མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡིག་ནོར་ ༨༣ ཅན་ཞིག ཨ་རིག་འགྱུར་མེད།

བོད་ཀྱི་དུས་བབ།
༢༠༠༩/༠༩/༡༩
Share on FacebookShare on TwitterShare on EmailShare on Whatsapp

 

ཡིག་ནོར་ ༨༣ ཅན་གྱི་བོད་ཡིག་གི་དྲི་ཤོག
ཨ་རིག་འགྱུར་མེད།

༸གོང་ས་མཆོག་གིས་དུས་རྒྱུན་འབྱུང་འགྱུར་བོད་ཀྱི་མི་རབས་གསར་བ་རྣམས་ལ་ཐུགས་རེ་ཆེན་པོ་གནང་གི་ཡོད་ལ། མགོ་བཀའ་ཤག་ནས་མཇུག་མང་ཚོགས་དཀྱུས་མ་བར་དུའང་ད་ལྟ་སློབ་གྲྭར་འགྲིམ་བཞིན་པའི་ན་གཞོན་སློབ་ཕྲུག་རྣམས་ནི་འབྱུང་འགྱུར་བོད་ཀྱི་བདག་པོ་ངོ་མ་དེ་ཡིན་པར་འགྲེལ་གྱིན་ཡོད། ཡིན་ནའང་། ང་ཚོས་ངོས་ནས་འབྱུང་འགྱུར་བོད་ཀྱི་སོན་རྩར་གྱུར་བའི་ད་ལྟའི་ན་གཞོན་སློབ་ཕྲུག་དག་ལ་བདག་སྐྱོང་དང་ཤེས་རིག་གི་འོ་ཞོ་ཚད་ལྡན་ཞིག་ལྡུད་ཐུབ་ཀྱི་ཡོད་དམ།

ད་ལྟ་ངའི་ལག་ཏུ་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་ཉིན་སློབ་ཀྱི་བོད་ཡིག་གི་དྲི་ཤོག་ཅིག་ཡོད་ལ། དྲི་ཤོག་དེ་ནི་ཟླ་སྔོན་མའི་ཟླ་མཇུག་ཏུ་ལོ་ཕྱེད་ཡིག་རྒྱུགས་གཏོང་སྐབས་ཀྱི་འཛིན་རིམ་བཅུ་བའི་དྲི་ཤོག་ཅིག་ཡིན།

དྲི་ཤོག་འདིའི་མགོ་རུ་ Central School For Tibetan Bylakuppe Half Yearly Class X Subject Tibetan.ཞེས་བྲིས་ཐོག དེའི་ཟུར་དུ་ M.M. 100 ཞེས་དབྱིན་ཡིག་སྟེང་ཨང་ཐོབ་བྲིས་ཡོད། བོད་ཡིག་གི་དྲི་ཤོག་ཅིག་ཡིན་སྟབས་གོང་གི་མགོ་བརྗོད་དང་ཨང་ཐོབ་ཀྱི་དབྱིན་ཡིག་དེ་གཉིས་ཀྱང་མིག་ལ་བདེ་བོ་མི་འདུག

དྲི་བ་སྡེ་ཚན་ཀ་བའི་མགོར། Grammar སུམ་ཅུ་པ་ལས་རང་མོས་དྲི་བ་བརྒྱད་ལ་ལན་དྲིས་ ༼ བྲིས། ༽ ཞེས་དགོས་མེད་ཀྱི་དབྱིན་ཚིག་ཅིག་གིས་མགོ་བརྩམས་ཏེ། ནང་གསེས་སྡེ་ཚན་དང་པོར། རྣམ་དབྱེ་བར་ ༼ སྐབས་འདིར་བར་ཞེས་པ་དགོས་མེད་ཡིན། ༽ བརྒྱད་ངོས་འཛིན་ ༼ བཟུང་ ༽ ནས་དཔེར་བརྫོད་ ༼ བརྗོད་ ༽ རེ་བྲིས་ ༼ བྲིས། ༽ ཞེས་པ་དང་དྲི་བ་གཉིས་པར། དགག་སྒྲའི་ཚིག་ཕྲད་མ་མི་མིན་མེད་བཞི་བ་དཔེར་བརྫོད་ ༼ བརྗོད་ ༽ བྲིས་ ༼ བྲིས། ༽ དྲི་བ་ལྔ་བར། ལ་དོན་གྱི་ཕྲད་རྣམས་འཇུག་ལྔ་ ༼ འཇུག་ཡུལ་ལྔ་ ༽ གང་དང་གང་རེད་ ༼ རེད། ༽ དྲི་བ་དྲུག་པར་། སྔོན་འཇུག་ ༼ གའི་མཇུག་གི་ཚེག་མི་དགོས། ༽ ཡང་འཇུག་སོ་སོའོ་ ༼ སོའི་ ༽ ཞེས་པ་དང་དྲི་བ་བཅུ་བར། འབྱེད་སྡུད་ཀྱི་ཚིག་ཕྲད་ངོས་འཛིན་ ༼ བཟུང་ ༽ ཏེ་དཔེར་བརྗོད་རེ་བྲིས་ ༼ བྲིས། ༽ སོགས་སྡེ་ཚན་ཀ་བའི་ནང་དུ་དྲི་བ་བཅུ་ཡོད་པ་ལས་སུམ་ཅུ་བའི་འགྲོ་སྟངས་ལྟར་ཤད་འཇོག་དགོས་སར་ཤད་མེད་པ་དང་། ཚེག་མི་དགོས་སར་ཚེག་བཞག་པ་སོགས་ཡིག་ནོར་ ༢༠ ཡོད་པ་དང་། བོད་ཡིག་གི་དྲི་ཤོག་ཅིག་ཏུ་ Grammar ལྟ་བུ་དབྱིན་ཡིག་གིས་བྲིས་པ་དེས། བོད་ཡིག་གི་དྲི་ཤོག་དང་སློབ་ཕྲུག་ཚོ། དེ་བཞིན་བོད་ཡིག་དགེ་རྒན་ཞིག་གི་ངོས་ནས་རང་ཉིད་ཀྱི་ལས་གནས་བཅས་ལ་མཐོང་ཆུང་བྱས་པ་ཞིག་ཀྱང་རེད།
སྡེ་ཚན་ཁ་བའི་མགོར། Prose བཤེས་སྤྲེང་ ༼ སྤྲིངས་ ༽ ལས་རང་མོས་དྲི་བ་དྲུག་ ༼ ལ་ ༽ ལན་བྲིས་ ༼ བྲིས། ༽ ཞེས་པ་ནས་དྲི་བ་རེ་རེའི་མཇུག་ཏུ་ཤད་ཀྱི་ཚབ་ཏུ་ཚེག་རེ་བཞག་པ་གོང་མཚུངས་ལྟར་ཡིན་ལ། དྲི་བ་གསུམ་པར། འཇམ་དཔལ་གཞོན་ནུར་ ༼ གྱུར་ ༽ པ་ལ་ཕྱག་འཚལ་ལོ་ཞེས་པའི་དོན་བྲིས་ ༼ བྲིས། ༽ ཞེས་པ་དང་དྲི་བ་བཞི་བར། འགྲོ་བ་རིག་ ༼ རིགས་ ༽ དྲུག་གངདང་ ༼ ཚེག་ཆད་ ༽ གང་ཡིན་ནམ་ ༼ ནམ། ༽ དྲི་བ་དྲུག་པར། རྒྱན་དྲུག་མཚོག་ ༼ མཆོག་ ༽ དང་བཤེས་སྤྲེང་ ༼ སྤྲིངས་ ༽ ཅེས་ ༼ ཞེས་ ༽ སོགས་ཁྱོན་ཡིག་ནོར་ ༡༦ ཡོད།

སྡེ་ཚན་ག་བའི་མགོར། Letter Writing གང་རུང་གཅིག་ལ་ལན་བྲིས་ ༼ བྲིས། ༽ དང་དྲི་བ་གཉིས་པར། མངགས་ཉོས་ ༼ མངགས་ཉོ། ༽ ལས་ཀའི་ཚེད་ ༼ ཆེད་ ༽ སོགས་ཡིག་ནོར་ ༦ ཡོད།

སྡེ་ཚན་ང་བའི་མགོར། Rapid Reading མརྫད་ ༼ མཛད་ ༽ རྣམས་ ༼ རྣམ་ ༽ ལས་རང་མོས་དྲི་བ་ལྔ་བ་ ༼ ལ་ ༽ ༼ ལན་ ༽ བྲིས་ ༼ བྲིས། ༽ ཞེས་གོ་རྒྱུ་ཅི་ཡང་མེད་པའི་དྲི་བ་ཞིག་སྔོན་ཏུ་བཏངས་ཏེ། ནང་གསེས་དྲི་བ་དང་པོར། ཚོས་ ༼ ཆོས་ ༽ དང་དྲི་བ་གཉིས་པར། ཕོ་བྲང་པོ་ལ་ ༼ པོ་ཏ་ལ་ ༽ དྲི་བ་གསུམ་པར་རིག་གནས་ཚེ་བ་ ༼ ཆེ་བ་ ༽ དང་ཆུང་རྣམས་ ༼ ཆུང་བ་རྣམས་ ༽ ཞེས་དང་དྲི་བ་བཞི་བར། སྐྱེ་བ་སྔ་ཕྱི་ ༼ ལ་ ༽ ཡིད་ཆེས་ཡོད་ན་ཕན་ཐོགས་གང་ཡོད་དམ་ ༼ དམ། ༽ དྲི་བ་ལྔ་བར། ནོར་བུ་གླིང་ཁ་ ༼ གླིང་ཀ ༽ དྲི་བ་དྲུག་པར། བོད་ནང་སློབ་སྦྱོང་བྱེད་སྟང་ ༼ སྟངས་ ༽ སོགས་ཡིག་ནོར་ ༡༩ ཡོད་ལ། གོང་གི་སྡེ་ཚན་འདིའི་ནང་རེ་ཟུང་གཏགས་ནོར་ཤོར་བ་ལས་ཡིག་ནོར་མ་རེད་བསམ་བསམ་འདུག་ཀྱང་། དེ་ཡང་གཟབ་ནན་མ་བྱས་པའི་སྐྱོན་ཡིན། དེ་བཞིན་སྡེ་ཚན་ཀ་བའི་ནང་གི་བརྫོད་ཅེས་པ་དང་། སྐབས་འདིར་མརྫོད་ཅེས་པ་ལྟ་བུ་ནི་སློབ་དཔོན་ཐོན་མའི་སྐབས་ནས་དུས་ད་ལྟ་ལ་ཐུག་གི་བར་གྱི་བོད་ཀྱི་བརྡ་དག་ཁྲོད་བཙལ་ཡང་མི་རྙེད་པའི་རིགས་ཡིན་སྟབས། འདི་ཡིག་ནོར་ཡང་མིན་པར་གསར་དུ་བསྣན་པའི་གྲས་ཡིན་དགོས་ལ། དེ་ལྟར་ཚིག་གསར་སྣོན་གྱི་དགོས་དམིགས་ནི་དགེ་རྒན་ཁོང་རང་གིས་ཤེས་ན་མ་གཏོགས་སུ་གཅིག་གིས་ཀྱང་འགྲེལ་དཀའ་བའི་ཚོད་དུ་འདུག་གོ

སྡེ་ཚན་ང་ ༼ དངོས་གནས་བྱས་ན་སྡེ་ཚན་ཅ་བར་སླེབས་འདུག་ཀྱང་བསྐྱར་དུ་ང་བྲིས་འདུག་པས། འདིས་སློབ་ཕྲུག་ཚོའི་དྲི་ཤོག་ལ་རིན་ཐང་ཅི་ཡང་འཇོག་གི་མེད་པ་མ་ཟད། ཁོང་ཚོའི་མདུན་ལམ་དང་ཡིག་རྒྱུགས་ཀྱི་གལ་ཆེའི་རང་བཞིན་ཀྱང་རྟོགས་མི་འདུག ༽ ༼ ཅ་ ༽ བའི་མགོར། Poetry ས་སྐྱ་ལེགས་ ༼ བཤད་ ༽ ལས་ཞེས་བཀོད་དེ། ནང་གསེས་དྲི་བ་གཉིས་པར། ཡ་རབས་རྟགས་ ༼ བརྟག་ ༽ རབ་བྱིད་ ༼ བྱེད་ ༽ དང་དྲི་བ་གསུམ་པར། རས་ ༼ རང་ ༽ བཞིན་བཟང་བོ་ག་ལ་དོར་ ༼ འདོར། ༽ ས་ལ་ ༼ ལེ་ ༽ སྦྲམ། ཚིག་འགྲིལ་ ༼ འགྲེལ་ ༽ སོགས་ཡིག་ནོར་ ༡༤ ཡོད།

སྡེ་ཚན་ཇ་ ༼ ཆ ༽ Easy Writing གང་རུང་ཞིག་ལ་ཙོམ་ ༼ རྩོམ་ ༽ གཅིག་བྲིས་ ༼ བྲིས། ༽ ཞེས་པ་ནས་ནང་གསེས་དྲི་བ་དང་པོར། དུས་ཚེན་ ༼ ཆེན་ ༽ དང་དྲི་བ་གཉིས་པར། འགྲིམ་འགྲུལ་སྐབས་ཞིག་ ༼ ཤིག་ ༽ མཐོང་ཐོས་ ༼ ཐོས། ༽ ཞེས་པར། དངོས་གནས་བྱས་ན་འགྲིམ་འགྲུལ་སྐབས་ཤིག་གི་མཐོང་ཐོས་ཞེས་འབྲི་དགོས་སར་འབྲེལ་སྒྲ་ཆད་པ་སོགས་ཡིག་ནོར་ ༨ ཡོད།

དེའི་གཤམ་དུ་ Translate this unseen passage into Tibetan. ཞེས་དབྱིན་རྩོམ་ཐུང་ངུ་ཞིག་ཚུར་བོད་ཡིག་ཏུ་བསྒྱུར་རྒྱུར་བཞག་ཡོད།

གང་ལྟར་ཡང་། གོང་གི་དྲི་ཤོག་དེར་ཤོག་ངོས་གསུམ་མ་གཏོགས་མེད་མོད། དྲི་བ་དེ་དག་ཏུ་ཁྱོན་སྡོམ་ཡིག་ནོར་ ༨༣ ཡོད་ལ། དེའི་ནང་དུ་བརྗོད་མི་བདེའི་རིགས་ནི་དཔེར་ན། བོད་ནང་སློབ་སྦྱོང་བྱེད་སྟང་ ༼ སྟངས་ ༽ མི་འདྲ་བ་གསུམ་ཡོད་གསུངས་གང་ཡིན་ནམ་ ༼ ནམ། ༽ ཞེས་པ་དང་། རྣམ་དབྱེ་བར་བརྒྱད་ངོས་འཛིན་ ༼ བཟུང་ ༽ ནས་དཔེར་བརྫོད་ ༼ བརྗོད་ ༽ རེ་བྲིས་ ༼ བྲིས། ༽ ལྟ་བུ་དང་། གོ་དཀའ་བའི་རིགས་ནི། མརྫད་ ༼ མཛད་ ༽ རྣམས་ ༼ རྣམ་ ༽ ལས་རང་མོས་དྲི་བ་ལྔ་བ་བྲིས་ ༼ བྲིས། ༽ དང་འགྲིམ་འགྲུལ་སྐབས་ཞིག་ ༼ ཤིག་ ༽ མཐོང་ཐོས་ ༼ ཐོས། ༽ཞེས་པ་ལྟ་བུ། གཅོད་མཚམས་དགོས་སར་བཅད་མེད་པའི་རིགས་ནི། ཅི་ཞིག་ལ་ཕྲད་རང་དབང་ཅན་ཟེར་རང་དབང་ག་ཚོད་ཡོད་ ༼ ཡོད། ༽ ཅེས་དང་། སུམ་ཅུ་བའི་བསྟན་བཅོས་འདི་སུས་མཛད་དུས་རབས་ནམ་བྱུང་ ༼ བྱུང་། ༽ ཕོ་བྲང་པོ་ལ་ ༼ པོ་ཏ་ལ་ ༽ སུས་བཞེངས་སམ་རྒྱ་བསྐྱེད་སུས་མཛད་དམ་ ༼ དམ་ ༽ ཞེས་པ་ལྟ་བུ་ཞིབ་ཏུ་བསམ་ན་ཡིད་སྐྱོ་ཞིང་སེམས་ངལ་བའི་རྒྱུ་དང་། ཐུན་མོང་བོད་ཀྱི་སྐད་ཡིག་གི་མིག་བྲུས་ཤིང་རྣ་བ་བཀོག ཡན་ལག་གཏུབས། མགོ་བོ་བཅད་པ་སོགས་བྱས་ཡོད་དེ། འདི་ལྟ་བུའི་བོད་སྐད་ཡིག་གི་སུམ་རྟགས་དག་གསུམ་ལ་རྨང་གཞི་ཏིལ་འབྲུ་ཙམ་ཡང་མེད་པའི་བོད་དགེའི་རིགས་ནི་འབྱུང་འགྱུར་བོད་ཀྱི་མི་རིགས་འདི་འཆི་ལམ་དུ་འདེད་མཁན་དང་། བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་རྣམས་ལ་བོད་དྲི་མི་བྲོ་ཞིང་། བོད་སྐད་ཡིག་གི་སྲོག་ཤིང་མི་ལྡན་པའི་མི་རབས་གསར་པ་ཁྱུ་ཞིག་ཏུ་སྒྱུར་མཁན་ཤ་སྟག་རེད།  གལ་སྲིད་བོད་མི་རིགས་ཀྱི་མི་རབས་གསར་བ་རྣམས་ལ་ཐུགས་རེ་ཆེན་པོ་གནང་བཞིན་པའི་ང་ཚོའི་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟ་བུའི་༸གོང་ས་མཆོག་གིས་འདི་གསན་པ་ཡིན་ན། ཁོང་ལ་བཟོད་དུ་མེད་པའི་ཐུགས་ཕམ་ག་ཚོད་ཅིག་ཡོང་གི་མ་རེད་དམ། ཁོང་གི་ཞོ་ལྟར་ཆགས་པའི་རླབས་ཆེན་དཀྱེལ་ཡངས་ཀྱི་ཐུགས་དགོངས་ཟབ་མོ་དེ་ཡང་། འདི་དང་འདི་ལྟ་བུའི་སྐྱི་ཡ་བའི་དོན་དག་གིས་ཡང་ནས་ཡང་དུ་དཀྲུགས་ཀྱིན་ཡོད་ལ། ༸ཁོང་གིས་ཉིན་མཚན་གཉིས་ཀར་ཆོས་སྲིད་ཀྱི་མཛད་པ་འཕྲིན་ལས་མཐའ་ཡས་པ་སྐྱོང་དགོས་ཐོག འདི་ལྟ་བུས་ད་གཟོད་ཁོང་གིས་ཐུགས་ལྷོད་དུ་བབ་ནས་སྐུ་ངལ་ཅུང་གསོ་བའི་སྐལ་བ་དེ་ཡང་འཕྲོག་གིན་ཡོད།

ད་དུང་དེའི་ག་ལ་ཚད། ད་ལྟ་ངས་ལག་ཏུ་དྲི་ཤོག་གཅིག་མ་གཏོགས་རེག་མེད། འདི་ལྟ་བུའི་དྲི་ཤོག་དང་དེ་འབྲི་མཁན་གྱི་བོད་དགེ་གཅིག་མ་གཏོགས་མེད་པ་ག་ལ་ཡིན། བཙན་བྱོལ་བའི་སྤྱི་ཚོགས་ཁྲོད་ན་སྔོན་ནས་ཤེས་ཡོན་མི་གཙོ་བར་ལག་འཁྱེར་གཙོ་བ་དང་། སྤུས་ཀ་མི་གཙོ་བར་ཁ་ངོ་གཙོ་བའི་རིགས་མང་དུ་མཐོང་རྒྱུ་ཡོད་པས་ཀྱང་བོད་ཡིག་གི་སྲོག་ཤིང་ཉམས་ཤིང་རྒུད་པའི་རྒྱུ་སྔ་མོ་ནས་བསྐྲུན་ཟིན་ཡོད་པ་དང་གཅིག དེ་བཞིན་སློབ་ཚན་ལ་གཞི་བཞག་ནས་དྲི་བ་མི་བཟོ་བར་སློབ་ཕྲུག་ལ་གཞི་བཟུང་ནས་དྲི་བ་བཟོ་བ་དེས་ཀྱང་སློབ་ཕྲུག་ཚོ་ཡར་སྐྱོར་གྱིན་མེད་པར་མར་འཐེན་གྱིན་ཡོད།

སྐབས་འདིར་ངས་འདི་ལོའི་བོད་ཀྱི་རྩོམ་པ་བོའི་མཐུན་ཚོགས་ཀྱི་ཚོགས་ཆེན་སྟེང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་ཅིག་གིས་གསུངས་པའི་བཀའ་མོལ་ཐུང་ངུ་ཞིག་དྲན་ཡོང་། ཁོང་གིས་འདི་ལྟར་གསུངས། ད་ལྟ་ཉིན་སློབ་ཁག་གི་སློབ་ཕྲུག་ཚོའི་བོད་ཡིག་གི་ཤེས་ཡོན་གནས་ཚད་སྐྱོ་བ་དེ་དོན་དངོས་རེད་མོད། ཁོང་ཚོར་ཁག་ཡོད་པ་མ་རེད། ཁོང་ཚོར་ཉིར་རེར་བོད་ཡིག་གི་འཛིན་གྲྭ་གཅིག་རེ་མ་གཏོགས་རེག་གི་མེད་ཅེས་གསུངས། འོན་ཀྱང་གོང་གི་དྲི་ཤོག་དེས་སློབ་ཚན་གཅིག་གི་སྐྱོན་མི་པར་དགེ་རྒན་གྱི་སྐྱོན་ནོ་ཞེས་འགྲེལ་གྱིན་མི་འདུག་གམ། འཛིན་རིམ་བཅུ་བར་སླེབས་ཀྱང་རང་གི་མིང་འབྲི་མི་ཤེས་པའི་སློབ་མ་མང་བོ་ཡོད་པའང་ ༼ བོད་ཀྱི་དུས་བབ་སྤྱིའི་འཐོན་ཐེངས་ ༤༥༠ སྟེང་གི་ཡིག་རྒྱུགས་ཐུན་གཅིག་གི་སྔ་གཞུག་ཅེས་པའི་གསར་འགྱུར་ནང་གསལ། ༽ ང་ཚོར་ལྐོག་ཏུ་མ་གྱུར་བ་དེའོ།

མཇུག་མཐར་ངའི་སེམས་ངོགས་སུ་དྲི་རྟགས་ཤིག་རང་བཞིན་གྱིས་ཡོང་བ་ནི། འདི་ལྟ་བུའི་ཡིག་ནོར་མང་བའི་དྲི་ཤོག་ཅིག་མིག་མདུན་དུ་སླེབས་པའི་སློབ་ཕྲུག་ཚོའི་ཁྲོད་ན་ཡིག་ནོར་ལ་མཛུབ་མོ་བཙུགས་ཏེ། དགེ་རྒན་ལ་འདི་དང་གན་ནོར་འདུག་ཟེར་མཁན་ག་ཚོད་བྱུང་ཡོད་དམ་ཟེར་བ་དེ་རེད།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༩ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༢༠ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

མཆན། 4

  1. གངས་རིའི་གླིང་བུ། says:
    ལོ་ 17 སྔོན།

    དྲ་གྲོགས་འགྱུར་མེད་ལགས།   ཉེས་སྐྱོན་གསལ་བརྗོད་དང་ནོར་འཁྲུལ་དག་ཐེར་བྱེད་རྒྱུ་དེ་ངོ་མས་མི་རྟུལ་ཞུགས་ཅན་དང་ལྷག་བསམ་ལྡན་པའི་མི་ཚད་ལྡན་ཞིག་གི་མ་གཏོགས་ལས་དོན་འདི་རིགས་ལ་ལག་པ་འཆང་མཁན་ཧ་ཅང་དཀོན་པོ་རེད།   དེ་བས་ད་རེས་ཁྱེད་ལ་ང་སྐད་ཡིག་ཚོགས་པའི་མི་ཞིག་ཡིན་པའི་ཆ་ནས་ངས་ཁྱེད་ལ་སེམས་སྟེང་ནས་ཡི་རངས་དང་བསྔགས་བརྗོད་བྱེད།   དྲང་བདེན་གྱིས་བཤད་ན་སྤྱི་ཚོགས་དང་མི་དམངས་གང་ཡིན་ཡང་ནོར་འཁྲུལ་དང་ཉེས་སྐྱོན་ཐེར་འདོན་དང་བཟང་ཆ་དང་ལེགས་ཆོས་འཐུས་སྒོ་ཇེ་ཚང་དང་ཇེ་རྒྱས་སུ་བཏང་ན་མདུན་སྤོས་ཀྱི་གོམ་ཁ་འགྱོགས་ལ་ཡར་རྒྱས་ཀྱི་རྣམ་པ་དང་གྲུབ་འབྲས་ཧ་ཅང་བཟང།  དེ་བས་ང་ཚོ་ཚང་མས་འདི་ཕྱོགས་སུ་ཤུགས་སྣོན་དང་བློ་གཏད་གོམས་འདྲིས་དང་དྲན་གསོ་མུ་འཐུད་དུ་བཏང་སྟེ་ལག་ལེན་དངོས་ལ་ཞུགས་རྒྱུ་གལ་འགངས་ཆེན་པོ་རེད།

    Reply
  2. བསེ་རུ། says:
    ལོ་ 17 སྔོན།

    ངོ་མ་དྲི་ཤོག་ཐོག་ནོར་ན་སློབ་མས་ནོར་བར་ནོར་རྟགས་ཇི་ལྟར་རྒྱག་དགོས་སམ།
    ཐོག་མར་སློབ་མས་དགེ་རྒན་གྱི་དྲི་ཤོག་ལ་ནོར་རྟགས་རྒྱག་དགོས་པའི་དུས་ལ་བབས་པ་མ་རེད་དམ།

    བོད་ཡིག་དགེ་རྒན་ཚད་ལྡན་ཞིག་རེག་ཐབས་ཀྱི་ཐབས་ལམ་འཚོལ་དགོས་པའི་དུས་ལ་བབས་ཡོད་ལ། བོད་དགེ་རྙིང་པ་ཚོ་ས་ཆ་གང་ཞིག་ཏུ་སྐྱེལ་དགོས་པ་དེ་ཡང་མནོ་བསམ་གཏོང་དགོས་པ་ཞིག་ཆགས་འདུག

    Reply
  3. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 17 སྔོན།

    ངོ་མ་སྐྱོ་བོ་རེད། ཧ་ཅང་ཐབས་སྐྱོ་བོ་རེད། འཛིན་རིམ་བཅུ་པའི་དྲི་ཤོག་ཅིག་གི་ངོས་སུ་ཡིག་ནོར་གྱ་གསུམ་ཡོད་པ་དེས་བཙན་བྱོལ་ནང་གི་བོད་དགེ་བརྦྱ་ཆ་གྱ་གསུམ་གྱི་ཤེས་ཡོན་ཆུ་ཚད་དེ་གསལ་པོར་མཚོན་ཡོད། ངོ་མ་ཁག་མི་འདུག བཙན་བྱོལ་ནང་གི་སློབ་མ་ཚོར་བོད་ཡིག་གནས་ཚད་སྐྱོ་བོ་ཡིན་པར་ཁག་ལ་ནས་མི་འདུག
    རང་ཉིད་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་གྱི་གནས་ཚད་ལ་ལྟོས་ད། ཁོང་ཚོར་ཁག་ཅི་ཡོད། བཙན་བྱོལ་བོད་གཞུང་ངོས་ནས་དེ་སྔོན་བོད་དགེ་འདེམས་ཐོན་གྱི་ཐད་ལ་ལྷོད་གཡེངས་ཤོར་འདུག་ལ། དེ་ནི་བོད་དགེའི་ཤེས་ཡོན་མཐོར་འདེགས་གཏོང་དགོས་པའི་དུས་ཀྱི་ཉག་རྩ་ལ་ཐུབ་འདུག་གོ །

    Reply
  4. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 17 སྔོན།

    ཨ་ཨ འདི་ལྟར་རིག་གཞུང་དང་སོན་རྩ་གཉིས་ཀའི་རྩ་བ་རུལ་གྱིན་ཡོད་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese