནས་ཕྱི་ལ་བྲོས་འགྲོ་མཁན་དེ་ཚོའི་མིང་འབྲི་སྐབས་སྨོན་ལམ་མཐར་ཕྱིན་སོགས་མི་བཅུ་གཉིས་ཡིན་པ་རེད།ཅེས་སྨོན་ལམ་མཐར་ཕྱིན་ཡན་ཆད་མ་གཏོགས་དེའི་འོག་ནས་ཐབས་སྐྱོ་བ་ཞིག་ལ་ཁྱོད་རང་ཉིད་དང་ཕ་ཡུལ་གཅིག་པའི་ཁམས་པ་རྫུན་མ་གསེར་རྟ་ཚུལ་ཁྲིམས་འདིར་བྲིས་མེད་པ་ག་རེས་ཉེས་སམ།ཁྱོད་ཞེན་ཁོག་ཆེན་པོ་ཅན་ཞིག་ཡིན་པ་ང་ཚོས་ཤེས་སོང། གཞན་གང་ཡང་མ་རེད།གསེར་རྟ་ཕ་ཡུལ་གཅིག་པར་ཞེན་ཁོག་བྱས་པའི་ཁུལ་རེད།སྙིང་རེ་རྗེ།སྤྱིར་འཇིག་རྟེན་གྱི་མི་ལ་ཞེན་ཁོག་ཡོད་ཆོག་ཀྱང་ཁྱོད་ནི་ད་ལྟའི་རྡ་ས་ནོར་གླིང་འཁྲིས་ཀྱི་ཁམས་སྤྲུལ་དགོན་པའི་མཁན་པོ་ཡིན་པ་ངས་ཞིབ་འཇུག་བྱས་པས་ཤེས་སོང།ཞེན་ཁོག་ཅན་གྱི་སྐྱབས་རྗེ་མཁན་རིན་པོ་ཆེ་ཞུས་ན་འགྲིག་གི་ཡོད་དམ།མ་གཞི་ཉིན་ཤས་རིང་ཁྱོད་ལ་ཞིབ་འཇུག་བྱས་པར་ཁྱེད་ཀྱིས་ད་བར་རང་ཉིད་གསེར་རྟ་མཁན་ཆེན་འཇིགས་མེད་ཕུན་ཚོགས་རིན་པོ་ཆེའི་སློབ་ཆེན་ཡིན་སྐོར་འདྲ་མིན་བཤད་དེ་བལ་ཡུལ་དང་འབྲས་ལྗོངས་སོགས་སུ་དགོན་པ་འདྲ་མིན་ནང་ཞབས་འདྲེན་གང་མང་ཞུས་སྐོར་ས་གནས་དེ་དག་གི་ངོ་ཤེས་ཚོའི་ཁ་པར་སོགས་ཀྱི་ལམ་ནས་ང་ལ་གསལ་བོ་བཤད་བྱུང་ཡང་ངས་རེ་རེ་བཞིན་མི་ཞུ།ད་ནས་ཞེན་ཁོག་དེ་འདྲའི་སྐྱོ་བོ་རང་མ་བྱེད།ཞབས་འདྲེན་མ་ཞུ།
ཡང་ཁྱོད་ཀྱིས་གྲོས་ཆོད་གྲོས་འཆར་དེ་སྒྲོལ་མ་༢༡གི་གྲངས་སུ་མི་གཏོགས་པའི་སྒྲོལ་མ་གཉིས་ཀྱི་བློ་འཕྲུལ་དང་མ་འོངས་པའི་གསང་བའི་སྲིད་བྱུས་ཡིན་སྐོར་སོགས་བྲིས་འདུག།སྒྲོལ་མ་རྣམ་གཉིས་སྒྲོལ་མ་༢༡གི་གྲངས་སུ་མི་གཏོགས་པ་ཁྱེད་ཀྱིས་གང་ནས་ཤེེས་སོང་ངམ།གང་ཟག་གི་ཚོད་གང་ཟག་གིས་ཇི་ལྟར་འཛིན།ཨ་གསེར་རྟའི་བླུན་རྒན།འདི་འདྲ་མ་གཏོགས་གང་ཡང་མི་ཤེས་པར་མཁན་པོ་མ་བྱས་ཐབས་མེད་ཀྱི་ཁྲལ་ཁྱོད་ལ་སུས་བསྐུལ་བ་རེད་དམ།གསེར་རྟ་མཁན་པོའི་སློབ་ཆེན་ཞིག་ཡིན་ས་རེད་དམ།
ཡང་སྒྲོལ་མ་གཉིས་ཀྱི་བློ་འཕྲུལ་གྱིས་མ་འོངས་པའི་གསང་བའི་སྲིད་བྱུས་ཡིན་སྐོར་ཁྱེད་ཀྱིས་བཤད་པ་འདི་ལ་ཁྱོད་ལ་དཔང་རྟགས་གང་ཞིག་ཡོད་དམ།རྒྱུ་མཚན་ཡོད་ན་འདི་རེད།འདིའི་ཉི་འདི་འདྲ་བྱས་སོང་ཞེས་ཤོད།རྒྱུ་མཚན་གང་ཡིན་ནམ??????????????????????????????????????????
གལ་སྲིད་གྲོས་ཆོད་གྲོས་འཆར་དེ་ལྷག་བསམ་རྣམ་དག་གིས་བསྣམས་ཕེབས་ཡོང་བ་ཡིན་ན་ཁྱེད་ཀྱིས་གོང་དུ་བཤད་པ་འདི་རིགས་གང་འདྲ་ཆགས་སོང།ཁོང་ཚོར་མ་འོངས་པའི་གསང་བའི་སྲིད་བྱུས་མེད་ན་ཁྱོད་ཀྱིས་བསམ་བཞིན་མ་ཉེས་ཁག་གཡོག་གིས་སྐྱོན་འཛུགས་བྱེད་ངེས་ཡིན་ནམ།མཁན་པོ་ཟེར་བ་དེས་ལས་རྒྱུ་འབྲས་བརྩི་མི་དགོས་སམ།གོང་དུ་དྲ་གྲོགས་དཔྱོད་ལྡན་གང་མང་ཞིག་གིས་བླ་མ་གྲྭ་བས་ཞབས་འདྲེན་ཞུས་པ་འདི་རེད་ཅེས་གསུང་བཞིན་པ་མཁན་པོ་ཁྱོད་ཀྱིས་གོ་སོང་ངམ།ཁྱོད་ཡག་པོ་སྡོད།ཁོ་རེ།
གཞན་ཡང་ཁྱོད་ཀྱིས་གྲོས་ཆོད་གྲོས་འཆར་དེའི་རྙོག་འཛིང་ཁྲོད་ཆོས་ལུགས་ཀྱི་རྙོག་གྲ་མེད་སྐོར་བཤད་མོད།ཆོས་ལུགས་ཀྱི་རྙོག་གྲ་རེད་ཁྱོད་ལ་སུས་ཟེར།དྲ་གྲོགས་ཀུན་གྱིས་ཆོལ་ཁའི་སྤྱི་འཐུས་ཚོས་ཆོལ་ཁའི་ཞེན་ཁོག་བྱས་པར་ཆོས་ལུགས་སྤྱི་འཐུས་ཚོས་རང་ཚུགས་མ་ཐུབ་པར་ཆོལ་ཁའི་ཕྱོགས་ཞེན་ནང་འཛུལ་འགྲོ་གིན་འདུག།ཟེར་བ་འདི་རེད་ལ་དེ་དངོས་གནས་རེད།ང་ཚོ་ཚང་མས་བརྙན་འཕྲིན་ནང་ལྟད་མོ་མཐོང་བཞིན་པ་འདི་རེད།
ཆོས་དབྱིངས་ཆོས་བཞིན་མ་བཞུགས་ན།།
མཁན་པོའི་མཁན་ས་ཤོར་ཉིན་ཡོད།།
ཉེས་མེད་ཉེས་འགེལ་བྱེད་ཆེ་ན།།
གསེར་རྟ་གསེར་རྫུན་ཆགས་ཉིན་གདའ།།
དྲ་གྲོགས་མེག་ལོར་རྒན་ཇི་ལགས།
ཁྱེད་ཀྱིས་ཉེ་སྔོན་ནས་དྲ་ཐོག་ཏུ་གནས་ཚུལ་སྤེལ་བའི་ནང་གྲོས་ཚོགས་ནང་གནས་ཚུལ་ལྷག་རྗེས་དགོང་མོ་ཚོགས་གཞོན་དང་སྒྲོལ་མ་མཚོ་མོ་གཉིས་ཀྱིས་གཙོས་ཕྱོགས་གཏོགས་མང་པོ་རྡ་སྟེང་བོད་ཀྱི་གསོལ་མགྲོན་ཁང་དུ་ཐུགས་སྤྲོ་གཏོང་བཞིན་འདུག་ཟེར།ཞེས་བཀོད་འདུག།གནས་ཚུལ་འདི་དག་དངོས་ཡོད་གནས་ཚུལ་ཡིན་མིན་ངས་ད་བར་ཞིབ་འཇུག་བྱས་པར་འདི་ལྟར།གྲོས་ཚོགས་ནང་གནས་ཚུལ་ལྷག་ཉིན་དེ་ཕྱི་ཚེས་༡༨ཉིན་ཡིན་པ་དང།ཉིན་དེའི་དགོང་མོ་རྒྱ་གར་དཔོན་རིགས་ཡུན་རིང་TPPRCནང་ལས་ཀ་བྱས་ཏེ།བོད་དོན་རྒྱབ་སྐྱོར་གནང་མཁན་སྐོར་ཞིག་ལ་བཀའ་སྤྱི་ལྷན་རྒྱས་ཀྱིས་གསོལ་ཚིགས་འདེགས་འབུལ་གྱིས་བཀའ་ཁྲིས་དབུས་བཀའ་བློན་རྣམ་པ་དང།ཚོགས་གཙོ་ཚོགས་གཞོན་གྱིས་དབུས་སྤྱི་འཐུས་ཚང་འཛོམས་བྱུང་ཡོད་འདུག་ལ་ཉིན་དེར་གྲོས་ཚོགས་ནང་ནས་ཕྱི་ལ་བྲོས་འགྲོ་མཁན་ཚོ་ཡང་དགོང་མོའི་གསོལ་ཚིགས་ལ་ཕེབས་ཡོད་འདུག་པར་མ་ཟད་བཀའ་ཁྲིས་ཧིན་སྐད་ལེགས་སྦྱར་བསྲེས་མའི་ཐོག་ནས་དང་ཚོགས་གཙོས་དབྱིན་སྐད་ཐོག་ནས་གསུང་བཤད་གནང་བར་མ་ཟད་རྒྱ་གར་སྐུ་མགྲོན་ཚོས་དབྱིན་སྐད་ཐོག་ནས་གསུང་བཤད་གནང་སྟེ།དགོང་མོའི་ཆུ་ཚོད་༩་སྐར་མ་༣༠ཙམ་ལ་མཛད་སྒོ་དེ་གྲོལ་ཡོད་འདུག་པ་ཁྱོད་ཀྱིས་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་སུ་བཀའ་འདྲི་ཞུས་དང་གསལ་བོ་ཆགས་ཀྱི་འདུག་ལ་དེ་བཞིན་རྡ་སར་གནས་པའི་སྤྱི་འཐུས་ཚོས་གསུངས་བྱུང།དེ་བཞིན་ཚེས་༡༩ཉིན་གྱི་སྔ་ཉིན་གྲོས་ཚོགས་ནས་པྱི་ལ་བྲོས་འགྲོ་མཁན་དེ་ཚོ་གྲོས་ཚོགས་ལ་མ་ཡོང་པར་ཚོགས་འདུ་མཇུག་བསྡོམས་མ་ཐུབ་པར་བརྟེན་ཕྱི་དྲོ་ནས་སྒྲོལ་མ་མཚོ་མོ་སོགས་གྲོས་ཚོགས་འཐུས་མི་རྣམས་ཕྱིར་ཕེབས་ཡོད་པའང་ཚོགས་དྲུང་ལས་ཁུངས་དང།སྤྱི་འཐུས་ཚོ་བཞུགས་སའི་མགྲོན་ཁང་བདག་པོ་ཚོར་དྲིས་དང་གསལ་བོ་ཆགས་ཀྱི་འདུག་པས་ཁྱེད་ཀྱིས་དགོང་མོ་དེར་རྡ་སྟེང་བོད་ཀྱི་གསོལ་མགྲོན་ཁང་དུ་ཐུགས་སྤྲོ་གཏོང་བཞིན་འདུག་ཟེར་བ་དེ་སྒྲོ་འདོགས་ཀྱི་གཞན་ཟེར་ཁོ་ན་ལས་དེ་ལ་བདེན་པ་རྩ་བ་ནས་མི་འདུག
གཞན་ཡང་ཁྱེད་ཀྱིས་ཡང་ཁ་སེང་སྔ་དྲོ་གངས་སྐྱིད་དུ་རྒྱ་གར་གྱི་ཉེན་རྟོག་པ་ཁ་ཤས་ཁྲིད་འདུག་ཟེར་བས་དེ་ཡང་རྒྱ་རི་སྒྲོལ་མས་ཁྲིད་ཡོང་སྐོར་བཤད་ཀྱིན་འདུག།ཅེས་དྲ་རྒྱའི་ནང་ལ་སྤེལ་འདུག།དེའི་སྐོར་ལ་ཕྲན་གྱིས་ཞིབ་འཇུག་བྱས་པར་ཁྱོད་ཀྱིས་ཁ་སེང་སྔ་དྲོ་ཟེར་བ་དེ་ཚེས་༡༨དང་༡༩གང་རུང་གི་སྔ་དྲོ་ཡིན་པ་ཐག་ཆོད།དེ་ཡང་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་རལ་བ་ཅན་འཛིན་ཆེད་ཉེན་རྟོག་པ་དེ་དག་ཁྲིད་ཡོང་བ་རེད།ཟེར་གྱི་ཡིན་ནམ།དེ་ཡང་མག་གྷན་ཁྱོད་ཀྱིས་མི་བདེན་རྫུན་བསྒྲིགས་ཤ་སྟག་ཡིན་པ་ལས་དེའི་སྔོན་ནས་རལ་བ་ཅན་གྱིས་ལམ་གྲོན་སོགས་ཆ་ཚང་ཞུས་ཏེ།ཕྱི་ཚེས་༡༦གི་དགོང་མོ་ནས་ཞི་མིའི་ཁ་ནང་ཤ་ཤོར་བ་ལྟར་རལ་བ་ཅན་ཕྱིར་སོང་ཚར་ཡོད་པ་ཡོངས་གྲགས་ཆགས་འདུག་པས་ཁྱེད་ཀྱི་སྐྱག་རྫུན་ལམ་འགྲོ་བརྒྱུགས་མི་འདུག་གོ།གང་ལྟར་བཤད་སྟངས་ལ་ཁྱོད་ཀྱང་ཆུ་སྒང་རྙིང་པའི་རྒྱུགས་ཁྱི་དང།སྐུ་ངོས་གཞི་ཆེན་གྱི་ཨབ་ཕྲུག་ཞིག་ཡིན་ངེས་ཀྱང་སྟབས་མ་གཟབ་ན་སྐྱག་རྫུན་ཆ་ཚང་སྐྱག་རྫུན་རང་ཆགས་འདུག་པ་འདི་རེད།
ལྷག་ཏུ་རང་ཅག་ཁམས་པ་རྣམས་ཙམ་དུ་མ་ཟད་བོད་ཆོལ་ཁ་གསུམ་གྱི་བུད་མེད་ཀྱི་ནང་དུ་ཤེས་འཇོན་ལྷག་བསམ་འགྲན་ཟླ་བྲལ་བའི་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལྟ་བུ་ལ་གཞི་མེད་སྐྱོན་འཛུགས་བྱེད་སྟངས་ལ་བལྟས་ན་ང་ཚོས་ཁྱོད་ཀྱི་གཤིས་ཀ་ཆ་ཚང་རྟོགས་ཐུབ་སོང་ངོ།མག་གྷན་ལགས།
བོད་རིག་སྤྱི་མཐུན་ནང་དུ་བཤདང་ཕོད་པ་དང་བསམ་ཕོད་པ་སྒྲུབས་ཕོད་པའི་ཕོད་པ་གསུམ་ལྡན་གྱི་སྤྱི་མཐུན་གཅིག་པུ་དེ་ནི་བསོད་ནམས་སྟོབས་རྒྱལ་ལག་རེད།
ཁོང་གི་མི་ཤེས་པ་དང་མི་འཇོན་པ་དེ་རང་གི་སྐུག་སྟེགས་ལ་བསམ་བློ་གཏང་ཤེས་ཀྱི་མི་འདུག་ལ་དེ་བས་ཀྱང་མཐོ་རིམ་མི་སྣ་རྣམས་ཀྱི་མདུན་རྔ་མ་གཡུག་ཤེས་ཀྱི་མེད། མ་ཟད་སྤྱི་མཐུན་ཁ་ཤས་ལ་བློ་ཕམ་དགོས་པའི་གནས་ཚུལ་ཁ་ཤས་ཡང་བཟོ་མྱོང་ཡོད་གོ་ཐོས་བྱུང་། ཡིན་ན་ཡང་ཁོང་ནི་བོད་མི་རིག་ཀྱི་ཆེད་དུ་སྐུ་ངལ་སྐྱོན་མྱོང་མཁན་ཞིག་དང་མི་རིག་ཤ་ཞེན་ལྷག་བསམ་གྱིས་ཕྱུག་སྐྱེ་བོ་ཞིག་ཡིན་སྨྱོན་མེད་རེད། ཡིན་ཡང་མཚམས་རེ་ཆགས་ཅན་གྱི་སྐྱེས་བུ་ཞིག་ཡིན་པར་བརྟེན་ནོར་འཁྲུལ་ཡོང་སྲིད་པ་རེད། ད་རེས་ཁོང་གི་ཆེད་དུ་སྒོར་ཁ་ཤས་གཏང་ན་དེས་བོད་རིག་གནོད་སྐྱོན་གང་ཡང་ཡོད་མ་རེད་བསམ་གི་འདུག ཁོང་ལ་སྐྱོན་འདོག་བྱེད་མཁན་གྱི་ཟིན་བྲིས་དག་དངོས་གནས་ཁྱེད་རང་གིས་བོད་མི་རིག་གི་ཆེད་དུ་ཁོང་གི་སྐུ་ངལ་དེས་ཕྱེད་ཙམ་ཡང་གཏོང་མྱོང་ཡོད་བེ་མི་ལ་ལྟ་བའི་མིག་ཡོད་ཀྱང་རང་ལ་ལྟ་བའི་མེ་ལོང་ཡོད་མཁན་དེ་ཆེས་དཀོན་གི་མི་འདུག་བེ།
དྲ་གྲོགས་བསོད་ནམས་ཚེ་རིང་ལགས།
གོང་དུ་ཁྱེད་ཀྱིས་བཀའ་བརྒྱུད་ཀྱི་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ནག་ཆུ་རེད།ནག་ཆུ་ཁམས་པ་རེད་དམ།དབུས་གཙང་རེད་ཅེས་བྲིས་འདུག།ནག་ཆུ་པ་ཚོས་ཁོང་ཚོ་ཁམས་པ་རེད་ཟེར།དེ་དངོས་གནས་བདེན་པ་ཡིན་ས་རེད།གང་ལ་ཞེ་ན་ནག་ཆུ་པ་དེ་ཚོས་ཁམས་སྐད་རྒྱག་གི་འདུག་ལ་ལྷག་ཏུ་བཀའ་བརྒྱུད་སྤྱི་འཐུས་བསོད་དནམས་སྟོབས་རྒྱུལ་གྱིས་ཁམས་སྐད་རྒྱག་གི་འདུག།དེ་བཞིན་དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་མངའ་རིས་ཡིན་པ་ང་ཚོས་ཤེས་ཀྱི་ཡོད།འོན་ཀྱང་སྐབས་རེ་ཁོང་རང་ཉིད་ཀྱིས་རང་ཉིད་ཁམས་པ་ཡིན་མདོག་བྱེད་ཀྱིན་འདུག།དཔེར་ན་ཁམས་པ་རྫུན་མ་སྐུ་ངོས་གསེར་རྟ་ནང་བཞིན་རེད།གང་ལྟར་གོང་གསལ་ལྟར་ཉེ་སྔོན་གྲོས་ཚོགས་ཕྱི་ལ་བྲོས་འགྲོ་མཁན་དེ་ཚོ་ཚང་མ་སྐུ་ངོས་གཞི་ཆེན་གྱི་ཨབ་ཕྲུག་རང་རེད་ལ་ད་ལྟའི་དྷི་ལིའི་མདོ་སྟོད་ཆུ་སྒང་རྙིང་པའི་ཕྱོགས་གཏོགས་རེད།འདི་ཚོས་ད་བར་ལས་དོན་འདྲ་མིན་བྱས་ང་ཚོ་ཁམས་པ་ཚོ་ནང་འཁྲུགས་བཅུག་ནས་མཐར་མདོ་སྟོད་ཆུ་སྒང་གསར་རྙིང་གཉིས་ཆགས་པ་རེད།
ངས་ཧ་གོ་མ་མྱོང་བ་ཞིག་ནི་གྲོས་འཆར་རྒྱབ་ལོག་ལས་ཀ་བྱེད་མཁན་གཙོ་བོ་རྒྱ་རི་སྒྲོལ་མ་ཡིན་པ་དང།ས་ཡིག་བསྡུ་རུབ་བྱེད་མཁན་གཙོ་བོ་ཟླ་བ་ཚེ་རིང་རེད་འདུག་ཟེར།ཞེས་བྲིས་འདུག།ཁྱེད་ལ་ཟེར་མཁན་དེ་སུ་རེད་དམ།སུས་ཟེར།ཁྱེད་ལ་རྒྱུ་མཚན་ཡོད་ན་མི་འདིས་མཐོང་བ་རེད།ལས་ཀ་འདི་ལྟར་བྱས་འདུག་ཅེས་གསུངས་རོགས་གནང་།དེ་བཞིན་གྲོས་ཚོགས་ནང་ཟླ་བ་ཚེ་རིང་ཟེར་བ་ཁ་ཤས་ཡོད་ཚོད་འདུག།ངས་བལྟས་ན་འདི་ཚོ་ཚང་མ་མི་བདེན་རྫུན་བསྒྲིགས་ཤ་སྟག་ཡིན་ས་རེད་སྙམ།གང་ཞེ་ན་མདོ་སྨད་སྤྱི་འཐུས་སྒྲོལ་མ་མཚོ་མོ་ནི་རང་གི་འདོད་ཕྱོགས་ལས་གཞན་གྱིས་རྒྱུད་བསྐུལ་སོགས་ལ་མགོ་མི་བཏུད་པའི་བུད་མེད་རང་ཚུགས་ཅན་ཞིག་ཡིན་འདུག།
དེ་བཞིན་སྐུ་ངོས་གཞི་ཆེན་ཕྱོགས་གཏོགས་བཅས་ཀྱི་ལམ་ཕྱོགས་སུ་རྒྱ་རི་ཚང་འགྲོ་གི་མེད་པར་རྒྱ་རི་ཚང་གིས་ག་དུས་ཡིན་ན་ཡང་མདོ་སྟོད་གཅིག་གྱུར་འཆམས་མཐུན་ཡོང་ཐབས་སུ་འབད་བརྩོན་བྱེད་བཞིན་བརྟེན་གཞི་ཆེན་ཕྱོགས་གཏོགས་སམ་ཆུ་རྒང་རྙིང་པ་དེ་ཚོ་རྒྱ་རི་ཚང་ལ་དགའ་གི་མ་རེད།ཁོང་ཚོའི་ལང་ཕྱོགས་ལ་འགྲོ་གི་མེད་ཕྱིར་ག་དུས་ཡིན་ན་རྒྱ་རི་ཚང་ལ་སྐྱོན་འཛུགས་འདྲ་མིན་བྱེད་ཀི་ཡོད་འདུག།
དྲ་གྲོགས་དགྲ་འདུལ་ལགས།
སྐུ་ཉིད་ཀྱིས་གོང་དུ་དེ་སྔོན་ཚོགས་གཙོ་འདེམ་མ་ཐུབ་པའི་དཀའ་ངལ་མདོ་སྨད་སྤྱི་འཐུས་བསྟན་འཛིན་མགོན་པོས་སྤྲད་པ་རེད།ཅེས་གསུངས་འདུག སྐབས་དེར་དཀའ་ངལ་གང་མང་འཕྲད་རབས་ངས་ཀྱང་གསལ་བོ་གོ་བྱུང། འོན་ཀྱང་དེ་བསྟན་འཛིན་མགོན་པོས་དཀའ་ངལ་སྤྲད་པ་ད་ལྟ་ཁྱེད་ཀྱིས་བཤད་པ་ཙམ་ལས་ངས་མ་ཤེས།ཁྱེད་ལ་རྒྱུ་མཚན་ཅི་ཡོད་གསལ་བོ་གསུངས་རོགས་ཞུ། དེའི་རྒྱུ་མཚན་ང་ཚོས་ཤེས་དགོས་འདུག།རྒྱུ་མཚན་གང་ཡིན་ནམ་ནམ།???????????????????????????????????????????????????????????????????????????????????????????????????????རྒྱུ་མཚན་མེད་པར་ཚོད་དཔག་གིས་སྐྱག་རྫུན་རིགས་ཚན་རྩལ་གྱི་དུས་རབས་འདིར་འགྲོ་ས་མེད་པ་ཁྱེད་ཀྱིས་ཤེས་ཀྱི་རེད།
1འོན་ཀྱང་ཉེ་སྔོན་གྲོས་ཚོགས་ནང་མདོ་སྨད་སྤྱི་འཐུས་བསྟན་མགོན་གྱིས་སྐད་ཆ་གང་བཤད་ཆ་ཚང་ངས་བརྙན་འཕྲིན་ནང་དུ་མཐོང་སོང།ངོ་ཚ་དགོས་པ་ཞིག་རེད།དཔེར་ན་གྲོས་ཚོགས་ར་བ་འདིའི་ནང་ང་དང་དམ་ཚིག་གཙང་ཤོས་དེ་སྒྲོལ་མ་མཚོ་མོ་རེད།སྒྲོལ་མ་མཚོ་མོ་ངེད་གཉིས་འདྲ་བའི་དམ་ཚིག་གཙང་མ་གཅིག་ཀྱང་གྲོས་ཚོགས་འདིའི་ནང་ཡོད་ནི་མ་རེད།སོགས་མང་པོ་བཤད་སོང།འོན་ཀྱང་སྐབས་དེར་སྒྲོལ་མ་མཚོ་མོ་གད་མོ་ཤོོར་གི་འདུག་ག།མོས་ཀྱང་བསྟན་མགོན་གྱིས་འབྲེལ་མེད་སྐྱག་རྫུན་མང་དག་བཤད་པ་ཧ་གོ་ནས་དགོད་ཤོར་བ་རེད།དཔེར་ན་སྔོན་མ་སྒྲོལ་མ་མཚོ་མོ་ལ་བསྟན་མགོན་གྱིས་རང་ཉིད་ཁྱོད་ལ་དགའ་རབས་ང་ལ་རྟག་ཏུ་ཁྱོད་ལས་དགོས་ཀྱི་གཞན་གང་ཡང་མེད།ཅེས་ཡི་གེ་གང་མང་བསྐུར་བ་ད་ལྟ་སྤྱི་ཚོགས་ནང་ཁྱབ་ཡོད་པ་རེད། ཡི་གེ་དེ་ཚོར་སྒྲོལ་མ་མཚོ་མོས་ཡ་བྱས་མེད་ཀྱང་ད་ལྟ་གྲོས་ཚོགས་ནང་བསྟན་མགོན་གྱིས་མི་ཚོའི་མཐོང་སར་གོ་སྐབས་ཅིག་དམ་འཛིན་གྱིས་སྒྲོལ་མ་མཚོ་མོ་ངེད་གཉིས་དམ་ཚིག་གཙང་ཤོས་ཡིན།ཞེས་སྐྱག་རྫུན་བཤད་པ་འདི་ལ་སུས་ཡིད་ཆེས་ཀྱི་རེད་དམ།དེ་བཞིན་བསྟན་མགོན་གྱིས་དོན་དག་གང་ཡང་མེད་པར་བཀའ་ཁྲི་རིན་པོ་ཆེར་ཁྱེད་ཀྱིས་སྐྱག་རྫུན་གང་མང་བཤད་ཀྱི་འདུག་ཅེས་ཉེས་འཛུགས་གང་མང་བྱས་པས་མཚོན་བསྟན་མགོན་འདི་མི་ཚད་ལྡན་ཞིག་གང་ལ་ཡིན།གནས་ཚུལ་ཚང་མ་རྒྱུ་མཚན་ལྡན་པ་ཤེས་པར་བྱས་ཏེ།བགྲོ་གླེང་ནང་ཞུགས་ན་ཡག་པོ་ཡོད་རེད་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་རེད།
2དེ་བཞིན་མདོ་སྟོད་སྤྱི་འཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་སྤྱི་འཐུས་གྲོས་ཚོགས་ནང་དུ་བསོད་ནམས་སྟོབ་རྒྱལ་ལ་ལམ་གྲོན་མ་སྤྲད་ན་ང་ཚོ་ཁམས་པ་ལས་སླ་བོ་འདྲ་ཞིག་ཡོད་མ་རེད།ལྟད་མོ་ལྟོས་དང་ང་ཚོས་ག་རེ་བྱས་དགོས་བྱུང་ཡང་བྱེད་ངེས་ཡིན།ཞེས་དཔའ་གཏམ་གང་མང་བཤད་པ་འདི་རིགས་ང་ཚོ་མདོ་སྟོད་མི་མང་གིས་ངེས་པར་མཁྱེན་དགོས་པ་རེད།ང་ཚོ་མདོ་སྟོད་རྒྱ་ཆེའི་མང་ཚོགས་ལ་བསོད་ནམས་སྟོབས་རྒྱལ་གལ་ཆེ་གི་རེད་དམ།བོད་སྤྱི་བའི་རྩ་དོན་དང།གཞུང་དོན་བསྲི་ཚགས་སྤྱི་བའི་ལས་དོན་སོགས་གལ་ཆེ་གི་རེད།བསོད་ནམས་སྟོབས་རྒྱལ་གལ་ཆེ་ན་ང་ཚོ་མདོ་སྟོད་ཁམས་པ་མི་མང་གིས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱི་བཀའ་བརྩི་དགོས་ངེས་རེད།བླ་རྒན་འདིས་གྲོས་ཚོགས་ནང་ད་བར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེར་མ་ཉེས་ཁག་གཡོག་གིས་སྐྱོན་འཛུགས་མང་དག་བྱས་པ་རེད།སྙིང་རེ་རྗེ།བླ་རྫུན་འདི་ལ་ཡོན་ཏན་གང་ཡང་མེད་པ་རེད།དད་ལྡན་སྦྱིན་བདག་ཚོས་བསྔོ་རྟེན་ཕུལ་བ་ཚང་མས་བུད་མེད་གླས་བསྡད་ཡོད་པ་བྷི་རིས་གཞིས་ཆགས་ནང་ཡོངས་གྲགས་རེད།
3ཉིན་འདིར་བཀའ་རྒྱུད་སྤྱི་འཐུས་བསོད་ནམས་དགྲ་འདུལ་གྱིས་ཀྱང་བསོད་ནམས་སྟོབས་རྒྱལ་ལ་ལམ་གྲོན་གཏང་དགོས་ངེས་རེད།བསོད་ནམས་སྟོབས་རྒྱལ་རང་ཉིད་ཀྱི་ཁེ་ཕན་ཆེད་རྩྭ་གང་བཟང་དང།ཆུ་གང་ཡག་བལྟས་ནས་ཕྱིན་པ་ཞིག་མ་རེད།གཞུང་དོན་ལ་ཕྱིན་པ་རེད།ཅེས་བཤད་མ་སོང་ངམ།ཐབས་སྐྱོ་བ་ཞིག་ལ་ང་ཚོའི་སྤྱི་འཐུས་ཚོས་ཐ་ན་སྐྱག་རྫུན་ཡང་བཤད་ཤེས་ཀྱི་མེད་པར་གཟིགས་དང་མཁྱེན་ལྡན་དྲ་གྲོགས་ཚོ།བསོད་ནམས་སྟོབས་རྒྱལ་གྱིས་རང་ཉིད་བོད་དོན་ཆེད་ཆབ་སྲིད་བཙོན་ཟུར་ཡིན།ཞེས་བཟོན་ཟུར་ནང་ཐོ་བརྒྱབ།ཨོ་སི་ཀྲི་ལི་ཡར་འགྲོ་གི་ཡིན་ཞེས་བརྒྱན་བརྒྱབ་པ་ལྟར་བརྒྱན་ཐོབ་ནས་རང་ངོས་ནས་ཕྱིན་པར་བོད་གཞུང་གིས་སྔ་ཕྱི་བར་གསུམ་དུ་ཆབ་སྲིད་བཟོན་ཟུར་སྤྱི་མཚུངས་ལྟར་བསོད་སྟོབས་ལ་རོགས་རམ་གཟིགས་རྟོག་ཆ་ཚང་ཞུས་ཡོད་པ་རེད།གཞན་བོད་གཞུང་གིས་ཁྱེད་འགྲོ་དགོས་ཡོད་ཅེས་བསོད་སྟོབས་ཕྱི་རྒྱལ་ལ་གཞུང་དོན་ཆེད་བཏང་བ་ཞིག་གཏན་ནས་མ་རེད་དོ།དེའི་སྐོར་ཆབ་སྲིད་བཙོན་ཟུར་ཚོ་རང་སོ་སོས་འགྲོོ་གི་ཡིན།ཞེས་རང་མོས་ལྟར་བརྒྱན་བརྒྱབ་ཏེ།ཕྱིན་པ་ཙམ་ལས་བོད་གཞུང་གིས་སུ་གང་ལ་ཁྱེད་འགྲོ་དགོས་ཡོད་ཅེས་ཞུས་མེད་ཅེས་ཉེ་སྔོན་བཀའ་ཁྲི་རིན་པོ་ཆེས་གསལ་བོ་གསུངས་སོང་བ་ངས་བརྙན་འཕྲིན་ནང་དུ་མཐོང་སོང་ངོ།དེར་བརྟེན་རྩྭ་གང་བཟང་དང་ཆུ་གང་ཡག་བལྟས་ནས་སོང་བ་མ་རེད།བསོད་སྟོབས་ཕྱི་རྒྱལ་ལ་གཞུང་དོན་ཆེད་སོང་བ་རེད་ཅེས་སྐུ་ངོས་བསོད་ནམས་དགྲ་འདུལ་ལགས་ཁྱེད་ཀྱིས་སྐྱག་རྫུན་མ་ཤོད།ང་ཚོ་ངོ་ཚ་གི་འདུག།ང་ཚོ་མི་མང་རྣམས་ལྐུགས་པ་རང་མ་རེད།ང་ཚོས་ཚང་མ་ཧ་གོ་གི་ཡོད།
4ཡང་བོན་སྤྱི་གཡུང་དྲུང་རྒྱལ་མཚན་གྱིས་གྲོས་ཚོགས་ནང་ཁོང་གི་མི་རབས་ནང་དཔོན་རབས་དང་བླ་རབས་དེ་ཚོ་ཉི་མ་གཅིག་ལ་བཤད་ཀྱང་རྫོགས་ཡ་ཡོད་མ་རེད་ཟེར།ཞབས་འདྲེན་ཁྱེད་ཨེ་བདེན་ནམ།ཕལ་ཆེར་བདེན་ཤས་ཆེ།མིའི་ཤུལ་དུ་ཁྱི་སྐྱེ་ཟེར་བ་དེ་རེད།
ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ།དངོས་གནས་ཡིན་ས་རེད།གྲྭ་ངན་ཁྱོད་ལ་བླ་མའི་རྟགས་མཚན་འདུག་ག།ངས་ཁྱོད་ལ་ང་བླ་མ་ཞེས་བཏགས་ན་འགྲིག་གམ།ཁྱེད་ཀྱི་བླ་རབས་བོན་སྟོན་གཤེན་རབས་ནས་ཡིན་དང་ཤཱཀྱ་ཐུབ་པ་ནས་ཡིན།ཉིན་གཅིག་ལ་བཤད་ཀྱང་རྫོགས་ཡ་མེད་པ་དེ་ཨ་ཙི་ལགས།ཞེད་སྣང་ཚ་བ་ལ།དེ་འདྲའི་སྐྱག་རྫུན་མ་ཤོད་ལགས།
དེ་བཞིན་ཁྱེད་ཀྱི་དཔོན་རབས་དེ་ཡང་རྗེ་གཉའ་ཁྲི་ནས་བརྩི་དགོས་ཡོད་དམ།གང་ནས་བརྩི་གསུངས་རོགས།ཡང་ན་གཞི་ཆེན་སྐུ་ངོས་ནས་བརྩི་དགོས་སམ།གཞི་ཆེན་སྐུ་ངོས་ཀྱི་བཀའ་བཀོད་ལྟར་གྲྭ་ངན་ཁྱོད་ད་ལྟ་མདོ་སྟོད་ཆུ་སྒང་གསར་བའི་དབུས་སྤྱི་ཁྱབ་རྒྱུན་ལས་ཀྱི་ཚོགས་གཙོ་ཟེར་བ་ཡིན་པ་ངས་དེ་སྔོན་ནས་ཤེས་ལ་དེ་བཞིན་ཁྱེད་ཀྱིས་རྟག་ཏུ་ང་ཚོ་མདོ་སྟོད་ནང་དཀྲུགས་ཤིང་རྒྱག་བཞིན་པ་ཡང་ང་ཚོས་ཤེས།
5ཚོགས་གཙོ་ཟུར་བ་ཀརྨ་ཆོས་འཕེལ་གྱིས་བཤད་དོན།མདོ་སྟོད་མང་ཚོགས་ཀྱིས་ངེས་པར་དུ་བསོད་ནམས་སྟོབས་རྒྱལ་ལགས་སྐབས་༡༥པའི་སྤྱི་འཐུས་ལ་འོས་བླུག་ཤོག།དེ་དུས་བོད་གཞུང་གིས་ལམ་གྲོན་གཏང་མིན་ང་ཚོས་ལྟད་མོ་ལྟ་ཟེར།སྐབས་༡༥པའི་མདོ་སྟོད་སྤྱི་འཐུས་ལ་སུ་འགྲོ་དགོས་མིན་ང་ཚོ་མདོ་སྟོད་མི་མང་གིས་ལྟ་གི་རེད།དེ་ང་ཚོ་མདོ་སྟོད་མི་མང་གིས་ཐོབ་ཐང་རེད་ལ་ང་ཚོའི་རང་དབང་རེད།ང་ཚོ་མདོ་སྟོད་མི་མང་ལྐུག་པ་མ་རེད།ཁྱོད་ཀྱིས་ཅུས་གཏོགས་མི་དགོས་ཁྱི་རྒན།ཁྱོད་ཀྱིས་ཆང་རེག་ཚོད་མེད་ཅིག་འཐུངས་ལ་གཉིད་སྡོད།ང་ཚོ་མདོ་སྟོད་མི་མང་ད་བར་གཞི་ཆེན་རྗེས་འབྲང་བཅས་ཀྱིས་འདི་ལྟར་རྩེད་ཆས་བྱས་པ་རེད།དེ་ལྟར་ཡིན་མིན་ཁྱོད་ཀྱིས་ཤེས་ངེས་ལ།ཡང་ན་དེ་ལྟར་ཡིན་མིན་གཞི་ཆེན་སྐུ་ངོས་ལ་དྲིས་ཤིག་གཞི་ཆེན་གྱི་ཨབ་ཕྲུག་ཁྱི་རྒན།
ཡང་ཁྱི་རྒན་ཁྱོད་ཀྱིས་བོད་གཞུང་གིས་ཆབ་སྲིད་བཙོན་ཟུར་ལ་བདག་པོ་རྒྱག་གི་མི་འདུག།རྒྱུག་པ་ལེབ་རྡུང་གཏང་གི་ཟེར།བོད་གཞུང་གིས་ཆབ་སྲིད་བཙོན་ཟུར་ལ་བདག་པོ་བརྒྱབ་ནས་བསོད་ནམས་སྟོབས་རྒྱལ་རལ་བ་ཅན་པ་ཕྱི་རྒྱལ་ལ་འགྲོ་ཐུབ་སོང་བ་མ་ཡིན་ནམ།དངོས་གནས་བྱས་ན་ཆབ་སྲིད་བཟོན་ཟུར་སོགས་བོད་དོན་འཐུས་ཤོར་གཏང་མཁན་ཁྱི་ངན་ཁྱོད་རང་རེད།ཕྱི་ལོ་༢༠༠༧ལོར་རྒྱལ་སྤྱིའི་བོད་དོན་ཚོགས་ཆེན་དུ་ཕྱི་རྒྱལ་ལ་ཕྱིན་པར་ལྗར་མི་ནེའི་གནམ་ཐང་ནས་སྨྱོ་ཆུ་འཐུང་མང་དྲག་སྟེ་ལམ་གྲོན་ཚང་མ་འཕྲོ་བརླགས་བཏང་ཞིང།སྨྱོན་པ་ཆགས་ནས་ཚུར་ལོགས་ཡོང་བ་མིན་ནམ།ངོ་ཚ་མེད་པའི་ཞབས་འདྲེན་པ།
6ཉིན་དེར་ཁམས་པ་རྫུན་མ་མདོ་སྟོད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ཀྱིས་བསོད་ནམས་སྟོབས་རྒྱལ་ལ་ལམ་གྲོན་སྤྲད་བཞག་པ་དེ་ཁ་སང་སྔོན་མ་སྤྱི་འཐུས་རྒྱུན་ལས་ཀྱིས་དྲང་པོ་བྱུང་མེད་པ་ངས་ཤེས་སོང་།འོན་ཀྱང་དེ་དྲང་པོ་མ་རེད་ཅེས་གྲོས་ཆོད་གྲོས་འཆར་ཡིག་ཆ་འདི་དེ་རིང་སླེབས་ཡོང་དུས་དཔུང་བསྒྲིགས་ནས་ས་ཡིག་གང་མང་བརྒྱབ་འདུག་པ་མཐོང་སྐབས་ང་ཧང་སངས་དགོས་བྱུང་སོང་ཟེར།དེའི་སྔོན་ནས་སྤྱི་འཐུས་རྒྱུན་ལས་ཀྱིས་དྲང་པོ་བྱུང་མེད་པ་ཁམས་པ་རྫུན་མས་ཤེས་ཀྱི་ཡོད་ན་ག་རེ་བྱས་ནས་བཤད་མ་དགོས་པ་ཡིན་ནམ།མ་དྲང་པ་ཤེས་བཞིན་ཏུ་དེ་དྲང་པོ་མ་རེད།ཅེས་དེ་ཙམ་ཡང་བཤད་མ་ཐུབ་ན་ཕ་ཡུལ་ཨ་མདོའི་ས་ཆར་མ་བསྡད་པར་རྒྱ་གར་དུ་ཡོང་སྟེ་ཁམས་པ་རྫུན་མ་བཟོས།ང་ཚོ་མདོ་སྟོད་སྤྱི་འཐུས་ཀྱི་འོས་གཞིའི་ནང་འཚང་ཁ་བརྒྱབ་གྲོས་ཚོགས་ནང་ག་རེའི་ཆེད་དུ་ཡོང་བ་ཡིན་ནམ།
ཁམས་པ་རྫུན་མ་གསེར་རྟ་ཚུལ་ཁྲིམས་ཀྱིས་ཁ་ནས་ཨམ་སྐད་ཁྲག་ཁྲག་བཤད་ཞོར་སོ་སོའི་ཆོལ་ཁོངས་བརྗེ་པོ་བརྒྱབ་ཏེ།ཀུན་གྱིས་མཐོང་སར་ངོ་ཚ་གང་ཡང་མེད་པར་རང་ཉིད་ཁམས་པ་རྫུན་མ་བཟོས་པར་ང་ཚོ་མདོ་སྟོད་མི་མང་ཧང་སངས་དགོས་པ་ཞིག་བྱུང་སོང་བ་ལས་རྒྱ་བལ་འབྲུག་གསུམ་གྱི་ཆོལ་ཁ་ཆོས་ལུགས་ཀྱི་སྤྱི་འཐུས་ཚོ་རང་དོན་ཆེད་ཕྱི་རྒྱལ་ལ་ཕྱིན་ནས་ཚུར་ཡོང་སྐབས་ལམ་གྲོན་གཏང་མི་ཆོག་ཅེས་པའི་སྤྱི་འཐུས་སྒེར་གྱིས་གྲོས་ཆོད་ཡིག་ཆ་དེ་ལ་ས་ཡིག་རྒྱག་མཁན་ཚོར་ང་ཚོ་མདོ་སྟོད་མི་མང་བརྒྱ་ཆ་༩༩ཙམ་གྱི་དེ་ག་རང་རེད་ཅེས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ལས་དེ་ལ་ངོ་རྒོལ་བྱེད་དགོས་དོན་མེད་ངེས་ཡིན་ནོ།
8མདོ་སྟོད་སྤྱི་འཐུས་འབའ་བ་སྐལ་བཟང་ཅན་གྱིས་ཚོགས་གཙོ་ལགས།ཁྱེད་ཀྱིས་གྲོས་ཆོད་གྲོས་འཆར་འདི་ཕྱིར་འཐེན་བྱེད་ངེས་ཡིན་ནམ།གལ་སྲིད་ཕྱིར་འཐེན་མ་གནང་ན་ངས་ཀྱང་ངོ་རྒོལ་བྱས་ནས་ཕྱི་ལ་བྲོས་འགྲོ་གི་ཡིན།ང་བྲོས་ཚར་ན་གྲོས་ཚོགས་ཀྱི་གྲུབ་ཆ་ཚང་གི་མི་འདུག་ལ་གྲོས་ཚོགས་འཚོགས་མི་ཐུབ་ཐག་ཆོད་རེད་ཟེར།སྙིང་རྗེ་ཀླད་མེད་དེ་ཡང་སྐུ་ངོས་གཞི་ཆེན་གྱི་རྒྱུག་ཁྱི་ཞིག་རེད་འདུག་ག།ག་དུས་ཡིན་ན་སེམས་ཤུགས་ཆེ་མདོགས་ཁ་པོ།ད་ཡིན་ན་སྤྱི་སེམས་ག་ཚོད་ཡོད་མེད་ང་ཚོས་ཧ་གོ་སོང་ངོ།
9བོན་སྤྱི་སྨོན་ལམ་མཐར་ཕྱིན་གྱིས་དང་པོ་ནས་ཟིང་ཆ་བསླངས་ཏེ།གྲོས་འཆར་དེ་ད་ལྟ་རང་རྩིས་མེད་མ་བཏང་ན་འདི་ལ་མཇུག་འབྲས་ཡག་པོ་མེད་ངེས་ཡིན་སྐོར་ག་ཚོད་བཤད་ནས་ཤུགས་བརྒྱབ་སོང།ཁ་སང་བོད་ཀྱི་དུས་བབ་ཀྱི་བཅར་འདྲི་བྱས་པར་འདི་འདྲིའི་དོན་དག་ཅིག་ཡོང་གི་རེད་སྙམ་པ་ང་ཚོ་རང་གཞན་སུ་གང་ལ་ཡོད་པ་མ་རེད།ཅེས་བཤད་འདུག་ག།འདི་འདྲའི་དོན་དག་ཅིག་ཆེད་དུ་བཟོས་ན་ཡོང་གི་རེད་སྙམ་ནས་བོན་རྒན་དེས་གཙོས་གཞི་ཆེན་གྱི་ཨབ་ཕྲུག་ཚོས་ཆེད་དུ་བཟོས་པ་རེད་ལ་ཁོང་ཚོ་གྲོས་ཚོགས་ནང་ནས་མར་ཐོན་ནས་གྲོས་ཚོགས་གཏོར་སོང་བ་རེད།བོན་ནག་དེ་ཁ་བདེ་མགོ་བདེ་ཧ་ལས་པ་ཞིག་རེད།
དྲ་གྲོགས་དགྲ་འདུལ་ལགས།
སྐུ་ཉིད་ཀྱིས་གོང་དུ་དེ་སྔོན་ཚོགས་གཙོ་འདེམ་མ་ཐུབ་པའི་དཀའ་ངལ་མདོ་སྨད་སྤྱི་འཐུས་བསྟན་འཛིན་མགོན་པོས་སྤྲད་པ་རེད།ཅེས་གསུངས་འདུག སྐབས་དེར་དཀའ་ངལ་གང་མང་འཕྲད་རབས་ངས་ཀྱང་གསལ་བོ་གོ་བྱུང། འོན་ཀྱང་དེ་བསྟན་འཛིན་མགོན་པོས་དཀའ་ངལ་སྤྲད་པ་ད་ལྟ་ཁྱེད་ཀྱིས་བཤད་པ་ཙམ་ལས་ངས་མ་ཤེས།ཁྱེད་ལ་རྒྱུ་མཚན་ཅི་ཡོད་གསལ་བོ་གསུངས་རོགས་ཞུ། དེའི་རྒྱུ་མཚན་ང་ཚོས་ཤེས་དགོས་འདུག།རྒྱུ་མཚན་གང་ཡིན་ནམ་ནམ།???????????????????????????????????????????????????????????????????????????????????????????????????????རྒྱུ་མཚན་མེད་པར་ཚོད་དཔག་གིས་སྐྱག་རྫུན་རིགས་ཚན་རྩལ་གྱི་དུས་རབས་འདིར་འགྲོ་ས་མེད་པ་ཁྱེད་ཀྱིས་ཤེས་ཀྱི་རེད།
1འོན་ཀྱང་ཉེ་སྔོན་གྲོས་ཚོགས་ནང་མདོ་སྨད་སྤྱི་འཐུས་བསྟན་མགོན་གྱིས་སྐད་ཆ་གང་བཤད་ཆ་ཚང་ངས་བརྙན་འཕྲིན་ནང་དུ་མཐོང་སོང།ངོ་ཚ་དགོས་པ་ཞིག་རེད།དཔེར་ན་གྲོས་ཚོགས་ར་བ་འདིའི་ནང་ང་དང་དམ་ཚིག་གཙང་ཤོས་དེ་སྒྲོལ་མ་མཚོ་མོ་རེད།སྒྲོལ་མ་མཚོ་མོ་ངེད་གཉིས་འདྲ་བའི་དམ་ཚིག་གཙང་མ་གཅིག་ཀྱང་གྲོས་ཚོགས་འདིའི་ནང་ཡོད་ནི་མ་རེད།སོགས་མང་པོ་བཤད་སོང།འོན་ཀྱང་སྐབས་དེར་སྒྲོལ་མ་མཚོ་མོ་གད་མོ་ཤོོར་གི་འདུག་ག།མོས་ཀྱང་བསྟན་མགོན་གྱིས་འབྲེལ་མེད་སྐྱག་རྫུན་མང་དག་བཤད་པ་ཧ་གོ་ནས་དགོད་ཤོར་བ་རེད།དཔེར་ན་སྔོན་མ་སྒྲོལ་མ་མཚོ་མོ་ལ་བསྟན་མགོན་གྱིས་རང་ཉིད་ཁྱོད་ལ་དགའ་རབས་ང་ལ་རྟག་ཏུ་ཁྱོད་ལས་དགོས་ཀྱི་གཞན་གང་ཡང་མེད།ཅེས་ཡི་གེ་གང་མང་བསྐུར་བ་ད་ལྟ་སྤྱི་ཚོགས་ནང་ཁྱབ་ཡོད་པ་རེད། ཡི་གེ་དེ་ཚོར་སྒྲོལ་མ་མཚོ་མོས་ཡ་བྱས་མེད་ཀྱང་ད་ལྟ་གྲོས་ཚོགས་ནང་བསྟན་མགོན་གྱིས་མི་ཚོའི་མཐོང་སར་གོ་སྐབས་ཅིག་དམ་འཛིན་གྱིས་སྒྲོལ་མ་མཚོ་མོ་ངེད་གཉིས་དམ་ཚིག་གཙང་ཤོས་ཡིན།ཞེས་སྐྱག་རྫུན་བཤད་པ་འདི་ལ་སུས་ཡིད་ཆེས་ཀྱི་རེད་དམ།དེ་བཞིན་བསྟན་མགོན་གྱིས་དོན་དག་གང་ཡང་མེད་པར་བཀའ་ཁྲི་རིན་པོ་ཆེར་ཁྱེད་ཀྱིས་སྐྱག་རྫུན་གང་མང་བཤད་ཀྱི་འདུག་ཅེས་ཉེས་འཛུགས་གང་མང་བྱས་པས་མཚོན་བསྟན་མགོན་འདི་མི་ཚད་ལྡན་ཞིག་གང་ལ་ཡིན།གནས་ཚུལ་ཚང་མ་རྒྱུ་མཚན་ལྡན་པ་ཤེས་པར་བྱས་ཏེ།བགྲོ་གླེང་ནང་ཞུགས་ན་ཡག་པོ་ཡོད་རེད་ལ་ཕན་ཐོགས་ཆེན་པོ་ཡོང་ངེས་རེད།
2དེ་བཞིན་མདོ་སྟོད་སྤྱི་འཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་སྤྱི་འཐུས་གྲོས་ཚོགས་ནང་དུ་བསོད་ནམས་སྟོབ་རྒྱལ་ལ་ལམ་གྲོན་མ་སྤྲད་ན་ང་ཚོ་ཁམས་པ་ལས་སླ་བོ་འདྲ་ཞིག་ཡོད་མ་རེད།ལྟད་མོ་ལྟོས་དང་ང་ཚོས་ག་རེ་བྱས་དགོས་བྱུང་ཡང་བྱེད་ངེས་ཡིན།ཞེས་དཔའ་གཏམ་གང་མང་བཤད་པ་འདི་རིགས་ང་ཚོ་མདོ་སྟོད་མི་མང་གིས་ངེས་པར་མཁྱེན་དགོས་པ་རེད།ང་ཚོ་མདོ་སྟོད་རྒྱ་ཆེའི་མང་ཚོགས་ལ་བསོད་ནམས་སྟོབས་རྒྱལ་གལ་ཆེ་གི་རེད་དམ།བོད་སྤྱི་བའི་རྩ་དོན་དང།གཞུང་དོན་བསྲི་ཚགས་སྤྱི་བའི་ལས་དོན་སོགས་གལ་ཆེ་གི་རེད།བསོད་ནམས་སྟོབས་རྒྱལ་གལ་ཆེ་ན་ང་ཚོ་མདོ་སྟོད་ཁམས་པ་མི་མང་གིས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱི་བཀའ་བརྩི་དགོས་ངེས་རེད།བླ་རྒན་འདིས་གྲོས་ཚོགས་ནང་ད་བར་བཀའ་ཁྲི་ཟམ་གདོང་རིན་པོ་ཆེར་མ་ཉེས་ཁག་གཡོག་གིས་སྐྱོན་འཛུགས་མང་དག་བྱས་པ་རེད།སྙིང་རེ་རྗེ།བླ་རྫུན་འདི་ལ་ཡོན་ཏན་གང་ཡང་མེད་པ་རེད།དད་ལྡན་སྦྱིན་བདག་ཚོས་བསྔོ་རྟེན་ཕུལ་བ་ཚང་མས་བུད་མེད་གླས་བསྡད་ཡོད་པ་བྷི་རིས་གཞིས་ཆགས་ནང་ཡོངས་གྲགས་རེད།
3ཉིན་འདིར་བཀའ་རྒྱུད་སྤྱི་འཐུས་བསོད་ནམས་དགྲ་འདུལ་གྱིས་ཀྱང་བསོད་ནམས་སྟོབས་རྒྱལ་ལ་ལམ་གྲོན་གཏང་དགོས་ངེས་རེད།བསོད་ནམས་སྟོབས་རྒྱལ་རང་ཉིད་ཀྱི་ཁེ་ཕན་ཆེད་རྩྭ་གང་བཟང་དང།ཆུ་གང་ཡག་བལྟས་ནས་ཕྱིན་པ་ཞིག་མ་རེད།གཞུང་དོན་ལ་ཕྱིན་པ་རེད།ཅེས་བཤད་མ་སོང་ངམ།ཐབས་སྐྱོ་བ་ཞིག་ལ་ང་ཚོའི་སྤྱི་འཐུས་ཚོས་ཐ་ན་སྐྱག་རྫུན་ཡང་བཤད་ཤེས་ཀྱི་མེད་པར་གཟིགས་དང་མཁྱེན་ལྡན་དྲ་གྲོགས་ཚོ།བསོད་ནམས་སྟོབས་རྒྱལ་གྱིས་རང་ཉིད་བོད་དོན་ཆེད་ཆབ་སྲིད་བཙོན་ཟུར་ཡིན།ཞེས་བཟོན་ཟུར་ནང་ཐོ་བརྒྱབ།ཨོ་སི་ཀྲི་ལི་ཡར་འགྲོ་གི་ཡིན་ཞེས་བརྒྱན་བརྒྱབ་པ་ལྟར་བརྒྱན་ཐོབ་ནས་རང་ངོས་ནས་ཕྱིན་པར་བོད་གཞུང་གིས་སྔ་ཕྱི་བར་གསུམ་དུ་ཆབ་སྲིད་བཟོན་ཟུར་སྤྱི་མཚུངས་ལྟར་བསོད་སྟོབས་ལ་རོགས་རམ་གཟིགས་རྟོག་ཆ་ཚང་ཞུས་ཡོད་པ་རེད།གཞན་བོད་གཞུང་གིས་ཁྱེད་འགྲོ་དགོས་ཡོད་ཅེས་བསོད་སྟོབས་ཕྱི་རྒྱལ་ལ་གཞུང་དོན་ཆེད་བཏང་བ་ཞིག་གཏན་ནས་མ་རེད་དོ།དེའི་སྐོར་ཆབ་སྲིད་བཙོན་ཟུར་ཚོ་རང་སོ་སོས་འགྲོོ་གི་ཡིན།ཞེས་རང་མོས་ལྟར་བརྒྱན་བརྒྱབ་ཏེ།ཕྱིན་པ་ཙམ་ལས་བོད་གཞུང་གིས་སུ་གང་ལ་ཁྱེད་འགྲོ་དགོས་ཡོད་ཅེས་ཞུས་མེད་ཅེས་ཉེ་སྔོན་བཀའ་ཁྲི་རིན་པོ་ཆེས་གསལ་བོ་གསུངས་སོང་བ་ངས་བརྙན་འཕྲིན་ནང་དུ་མཐོང་སོང་ངོ།དེར་བརྟེན་རྩྭ་གང་བཟང་དང་ཆུ་གང་ཡག་བལྟས་ནས་སོང་བ་མ་རེད།བསོད་སྟོབས་ཕྱི་རྒྱལ་ལ་གཞུང་དོན་ཆེད་སོང་བ་རེད་ཅེས་སྐུ་ངོས་བསོད་ནམས་དགྲ་འདུལ་ལགས་ཁྱེད་ཀྱིས་སྐྱག་རྫུན་མ་ཤོད།ང་ཚོ་ངོ་ཚ་གི་འདུག།ང་ཚོ་མི་མང་རྣམས་ལྐུགས་པ་རང་མ་རེད།ང་ཚོས་ཚང་མ་ཧ་གོ་གི་ཡོད།
4ཡང་བོན་སྤྱི་གཡུང་དྲུང་རྒྱལ་མཚན་གྱིས་གྲོས་ཚོགས་ནང་ཁོང་གི་མི་རབས་ནང་དཔོན་རབས་དང་བླ་རབས་དེ་ཚོ་ཉི་མ་གཅིག་ལ་བཤད་ཀྱང་རྫོགས་ཡ་ཡོད་མ་རེད་ཟེར།ཞབས་འདྲེན་ཁྱེད་ཨེ་བདེན་ནམ།ཕལ་ཆེར་བདེན་ཤས་ཆེ།མིའི་ཤུལ་དུ་ཁྱི་སྐྱེ་ཟེར་བ་དེ་རེད།
ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ།དངོས་གནས་ཡིན་ས་རེད།གྲྭ་ངན་ཁྱོད་ལ་བླ་མའི་རྟགས་མཚན་འདུག་ག།ངས་ཁྱོད་ལ་ང་བླ་མ་ཞེས་བཏགས་ན་འགྲིག་གམ།ཁྱེད་ཀྱི་བླ་རབས་བོན་སྟོན་གཤེན་རབས་ནས་ཡིན་དང་ཤཱཀྱ་ཐུབ་པ་ནས་ཡིན།ཉིན་གཅིག་ལ་བཤད་ཀ
གཞིའི་ལུས་རྒྱ་ཆེས་མི་དམངས་གིས་བོད་ཆེན་པོའི་ལས་དབང་དང་དར་རྒུད་ཀྱི་ཆེད་གཅེས་བའི་ཚེ་སྲོག་འཕུལ་ཡང་མིག་གཤེར་ཙམ་ཡང་མི་བྱེད་པའི་གངས་ཅན་སྐྱིད་གཞོང་གི་སྤྱི་འཐུས་ཚོའི་སྒེར་དོན་རྩད་ནས་ནང་འཁྲིགས་བྱེད་སྲོལ་ལ་བལྟས་ན་མགོ་སྐོར་རང་བཞིན་གྱི་གྲོས་ཚོགས་ཤིག་མ་རེད་དམ།
ཟིན་བྲིས་ཁག་གཅིག་གིས་རང་ཉིད་དྲང་པོ་ཡིན་མདོག་གིས་ང་རྒྱལ་དབང་གིས་ཆོས་རྒྱུད་ཁག་གི་སྤྱི་མཐུས་ཡང་དོར་དགོས་པའི་བསམ་ཚུལ་འདི་ངོ་མ་དམར་པོའི་རིང་ལུགས་གི་ཤན་ཞུགས་ཤིང་རང་མི་རིག་གི་ཐུན་མིན་ཁྱད་ཆོས་ཁག་ལ་སྐྱོན་ཅན་མཐོང་ཞིང་དེང་དུས་གི་སྨྱོན་པའི་བྱ་སྤྱོད་ཁག་གི་རྣམ་ཤེས་འཕྲོག་ཟིན་པའི་བྱབ་ཆུང་ཅན་འབའ་ཞིག་རེད་འདུག་བས། མ་འོང་པ་ན་གང་དུ་རློང་བུ་ཁྱེར་གྲུབ་ཆ་མ་འཚལ་བས་ངེས་གཏན་གང་ཡང་མ་མཐོང་།
ནོར་བཅོས། མ་འོང་པའི་སྤྱི་འཐུས་ལ་རང་གི་དགའ་ཉེ་རེ་སླེབས་ཐབས་སུ།
འདི་ཡན་ཆད་ཀྱི་མཆན་བུ་དེ་ཚོ་བཀླགས་པ་ཡིན་དངོས་གནས་ཀྱི་མི་དྲང་པོ་
ཉུང་ཉུང་རེད། ང་ལ་ཕྱོགས་རིས་མེད་ཟེར་མཁན་ཁོ་རང་ཡང་ཕྱོགས་རིས་
ཅན་ཡིན་པ་ཤེས་ཀྱི་འདུག
ད་ལམ་གྱི་གླེང་གཞི་འདི་ནི་དངོས་གནས་བཤད་ན་སྤྱི་འཐུས་ཁྱོན་ཡོངས་ཀྱི་ནོར་
འཁྲུལ་ཞིག་ཏན་ཏན་ཤོར་བ་རེད། གང་ཡིན་ཟེར་ན་ཕྱོགས་ཚང་མས་བསམ་ཤེས་
བྱེད་ཀྱི་གལ་ཆེན་པོ་ཡིན་རུང་དེ་ལྟར་མ་བྱས་པར་མ་འོངས་པའི་སྤྱི་ལ་རང་གི་
དགའ་ཉེ་རེ་སླེབས་ཐབས་སུ་བོད་སྤྱི་པའི་རྩ་དོན་རླུང་ལ་བསྐུར་བ་དངོས་གནས་
སྐྱོ་བོ་རེད།
ལྷག་པར་སྐབས་འདིའི་ནོར་འཁྲུལ་གཙོ་བོ་ཚོགས་གཙོ་དང་ཚོགས་གཞོན་
གཉིས་ལ་ཡོད་པ་རེད་ཁོང་གཉིས་ཀྱིས་འགན་ཁུར་ཏེ་མཇུག་སྡོམ་གནང་ཐབས་
ལ་འབད་བརྩོན་བྱས་ན་ཡག་པོ་ཡོད་རེད། འབད་བརྩོན་རྩ་བ་ཉིད་ནས་མ་བྱས་
པ་རེད་ལ་གནད་འགག་འདི་ལྟ་བུ་ལ་ཐུག་དུས་ཁོང་ཚོར་འཇོན་ཐང་ཡང་
མེད་པཡང་གསལ་བོ་ཆགས་པ་རེད།
གཞིས་ལུས་བོད་མི་རྣམས་རང་གི་ཚེ་སྲོག་ལ་ཡང་མ་འཛིམ་པར་རང་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་འབད་རྩོན་བྱེད་དང་བྱེད་གཞིན་པའི་དུས་འདིར།
གཞིས་ལུས་བོད་མི་རྣམས་རེ་བ་བཅོལ་ས་བཙན་འབྱོར་གཞུང་འདིའི་མང་རྩོ་ཀ་བ་གསུམ་གྱི་ཡ་གྱ་སྤྱི་མཐུན་རྣམས་པས་བྱ་སྤྱོད་འདི་ལ་གཟིགས་དང་། འདི་བོད་མི་ལ་དགོས་པའི་ལས་ཞིག་ཡིན་ནམ་ཡང་ན་རྒྱ་ནག་དམར་ཤོག་ཚོགས་པ་ལ་དགོས་པའི་བྱ་སྤྱོད་གཅིག་རེད་བསམ་བློ་ཡང་ཡང་གཏང་སྐབས་ང་རང་མི་ཚོགས་མང་པོའི་མདུན་ལ་དོན་ནས་སྐད་གསང་མཐོན་པོས་ངང་ངུ་ངག་མདོན་འདོད་བྱུང་།
ཉོག་དྲ་བྱུང་བ་ཚབ་ཆེན་མ་རེད། མི་མང་འཛོམས་ས་ན་བསམ་ཚུལ་མི་མཐུན་པ་ལོས་ཡོད། རེད་དེ་སྤྱི་འཐུས་༡༢་ཁོང་ཁྲོའི་དབང་དུ་སོང་སྟེ་ཕྱི་ལ་ཐོན་པ་འོས་འཚམས་མ་རེད། འདི་ནི་བོད་པའི་ལུགས་སྲོལ་རྙིང་བའི་ནད་ངན་ཞིག་རེད། མང་གཙོའི་ལམ་སྲོལ་ནང་དུ་བཞི་དོར་ལྔ་ལངས་བྱས་ཏེ་མང་ལ་གུས་བརྩི་བྱེད་པ་ལས་ཕན་ཚུན་ལ་དཔུང་བསྒྲིགས་ཀྱིས་ངོ་རྒོལ་ངོ་ལོག་བྱེད་ས་ཤིག་གང་ན་ཡོད་ནམ་ཡང་ཡོད་མི་སྲིད་དོ། །དེ་མིན་ཟིན་བྲིས་པ་རེས་ཆོས་རྒྱུད་དང་ཆོལ་ཁའི་ཉོག་གླེང་ཁོ་ན་རུ་དངོས་འཛིན་གྱིན་འདུག་པ་ནི་ཅི་ཡིན་མི་ཤེས།
ཇི་སྐད་དུ་རྗེ་བརྩུན་མི་ལ་རས་པས།
གཡོ་སྒྱུ་ཟོལ་ཟོག་མ་སྤངས་པའི།
ཚུལ་འཆོས་ཁྲིམས་ཀྱིས་ཅི་ལ་ཕན།
ཚིག་རྩུབ་མཚོན་ཆ་མི་ཐུབ་པའི།
གྲགས་འདོད་བཟོད་པས་ཅི་ལ་ཕན།
ཞེས་དང་།
སྤང་བླང་ལག་ལེན་མི་བསྟུན་པའི།
རྒྱུ་འབྲས་བཤད་པས་ཅི་ལ་ཕན།
རང་རྒྱུད་ཆོས་དང་མི་བསྟུན་པའི།
སེར་མོའི་གཟུགས་ཀྱིས་ཅི་ལ་ཕན།
ཞེས་དང་།
ཕྲག་དོག་ཚིག་རྩུབ་མ་ཞི་བའི།
བྱང་སེམས་འདོད་པ་ལོག་ལྟ་ཡིན།
བདག་འཛིན་འགོང་པོ་མི་འདུལ་བར།
ཉོན་མོངས་ཐོ་བས་རྣལ་འབྱོར་བརྡུང་།
ཞེས་དང་།
རང་རྒྱུད་ཆོས་དང་མི་བསྲེ་བར།
དོན་མེད་ཚིག་གིས་གཞན་རྒྱུད་དཀྲུག
ཅེས་སོགས་གསུངས།
འབངས་མའི་་་ཟེར་བ་ནོར་་་་་་་་་་་་འབངས་མིའི
བཟང་ཟེར་བ་ནོར་འདུག་་་་་་་་་བཟུང་་་་་རེད
བཀུར་འོས་བའི་རྩོམ་གྲོགས་རྣམ་པ་ལགས།
སྤྱིར་་་་་་་ཤེས་ཡོན་ཅན་གྱིས་འབངས་མའི་སྣེ་འཁྲིད་དགོས་པ་ལས་གཏམ་ཆད་སྣ་ཚོགས་སྤེལ་ཏེ་དམངས་ཚོགས་ཟང་ཟེང་དུ་བཏང་ན་ག་ལ་འགྲིག དྲ་མིག་འདི་་་་་་་་་་གང་ཡུལ་དུ་བཟང་བའི་གཞི་ལ་དཔྱད་པ་ཡིན་གྱི། རང་སྟོད་གཞན་སྨོད་བཤད་སའི་དྲ་བ་མིན།
དེ་བདེན་པ་རེད་འདུག
ཤོ་ལོ་ཀ་འདི་ཡིན་པ་འདྲ།
འཇམ་མགོན་བླ་མའི་ལྷ་སྲུང་འཕྲིན་ལས་འདི།།
འཛམ་གླིང་ས་སྟེང་ཀུན་ཏུ་ཁྱབ་པ་དང་།།
ལྷ་འདྲེ་མི་གསུམ་ཕྲག་དོག་གཏམ་ངན་བཀྲམ།།
ཕྲག་དོག་གཏམ་ངན་རང་སར་ཞི་བར་ཤོག།
བསྟན་འཛིན་ཟེར་བའི་མིང་ཐོག་ནས་རྒྱ་འདྲེ་ཤུགས་ལྡན་དང་འབྲེལ་བའི་བསམ་ཚུལ་ཞིག་བཤད་འདུག འདི་ལ་ང་ཚོ་ཚང་མས་ཁ་གཏད་གཅོག་དགོས།
དེང་སྐབས་བརྗོད་གཞི་དང་འབྲེལ་བ་མེད་པའི་གནས་ཚུལ་མང་པོ་ཞིག་གླེང་གི་འདུག དེར་བརྟེན་ངས་བསམ་ཚུལ་བརྗོད་འདོད་མ་བྱུང་བར་བཞག་པ་ཡིན། ད་དུང་མུ་མཐུད་གནད་དོན་འདིའི་ཐད་སྔོན་མ་བཞིན་འཁྱོག་བཤད་བྱས་ན་དུས་རྒྱུན་ངས་བྱ་ར་བྱས་ནས་སྡོད་རྒྱུ་ཡིན།
བསྟན་འཛིན་ཟེར་བ་འདིས་གཞི་ནས་རང་མཚང་བསྟན་ཡོང་གི་འདུག། ད་དངོས་གནས་གོང་གི་རྩོམ་ཡིག་འབྲི་མཁན་མང་ཕྱོགས་ཀྱི་བསམ་ཚུལ་དང་ར་འཕྲོད་ཡོང་གི་འདུག་པཱ། ད་ཇེ་གསལ་ཇེ་གསལ་དུ་འགྲོ་གི་རེད་བྲེལ་བ་མ་བྱེད། ཁོང་གི་བྲིས་པའི་ཤོ་ལོ་ཀ་དང་པོ་གཉིས་སུ་་་་་འཆི་བའི་སྲོག་ལ་ཐུག་ཡང་གཏང་མི་བྱ།་་་ཞེས་པ་འདི་གོང་གི་རྩོམ་ཡིག་གང་དང་འབྲེལ་བ་འདུག་ལྟོས་དང་། ཚོད་དཔག་བྱེད་ཐུབ། དེ་ནས་ཤོ་ལོ་ཀ་གསུམ་པོ་འདི་ལ་བལྟས་ན་ཁོ་དོལ་རྒྱལ་ཚོགས་པ་ལ་འབྲེལ་བ་ཡོད་པ་དཔོག།། དེ་ནས་ཤོ་ལོ་ཀ་ལྔའི་བརྗོད་བྱར་བལྟས་ན་རྒྱ་མིའི་ཨ་ཕྲུག་ཞིག་ཡིན་ཤས་ཆེ། དེ་རྗེས་ཤོ་ལོ་ཀ་བཞི་ནི་དོལ་རྒྱལ་ཚོགས་པའི་སྐད་ཆ་རྙིང་པ་རེད། ལྷག་མ་རྣམས་ནི་རྒྱ་མི་རྒྱབ་ལྗོང་ཅན་གྱི་ཆབ་སྲིད་པ་ཞིག་རེད།
གང་ལྟར་གོང་གི་ཚིགས་བཅད་འབྲི་མཁན་འདིའི་སྡེབ་སྦྱོར་ལ་གཞིགས་ན་སྤྱི་འཐུས་ནང་གི་སྐུ་ཞོག་རྩོམ་པ་པོ་ཞིག་གི་སྡེབ་སྦྱོར་དང་འདྲ་པོ་འདུག་པས། དོ་སྣང་གནང་རོགས། ཡིག་ནོར་ལ་ལྟ་རྒྱུ་མེད། དེ་ནི་འགོ་སྐོར་གཏོང་བྱེད་རེད།
i am afraid Thokgod.
He doesn’t be shy.. what mean by like that .. i Don’t know
མི་ནག་ཚང་ལུང་རིགས་རྒྱལ་ལགས་
ཁྱེད་རང་དུས་བབ་རྩམ་སྒྲིག་པ་ཞིག་གི་སྐད་ཆ་འདི་རེད་པས་
སྤྱི་འཐུས་ཞེས་པ་དེ་ཆོལ་ཁོངས་དང་ཆོས་བརྒྱུད་ཁག་ནས་ཡོང་ན་མཇུག་འབྲས་འདི་རང་རེད། ད་ནི་སྤྱི་འཐུས་ཀྱི་ཡོང་ཁུངས་འདི་ལ་བཅོས་སྒྱུར་ཆེན་པོ་ཞིག་གནང་དགོས་པའི་དུས་ལ་སླེབས་འདུག
འདི་དང་མཉམ་དུ་གྲོས་ཚོགས་གོང་འོག་གི་ལམ་སྲོལ་དེ་ཡང་མྱུར་ཏུ་ཕྱེ་དགོས་པར་འདུག
མྱུར་ཏུ་བཀའ་སྩོལ་རོགས་ཞུ།
ངས་བསམ་པ་ཀླད་མེད་ཁྲིགས་འཛིན་དང་ཕྱོགས་ཞིན་གྱི་གཏམ་བཤད་བྱེད་མཁན་ཨ་མདོ་བའི་ནང་ནས་སྤོ་རྒན་བསྟན་འཛིན་མགོན་པོ་དང་སྒྲོལ་མ་འཚོ་ཟེར་བ་འདི་གཉིས་་ལས་མེད་པ་སྙམ་ཡོད་་སྐུ་ངོས་ཁྱེད་རང་བཞུག་ཡོད་པ་བསམ་མ་སོང་དགོང་དག་ད་འོ་ན་ཁྱོད་ཀྱི་དོན་དངོས་ཐོག་གསུང་དང་སུའི་ནོར་བ་རེད་ལམ་འགྲོན་བཏང་བ་དེ་རྩ་ཁྲིམ་གང་དང་འགལ་སོང་
གྲོས་ཚོགས་ལ་མ་གུས་པའི་རྣམ་འགྱུར་ཐོག་ཕྱིར་ཐོན་པ་དེ་དང་
རྒྱབ་ཏུ་དཔུང་སྒྲིག་བྱེད་པ་དེ་གཉིས་ཡང་རྩ་ཁྲིམ་གང་དང་འགལ་ཡོད་
མདོ་སྨད་སྤྱི་མཐུས་བསྟན་འཛིན་མགོན་པོ་དང་མདོ་སྟོད་སྤྱི་མཐུས་བསོད་ནམ་སྟོབས་རྒྱལ་གཉིས་ཟེར་བ་འདི་གཉིས་རྒྱ་ནག་སྲིད་གཞུང་གི་ལས་དོན་གཉེར་མཁན་ཞིག་ཡིན་མིན་དང་འཆོ་ཁ་དང་ཆོས་ལུགས་བར་དབྱིན་དཀྲུག་གནང་འདོད་ཡོད་མེད་ལ་མ་ལྟོས་པ་སྔ་ཕྱིར་བཙན་བྱོལ་བོད་མའི་སྤྱི་ཚོགས་ནང་མ་འོས་མ་འཚམ་པའི་གཏམ་བཤད་བྱེད་མཁན་ཞིག་རེད་ད་དུང་ཁོང་གཉིས་ལ་ལྟ་བ་དང་ལམ་ཕྱོགས་ཞིག་ཡོད་པ་དེ་ནི་དགོས་མེད་ཀྱི་གླིང་སློངདང་ཀླད་མེད་འཁྲིགས་འཛིན་གྱི་ཞེན་ཁོག་བྱེད་རྒྱུ་སོགས་་་་་་་་་བོད་མི་རིགས་ཀྱི་ལས་དོན་ལ་བསམ་ཞིག་གཏན་ནས་མེད་པ་་་་ད་དུང་་་་་་་ད་དུང་་་་སྤྱི་དོན་ཁ་ལ་ཁྱེར་ཏེ་རང་དོན་རྟོག་ཕོག་རག་ཐབས་བྱེད་རྒྱུ་དེ་རེད་་་་ད་དུང་་་དངོས་ཡོད་ལ་གཞན་གྱི་རྒྱུགས་ཁྱི་བྱེད་དེ་སྤྱི་མཐུས་གྱི་གོ་གནས་ལ་སླད་པ་ཞིག་ཀྱང་རེད་་་་་་་་དེ་ཡང་བོད་རིགས་མི་མང་ཡོངས་གྱི་སེམས་གཏིང་ནས་དགའ་བསུ་ཐོབ་པའི་སློབ་དཔོན་ཆེན་པོ་ད་ལྟའི་བཀའ་བློན་ཁྲི་པ་ཟང་གདོང་རིན་པོ་ཆེ་ལ་་གཞི་མེད་སྐྱོན་མཛུག་བྱེད་པ་ནས་གཟུང་ཁོང་གཉིས་གྱི་རང་སོ་སོའི་གཞན་གྱི་སྤག་གྱོན་པའི་རྣམ་འགྱུར་གསལ་ལྟོན་བྱེད་དགོས་ཐུབ་ཡོད་་་་དེ་ཡང་རིན་པོ་ཆེའི་མཁྱིན་རྒྱ་དང་ནུས་ཤུགས་འོག་ཕམ་ཉེས་བྱུང་བའི་གནས་སྟངས་ལ་བསྟན་ནས་་་དགོང་དག་ང་རང་ནོར་ཤག་ཅེས་བཤད་རྒྱུ་ལས་མེད་པ་ལུས་ཡོད་ཀྱང་་་དེ་སང་གི་གནས་ཚུལ་ལ་ལྟས་ན་ཁོང་གཉིས་ཀྱི་འཛིན་སྐྱོང་བཀའ་ཤག་ལ་གུས་བསྐུལ་ཞུམ་ཞུམ་བྱེད་བཞིན་ཡོད་ཀྱང་་སྤྱི་མཐུས་གྲོས་ཚོགས་ནང་ལན་གཅིག་མིན་པ་་་་་་་་་་་་་་་་་ཨ་ལ་ལ་་་་་་་་ཁོ་རེ་་་་་་་་་་་ཟེར་བའི་ཨམ་སྐད་དང་ཁམས་སྐད་འདི་གཉིས་ཀྱི་རྒྱུད་ནས་དཀྲོག་གཏམ་དང་དབྱིན་དཀྲུག་གྱི་གཏམ་བཤད་བྱེད་རྒྱུ་དེ་ཁོང་གཉིས་གྱི་དམངས་གཙོའི་ཁེ་ཕན་ཞིག་ལ་བསམ་མིན་གང་ལྟར་སོ་སོའི་ལས་འགན་ཞིག་ལ་རྩི་བཞིན་འདུག་་་་་་་་་་་་་་་་ལྷག་དོན་དུ་ཡང་གནས་ལུགས་གང་ཞིག་ཡིན་མིན་མི་ཤེས་མོད་སྤྱི་མཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱི་ཚོགས་གཙོ་གནང་རེང་གོ་སྐབས་ཞིག་ལ་རྩིས་ཏེ་སྤྱི་མཐུས་གྲོས་ཚོགས་ནང་སྔར་བྱུང་མྱོང་མེད་ལ་དངོས་ཡོད་བློ་ཕམ་དགོས་པའི་གནས་སྟངས་དང་པོ་དེ
གྲོས་ཚོགས་ཚོགས་དུས་བརྒྱད་པའི་སྟེང་སྤྱི་འཐུས་སྒེར་གྱི་གྲོས་འཆར་ཞིག་གི་ཐད། གྲོས་ཚོགས་འཐུས་མི་ནང་ཁུལ་དགོངས་ཚུལ་མ་མཐུན་པར་སྤྱི་འཐུས་ ༡༢ ཙམ་གྲོས་ཚོགས་ར་བ་ལས་ཕྱིར་ཐོན་ཡོད་སྟབས། ཐེངས་གསུམ་ལ་ཚོགས་འདུ་མཇུག་སྐྱོང་གི་ཐབས་ཤེས་གནང་ཡང་། གྲོས་ཚོགས་འཐུས་མིའི་གསུམ་ཆ་གཉིས་མ་ཚང་སྟབས། མཐར་སྐབས་བརྒྱད་པའི་གྲོས་ཚོགས་ཀྱི་མཇུག་སྡོམ་ཡང་གནང་མ་ཐུབ་པར་དུས་ཚོད་ངེད་མེད་བར་ཚོགས་གསེང་མི་གཏོང་ཐབས་མེད་བྱུང་ཡོད།་
ཡིན་དང་ཡིན་ང་འཚོ་ཚང་མས་སེམས་ནང་དོགས་འཆར་ཞིག་ཡོད་པ་དེ་ད་ལྟའི་ཚོགས་གཙོ་མཆོག་གི་རང་གི་མིག་འདུན་ཏུ་བྱུང་བའི་གནས་ཚུལ་ཐབས་སྡུག་འདི་དག་གསལ་དང་མི་མང་ལ་འགྲེལ་བརྗོད་ག་འདྲ་ཞིག་གནང་མིན་སོགས་འདི་ཡི་ཐད་ནུས་པ་ཇི་རྩམ་ལྟོན་ཐུབ་སྙམ་པ་དེ་རེད་འོན་ཀྱང་་
སྐབས་དེར་གསར་འགོད་པས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་ཐེངས་འདིའི་གནད་དོན་ཐད་བཅར་འདྲི་ཞུས་སྐབས་ཁོང་གིས་གསུངས་དོན། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་སོགས་ལ་བལྟས་ན། ད་ལྟའི་བར་གྲོས་ཚོགས་ནས་འཐུས་མི་ཕྱིར་ཐོན་ཏེ་གྲོས་ཚོགས་ཀྱི་གྲུབ་ཆ་མ་ཚང་བའི་གནས་སྟངས་འོག གྲོས་ཚོགས་ཚོགས་མ་ཐུབ་པ་དེ་འདྲ་རྩ་བ་ནས་བྱུང་ཡོད་པ་མ་རེད། འདི་གནས་སྟངས་གསར་པ་ཞིག་རེད། དམངས་གཙོའི་འཕེལ་རིམ་གྱི་ངོས་ནས་བློ་ཕམ་གྱི་རང་བཞིན་ཞིག་རེད། བཅའ་ཁྲིམས་དང་སྒྲིག་གཞིའི་ཐོག་ནས་གནད་དོན་འདི་འདྲའི་སྐབས་སུ་ཚོགས་འདུ་མཇུག་སྒྲིལ་སྟངས་གསལ་བོ་མི་འདུག་མོད། ཚོགས་འདུ་སྔ་མའི་སྐབས་ཀྱི་གཞུང་འབྲེལ་ལས་རིམ་ལྷག་བསྡད་པ་ཡིན་ན། གྲོས་ཚོགས་ཚོགས་དུས་རྗེས་མར་འཁྱེར་དགོས་པའི་གནས་སྟངས་ཆགས་ཀྱིན་ཡོད་སྟབས། ཉུང་མཐར་ཟླ་བ་དྲུག་རིང་ཕྱིར་འགྱངས་བྱ་དགོས་པ་ཆགས་ཡོད།་་་་་་་་་་་་་་་་་་་་ ཁ་སང་གྲོས་ཚོགས་ནང་དུ་ཚོགས་གཙོ་ཚོགས་གཞོན་དང་། ལས་རིམ་ཚོགས་ཆུང་གི་ལས་ཀ་བྱེད་སྟངས་འགྲིག་གིན་མི་འདུག ཅེས་བཀའ་མོལ་མང་པོ་བྱུང་སོང་། འགའ་རེ་ཡིས་གྲོས་འཆར་འདི་ཕྱིན་པ་ཡིན་ན། སྤྱི་འཐུས་རྒྱུན་ལས་ཀྱིས་དགོངས་པ་ཞུ་དགོས་པ་རེད་གསུངས་ཡོད། འོན་ཀྱང་། ཚོགས་གཙོའི་ལྟ་སྟངས་བྱས་ན། སྤྱི་འཐུས་རྒྱུན་ལས་ཀྱིས་དགོངས་པ་ཞུ་དགོས་པ་གང་ཡང་མཐོང་གི་མེད། གལ་སྲིད་གནད་དོན་འདིའི་དབང་གིས་གྲོས་ཚོགས་འཚོགས་མ་ཐུབ་པའི་གནས་སྟངས་མུ་མཐུད་དེ་གནས་པ་ཡིན་ན། ༧གོང་ས་མཆོག་ལ་སྙན་སེང་ཞུ་རྒྱུ་དེ་རེད། ༧རྒྱལ་བ་རིན་པོ་ཆེ་ཡིས་གནས་སྟངས་གསལ་བཤད་གནང་སྟེ། ཁྲིམས་ཞིབ་པ་ཆེ་བ་དང་བཀའ་བློན་ཁྲི་པ། ཚོགས་གཙོ་ཚོགས་གཞོན་བཅས་གོ་བསྡུར་གནང་རྒྱུའི་ལམ་ཁ་ཞིག་ཡོད།
གོང་ཏུ་ཁོང་གི་བཤད་པ་ལ་ལྟས་ན་ཐོག་མ་ནས་བཀྲ་མི་ཤེས་པའི་འོས་ཕན་ཁྲོད་ཚོགས་གཙོ་ཐོབ་པའི་མི་འདི་ལ་རེ་བ་གང་ཞིག་མེད་པ་འདྲ་ད་དུང་ གྲོས་ཚོགས་འཐུས་མི་ནང་ཁུལ་དགོངས་ཚུལ་མ་མཐུན་པར་སྤྱི་འཐུས་ ༡༢ ཙམ་གྲོས་ཚོགས་ར་བ་ལས་ཕྱིར་ཐོན་ཡོད་
པ་དེ་འཚོ་ག་ནས་ཡིན་པ་དང་རྒྱབ་རྩ་སུ་ཡོད་པ་གོ་སྐབས་དང་འཛིན་ཇི་འདྲ་བྱེད་མིན་བཅས་ནི་ཚོགས་གཙོ་མཆོག་གི་མཁྱིན་གྱི་ཡོད་ཤག་རེད་་་་་ད་དུང་གནས་ཚུལ་དེར་ཚོགས་གཙོ་མཆོག་ངན་ཇུས་གཉམ་ལྟོན་གྱི་འབྲེལ་བ་མེད་པ་སུའི་བཤད་ཐུབ་སྙམ་
དེ་ལྟར་དངོས་ཡོད་ཡིན་མིན་གང་ལྟར་ཇེངས་རྗེས་མའི་བཀའ་བློན་ཁྲི་པའི་འོས་བསྡུར་བསྐོར་བོད་གཞུང་ཟློས་གར་ཚོགས་ཁང་དུ་ཚོགས་སྐབས་ཨམ་སྐད་སྐྱོན་པའི་བུ་མོ་ཞིག་གི་རེ་བ་ཆེ་མདོག་གྱི་དྲི་བ་ཞིག་ལ་ཚོགས་གཙོ་མཆོག་གི་ང་རང་བཀའ་བློན་ཁྲི་པ་ལང་རྒྱུ་ནི་རྨི་ལམ་དུ་ཡང་འཁོར་མ་མྱོང་ཅེས་ལན་འདེབས་གནང་སོང་དེ་ནི་རང་སྐྱོན་རང་གི་ངོས་འཛིན་ཐུབ་པའི་ལན་ཞིག་རེད་འདུག་པས་འདི་ཡི་གསལ་པོ་བཟོས་སོང་་་་་་་་་་
ད་ལྟའི་གནས་ཚུལ་བྱུང་བ་དེས་བོད་མི་མང་པོ་ཞིག་གཉིད་སད་བཅུག་ནས་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་བར་ཕན་ཐོག་ཆེན་པོ་བྱུང་ཡོད་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དྲ་གྲོགས་ཚོ།
ཁྱེད་ཚོས་དངོས་ཡོད་གནས་ཚུལ་ཞིབ་ཏུ་མཁྱེན་འདོད་ཡོད་ན་སྐུ་ཞབས་ཐོག་རྒོད་ལགས་ཀྱི་བསམ་འཆར་ལ་གཟིགས་དང་།་དེས་ཁྱེད་ལ་གོ་རྟོགས་ཚད་ངེས་ཅན་ཞིག་གནང་ངེས་ཡིན།་ དེར་བརྟེན་གོ་སྐབས་འདི་བརྒྱུད་ནས་སྐུ་ཞབས་ཐོག་རྒོད་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཐུགས་རྗེ་ཆེ་གྲངས་མེད་ཞུ་རྒྱུ་ཡིན།འདི་ལྟར་ཞུ་དགོས་པ་དེ་ཡང་ཁྱེད་ལ་སྤྲེལ་ལད་ཞུས་པ་དང་ཕྱོགས་རེས་བྱས་པ་ཞིག་གཏན་ནས་མིན། ང་ཁྱེད་ཀྱི་ཐུན་མོང་མིན་པའི་བློ་སྟོབས་དང་རྣམ་དཔྱོད་དེ་ལ་ཡིད་རང་དབང་མེད་པར་འཕྲོག་སོང་། མདོ་དོན་ཁྱེད་ཀྱིས་བྲིས་པའི་ཡི་གེ་ནོར་འདུག་པ་མང་ཡང་ནང་དོན་མགོ་ཚོས་པོ་ཞེ་དྲག་བྱུང་འདུག་པས་དམིགས་ཡུལ་ངེས་པར་དུ་བརླག་མ་བཅུག་པར་སྤྱི་ཚོགས་ལ་ཞབས་འདེགས་མུ་འཐུད་ནས་ཞུ་དགོས།
འདིའི་ནང་དུ་བསམ་ཚུལ་འདོན་མཁན་དག་ཀྱང་གྲོས་ཚོགས་ཀྱི་འཐུས་མི་ཚོ་ནང་བཞིན་མིག་ཡ་གཅིག་ཅན་རྐྱང་པ་ལས། མིག་གཉིས་ཀས་བལྟས་ནས་སྐད་ཆ་ཤོད་མཁན་ཧ་ཅང་ཉུང་ཉུང་རེད་འདུག མང་པོ་ཞིག་གིས་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཁམས་པ་ཤ་སྟག་ཡིན་ཚུལ་བརྗོད་འདུག དེ་ཡང་དངོས་ཡོད་གནས་ཚུལ་མ་རེད། ལྷག་པར་དུ་ཁ་སང་ནང་ལངས་ནས་འགྲོ་མཁན་ཚོའི་ནང་དུ་ཆོས་བརྒྱུད་ཀྱི་སྤྱི་འཐུས་ནང་ནས་བཀའ་བརྒྱུད་སྤྱི་འཐུས་ཀརྨ་ཤེས་རབ་མཐར་ཕྱིན་ཕ་ཡུལ་ཡངས་པ་ཅན་རེད། དེ་ཁམས་པ་མ་རེད། བཀའ་བརྒྱུད་སྤྱི་འཐུས་བསོད་ནམས་དགྲ་འདུལ་ལགས་ནགས་ཆུ་རེད། ནགས་ཆུ་ཁམས་པ་རེད་དམ་དབུས་གཙང་རེད། དབུས་གཙང་སྤྱི་འཐུས་ཀརྨ་མ་ཆོས་འཕེལ་མངའ་རིས་སྐྲ་བདུན་རེད། གནས་ཚུལ་གྱི་རྒྱབ་ལྗོངས་ཚང་མ་ཤེས་པའི་ཐོག་ནས་བགྲོ་གླེང་གནང་དགོས་པ་གལ་ཆེན་པོ་རེད།
ད་ལྟ་གྲོས་འཆར་དེའི་རྒྱབ་ལོགས་སུ་ལས་ཀ་བྱེད་མཁན་གཙོ་བོ་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་ཡིན་པ་དང་། ས་ཡིག་བསྡུ་རུབ་བྱེད་མཁན་གཙོ་བོའི་གྲས་སྤྱི་རྒྱུ་སྒེར་བདག་ཟླ་བ་ཚེ་རིང་ཟེར་བ་དེ་རེད་འདུག་ཟེར། རྒྱ་རི་སྒྲོལ་མས་དང་པོ་ཆུ་སྒང་གསར་པའི་རྒྱུན་ལས་ཐུབ་བསྟན་ལེགས་བཤད་རྒྱུག་ཁྱིར་མངགས་ནས་བསོད་ནམས་སྟོབས་རྒྱལ་གྱི་སར་ཉེན་རྟོག་པ་ཁྲིད་ནས་ཡོང་བ་དང་། རྗེས་སུ་གྲོས་ཆོད་དེའི་གླེང་རྙོག་བཟོས་ནས་རྗེས་སུ་བསོད་ནམས་སྟོབས་རྒྱལ་ཕྱོགས་གཅིག་ནས་ཡུལ་ཁྲིམས་ཀྱི་ཐོག་ནས་དཀའ་ངལ་བཟོས། གཉིས་ནས་ལམ་གྲོན་མ་སྤྲད་པ་དང་། གླེང་ཕྱོགས་སྣ་ཚོགས་ཤིག་བཟོས་ནས་བསོད་ནམས་སྟོབས་རྒྱལ་སྤྱི་འཐུས་ཀྱི་ནང་ནས་ཕྱིར་འཕུད་ཐབས་དང་། མོ་རང་གི་ཁྱོ་ཀའི་སྲིང་མོ་ཀྲའུ་ཚེ་བརྟན་ཟེར་བ་དེ་མདོ་སྟོད་སྤྱི་འཐུས་སུ་སླེབས་ཐབས་བྱས་པ་ཞིག་ལས་རྒྱུ་མཚན་གཞན་ཡོད་པ་མ་རེད། ངོ་རྒོལ་བྱེད་མཁན་ཚོས་ཀྱང་གནད་དོན་དེ་གསལ་པོ་རྟོགས་པ་དང་། ས་རྟགས་བསྡུ་རུབ་བྱེད་མཁན་གཙོ་ཟླ་བ་ཚེ་རིང་དང་། སྤྱི་ཟུར་པདྨ་འབྱུང་གནས་གཉིས་ཀ་བསོད་ནམས་སྟོབས་རྒྱལ་ཕྱོགས་གཏོགས་དང་བཅས་པ་དགྲ་ཡི་དྭངས་མར་བརྩི་མཁན་གཉིས་ཡིན་པ་ལ་བརྟེན་ནས་བྱུང་བ་རེད། བྱེད་སྟངས་ཕྱོགས་གཉིས་ཀ་ནས་ནོར་ཡོད་པ་རེད། རྒྱུ་མཚན་ཉི་ཚེ་བ་རེ་ཕྱོགས་གཉིས་ཀ་ལ་དྲངས་རྒྱུ་ཡོད་པ་རེད། བློ་ཕམ་པ་ཞིག་ལ་དུས་བབ་དྲ་རྒྱའི་ནང་དུ་བགྲོ་གླེང་བྱེད་མཁན་ཕལ་མོ་ཆེ་ཡང་ཕྱོགས་རིས་ལ་བརྟེན་ནས་མིག་ཡ་གཅིག་ཞར་བ་རྐྱང་རྐྱང་རེད།
ད་ལོའི་གྲོས་ཚོགས་ནང་ནས་ལོ་ངོ་ལྔ་བཅུ་འཁོར་བའི། །
ལེགས་སྐྱེས་རྙོག་འཛིང་རིང་མོ་བོད་འབངས་ཡོང་ལ་ཕུལ་སོང། །
བསོད་ནམས་སྟོབས་རྒྱལ་འགྲོ་ཁར་འཇུ་ཆེན་ཟོས་པའི་རྟུག་དྲི། །
སྨོན་ལམ་མཐར་ཕྱིན་བརྒྱུད་ནས་གྲོས་ཚོགས་ནང་ནས་ཁ་སོང། །
སྤྱི་འཐུས་ཚོགས་ཁང་ནང་ནས་མང་གཙོའི་བྱུང་རབ་བཤད་ནས། །
དོན་ལ་ཡོང་རྒྱུ་མེད་པའི་ཁ་རྩོད་ཁ་ཆར་འབབ་འབབ། །
ཧམ་བཤད་དཔའ་བཤད་ཟུང་འབྲེལ་གཡུང་རྒྱལ་ངག་ནས་འཐོར་སོང། །
ཉམ་ཆུང་ལྷག་བསམ་ཅན་ལ་སྐད་ཆ་བཤད་དབང་དཀོན་གི །
གྲོགས་པོ་བློ་ལྡན་ལགས་ཁྱོད་ཀྱི་བྲིས་པ་དེའི་དོན་དག་རྩ་བ་ནས་གོ་གི་མི་འདུག་པས་རྗེས་སོར་དེ་མི་འབྲི་བའི་རེ་བ་ཡོད།
ཐོར་རྒོད་ལགས།་ཁྱི་གཏམ་བཤད་གི་མ་འདུག གོང་གི་སྤྱི་འཐུས་དག་ནི་རང་གཟུགས་ཡོད་པ་རྐྱང་ལས་དོན་མེད་ཕྱོགས་ལྷུང་བདང་སྐབས་འཚོལ་བ་ལྟ་བུ་མ་རེད། ལྷག་པར་འཇུ་ཆེན་ལ་སྡིག་པའི་སྣང་ཚུལ་དེ་ཁྱེད་ཀྱིས་ཅི་ཡང་བཙན་བྱོལ་འདིར་རྒྱུས་མེད་པའི་ལན་རྟགས་རེད།
ཁམས་པའི་ཤ་ཞེན་ཁ་ལ་ཁྱེར་ནས། །སྤྱི་འཐུས་གྲོས་ཚོགས་ཚོགས་ཆེན་གཏོར་སོང། །གཞི་ཆེན་ཐུབ་བསྟན་འཇོན་ཐང་ཆེ་ཡང། །ཆུ་སྒང་གསར་བ་དཀར་འདོན་བྱེད་དགོས། །
མདོ་སྟོད་ལ་ཤ་ཞེན་ཡོད་འདོགས་ཀྱིས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་ཐང་བརྒྱད་པ་གཏོར་ནས་མཇུག་བསྡོམས་ཙམ་ཡང་ཐུབ་མ་སོང། གཏོར་འགྲོ་མཁན་དེ་ཚོ་ནི་གཞི་ཆེན་གྱི་ཨབ་ཕྲུག་༡༣རེད། དེ་ཡང་རེ་རེ་བཞིན་དྲ་གྲོགས་ཚོར་རྩིས་འབུལ་ཞུས་ན་ ༡ མདོ་སྟོད་སྤྱི་འཐུས་ཚུལ་ཁྲིམས་བསྟན་འཛིན། ༢ མདོ་སྟོད་རྫུན་མ་མདོ་སྟོད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས། ༣ མདོ་སྟོད་སྤྱི་འཐུས་བདེ་བ་ཚང་རྡོ་རྗེ་དབང་འདུས། ༤ མདོ་སྟོད་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན། ༥ མདོ་སྟོད་སྤྱི་འཐུས་གཞི་ཆེན་དཀོན་མཆོག ༦ མདོ་སྟོད་སྤྱི་འཐུས་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ། ༧ བོན་པོའི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། ༨ བོན་པོའི་སྤྱི་འཐུས་དགེ་བཤེས་གཡུང་དྲུང་རྒྱལ་མཚན། ༩ དགེ་ལུགས་སྤྱི་འཐུས་དགེ་བཤེས་བེ་རི་འཇིགས་མེད་དབང་རྒྱལ། ༡༠ དགེ་ལུགས་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་འཕེལ་རྒྱས། ༡༡ བཀའ་རྒྱུད་སྤྱི་འཐུས་ཀརྨ་ཤེས་རབ་མཐར་ཕྱིན། ༡༢ རྙིང་མའི་སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ། ༡༣ དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་རྣམས་རེད། ཁོང་ཚོས་གྲོས་ཚོགས་ནང་དཔའ་གཏམ་དང། ཕྱོགས་ཞེན་འཐེན་འཁྱེར་དང། གཡོ་སྒྱུ་ཁྲམ་གསུམ་གྱི་གཏམ་ངན་ཤ་སྟག་བཤད་རྗེས་གྲོས་ཚོགས་ཕྱི་ལོགས་སུ་ཐོན་ནས་གྲོས་ཚོགས་ཀྱི་གྲུབ་ཆ་ཚང་མ་བཅུག་པར་གྲོས་ཚོགས་གཏོར་སོང་བ་འདི་རེད། ཁོང་ཚོས་མདོ་སྟོད་ལ་སོ་སོ་ཤ་ཞེན་ཆེ་མདོགས་དང། མི་གཞན་གྱིས་དཔུང་བསྒྲིགས་ནས་ས་ཡིག་གང་མང་བརྒྱབ་ནས་མདོ་སྟོད་ལ་ཐུབ་ཚོད་གཏང་བཞིན་ཡོད་སྐོར་བཤད་བཞིན་ཡོད་ཀྱང། དངོས་གནས་བྱས་ན་གྲོས་འཆར་གང་འདྲ་ཞིག་ལ་རྒྱབ་སྐྱོར་བྱེད་མཁན་ག་ཚོད་མང་ན་གྲོས་ཆོད་གྲོས་འཆར་དེའི་གཟི་བརྗིད་ཡིན་པ་རེད། འོན་ཀྱང་ས་ཡིག་རྒྱག་མིན་ཟེར་བ་དེ་སུ་ཡིན་ཡང་རང་དབང་དང་། རང་ཉིད་ཀྱི་ཐོབ་ཐང་ཡིན་པ་ལས་དེ་ལ་བཀག་རྒྱ་གང་ཡང་ཡོད་མ་རེད་། དེའི་སྔོན་ནས་དེ་འདྲའི་ས་ཡིག་གང་མང་བརྒྱབ་བཞག་པའི་མ་དཔེ་གང་མང་ཁ་སང་ཚོགས་དྲུང་ལས་ཁུངས་ཀྱིས་རྙེད་སོན་བྱུང་འདུག་པ་ཀུན་ཀྱིས་མཁྱེན་ན་ཡག་པོ་ཡོད་རེད།
འོན་ཀྱང་ས་ཡིག་གང་མང་བརྒྱབ་འདུག་པ་འགྲིག་མེད་སྐོར་བཤད་བཞིན་པ་དེ་གོང་གསལ་མི་ངན་དེ་དག་གིས་ཁ་གཡར་ས་ཞིག་བཙལ་བ་ཙམ་ལས་དོན་ལ་གཞི་ཆེན་སྐུ་ངོས་ཀྱིས་བཀའ་བརྩི་དང་ལེན་གྱིས་ང་ཚོས་སྤྱི་ཚོགས་དཀྲུགས་སྙིང་སྤྲོ་བ་རེད། གལ་སྲིད་མདོ་སྟོད་སྤྱི་འཐུས་བསོད་ནམས་སྟོབས་རྒྱལ་ཕྱི་རྒྱལ་ནས་གྲོས་ཚོགས་སུ་ཡོང་ཚད་སྤྱི་དོན་རེད་ཅེས་ལམ་གྲོན་སྤྲད་དགོས་ཡོད་ན་རྒྱ་བལ་འབྲུག་གསུམ་གྱི་ང་ཚོའི་སྤྱི་འཐུས་ཚང་མ་ཕྱི་རྒྱལ་ལ་སོང་ཚུར་གྲོས་ཚོགས་ཚོགས་དུས་དང་སྟབས་བསྟུན་སྤྱི་དོན་ཆེད་ཡོང་བ་ཡིན། ལམ་གྲོན་དགོས་ཅེས་བཤད་ན་སྤྲད་རྒྱང་བྱེད་ངེས་ཡིན་ནམ། དེ་ལྟར་སྤྲད་ན་བོད་གཞུང་གི་དངུལ་གྱིས་འདངས་ངེས་ཡིན་ནམ།
གོང་གསལ་མི་ངན་༡༣འདིས་སྔ་ཕྱི་བར་གསུམ་དུ་ཆོས་ལུགས་དང། ཆོལ་ཁ་རྒྱབ་ཏུ་ཁུར་ནས་ཁེ་བཟང་བསྡུས་པ་རེད། ད་བར་ང་ཚོ་འགོ་སྐོར་འོག་ཚུད་ཀྱང་ད་ནས་ང་ཚོས་ཤེས་དགོས་པ་རེད།
ས་ཡིག་རྒྱག་མཁན་ཚོར་གཟིགས་དང། ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས་དམིགས་བསལ་རེད། གཞན་གཞི་ཆེན་གྱི་བུ་མོ་མ་གཏོོགས་ཆོལ་ཁ་གསུམ་གྱི་བུད་མེད་སྤྱི་འཐུས་ཡིན་ཚད་ཚང་མས་ས་ཡིག་བརྒྱབ་འདུག་ལ་འདིས་བུད་མེད་ཚོས་ལྷག་བསམ་རྣམ་དག་གིས་སྤྱི་དོན་ལ་ཁུར་བླང་བ་མཚོན་ཡོད་རེད།
གཞན་ཡང་ས་ཡིག་རྒྱག་མཁན་ནང་ཆོལ་ཁ་གསུམ་གྱི་སྤྱི་འཐུས་ཚང་ཡོད་འདུག ད་སུ་ཞིག་གིས་དཔུང་བསྒྲིགས་ཀྱི་འདུག་གམ།
གལ་སྲིད་དཔུང་བསྒྲིགས་ཡོད་ན་དཔུང་སྒྲིག་མཁན་དེ་ཆོལ་ཁ་གསུམ་རེད་འདུག ང་ཚོ་ཆོལ་ཁ་གསུམ་ག་དུས་ཡིན་ཡང་དཔུང་བསྒྲིགས་དགོས་ངེས་རེད། ངས་གྲོས་ཆོད་གྲོས་འཆར་དེའི་སྟེང་ས་ཡིག་རྒྱག་མཁན་ཚང་མ་ལ་ཐུགས་རྗེ་ཆེ། ཁྱེད་ཚོས་འགན་ཡག་པོ་ཁུར་འདུག་ཞུ་རྒྱུ་ཡིན། ང་ཚོ་བོད་ཆོལ་ཁ་གསུམ་དེ་རྟག་ཏུ་རྡོག་རྩ་གཅིག་སྒྲིལ་མེད་ཐབས་མེད། མ་འོངས་པར་ནམ་ཡིན་ཡང་ཁྱེད་ཚོ་རྡོག་རྩ་གཅིག་སྒྲིལ་གནང་རོགས་གནང་ཞུ།
གསང་གཏོར་ལགས་ད་ལྟ་ཁྱེད་རང་འདིའི་ནང་ལ་སྐད་་ཆ་བཤད་པའི་ཆུ་ཚད་ལོངས་མི་འདུག ད་དུང་ཁྱེད་ཀྱིས་ལོ་དང་ཟླ་བ་བསྒྲིལ་ནས་སློབ་སྦྱོང་བྱེད་པའི་དུས་ཚོད་རེད་འདུག ངས་ཁྱེད་ལ་ཤ་ཚ་བའི་སྐད་ཆ་བཤད་ཀྱི་ཡོད།་རྗེས་མ་ཁྱེད་ལ་སྐད་ཆ་བཤད་པའི་གོ་སྐབས་རེག་གི་རེད། ་བྲེལ་བ་མ་ལང་།
དེ་རང་ངས་གསར་དུ་ཤེས་པ་ཞིག་ལ་མིང་རྟགས་བསྡུ་རུབ་བྱས་པ་འདི་ཁོ་ནས་ནག་ཉེས་ཀྱིས་དཔུང་བསྒྲིགས་པ་མཚོན་ཐབས་མི་འདུག དེ་ནས་ལམ་དང་ལུགས་སྲོལ་མེད་པ་ཞིག་དེ་ལས་ཀྱང་རེད་མི་འདུག དེས་ན་ལས་ཀའི་ངོ་བོ་དང་རྣམ་པ་གང་གི་སྟེང་ལ་བལྟས་ཀྱང་འཐོར་བའི་གཉེན་མི་སྣང་། འོན་ཀྱང་ཐོག་མར་གཏོར་བཤིག་གི་སྐད་ཆ་འདི་ལ་དོན་སྣང་བྱེད་འདོད། །
དེར་བརྟེན་ཁོང་ཚཽས་ཀྱང་བཙན་བྱོལ་གཞུང་གི་བཅའ་ཁྲིམས་ནང་གསལ་ཁ་་མེད་པ་གང་ཞིག་ལ། ཁཽང་ཚོས་ཐག་གཅད་ཆོག་པ་ཞིག་ཐག་བཅད་ཡོད་དུས་དེ་ལ་ཡིད་མི་རངས་པ་ངོ་རྒོལ་བྱས་ན་དེ་ནི་སོ་སོས་བྱས་པའི་ཉེས་དོན་ལས་མ་མཆིས་སྙམ།
གང་ཡིན་ཟེར་ན་དེ་ནི་སྤྱི་མཐུས་ཀྱི་ཡོང་ཁུང་དང་རྒྱུན་ལས་ཀྱི་འདེམས་ཕྱོགས་ནས་བཤད་ཀྱིན་ཡོད།
མི་ལ་ནོར་བ་སྲིད་ཀྱང་གལ་སྲིད་དེ་བྱས་ནོར་ཤོར་བ་ཞིག་མཐཽང་ཚེ་དྲང་པོ་དང་བདེན་པའི་རྒྱུ་མཚན་གྱིས་ཁཱུང་བསྐྱེལ་ནས་མི་གཞྀའི་བཟང་སྤྱོད་ཀྱི་ཐཽག་ནས་བཤད་དགོས་པའི་གནད་དོན་ཞྀག་ལས་།
ལྐོག་ལྐོག་སུག་སུག་གིས་མཚན་རྟགས་བསྡུ་རུབ་དགོས་པའི་བྱུང་མྱོང་མེད་པའི་ལམ་སྲོལ་ཅིག་མ་རེད།
དེ་ནི་བོད་ཀྱི་ཆེས་མཐོའི་གྲོས་ཚོགས་ཞིག་གི་མི་སྣ་རེ་ཡིན་པས་ཀྱང་རེད།
ད་རེས་ཀྱི་རྙཽག་གླེང་འདིར་བརྟེན་སྤྱི་ཚོགས་ནང་དགྲ་བོས་གོ་སྐབས་བརྩལ་ངེས་ལ།
ཁ་ཤས་ཤིག་མགོའང་འཐམས་ངེས།
ཡིན་ནའང་ང་ཚོས་མ་འོངས་བོད་ཀྱི་འཇིགས་ཉེན་དང་རྒྱལ་བ་གང་གི་དཀའ་སྤྱད་འདི་ཚོ་ལ་བསམས་ནས་ཁཽག་ཡངས་ཀྱིས་ཐུགས་བསྐྱེད་ཐོག་བཟང་སྤྱོད་ཀྱི་ལས་ལ་ཞུགས་དགོས་པའི་དུས་སྐབས་ཡིན་སྙམ།
ངས་གསལ་བརྗོད་ཞཱུ་རྒྱུར།
མཆན་འགོད་པ་འགས་དགྲ་ངོ་མི་ཤེས་པའི་སྨྲ་འབེབ་ཅི་ཐུབ་ཅིག་སྨྱུག་མིང་གི་འོག་ན་གབ་ཡིབ་ཀྱིས་བཤད་ཀྱིན་འདུག་པས།
འདི་ཚཽ་ལ་ནམ་ཡང་ཡིད་གཟབ་བྱེད་རོགས་ཞུ།
སྤྱི་ཚོགས་ཁ་ལ་འགྱོད་གཞི་སློང་བའི་ནད་ཡམས་ཡོད་ལ།
མངོན་མེད་ཀྱི་མི་ལ་མི་སེམས་འཁྲུགས་པའི་གཏམ་ཡོད་ངེས།
དེའི་འཇུག་འབྲས་ནི་བོད་ཉམས་གོད་དང་།
ལ་མོའི་རྒྱབ་ཀྱི་ཨ་ཞང་ཚོ་དགོད་ཤོར་བའི་ནུས་པ་ཞིག་ལས་ཅི་ཡང་མེད་ངེས་ཅན་ཡིན།
གཏམ་འདི་ཚཽ་ལ་བོད་ཀྱི་སྔོན་མའི་ཕམ་ཉཻས་ཤོར་མྱོང་བའི་འདས་དོན་ལས་བླངས་པའི་ཉམས་མྱོང་གསོན་པོ་རེ་ཡོད་སྙམ་ཡིན།
མཐའ་དོན་ཡོད་ཚད་ཀྱིས་སྨྱུ་གུ་དྲང་མོ་ཟིན་ནས།
ལྕེ་ལེ་བདེན་དོན་ལ་སྤྱོད་ཀྱིན་།
༧རྒྱལ་བ་དགྱེས་པའི་མཆཽད་སྤྲིན་དང་།
བསྟན་སྲིད་མི་རིགས་ལ་ཕན་པའི་གླེང་མོལ་ཐུབ་ན་བྱེད་རོགས་ཞཱུ།།
དེ་མིན་ཅི་ཞིག་བཤད་དགོས་པའི་ཁཱུལ་གྱིས་གོ་རྟོགས་མེད་པའི་གཏམ་བཤད་ཀྱིནས་དབྱེན་སྦྱོར་ལ་རམས་འདེགས་ལས་ཅི་ཡོང་སྙམ།
ང་ཚོ་མཆན་འགོད་པ་དང་ཟིན་བྲིས་པ་ཚཽ་ལ་རྒྱང་བལྟས་བྱེད་དུས།
ཕྱོགས་རིས་འཐེན་ཁྱེར་གྱི་སྐད་ཆ་སྒྲོགས་མཁན་ལས་གཟུར་གནས་དང་བོད་ཀྱི་བསྟན་སྲིད་ལ་ཐུགས་ཁུར་བཞེས་ནས་བཤད་མཁན་ཞིག་དཀོན་ཚཽད་འདུག
དེ་ནི་ང་ཚོས་སྨྱུ་གུ་ལག་ཏུ་ལེན་པའི་འོས་འགན་དང་རྩ་འགལ་ཕྱིན་པ་རེད་དྲན།
སྨྱུ་གུ་ལག་ཏུ་ལེན་ཕྱིན་དཔེར་ན་མཁས་དབང་དགེ་ཆོས་ཀྱི་བཤད་ཕོད་པའི་མཛད་རྗེས་ལ་ལད་ཟློས་བྱེད་ནས་དྲང་པོ་དང་བདེན་པའི་རྒྱབ་ལ་ལངས་དགོས་རྒྱུ་ལས་ཡ་ཡོར་དང་འཐེན་འཁྱེར་དཀྲུག་ཤིང་དང་སྡང་ཞེན་གྱིས་གླེང་མོལ་བྱས་ན་དེ་ནི་བོད་ཀྱི་བསྟན་སྲིད་ལ་ཞབས་འདྲེན་ཞུ་བའི་རམ་འདེགས་བྱས་པ་ལས་ཡིན་མི་སྲིད།
དེ་ཡང་ཁ་ཤས་ཀྱིས་ཆབ་སྲིད་དང་གྲོས་ཚོགས་མཐུས་མི་ལ་ཞིབ་འཇུག་མེད་པར་མི་དགའ་ཕྲག་དོག་གིས་གང་ཟག་སྒེར་ལ་སྨྲ་འབེབ་བཏང་བའི་གོ་སྐབས་བརྩལ་ཀྱིན་འདུག
རང་རྒྱུད་ལ་དམིགས་དོན་འདི་འདྲ་བཅངས་ནས་ད་རུང་གྲོས་ཚོགས་ལ་སྨྲ་འབེབ་བྱེད་པ་ནི་ངོ་ཚ་དགོས་པའི་གནད་དོན་ལས་མ་འདས།
ང་ཚོས་སྨྱུ་གུ་དྲང་མོ་ལག་ཏུ་བཟུང་ནས་བདེན་དོན་གྱི་གླེང་མོལ་ནས་འགོ་འཛུགས་ཏེ། ད་སྐབས་ལ་མོའི་རྒྱབ་ཀྱི་དགྲ་བོ་དགའ་དགོས་པའི་གནད་དོན་བྱུང་ཡོད་ཀྱང་རེ་བ་ཆེ་ས་ནས་རྒྱབ་བཞིན། གྲོས་ཚཽགས་འཆམ་མཐུན་དང་ཆིག་བསྒྲིལ་གྱི་གནས་ལ་བསྐུལ་འདེད་བྱེད་དགོས་པ་ལས་སྒེར་ནད་ཁཽག་བཅང་གི་དབྱེན་སྦྱོར་ནི་རྒྱལ་བ་དགྱེས་པའི་མཆཽད་སྤྲིན་མིན་ལ་བོད་བསྟན་པ་ཆབ་སྲིད་ཀྱི་ཞབས་འདེབས་ཀྱང་དེ་བས་མིན་ཁར་དགྲ་བོ་དགའ་ནས་དགོད་དགོས་པའི་བྱ་བ་ཞིག་ཡིན་སོང་སྙམ།
འདི་འདྲའི་དུས་སྐབས་སུ་སྤྱི་མཐུས་སྨོན་ལམ་མཐར་ཕྱིན་ལགས།
དངོས་ཕེབས་ཀྱིས་གསལ་བཤད་བྱས་འདུག
འདིའང་དགའ་དགོས་པའི་གནད་དོན་ཡིན།
ད་རུང་གོ་སྐབས་འདི་བཟུང་ནས་ང་ཚོས་རྒྱབ་ལྗོངས་ཡེ་ཡེར་རེད་ཟེར་བའི་ཉཽག་གཏམ་གླེང་བཞྀན་པའི་དུས་སྐབས་སུ་ཁོང་གིས་ཁ་གསལ་གྱི་ལན་འདེབས་གང་འཚམས་བྱས་འདུག
ངས་བསམ་ན་ད་རེས་ཀྱི་རྙོག་གླེང་འདིའི་ནང་རྒྱབ་ལྗོངས་ཡོད་ངེས་ཀྱང་གནད་དོན་ཐུབ་ས་དེ་ལ་བསམ་ནས་ཚང་མས་དཀྱེལ་ཡངས་ཀྱི་དགོངས་པ་བཞེས་ཏེ། ལ་མོའི་རྒྱབ་ཀྱི་ཁ་གཏད་ལ་ལངས་ཐུབ་པ་བྱེད་དགོས།
དེའང་གནད་དོན་ཐུབ་ས་ནས་བསམ་ན་མི་ཞིག་གི་ལམ་གྲོན་ཙམ་རེད།
ང་ལ་ཡོད་པའི་དོགས་པ་ནི།
དེའང་སྤྱི་མཐུས་རྒྱུན་ལས་ཀྱིས་ཐག་བཅད་བྱས་པའི་ལམ་གྲོན་དེ་ལ་རྒྱན་ལས་ནང་ཁཱུལ་དུ་འདོད་མོས་ཡོད་མཁན་དང་མེད་མཁན་སུ་སུ་ཡིན་མིན་དེ་ཡིན།
གང་ལྟར་སྤྱི་མཐུས་ནི་བོད་རྒྱ་ཆེས་མི་མང་རང་ངོས་ནས་ངོ་ཚབ་ཏུ་བསྐོས་པའི་མཐུས་མི་ཡིན་ལ། རྒྱུན་ལས་ནི་མཐུས་མི་དེ་ཚོས་མང་མོས་ཀྱིས་བསྐོས་པའི་མི་སྣ་ཞིག་ཡིན་པ་ལས་ངས་འགྱོན་ང་བསྡད་དགོས་ཟེར་ནས་ཁོང་ཚཽ་རྒྱུན་ལས་ལ་ཆགས་པའི་གནད་དོན་ཞིག་མིན།
I think this news seems to be attacking eachother verbally is sign of enjoying the Democracy which His Holiness grant us. But going out of assembly in between the speech of your other participant in the session …. is what i feel sad.
WALK OUT (12)????????????
ཀེ་པག་རྩག་ལགས། གོང་གི་དབྱིན་ཡིག་གསིབ་རོག་ཞུ།
དབྱིན་ཡིག་བེད་སྤྱོད་གཏོང་ས་འདིར་མ་རེད།
བོད་ཀྱི་གནས་སྟངས་སྡུག་ཅག་ཡིན་པ་ཤེས་ན་བོད་ཡིག་ཕྲིས་དང་འདིས་ཤེས་མི་ཐུབ་པ་མེད།་
སྐུ་མཁྱེན།
please you think about the tibetan and stuation. because this is not good.
སྤྱི་འཐུས་་་༡༤་་་་དང་་་༡༢་་་ནས། བོད་མི་ཚོ་ཚགས་འདེད་གཟབ་གཟབ་བྱོས་ཨ། ཕ་་་ཡ་་་བཏགས་་་ཆ་་་ན་་་རོ་་་ཆོ་་ག་་་ས་་་བཞག་་་ཕྱོགས། རྒན་ལགས་འདི་སུས་བཟོས་པ་རེད། འདི་བཀླག་ན་སེམས་པའི་ནང་ན་་ཟུག་རྔུ་གཏེར་གྱི་འདུག སྐད་ཅོར་མ་རྒྱགརོག འདི་སྔོན་མ་ནས་ཕྱོགས་ཁ་གསུམ་ཞེས་བྲིས་འདུག
ཧཧཧཧཧ
རྒྱུན་དུ་ཤེས་ལྡན་པ་མང་པོའི་ཕྱོགས་རེས་བློས་བཏངས་ཀྱིས། བོད་སྤྱི་དོན་ལ་ཤ་འཐམ་རོ་འཐམ་བྱེད་རོག་གསུང་པ་དང་། ་་་་་་་་་་
འགོ་འཛིན་པ་འགས་ཀྱང་ཁ་གཡང་རེ་བསྒྲག་ནས་སྐུལ་མ་གནང་མྱོང་ན་ཡང་། ད་རེས་སྤྱི་འཐུས་རྣམས་ཀྱི་སྣང་མེད་རེད། ཆོལ་ཁ་གསུམ་འདི་དཔལ་ས་སྐྱའི་གདུང་རབས་ནང་་་་་་དབུས་ཆོས་དང་་་་སྨད་གྱི་ལིང་རྟ་དང་་་་སྟོད་མི་སོགས་ལ་བཞག་ནས་ཁྱད་ཆོས་གསུངས་འདུག་ཀྱང་། ལོ་རྒྱུས་འགའ་ཞིག་ཏུ་སོག་པོའི་དཀྲུགས་ཤིང་གསུམ་བཟོས་པ་རེད་ཟེར་བ་དེ་བདེན་པ་ཡིན་པ་འདྲ།
ད་དུང་ཁྱེད་རང་ཚོའི་ཞབས་འདྲེན་མང་ཙམ་ཞོགས་དང་། རྒྱ་ནག་གཞུང་གི་བོད་ནང་དུ་གཡོ་ཇུས་འདིས་རིགས་ལག་ལྟར་བྱེད་ངེས་རེད། སྐུ་མཁྱེན་ཐུགས་བསམ་ཡངས་ཙམ་བཞེས་རོག་གནང་།
དྲྭ་གྲོགས་རྣམས་པ།
ཁ་ཉིན་སྤྱི་འཐུས་་་༡༢་་་ཕྱིར་བྲོས་འགྲོ་བ་དེ་དག་ལ་ཁག་མི་འདུག། ཐོག་མའི་སྣེ་ཤན་པ་སྤྱི་འཐུས་་་་༡༤་་་དེ་དག་གིས་ཇ་ཆང་ནང་དུ་དུག་སྲེས་འདུག་ཟེར། དེ་འདྲ་ཡིན་ན་ཁོང་ཚོ་ལ་ཡང་ཁག་མི་འདུག གསང་མང་འོག་ནས་དམིགས་སུ་བཀར་དེ་སྐྱག་འབོད་མ་འཐེན། གནས་ལུགས་བརྡར་ནས་དཔྱད་གཞིབ་ལགས་པ་རེ་གནང་ན་ལགས་སོ།
བསོད་ནམས་སྟོབས་རྒྱལ་ལ་སྐད་བསྐུར་བ། བསོད་སྟོབས་ཁྱེད་རང་སྒེར་དོན་ལ་ཨོ་སི་ཌི་རི་ལི་ཡར་གནས་སྤོར་པ་རེད། བོད་མི་མང་གི་ཆེད་གནས་སྤོར་བྱས་པ་མ་རེད། དེ་ཕྱིར་ཁྱེད་ལ་གནམ་གྲུའི་གླ་ཆ་ལྟེར་དོན་མེད། ངས་ཡང་རང་བཙན་དཔྱ་ཁྲལ་བྱིན་ཡོད་པས་ངའི་སྒོར་མོ་ཡང་ཁྱེད་ཀྱི་གནམ་གླའི་ནང་སོང་ཚར་ཡོད་པས་ང་ལ་སྐད་ཆ་བཤད་པའི་ཐོབ་ཐང་ཡོད་ཡོད་པ་རེད། ངས་དཔྱ་ཁྲལ་དེ་བོད་མི་མང་གི་ཆེད་དུ་ཕུལ་བ་ལས་ཁྱེད་ཀྱི་སྒེར་དོན་ལ་ཕུལ་བ་མིན། དེ་ཕྱིར་མི་ལྟེར་ཞེས་སེམས་ཐག་བཅད་པ་ཡིན། འདི་ནི་་དཔུང་བསྒྲིགས་ནས་སྤྱི་རྫས་སྒེར་སྤྱོད་བྱས་པ་རེད་ལ་དཔུང་བསྒྲིགས་ནས་དབང་ཆ་སྒེར་སྤྱོད་བྱས་པ་ཡང་རེད།།
དཀུར་འོས་བོད་རིགས་སེར་སྐྱ་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཚོར་སྣང་དང་བསམ་ཚུལ་ཁ་ཤས་ཞུ་འདོད་བྱུང།
གནའ་བོའི་གོམས་གཤིས་བཟང་པོའི་བཤད་རྒྱུན་ལ། སྤྲུལ་སྐུ་བསྟན་དོན་དུ་བྱོན་ན་བཤད་སྒྲུབ་ལ་ལག་རྗེས། ཞེས་པ་འདི་ནི་ལྷག་པར་བླ་མ་གྲྭ་པའི་སྤྱི་ཚོགས་ནང་དུ་རླུང་ལྟར་གྲགས་ཤིང་། ཡང་གཅིག་བཤད་ན་སྤྱིར་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་དང་ཡང་དགོས་སྦྱོར་ལྡན་བསོད་ནམས་གསོག་པའི་ཞིང་སར་འགྲོ་བ་ཞིག་དགོས་ཞེས་བླ་མ་གྲྭ་པའི་ཀུན་སྤྱོད་འཁྱེར་སྟེང་ལ་གདམ་ངག་ཆེན་པོ་ཞིག་རེད།
འོན་བོད་མི་མང་སྤྱི་འཐུས་ནང་དུ་ཡོད་པའི་རྙིང་མའི་བླ་མ་ཨོ་རྒྱན་སྟོབས་རྒྱལ་དང་གཡུང་དྲུང་བོན་ཀྱི་དགེ་བཤེས་རྣམ་གཉིས་དགེ་ལྡན་པའི་དགེ་བཤེས་འགག་སེར་ཅན་རྣམ་གཉིས་སོགས་བླ་གྲྭ་འདི་ཚོའི་སྐད་ཆ་བཤད་སྟངས་ལ་ཞལ་མཇལ་དུས་ཁྱིམ་པ་མི་ནག་པ་ཕར་ཕྱིན་དྲུག་ལ་སོགས་པའི་ཆོས་སྐད་ཟུར་ཙམ་ཡང་ཐོས་མ་མྱོང་བ་ལྟ་བུར་འདུག་པས་བློ་ཕམ་བྱུང་། གཅིག་བྱས་ན་ང་རང་ལས་སྣང་མ་དག་པ་ཡིན་སྒྲོ།
ཉིན་དེར་བླ་གྲྭ་ཚོ་ཁོང་ཁྲོས་དབུགས་ཀྱི་རྒྱུ་བ་འཚང་ཞིང་རང་ཞལ་དམར་ནག་ཏུ་ཆགས། འགྱིང་སྟབས་དང་བཅས་དཔོན་རབ་བླ་རབ་བཤད། སྐྲག་དགོས་ས་གཅིག་ཀྱང་མེད་ཟེར་བའི་དངོས་བྱུང་འདི་ཚོ་རྒྱབ་དུ་གྲྭ་ཆས་གྱོན་པའི་བྱིན་རླབས་ཡིན་ནམ། ཡང་ན་སངས་ཀྱི་བསྟན་པ་དང་འགྲོ་བའི་བདེ་སྐྱིད་ཀྱི་ཆེད་དུ་ཡིན། ཡང་ན་ཆོས་ལུགས་སོ་སོར་ཞབས་ཕྱི་ཞུས་པ་ཡིན།
དེང་སང་སྤྱི་ཚོགས་ནང་གྲྭ་པ་ལ་མཐོང་མི་འདུག་ཞེས་བཤད་ཀྱི་ཡོད་པའི་དངོས་ར་འཕྲོད་མ་སོང་ངམ། ཆོས་ལུགས་ཁག་ནས་བཟང་འདེམས་བྱས་པའི་བླ་གྲྭ་འདི་ཚོས་ཆོས་ལུགས་དང་གྲྭ་པའི་ཞབས་འདྲེན་ཞུས་མ་སོང་ངམ། ད་དུང་མི་མང་གིས་དད་པ་དག་སྣང་བྱེད་དགོས་སམ། ཡང་ན་ཁ་གཏང་ན་འགྲིག་གི་རེད་ཁྱེད་ཚོས་ལན་རྒྱག་རོགས་གནང། ང་ཚོ་ངོ་ཚ་ནས་ཅི་བྱ་མེད་པར་ཆགས་སོང་།
དེ་འདྲའི་སྐད་ཆ་བཤད་སྟངས་དེ་སོ་སོའི་དགོན་པའི་ནང་དགེ་རྒན་གྱི་སྐུ་མདུན་ནས་སྦྱང་བ་ཡིན་ནམ་ཡང་ན་གཞུང་ཆེན་པོ་ཏི་ལྔ་གང་གི་ནང་དུ་འདུག། ཨ་ཁ་ཡ་མཚན། ཀྱེ་མ་ཀྱེ་ཧུད་འདི་ཚོ་བསྟན་འཛིན་ཡིན་ནམ་བསྟན་དགྲ་ཡིན།
དེ་མིན་ན་རྒྱ་མི་དང་ཡང་ན་བོད་ཀྱི་བསྟན་པ་ཆབ་སྲིད་ལ་རྒྱབ་ཀྱི་ཕྱོགས་ནས་དཀྲུག་ཤིང་མཁན་འགའ་རེས་བྱིན་གྱིས་བརླབས་པ་ཡིན་རྒྱུ་རེད།
དགེ་ལུགས་སྤྱི་འཐུས་ཐུབ་བསྟན་འཕེལ་རྒྱས་ཟེར་བ་འདི་ནམ་རྒྱུ་ཆོས་པ་ཡིན་མདོག་ཁ་པོ་མིག་ནས་མཆི་མ་ཤོར་ཁ་བྱས་མགོ་སྐོར་གཏོང་མཁན་ཞབས་འདྲེན་པ་ཁྱོད་དེ་རིང་སུས་བྱིན་གྱིས་རླབས་སོང།
རྗེས་མ་ནས་བླ་མ་གྲྭ་པ་སྤྱི་འཐུས་ནང་མི་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།
ནོར་འཁྲུལ་ཐམས་ཅད་ཐོན་འགྲོ་མཁན་ཚོ་ཡི་རེད། དེ་ཚོའི་དམིགས་ཡུལ་མི་ལེགས་པ་བཟུང་འདུག དམིགས་བསལ་གྱིས། ཨུ་སྟོབས་ཀྱིས་ ང་ཚོ་ཁམས་པ་ཚོ་་་་ ཟེར་ནས་མདོ་སྟོད་མི་མང་ལ་རྐང་བཙུགས་ནས་ནག་ཉེས་འགེལ་བའམ། རང་དོན་དེ་མདོ་སྟོད་མི་མང་གི་མིང་ཐོག་ནས་སྒྲུབ་པ། དེ་བཞིན་ཀརྨ་ཆོས་འཕེལ་གྱིས་རང་ཉིད་ཚོགས་གཙོར་བསྡད་མ་ཐུབ་པའི་ནད་རྙིང་གིས། མདོ་སྟོད་མི་མང་ལ་རེ་བ་ཞུ་རྒྱུ་ ཟེར་ནས་བོད་ཆོལ་ཁ་གསུམ་གྱི་ནང་དུ་དཀྲུགས་ཤིང་འཕེན་པ། དེ་བཞིན། བོན་གྱི་སྤྱི་འཐུས་དེས་ག་དུས་ཡིན་ན་ཡང་ཆོལ་ཁའི་འཐེན་འཁྱེར་ཤ་སྟག་བྱས་པསོགས་ལ་མི་མང་གིས་ནམ་ཡང་བཟོད་སྒོམ་བྱེད་མི་རུང་། དེ་ཚོར་ཐག་གཅོད་ནན་པོ་བྱེད་དགོས་འདུག མ་མཐར་ཡང་ཐེངས་འདིར་ཐོན་འགྲོ་མཁན་ཚོའི་ཚབ་ཏུ་སྤྱི་འཐུས་གསར་འདེམས་བྱེད་དགོས་འདུག
ད་མང་པོ་འདུག་གྲ་གྲོགས་ཚོ་ད་མཇུག་བསྡོམས་རྒྱག་རན་འདུག། སོང་ཙང་འདིའི་སྐོར་གྱི་རྩོམ་ཡིག་ཚང་མ་ཀླག་དུས་བརྒྱ་ཆ་མང་ཕྱོགས་ཀྱིས་ཐོན་འགྲོ་མཁན་ཚོས་ནོར་འཁྲུལ་ལ་ངོས་འཛིན་གནང་གི་འདུག། དེ་འདྲ་སོང་ང་རང་གིས་གྲོང་ནང་གི་མི་དཀྱུས་མ་མང་པོ་ཞིག་ལ་སྐད་ཆ་དྲིས་དུས། མང་ཤོས་ཀྱིས་ཐོན་འགྲོ་མཁན་གྱི་ནོར་བ་རེད་ཟེར།
དེ་རྗེས་མིག་སྔར་དངོས་ཡོད་ཀྱི་རྙོག་དྲ་དེ་བཞག་ནས་རྒྱངས་རིང་གི་རྒྱབ་ལྗོངས་ལ་ཞིབ་འཇུག་བྱས་དུས་གོང་དང་དངོས་ར་འཕྲོད་པའམ་ཡང་ན་དེ་ལ་དོགས་པ་ཟ་དགོས་པ་ཁ་ཤས་བྱུང། ༡ ཨོ་རྒྱན་སྟོབས་རྒྱལ་ཁོ་རང་གི་ངག་ནས་ཐོན་པ་བཞིན་རྒྱའི་དཔོན་དང་འབྲེལ་བ་ཡོད་ཤས་ཆེ། ༢ འཇུ་ཆེན་སྐུ་ངོ་ཡང་དེ་བཞིན་ཁོང་དང་འབྲེལ་ཡོད་ཀྱིས་ལྷ་ནས་ཆང་ས་རྒྱག་སྐབས་རྒྱ་མིའི་དཔོན་རིགས་མང་པོ་ཡོང་བའི་གཏམ་བརྗོད་རིང་མོ་ཞིག་ཀྱང་འདུག། དེ་ལས་ཡ་མཚན་པ་ཞིག་ལ་སྤྱི་འཐུས་ཚོགས་སྐབས་འཇུ་ཆེན་སྐུ་ངོ་གངས་སྐྱིད་དུ་བཞུགས་ཡོད་པ་དང་ཀརྨ་ཆོས་འཕེལ་སོགས་དབར་སེང་སྐབས་མཇལ་བཅར་དུ་ཕེབས་འདུག་ཟེར་བའི་སྒྲུང་གཏམ་དེ་འདྲ་ཐོས་རྒྱུ་འདུག།
༣ གཡུང་དྲུང་རྒྱལ་མཚན་གྱིས་དོལ་རྒྱལ་ཚོགས་པའི་དངུལ་ལྐོག་ཟ་བྱས་ཡོད་པའི་གླིང་གཞི་འདུག་པས་རྒྱ་ཆེ་མི་མང་ཚོས་དོ་སྣང་གནང་རོགས།
གལ་སྲིད་དེ་འདྲ་ཡིན་ན་དངོས་གནས་ཐབས་སྐྱོ་བོ་རེད། འཇོག་ཐབས་མེད་པར་མ་ཟད་ཐག་གཅོད་ནན་པོ་བྱེད་དགོས།
དྲྭ་གྲོགས་ཚོ་འདི་ལྟར་སྤྱི་འཐུས་ནང་བསམ་ཚུལ་མི་མཐུན་པ་བྱུང་བ་དེ་བློ་ཕམ་གྱི་
རང་བཞིན་ཞིག་ཡིན་མོད། ཧ་ལས་དགོས་པའི་གནད་དོན་དེ་འདྲ་རང་ཡིན་རྒྱུ་མ་རེད་བསམ། གོང་གསལ་མཐོང་རྒྱ་ཅན་མང་པོས་དགོངས་ཚུལ་གསུངས་པ་ནང་བཞིན་རེད། གྲོས་ཚོགས་ནང་བསམ་ཚུལ་མི་མཐུན་པ་རྒྱལ་ཁབ་སུ་ལ་ཡང་ཡོད་ཚུལ་བཤད་པ་དེ་བཞིན་ཡོང་ཆོག་པ་ཞིག་རེད་དེ་ཡིན་ན་ཡང་སྤྱི་འཐུས་ནི་མི་བསམ་ཤེས་རྐྱང་རྐྱང་ཡིན་པས་རྙོག་གྲ་ཆེན་པོ་ཞིག་གི་རྒྱུ་རྐྱེན་དུ་འགྱུར་དོགས་མེད། སྐབས་འདིའི་གནད་དོན་དེ་ཆོལ་ཁའི་རྙོག་གྲ་ཞིག་མ་རེད་ལ་ ཆོས་ལུགས་ཀྱི་རྙོག་གྲ་ཞིག་རྩ་བ་ཉིད་ནས་མ་རེད།
བྱས་ཙང་དྲྭ་གྲོགས་མང་པོ་ཞིག་གིས་ཆོལ་ཁ་ཆོས་ལུགས་ཀྱི་རྙོག་གྲ་རེད་ཅེས་་བཀའ་བཀྱོན་གནང་བ་དེ་ཅུང་ཟད་ཐལ་དྲགས་པ་རེད། ལྷག་པར་དུ་ཡང་སྐབས་འདིའི་
གནད་དོན་དེ་ཆོས་ལུགས་ལ་འབྲེལ་བ་ཅི་ཡང་མེད་པ་ཤེས་བཞིན་གོ་བཞིན་དུ་ཆོས་ལུགས་ཀྱི་རྙོག་གྲ་ཞེས་ཡང་ཡང་བཤད་པ་ཡང་གནས་ལུགས་མེད་པའི་
སྐད་ཆ་རང་རེད། སྐབས་འདི་གནད་དོན་དེའི་སྤྱི་འཐུས་སྒེར་གྱི་གྲོས་གཞི་གྲོས་ཆོད་དེའི་འོག་ཏུ་སྤྱི་འཐུས་ཚེ་རིང་སྒྲོལ་མ་དང་སྤྱི་འཐུས་ཚེ་རིང་གཡུ་སྒྲོན། སྤྱི་འཐུས་པད་མ་འབྱུང་གནས། སྤྱི་འཐུས་ཟླ་བ་ཚེ་རིང་། སྤྱི་འཐུས་ངག་དབང་ལྷ་མོ། སྤྱི་འཐུས་སྒྲོལ་མ་ཚེ་རིང་། སྤྱི་འཐུས་ཆབ་བྲག་ལྷ་མོ་སྐྱབས། སྤྱི་འཐུས་བསོད་ནམས་ཚེ་རིང་ཕིར་སི། སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ། སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན། སྤྱི་འཐུས་རྒྱལ་ནོར་ཚེ་དབང་། སྤྱི་འཐུས་ཡེ་ཤེས་སྒྲོལ་མ། སྤྱི་འཐུས་སྨོན་དཀར་བསོད་ནམས་ཕུན་ཚོགས། དེ་བཞིན་གྲོས་འཆར་འདོན་མཁན་སྤྱི་འཐུས་སྒྲོལ་མ་མཚོ་མོ་བཅས་གྲོས་ཚོགས་འཐུས་མི་ ༡༤ ཙམ་གྱིས་ས་རྟགས་སྐྱོན་འདུག་པ་དང་། ངོ་རྒོལ་གྱི་རྣམ་པ་མཚོན་ཆེད་
གྲོས་ཚོགས་ནས་ཕྱིར་ཐོན་པའི་སྤྱི་འཐུས། ཚོགས་ཟུར་ཀརྨ་ཆོས་འཕེལ་དང་། དགེ་ལུགས་སྤྱི་འཐུས་བེ་རི་འཇིགས་མེད་དབང་རྒྱལ། བོན་པོའི་སྤྱི་འཐུས་གཡུང་དྲུང་རྒྱལ་མཚན། མདོ་སྟོད་འཐུས་ཨོ་རྒྱན་སྟོབས་རྒྱལ། འཇུ་ཆེན་དཀོན་མཆོག འབའ་བ་སྐལ་བཟང་རྒྱལ་མཚན། ཐུབ་བསྟན་འཕེལ་རྒྱས། བཀའ་བརྒྱུད་སྤྱི་འཐུས་གཅིག སྨོན་ལམ་མཐའ་ཕྱིན་
སོགས་མི་བཅུ་གཉིས་ཡིན་པ་རེད་ཟེར། གནད་དོན་འདིར་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་གྱིས་གསུངས་དོན་ནི། ལྐོག་ལྐོག་སུད་སུད་ལ་མངོན་ཆུང་ངང་བློ་མཐུན་པ་
རྣམས་ལས་ས་རྟགས་མང་པོ་ཞིག་བསྡུ་རུབ་བྱས་འདུག་པ་དེ་དཔུང་སྒྲིག་པ་ལྟ་བུ་ཆགས་ཀྱི་ཡོད་པར་བརྟེན་རྒྱུད་རིམ་དེ་དྲང་པོ་མིན་པ་དང། ཞེས་བཤད་འདུག་པ་འདིས་གཞི་རྩའི་བསམ་ཚུལ་མི་མཐུན་པའི་རྒྱུ་རྐྱེན་ཕལ་ཆེར་ཤེས་ཀྱི་འདུག སྐབས་འདིའི་རྙོག་གྲ་ཡོང་བའི་རྒྱུ་མཚན་ལ་ངས་ཤེས་ཚོད་ནི། ༡༽ གནས་ཚུལ་འདི་ཕྱི་ལྟར་ན་སྤྱི་འཐུས་རལ་བ་ཅན་གྱིས་ལམ་གྲོན་ལས་འཕྲོས་པའི་བསམ་ཚུལ་མི་མཐུན་པ་དང་དྲང་
བདེན་ཡིན་མིན། ༢༽ ནང་ལྟར་ན་སྔར་ནས་ཡོད་བསྡད་པའི་སྤྱི་འཐུས་ནང་ཕན་ཚུན་ལ་འཐེན་ཁྱེར་དང་ལངས་ཕྱོགས་མི་མཐུན་པ་ཡོད་པ་དེ་ཕྱིར་མངོན་པ།
༣༽ གསང་བ་ལྟར་ན་སྒྲོལ་མ་ཉེར་གཅིག་གི་གྲངས་སུ་མི་གཏོགས་པའི་སྒྲོལ་མ་རྣམ་གཉིས་ཀྱི་བློ་འཕྲུལ་དང་མ་འོངས་པའི་གསང་བའི་སྲིད་བྱུས་ལ་སྤྱི་འཐུས་ཁག་
གཅིག་གིས་མོས་མཐུན་མ་བྱུང་བ་ཡིན་པར་ཤེས་ཐུབ། འདི་ནི་ངས་གནད་དོན་འདི་ལས་འཕྲོས་པའི་རྩོམ་ཡིག་མང་པོ་ཞིག་བཀླགས་རྗེས་ཀྱི་སྡོམ་ཚིག་ཡིན།
བློ་མཐུན་མང་པོ་ཞིག་གིས་གང་ཟག་སྒེར་ལ་སྐྱོན་འཛུགས་དང་རྒྱ་མིའི་སོ་བ་ཡིན་ཚུལ་དང་ཚིག་ངན་བརྗོད་པ་བཅས་ལ་གནས་ལུགས་དང་མཐུན་པའི་ཁུང་སྐྱེལ་མེད་ཚེ་
མི་དེ་ཚོ་ཡ་རབས་བཟང་སྤྱོད་དང་འགལ་བ་ཞིག་རེད།
དྲ་གྲོགས་ཚོར་བསམ་ཚུལ་ཐུང་ངུ་ཞིག་ཞུ་འདོད་བྱུང་།་ ང་ཚོའི་སྐུ་ངོ་སྤྱི་འཐུས་རྣམ་པའི་རྒྱུན་གཏན་ནས་ཐུགས་འགན་མི་བཞེས་པར་ཁ་རྐྱང་པ་བརྡར་ཏེ་སྡོད་འདོད་བྱ་གི་ཡོད་པ་དེ་ཧ་ཅང་གསལ་པོ་མངོན་སོང་བསམ་གྱི་འདུག ང་ཚོས་སྤྱི་འཐུས་སྒེར་དང་ཆོལ་ཁ་དང་ཆོས་ལུགས་ལ་རྩོད་པ་རྒྱག་གི་མེད་པར། སྤྱི་པའི་དོན་དག་ལ་བསམ་ཏེ་ལས་ཀ་བྱ་གི་ཡོད་ཚེ་ཁོང་ཚོས་གྲོས་གཞིར་བགྲོ་གླེང་མི་བྱ་བར་གྲོས་ཚོགས་སྟོང་པར་བཞག་སྟེ་ཕྱིར་ཐོན་དགོས་དོན་གང་ཡིན་ནམ། མི་མང་གི་འགྲོ་སོང་བཏང་སྟེ་སྤྱི་པའི་ལས་དོན་བྱ་མཁན་དུ་བསྐོས་ཀྱང་འགན་འཁུར་མི་བྱེད་པར་རྐུབ་སྟེགས་སྟོང་པར་བཞག་པ་འདི་ནི་རྒྱུ་མཚན་ཤོད་རྒྱུ་ཡོད་མིན་ལ་མ་ལྟོས་པར་སྤྱི་འཐུས་རྣམ་པ་ཚོ་ངོ་ཚ་དགོས་པ་ཞིག་མི་འདུག་གམ། རྒྱ་མིར་ངོ་རྒོལ་བྱ་རྒྱུའི་ཆེད་དུ་འདི་འདྲའི་གཅིག་མཇུག་གཉིས་མཐུད་ཞིག་བྱ་གི་ཡོད་དམ། ༸རྒྱལ་བ་རིན་པོ་ཆེའི་བཀའ་ལ་བརྩིགི་ཡོད་ མདོག་མདོག་འདི་ཚང་མའི་གཏམ་བཤད་ཀྱི་དང་པོ་འདིར་ཤོད་ཀྱི་རེད། དོན་དངོས་ཀྱི་ལག་ལེན་འདི་དངོས་སུ་ཁ་སྔོན་ཚང་མས་མཐོང་བ་དེ་རང་རེད། ཁོང་ཚོས་༸གོང་ས་མཆོག་བཞུགས་སྒར་དུ་བཞུགས་ཡོད་མེད་དང་། བཀའ་སློབ་རིན་པོ་ཆེ་སྔ་རྗེས་གནང་བ་མཐའ་དག་རྦད་དེ་སེམས་ནང་ནས་གཏིང་བརྗེད་དུ་གཏོང་རྐྱང་བྱ་གི་ཡོད་ལ། ལྷག་པར་ཚོགས་གཙོའི་སྐུ་རྒྱབ་ཏུ་༸གོང་ས་མཆོག་གི་སྐུ་དཔར་ཆེན་པོ་ཞིག་བཤམས་ཡོད་པ་དང། དེའི་མདུན་ངོས་ནས་ཕྲག་མདོག་དང་ང་རྒྱལ་གྱི་བཟི་བའི་སྐུ་ངོ་སྤྱི་འཐུས་རྣམ་པས་སྤྱི་ཡོངས་ལ་འགན་མི་འཁུར་སྐུ་དཔར་གྱི་ཕྱོགས་སུ་བལྟས་ཏེ་རྫིག་ཉམས་བཏོན་པ་མ་ཟད། ད་དུང་ཁ་ནས་གང་བསམ་བཤད་དེ་གོང་འོག་ཚང་མར་བརྩིས་མེད་གཏོང་ བའི་བྱ་སྤྱོད་ངན་པ་སྤེལ་བཞིན་པ་འདི་ཚོ་ནི་ང་ཚོའི་སྤྱི་འཐུས་རྣམ་པའི་སྤུ་མདོག་ངོ་མ་དེ་རེད། ངོ་མ་ཁོང་ཚོར་སྤྱི་སེམས་མེད་པར་རང་གི་རྐུབ་སྟེགས་དྲོན་མོར་སྲུང་བ་ལས་སྤྱི་པའི་དོན་དུ་ལས་་བྱ་འདོད་མི་བྱེད་པ་ནི་ངོ་ཚ་དགོས་པ་ཞིག་མི་འདུག་གམ།
ད་སྤྱི་འཐུས་རྣམས་ཀྱི་དངོས་གནས་བསམ་བློ་ཞིབ་མོ་ཞིག་བཏང་ནས་འདས་པའི་གནས་ཚུལ་ལས་བསླབ་བྱ་ཞིག་བླངས་ནས་མ་འོངས་པར་དྲངས་པའི་ལམ་སྣེ་ཟིན་ནས་འགྲོ་ན་རང་གཞན་གཉིས་དང་སྤྱི་སྒེར་གཉིས་བཅས་ལ་དོ་དམ་གྱི་ཁྱད་ཕན་ཡོད་པ་ངོས་འཛིན་པས་དུལ་ལ་བབ་ཡོད་ཡོད་ཡོད།
སྤྱི་འཐུས་རྒྱུན་ལས་ཚོས་བཅའ་ཁྲིམས་མ་མཁྱེན་པ་ག་ལ་ཡིན། གཏན་ལ་ཕབ་མེད་པའི་རིགས་ལམ་གྲོན་སོགས་རྒྱུན་ལས་ཁག་ཁ་ཤས་ཀྱིས་དབང་ཡོད་བྱས་ནས་འདི་ལྟར་བཅའ་ཁྲིམས་རྡོག་རོལ་གཏོང་དགོས་བ་ཨེ་ཡོད་ན། རྒྱུན་ལས་ཁ་ཤས་ཤིག་ལ་འདི་ལྟར་བཅའ་ཁྲིམས་འགྱུར་བ་གཏོང་རྒྱུའི་དབང་ཚད་ཨེ་ཡོད་ན།
རྒྱུན་ལས་ཚོས་བསོད་ནམ་སྟོབས་རྒྱལ་ལ་ཁྱོད་ལ་ལམ་གྲོན་གྱི་ཐོབ་ཐང་མི་འདུག་ཞེས་གསུང་ན་མི་འགྲིག་པའི་རྒྱུ་རྐྱེན་འདི་གང་ཡིན་ནམ། ངོ་མ་འདི་ཚོ་ཁ་ཤས་ཤིག་གིས་རྐང་བཙུགས་ནས་འདི་ལྟར་དཀྲུགས་ན་ཡིད་ཆེས་མི་ཐུབ་པ་ཞིག་རེད།
བསོད་ནམས་སྟོབས་རྒྱལ་ཟེར་བ་འདིར་ག་དུས་ཡིན་ནའང་རྙོག་དྲ་རྐྱང་རྐྱང་ཡོད་མཁན་ཞིག་རེད།་བོད་ལས་ངན་ནས།འདི་ལྟ་བུ་ཞིག་ཀྱང་།ཤུ་་་་ཤུ་་ཤུ