མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྙིང་གཏམ་པདྨ་འདབ་བརྒྱད་མ། རྩོམ་སྒྲིག་པས།

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp

བཀུར་འོས་བོད་མི་མང་སྤྱི་འཐུས་རྣམ་པ་ལགས། འདི་ན་སྙིང་གཏམ་པདྨ་འདབ་བརྒྱད་མ་ཞིག་ཁྱེད་ཅག་གི་མདུན་དུ་ཞུས་ཡོད་ན་དེ་དོན་ཐུགས་ཞིབ་ཡོང་བའི་རེ་བ་ཡོད།

འདབ་མ་དང་པོ་ནི། སྐབས་རེར་དོན་དག་ཅི་གང་མ་བསམ་པའི་སྔོན་དང་། ཁོང་ཁྲོའི་མེ་ལྕེ་དེས་རང་སེམས་མ་བསྲེག་པའི་སྔོན་ལ་ང་རང་ཚོའི་སྙིང་དང་མིག་ལྟ་བུའི་༧གོང་ས་མཆོག་ཡིད་ལ་སྒོམ་རོགས། ཁོང་གི་མཛད་པ་འཕྲིན་ལས་དང་སྐུ་ངལ། སྐུ་ནའི་བབ་བཅས་སེམས་ལ་དྲན་པ་ཙམ་གྱིས་ཁྱེད་ཅག་གི་ཆིག་སྒྲིལ་གྱི་གོང་བུ་དེ་ཇེ་བརྟན་དུ་འགྲོ་གི་རེད། འདབ་མ་གཉིས་པ་ནི། ན་ནིང་དོ་ཚིགས་ཀྱི་བོད་མིའི་ཚེ་སྲོག་གི་འགྲོ་གྲོན་འདི་དག་དང་། བཙོན་འོག་གི་གནས་སྟངས། གཞིས་ལུས་མི་དམངས་ཀྱི་ཆིག་སྒྲིལ་གྱི་སྙིང་སྟོབས་དེ་དག་སེམས་ལ་དྲན་པར་བྱོས་དང་། ཁྱེད་ཅག་རང་རང་གི་སེམས་ན་ཡོད་པའི་རྣམ་རྟོག་གི་འཐེན་འཁྱེར་རྣམས་དངོས་ཡོད་ལ་འཚམ་པ་ཞིག་མིན་པ་ངོ་འཕྲོད་དེ་རང་སར་ཞི་འགྲོ་གི་རེད། འདབ་མ་གསུམ་པ། འཛམ་གླིང་མི་དམངས་ཀྱིས་བོད་མི་རིགས་ཞེས་གལ་ཆེན་དོན་ཆེན་དུ་བཟུང་བ་དང་། དགའ་དགའ་ཉེ་ཉེ་བྱེད་ཀྱིན་པ་འདི་དག་སེམས་ལ་དྲན་རོགས། འདི་དག་དྲན་པ་ཙམ་གྱིས་ཁྱེད་རང་ཚོའི་ལག་ན་མེད་ཀྱང་སེམས་ལ་བཟུང་ཡོད་པའི་གྲི་དང་མདུང་འདི་དག་རང་སར་ས་ལ་འཇོག་དགོས་པ་ཞིག་ཡོང་གི་རེད། འདབ་མ་བཞི་པ། མི་ལོ་ལྔ་བཅུའི་རིང་འདིར་ཤར་ནུབ་ཀྱི་ཡུལ་ལུང་གང་སར་འཐོར་བའི་མི་དམངས་འདི་དག་དྲན་རོགས། ཁྱེད་ཅག་ནི་མི་དམངས་ཉམ་ཐག་འདི་དག་གི་རེ་བ་དང་ཡིད་ཆེས་ཡིན་ལ། འདི་དག་གི་ངོ་ཚབ་རེད། ཁོང་ཚོ་དྲན་པ་ཡིན་ན་མི་ཞིག་གི་མ་མཐའི་བཟང་སྤྱོད་ཅེས་པ་འདི་ཡང་རང་བཞིན་གྱིས་ཁྱེད་ཅག་གི་རྒྱུད་ལ་འཇགས་གི་རེད། འདབ་མ་ལྔ་བ། ལོ་ལྟར་བོད་ནས་བྱིས་པ་བརྒྱ་སྐོར་རེ་བཙན་བྱོལ་དུ་འབྱོར་ཞིང་། འདི་ཕྱོགས་ནས་སྐྱེས་པའི་བྱིས་པ་སྟོང་ཕྲག་མང་པོ་ཞིག་བཙན་བྱོལ་གྱི་སློབ་གྲྭ་ཁག་དང་སྤྱི་ཚོགས་ཀྱི་ཟ་ཟུར་ན་ཡོད་ལ། ཁྱེད་ཅག་གི་གནང་སྟངས་འདི་དག་གིས་གཞོན་སྐྱེས་འདི་དག་གི་སེམས་ལའང་འཐེན་འཁྱེར་གྱི་དུག་རྩྭ་མི་འདེབས་པའི་ངེས་པ་མེད་ལ། སྔོན་ཆད་ཀྱང་དེ་འདྲ་འབྱུང་མྱོང་ཡོད་སྟབས། འདི་དག་དྲན་ན་ཁྱེད་ཅག་གིས་ཀྱང་རང་རང་བོད་མི་མང་སྤྱི་འཐུས་ཤིག་ཡིན་པའི་འགན་ཁུར་ལ་བསམ་བློ་རེ་འཁོར་ཡོང་གི་རེད། འདབ་མ་དྲུག་པ། ང་ཚོ་བཙན་བྱོལ་ནས་མི་ལོ་ ༥༠ འཁོར་བ་རེད། ལོ་ངོ་འདི་དག་གི་དཀའ་སྡུག་ཁྲོད་ནས་མི་གྲངས་ཁྲི་ཕྲག་འགའ་ཞིག་ས་མཐའ་ནས་ཚེ་མཐའ་ཕུད་ཡོད་ལ། ད་དུང་ཡང་ཚེ་མཇུག་གི་རེ་བ་བཟུང་སྟེ་རྩིབ་མ་ས་ལ་འཇོག་བཞིན་པ་གང་མང་ཞིག་ཡོད། ཁྱེད་ཚོ་སྲིད་སྟེགས་འདིར་བསྐོ་མཁན་ཡང་གཙོ་བོ་མི་རབས་རྒན་པ་འདི་དག་ཡིན་སྟབས། འདི་དག་དྲན་ནའང་ཁྱེད་ཚོས་རང་ཉིད་སྤྱི་མི་ཞིག་གི་ངོ་བོར་ཡོང་ཡོད་སྟབས། ཤི་གསོན་འདི་དག་དྲན་ན་ཁྱེད་ཅག་གི་སེམས་ན་ཡོད་པའི་སྒེར་གྱི་ན་ཚ་དང་ཕྱོགས་རིས་ཀྱི་ཁུ་ཚུར་དེ་དག་གློད་ཐུབ་པའི་དགོས་པ་རྒྱུ་མཚན་ཇེ་གསལ་ལ་ཡོང་གི་རེད། འདབ་མ་བདུན་པ། ལོ་ ༥༠ རིང་ཕ་ཡུལ་དེ་ཕུ་དཀྲུག་མདའ་དཀྲུག་བྱེད་མཁན་དང་། ཕ་མ་དང་ཕུ་ནུ་མང་པོ་དམར་གསོད་བྱེད་མཁན་ནི་རྒྱ་ནག་དམར་ཤོག་གཞུང་རེད། ཁ་སང་དེ་རིང་ཡང་ང་ཚོར་ཕྱོགས་སྣ་གོར་མོ་ནས་ཁ་གཏད་གཅོག་མཁན་ཡང་རྒྱ་གཞུང་ཡིན་སྟབས། ཁ་གཏད་འདི་དག་ཀྱང་དྲན་དགོས། འདི་དག་དྲན་ན་གཞི་ནས་ཆིག་སྒྲིལ་གྱི་གོ་བ་དང་དགོས་པ་དེ་ཤེས་གི་རེད་ལ། རྒྱ་གཞུང་གི་སྔུན་ནས་༧གོང་ས་མཆོག་གི་ཞལ་རིས་དྲོན་པོ་འདི་ཆུ་ལ་སྐྱུར་གི་མ་རེད། འདབ་མ་བརྒྱད་པ། དཀའ་ངལ་གང་ཡོད་ཀྱང་སེལ་ས་ཡག་ཤོས་དེ་གྲོས་ཚོགས་ཀྱི་ར་བ་ཡིན་པ་ལས། གྲོས་ཚོགས་ཀྱི་ཕྱི་མིན་སྟབས། རྗེས་ཕྱོགས་གནད་གང་ལ་ཐུག་རུང་གྲོས་ཚོགས་ཀྱི་ར་བ་ནས་བགྲོ་གླེང་གནང་རྒྱུའི་རེ་བ་ཡོད། ང་ཚོ་དམངས་གཙོའི་ལམ་ཆེན་སྟེང་དུ་གོམ་ཞེང་ཆེ་ཙམ་སྤོ་ཐུབ་མིན་ནི་ཁྱེད་ཅག་ལ་ཐུག་ཡོད་སྟབས། གོམ་པ་འཁྱོར་དུ་མ་འཇུག་ཞུ་རྒྱུ་ཡིན།

དེ་ལྟར། སྙིང་གཏམ་པདྨ་འདབ་བརྒྱད་མ་འདི་ནི་ཕྱག་ན་པད་དཀར་འཆིང་བ་གང་དེའི་སྐུའི་མཛད་པ་དག་དྲན་བཞིན་མཐོང་བཞིན་དང་། ཁྱེད་ཅག་གི་གནང་སྟངས་འདི་དག་མཐོང་རྗེས་ཆེད་དུ་ཕུལ་བ་ལགས་ན་ཐུགས་བསམ་རེ་བཞེས་གནང་ཡོང་བ་ཞུ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

ཆུ་ཚོད་ ༢༣ སྔོན་ལ།
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧
TTTT
Mobile App

གཞུང་ཆེན་རིས་མེད་བགྲོ་གླེང་སྟེང་ཤེར་ཕྱིན་གྱི་གཞུང་ལུགས་ཐོག་བགྲོ་གླེང་གནང་བཞིན་འདུག

༢༠༢༦/༠༤/༠༦
Photo: Tenzin Choephag
Mobile App

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

༢༠༢༦/༠༤/༠༦

མཆན། 24

  1. གཉོམ་ཆུང་། says:
    ལོ་ 17 སྔོན།

    ཨ་ཁུ་ལུང་རིགས་ལ་ཐུགས་རྗེ་ཞུ།

    Reply
  2. མི་ཉག་སྐལ་བཟང་། says:
    ལོ་ 17 སྔོན།

    སྙིང་གཏམ་པདྨ་འདབ་བརྒྱད་མའི་ངོ་བཤུས་ཤིག་བསྟན་འཛིན་མགོན་པོ་ལ་ཐོངས་ཤིག ངས་ཀྱང་བསྟན་འཛིན་མགོན་པོའི་ལོ་རྒྱུས་དང་ཁོང་གིས་འཁྲབ་མྱོང་བའི་སྤྲེལ་རྒན་སྨྱོན་པའི་འཁྲབ་གཞུང་རྫུན་རྣམས་དྲན་ཐེངས་རེ་རེས་ཀྱིས་ཡིད་ཆེས་ཐིགས་པ་ཙམ་ཡང་མེད། ལྐོག་ལྐོག་སུད་སུད་ཀྱིས་རང་དོན་ཁོ་ན་བསྒྲུབས་ཏེ་དགོས་མེད་ཀྱི་ཆོལ་ཁའི་ཞེན་ཁོག་སྐམ་པོ་དེ་ཁ་ལ་འཁྱེར་ནས་སྤྱི་འཐུས་ཚོའི་བར་ན་དཀྲུགས་དཀྲུགས་གཏོང་མཁན་ཅིག་ཁོང་རེད། ད་དུང་ཁོང་གི་ཚ་བོ་ཡིན་ཞེས་པ་ཞིག་ནོར་བུ་གླིང་ཁར་ཡོད་དུས་དེ་སྔོན་རྒྱ་གར་གཞུང་ནས་འཛིན་བཟུང་གིས་བོད་ལ་ཕྱིར་འབུད་བཏང་ཡོད་པ་དང། བསྟན་འཛིན་མགོན་པོ་ཁོང་ལ་ལམ་འགྲོ་བྱུང་མེད་པ་མ་གཏོགས་བོད་གཞུང་ལ་གྱོད་དང་ཁ་མཆུ་བཙུགས་མྱོང་པ་རེད། དཀོན་མཆོག་གི་མཁྱེན། མི་འདི་ཚོས་སོ་སོ་དཀར་པོ་དཀར་རྐྱང་དང་། མི་གཞན་དག་རྣམས་ནག་པོ་ནག་རྐྱང་བཟོ་འདོད་པ་ཁོ་ན་རེད།

    Reply
  3. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    དྲ་གྲོགས་ཨརྱ་དང་། ལྷོ་ཕྲུག་སྣ་བོ་ཆེ། ནད་པ། ཨ་རིག་གླེན་རྒན། བོད་ཤ་ཁྲག་རུས་གསུམ། ནམ་མཁའ་བསྟན་འཛིན་བཅས་ཕེབས་ནས་དགོངས་ཚུལ་གནང་བར་ཐུགས་རྗེ་ཆེ།

    ང་ཚོའི་སྤྱི་ཚོགས་ཀྱི་གྲུབ་ཆ་དང་གནས་སྟངས། བོད་མི་རིགས་ཀྱི་ཤེས་ཡོན་དང་ཤ་ཞེན་སོགས་སྣ་ཚོགས་ཤིག་ལ་བལྟས་ཡོང་དུས་སྐབས་རེར་གནས་ཚུལ་འདི་འདྲ་རེ་ཡོང་རྒྱུ་ནི་སྔོན་དཔག་མི་ཐུབ་པ་ཞིག་མ་རེད། དེ་ལྟའི་གནས་ཚུལ་བྱུང་སྐབས་ང་ཚོས་མེ་ལ་ཤིང་བསྣོན་པ་ལྟར་མིན་པར། ང་ཚོའི་ཐུན་མོང་གི་ལས་དབང་དང་ལས་དོན་གང་ཡིན་གྱི་ཕྱོགས་ལ་ལུས་ངག་ཡིད་གསུམ་འཁོར་ཐབས་བྱ་རྒྱུ་ཡང་གལ་ཆེ་བར་འདོད།

    ད་རེབ་ཀྱི་ངའི་རྩོམ་སྒྲིག་པའི་གཏམ་འདིའི་ནང་དུ་འཐུས་མི་ཚོར་དགག་རྒྱག་དང་ཕྱོགས་གཅིག་བཟང་རབས་དང་ཕྱོགས་གཞན་ཞིག་ངན་རབས་ཀྱི་ལྟ་ཚུལ་ཡང་བཏོན་མེད།

    ཡིན་ཡང་། རྩོམ་སྒྲིག་པ་ཞིག་གི་ངོས་ནས་བཤད་ན། རྩོམ་འདིའི་ཞན་ཆ་ནི་གནད་དོན་འདིའི་རྒྱུ་རྐྱེན་དང་རྒྱབ་ལྗོངས་གསལ་བོར་བཀོད་མེད་པ་དང་། དེ་དག་སེལ་ཐབས་ཀྱི་བསམ་ཚུལ་ཡང་བསྟན་མེད་པ་དེ་ཡིན་པས། ཚང་མར་དགོངས་དག་ཞུ་བར་འདོད།

    Reply
  4. ནམ་མཁའ་བསྟན་འཛིན། says:
    ལོ་ 17 སྔོན།

    བཀུར་འོས་རྩོམ་སྒྲིག་པ་ཚོའི་གཏམ་ལ་གནས་ལུགས་འདུག
    འོན་ཀྱང་ངས་འདིར་རྩོམ་ཡིག་འདི་ལ་འབྲེལ་བ་མེད་ཀྱང་བསམ་ཚུལ་ཞིག་དྲན་བྱུང་། བཙན་བྱོལ་སྤྱི་ཚོགས་ནང་དུ་རང་བཙན་གཙང་མའི་ལྟ་བ་འཁྱེར་མཁན་མང་བོ་ཞིག་གིས་ང་ཚོའི་སྤྱི་ཚོགས་ནང་དུ་སྲིད་དོན་ཚོགས་སྣ་མང་དགོས་རབ་དང་། གཞུང་གི་ལངས་ཕྱོགས་དང་སྲིད་ཀྱི་བྱ་བ་དེ་ནམ་ཡང་༧གོང་ས་མཆོག་གིས་ཅི་གསུང་བཀའ་ལྟར་བྱེད་རྒྱུ་མེད་པར་སྲིད་དོན་ཚོགས་པ་ཕན་ཚུན་བར་འགྲན་བསྡུར་བྱས་ཏེ་གཞུང་འཛིན་ཚོགས་པ་དང་ཕྱོགས་འགལ་ཚོགས་སྐྱོང་རེ་བྱེད་དགོས་ཟེར་མཁན་མང་བོ་འདུག འོན་ཀྱང་སྐད་ཆ་འདི་ལ་མ་འོང་ལུང་བསྟན་ལྟ་བུའི་ལན་ཞིག་ཉེ་ཆར་ཝང་ལིས་ཞོན་རྡ་སར་སླེབས་སྐབས་བཤད་པ་དྲན་གྱིན་འདུག་གམ། ཁོས་སྤྱིར་ལམ་ལུགས་འདི་རྒྱལ་ཁབ་ཡོད་པའི་དམངས་གཙོའི་ལུང་བ་དག་ལ་གལ་འགང་ཆེས་ཀྱང་། བཙན་བྱོལ་སྤྱི་ཚོགས་ལ་ལན་པོ་མི་འདུག རྒྱུ་མཚན་བཙན་བྱོལ་གཞུང་ལ་ད་ལྟའི་ཆར་ཁྲིམས་ཁང་དང་ཁྲིམས་འཛིན་ལས་ཁུང་མེད་སྟབས། བར་སྐབས་ཞིག་ལ་ཚོགས་པ་ཕན་ཚུན་བར་ལ་རྙོག་འཛིང་རྣོ་ངར་ཅན་ཕྲད་ན་གཞུང་འཐོར་ཤིག་ལ་འགྲོ་རྒྱུའི་ཉེ་ཁ་འདུག་ཅེས་བར་གནས་ལུགས་ཨེ་འདུག

    Reply
  5. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    ང་ཚོ་དྲ་གྲོགས་ཚོས་སྤྱི་མཐུས་སྒེར་པའི་གྲོས་འཆར་དང་རྒྱུན་ལས་ཀྱིས་ཐག་གཅོད་ཚོགས་གཙོ་གཞོན་གྱིས་སྟངས་འཛིན་བཅའ་ཁྲིམས་ཀྱི་དགོངས་དོན་སོགས་དག་དག་གཅིག་འགྲིག་ཡོད་མེད་སོགས་གླེང་གཞི་གཙོ་བོ་མ་རེད།
    དཀྲུགས་ཤིང་ཆེ་ཐག་ཆོད་གཅིག་རྒྱབ་ནས་ཕྱི་ལ་ཐོན་འགྲོ་བ་འདི་དོན་ངོ་མ་མ་ཤེས་པ་ཡིན་ནམ་བསམ་བཞིན་དུ་བྱས་པ་་ཡིན་འདིའི་སྤྱི་མཐུས་དེ་དག་ཡོངས་ཁུངས་མི་དམངས་ཀྱི་བསམ་འདུན་ངོ་མ་མཚོན་ཐུབ་མིན་དེ་གཙོ་བོ་བྱས་ནས་གླེང་དགོས་པར་འདོད།
    ངའི་བལྟས་ན་བོད་མི་དམངས་ཀྱི་བསོད་ནམས་སྟོབས་རྒྱལ་གྱི་ལམ་གྲོན་ཁོ་ནའི་ཆེད་དེ་འདྲིའི་མཁྲེགས་འཛིན་ཆེན་པོ་བྱེད་པར་མི་འདོད

    Reply
  6. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ངས་བོད་མི་རིགས་འདི་ཉིད་གཅིག་ལས་གཉིས་བསམ་པར་ཡོད་མཁན་གྱི་རྩམ་གཟན་བོད་པ་ཞིག་འབྱུང་འགྱུར་གྱི་བོད་མི་རིགས་ཀྱི་མི་ཚེའི་ནང་དུ་མི་འབྱུང་བར་རེ་བ་རྟག་དུ་རྒྱག་བཞིན་ཡོད་ལ། རང་ཉིད་ནི་དུས་རྟག་དུ་བོད་ཟེར་ན་གཅིག་ལས་གཉིས་མེད་པ་ཞིག་དུ་འདོད་མཁན་ཞིག་ཡིན་པས་ཆ་ནས་རྩོམ་སྒྲིག་པ་ཉིད་ཀྱིས་རྩོམ་ཡིག་འདི་ལ་རྒྱབ་སྐྱོར་སེམས་གཏིང་ནས་ཡོད་ལགས།

    Reply
  7. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    ཨུ་རྒྱན་ཟེར་བའི་སྤྱི་མཐུས་དེས་སྔ་ཕྱི་བར་གསུམ་གྱི་བྱེད་སྟངས་ལ་བོད་མི་དམངས་ནས་ཞིབ་འཇུག་བྱེད་དགོས་པ་ཞིག་རེད་ལ་ལྷག་པར་མདོ་སྟོད་མི་དམངས་ཀྱིས་ཁུར་ལེན་དགོས་པ་རེད།
    བསོད་ནམས་སྟོབས་རྒྱལ་སྙིང་རྗེ་ཁོའི་གླེན་རྟགས་ཆེ་བའི་ཞེན་ཁོག་ལ་འཇུག་འབྲས་ཡག་པོ་ཡོད་མི་སྲིད་ཀྱང་རྒྱ་དམར་གྱི་ལག་ཆ་མི་བྱེད་པ་ཡིད་ཆེས་ཡོད།
    མདོར་བསྡུས་ན་སྦྱང་བཤད་གྲོས་ཚོགས་རྭ་བ་ནས་བྱས་ཐག་གཅོད་ཀྱང་གྲོས་ཚོགས་ནང་ནས་བྱེད་དགོས་པ་མ་ཤེས་ནི་ཡིན་རྒྱུ་མ་རེད་ཏན་ཏན་འདི་ལ་དམིགས་ཡུལ་དང་རྒྱབ་ལྗོངས་གཞན་ཞིག་འདུག

    Reply
  8. ནད་པ says:
    ལོ་ 17 སྔོན།

    བོད་ཀྱི་དུས་བབ་རྩོམ་སྒྲིག་པས་སྙིང་གཏམ་འདབ་མ་བརྒྱད་ཅན་ཞིག་སྤེལ་ཡོད་པ་དེར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་ཞུ།

    དངོས་འབྲེལ་རེད་སྤྱི་འཐུས་ཚོས་ངེས་པར་དུའང་༸ གོང་ས་མཆོག་སྙིང་གི་དབུས་སུ་སྒོམ་དགོས་ལ་གང་ཉིད་ཀྱི་བོད་བསྟན་སྲིད་ཀྱི་ཆེད་དུ་སྐུ་ངལ་དང་མཛད་འཕྲིན་ཇི་ལྟར་སྐྱོང་བཞིན་ཡོད་པ་འདི་ལ་རྣོ་བསམ་ཞིབ་མོས་དཔྱད་དེ་རྒྱལ་བའི་བཀའ་བཞིན་སྒྲུབ་དགོས།

    Reply
  9. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    དེ་རིང་༸གོང་ས་མཆོག་བཞུགས་སྒར་ནས་ཕྱི་ཕྱོགས་སུ་ཆིབས་ཞལ་བསྒྱུར་ཅིང་། ང་ལམ་ཟུར་གྱི་ཕེབས་མཇལ་ཞུ་མིའི་གྲལ་དུ་ཡོད། ཆིབས་འཁོར་གྱི་སྒེ་ཁུང་ནས་དགྱེས་བརྩེའི་ཞལ་རས་དེ་མངོན་སྐབས་ངའི་ངོ་ཐོག་ཏུ་རྒྱུན་ལྡན་མིན་པའི་ཚ་ཁྱུག་ཁྱུག་ཅིག་བྱས་བྱུང་། གངས་སྐྱིད་ཀྱི་ཕེབས་ལམ་གཡས་གཡོན་དུ་ཡོད་པར་ངེས་པའི་མི་སྣ་ཁག་ཅིག་གི་ཞལ་དཀྱིལ་དུའང་འདི་ལྟའི་ཚོར་སྣང་ཞིག་སྐྱེ་དགོས་ངེས་ཡིན། སྤྱིའི་ཆ་ནས་ཐེངས་འདིའི་གྲོས་ཚོགས་ཀྱི་དཀའ་རྙོག་འདི་འཕྲལ་རྐྱེན་དང་ཕུགས་རྐྱེན་གྲངས་འདས་ཞིག་རིམ་གསོགས་གནོན་བཙིར་གྱིས་གས་འཐོར་དུ་སོང་བའི་རྣམ་པ་ཞིག་ལས་སྐབས་ཐོག་དེ་མ་ཐག་པའི་རྐྱེན་ཙམ་མངོན་པར་སད་པའི་སྣང་ཚུལ་ཞིག་མིན། དེ་བས་གནད་དོན་འདིའི་ཐད་གླེང་སློང་རེ་བྱེད་སྐབས་སྐབས་འཕྲལ་གྱི་རྐྱེན་ཙམ་ལ་ཟུར་བཅད་ཀྱིས་མི་བལྟ་བར་འབྲེལ་ཡོད་དུས་གསུམ་ཕྱོགས་བཅུའི་སྒྲོམ་གཞི་སྤྱི་ཡོངས་ལ་མིག་རྒྱང་རིང་པོས་བལྟ་དགོས་པ་གལ་ཆེན་དུ་མཐོང་གིན་ཡོད།
    ངས་རང་ཉིད་ཚུད་པའི་བོད་རིགས་སྤྱི་ཡོངས་ཀྱི་བསམ་བློའི་འཁྱེར་སོ་དང་ལས་དོན་བྱེད་ཕྱོགས་སོགས་ཕྱོགས་གང་ནས་བལྟས་ཀྱང་ནམ་ཞིག་འཐོར་ངེས་ཡིན་པའི་མངོན་པར་མི་གསལ་བའི་དཀའ་རྙོག་གི་འགས་རྫས་འདི་རིགས་སྔ་ས་ནས་འཐོར་ན་བསམ་གྱིན་ཡོད་པ་ལྟར་ད་ལན་འགས་རྫས་ཤིག་རྡ་སའི་རི་གྲོང་དུ་འབང་སྒྲ་ཞིག་དང་བཅས་འཐོར་གས་སུ་སོང་བར་བློ་བདེ་པོ་བྱུང་། འདིས་༸གོང་ས་མཆོག་སྐུ་འཚོ་བཞུགས་ཀྱི་གནས་སྐབས་དང་ང་ཚོའི་སྤྱི་ཚོགས་བདེ་དུས་ཐང་དུས་ཀྱི་དུས་བཟང་འདི་འདྲར་ལམ་ངན་བློས་མི་བཟོད་པ་ཞིག་ནས་རྟ་ཁ་ཕྱིར་འཐེན་བྱ་རྒྱུའི་གོ་སྐབས་ཤིག་སྤྲད་པ་རེད། ཐེངས་འདིའི་དཀའ་རྙོག་ཐད་སྤྱི་ཚོགས་སྤྱི་ཡོངས་ནས་དོ་སྣང་ཧ་ཅང་ཆེན་པོ་གནང་ཡོད་ཅིང་ཇ་ཁང་ཆང་ཁང་གང་དུའང་ཟ་ཞོར་འཐུང་ཞོར་དུ་གནད་དོན་འདིའི་ཐད་གླེང་སློང་བྱེད་བཞིན་ཡོད་སྐད་འདུག ཤེས་ལྡན་པའི་ཕྱོགས་ནས་བཤད་ན་དུས་བབ་ཟིན་བྲིས་ཀྱིས་མཚོན་པའི་བརྒྱུད་ལམ་མང་དག་ཅིག་ནང་དཔྱད་གླེང་རྒྱ་ཆེ་གནང་གིན་འདུག འོན་ཀྱང་ད་དུས་སྤྱི་འཐུས་ཕལ་ཆེར་རྡ་སའི་རི་གྲོང་དུ་ཡོད་སྐབས་འདིར་བོད་མི་སུ་གཅིག་གིས་ཀྱང་རྡ་སའི་ཁྲོམ་ལམ་དུ་ཐོན་ནས་ངོ་རྒོལ་སྐད་འབོད་དང་སྤྱི་འཐུས་ཚོ་འབོད་འགུག་གིས་དཀའ་རྙོག་གི་ངར་ཆ་ཚ་ཐོག་ལ་འདྲི་བརྩད་དང་དྭོགས་འདྲི་བྱས་པ་ཞིག་བྱུང་མེད། དངོས་དོན་གྲོས་ཚོགས་ཀྱི་སྒྲོམ་གཞི་སྤྱི་དང་འབྲེལ་ཡོད་སྤྱི་འཐུས་ཀྱི་མི་འགྲོར་འགྱུར་ལྡོག་ཅིག་དགོས་ན་མདུན་དུ་ཐོན་ནས་གདོང་གཏུགས་ཀྱིས་དཀའ་རྙོག་ལ་དག་གཤེར་དང་སྦྱང་བཤད། དེ་བཞིན་མི་སྡུག་པའི་གདོང་ལྤགས་ལྷེབ་བཤུས་དང་།རྫོབ་མཚང་བསྔོག་འབྲུ་བྱེད་དགོས་པ་ལས་ལྐོག་ལྐོག་དང་སུད་སུད་ནས་མི་འགྲིག་མི་འཐུས་པའི་གླེང་གཞི་སྤེལ་གྱིན་བསྡད་པས་མདའ་མོ་འབེན་ལ་ཟུག་རྒྱུ་ཞིག་དཀའ་ཚོད་ཡིན། ང་ཚོའི་ལས་སྟངས་འདིས་སོ་སོས་བདམས་པའི་འཐུས་མི་ཚོ་རྐྱག་ལངས་ལ་གཏོང་གིན་ཡོད་པ་རེད།
    ད་ལན་གྱི་གནས་ཚུལ་འདིས་ང་ཚོའི་མི་རབས་གསར་པ་ཚོར་སོ་སོའི་འཐུས་མི་ཇི་འདྲ་ཞིག་གདམ་དགོས་མིན་གྱི་བསླབ་བྱ་ཞིག་གནང་ཡོད་ལ། བོད་རིགས་སྤྱི་ཡོངས་ལ་བསམ་བློའི་གོ་རྟོགས་ཇི་འདྲ་ཞིག་ཡོད་མེད་དང་དཀའ་རྙོག་འདི་འདྲ་ཞིག་མདུན་དུ་ལྷག་ཚེ་ཐབས་ལམ་ཇི་འདྲ་ཞིག་ལ་འཇུག་མིན་ཐད་གནམ་རྒན་མས་ཚོད་བགམ་ལན་གཅིག་བྱས་པར་བརྩི།
    ཁོ་བོར་ཆོལ་ཁ་དང་ཆོས་ལུགས་འཐེན་འཁྱེར་སོགས་མང་དག་གིས་སྐྱོན་འཛུགས་དང་གླེང་སློང་གནང་ཟིན་པའི་ཐད་རྒྱུས་མངའ་དེ་ཙམ་མེད། རྒྱུས་མངའ་མེད་པའི་གནས་ཚུལ་ལ་སེམས་ཚོར་གྱིས་བསླད་པའི་དཔྱད་བརྗོད་དང་སྐད་ཆ་བཤད་རྒྱུར་དགའ་མོས་མེད། འོན་ཀྱང་ངའི་ངོས་ནས་ཁོང་ཁྲོ་ཟ་ཤོས་དང་སྐྱུག་མེར་ལངས་ཤོས་ཀྱི་བྱེད་སྟངས་གཅིག་མཐོང་བ་ནི། ཐེངས་འདིའི་དཀའ་རྙོག་དེ་ནང་ཁུལ་གྲོས་མོལ་དང་གུ་ཡངས་སོགས་ཐབས་ལམ་ཆུང་ཆུང་ཁག་ཅིག་གིས་སེལ་ཐུབ་རྒྱུ་ལ་དེ་ལྟར་མ་བྱས་པ་འདི་ཡིན། ང་ཚོ་ཆབ་འབངས་ཚོས་བོད་བསྟན་སྲིད་ཀྱི་དཀའ་ངལ་ཆེ་ས་དང་རང་རེའི་སྒྲིག་འཛུགས་ཀྱི་གནད་དོན་ཆེ་སའི་རིགས་སེལ་རྒྱུའི་ལས་འགན་དང་ནུས་པ་འཇོན་ཐང་བཅས་ཡོད་པར་ཆ་འཇོག་དང་བརྩི་བཀུར་བཅས་བྱེད་པའི་འཐུས་མི་རྣམ་པས་གནད་དོན་དེ་འདྲ་ཞིག་དང་འཕྲད་སྐབས་སེམས་སྐྱོ་དགོས་པའི་རྣམ་འགྱུར་འུ་ཐུག་དེ་འདྲ་ཞིག་བསྟན་པར་ང་རང་བློ་ཕམ་པོ་བྱུང་། བྲེལ་སྟབས་སུ་སྤེལ་སྟབས་ཡི་གེའི་དག་སྡེབ་ལ་ནོར་འཁྲུལ་བྱུང་ན་གཟིགས་པ་པོ་ཡོངས་ལ་དགོངས་སེལ་ཞུ།

    Reply
  10. ཨརྱ། says:
    ལོ་ 17 སྔོན།

    སེམས་ཚོར་གྱིས་ཟིན་པའི་སྙིང་གཏམ་ངོ་མ་རེད། ང་ཚོ་སུ་ཡིན་རུང་། རང་རློམ་ཆེ་རུང་ཆུང་རུང་། དབང་ཆ་ཡོད་རུང་མེད་རུང་། སྙིང་གཏམ་འདིའི་འདབ་མ་རེ་རེའི་འཇམ་ཤའམ་སྙིང་བཅུད་དེ་དངོས་ཟིན་དགོས་ངེས་རེད། རྩོམ་སྒྲིག་པ་ལགས། སྙིང་གཏམ་འདི་འདྲ་གང་མང་མུ་མཐུད་དུ་འཆད་རོགས་ཞུ། ང་ཚོ་ནི་མང་གཙོ་ལ་སློབ་སྦྱོང་བྱེད་བཞིན་པའི་གོ་རིམ་ཞིག་ཏུ་འདུག་ཅེས་བརྗོད་ནའང་ཆོག་གི དེའི་ཕྱིར་སློབ་ཁྲིད་བྱེད་མཁན་ཞིག་གམ་དབུ་ཁྲིད་ཚད་ལྡན་ཞིག་ཡོད་པའི་སྐབས་འདིར་གཞུང་མང་སུ་ཡིན་རུང་དཔོན་གཡོག་གང་ཡིནའང་གོ་སྐབས་དམ་འཛིན་དང་རང་མགོ་ཐོན་ཐབས་བྱེད་རྒྱུ་ཁ་ཚ་དགོས་གཏུག་རེད།

    Reply
  11. བཀྲ་ཤིས་རྒྱ་མཚོ says:
    ལོ་ 17 སྔོན།

    ཉི་མ་འཚོ་ལགས། ལུང་རིག་གི་སྙིང་གཏམ་ལ་ནང་དོན་མེད་པ་ག་ལ་ཡིན།
    སྤྱི་འཐུས་ནང་ནས་ཡང་འདི་ལྟར་གཅིག་གི་གཅིག་ལ་རྒྱབ་སྐྱོར་བྱས་བའི་རྐྱེན་གྱི་གནད་དོན་འདི་ཡོང་བ་རེད།

    Reply
  12. ཉི་མ་མཚོ། says:
    ལོ་ 17 སྔོན།

    སྙིང་གཏམ་འདི་ལ་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཡོད།

    Reply
  13. དགྲ་འདུལ། says:
    ལོ་ 17 སྔོན།

    རྩོམ་སྒྲིག་པ་ཞེས་ལབ་གི་ཡོད།

    Reply
  14. དགྲ་འདུལ། says:
    ལོ་ 17 སྔོན།

    སྤྱང་ཀི་ ༤༣ ཀྱི་རྣ་བར་ཆོས་གསུང་མཁན་སུ་རེད། རྩོམ་པ་མ་རེད། ཏཱ་ལའི་བླ་མ་རེད།

    Reply
  15. ཨ་རིག་དགེ་མཐོང་། says:
    ལོ་ 17 སྔོན།

    བཀུར་འོས་སྐུ་ཞབས་ལུང་རིགས་ལགས། དང་པོ་ཁྱེད་ཀྱི་རྩོམ་སྒྲིག་གི་གཏམ་གྱི་ཁ་བྱང་མཐོང་མ་ཐག་ཉོབ་སོང་མོད། རྗེས་སུ་ལྷོད་ལ་བབ་ནས་ཀློག་དུས་དོན་ངོ་མ་ཡག་པོ་བྲིས་འདུག། བཀའ་དྲིན་ཆེ་ཞུ།

    Reply
  16. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    བོད་མི་རིགས་ཀྱིས་བཀའ་སློབ་ལ་སྒུག་བསྡད་པ་མ་གཏོགས་རང་རང་ས་ནས་བསླབ་བྱ་ཞིག་སློབ་མདོག་ཁ་བོ་མ་རེད།

    Reply
  17. བསེ་རུ། says:
    ལོ་ 17 སྔོན།

    ལུང་རིགས་ལགས།
    ཁྱོད་ཀྱིས་སྙིང་གཏམ་པདྨ་འདབ་བརྒྱད་དེ་བཀུར་འོས་སྤྱི་འཐུས་ཚོར་གནང་བ་ཞིག་རེད་ལ། བོད་མི་མང་ལ་གནང་བ་ཞིག་ཀྱང་རེད།
    ད་རེས་ཀྱི་གྲོས་ཚོགས་ཀྱི་གནས་ཚུལ་ཡོང་རྐྱེན་དེ་ནས་ང་ཚོར་བསླབ་བྱ་ཞིག་རག་པ་ནི། འབྱུང་འགྱུར་སྤྱི་འཐུས་འདེམས་སྟངས་ཐོག་མནོ་བསམ་གཏོང་དགོས་པའི་བརྡ་ཞིག་བརྒྱབས་པ་དེ་རེད།

    ཡང་འདི་ལྟར།

    ད་ནི་ཆོལ་ཁ་ཟེར་བའི་མིང་བྱང་འོག།
    རྣམ་རྟོག་ཁྲི་མ་འབུམ་གྱི་དུག་རྫས་ཀྱིས།།
    དམ་ཚིག་འོ་ཆུ་ལྟར་འདྲེས་བོད་འབངས་ཚོའི།།
    སྙིང་ཁམས་གས་སུ་བཅུག་ན་ཀྱེ་མ་ཧུད།།

    ད་ནི་དྲ་རྒྱའི་དྲ་གྲོགས་དཔྱོད་ལྡན་ཚོས།།
    མི་རིགས་བླ་སྲོག་འཇིགས་པའི་ནད་ཡམས་དེར།།
    སྙིང་གི་དགྲ་བཞིན་ཐུགས་གཟབ་མ་གནང་ན།།
    གདོང་དམར་བོད་པ་རྨེག་མེད་གཞོམ་པའི་ཉེན།།

    Reply
  18. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    གོང་གི་ཚིག་དེ་༼ཁྱོད་ཚོའི་འོས་འགན་དང་ཐོབ་ཐང་༽ཞེས་བཅོ་འདོད་ནས་ཤི་ཐལ།

    Reply
  19. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    བཀྲ་ཤིས་རྒྱ་མཚོ་ལགས། བསོད་ནམས་སྟོབས་རྒྱལ་ལགས་ཀྱི་སྐོར་གནད་དོན་འདི་གྲོས་ཚོགས་ནང་མ་བྱུང་བའི་སྔོན་ནས་ངེད་གཉིས་ཀྱིས་བཤད་མྱོང་བ་རེད། སྐབས་དེ་དུས་ཁྱོད་ཀྱིས་ཧབ་དགོད་འདྲ་བྱས་སོང་། ད་ནི་གང་འདྲ་ཆགས་ས་རེད། ངའི་རེ་བ་ཡིན་ན་ཁོང་རྗེས་མ་ཨོ་སི་ཊོ་ལི་ཡའི་བོད་རིགས་མི་དམངས་ཀྱི་སྐུ་ཚབ་གནང་ནས་ཕེབས་ན་ཡག་ས་རེད། དེ་རུ་བོད་མིའི་མི་འབོར་གང་འདྲ་ཡིན་མིན་མི་ཤེས། གང་ལྟར་དཔྱ་ཁྲལ་ལག་དེབ་དུས་ཐོག་འབུལ་རྒྱུ་དང་རང་རང་གི་སྐུ་ཚབ་ཅིག་འདེམ་རྒྱུ་ནི་ཁྱོད་ཚོའི་ཐོབ་ཐང་ཐེབས་ཅག་དེ་རེད་འདོད།

    Reply
  20. བཀྲ་ཤིས་རྒྱ་མཚོ says:
    ལོ་ 17 སྔོན།

    རེད་ལགས།
    ད་ངོ་མ་ངོ་ཚབ་འདི་ཚོ་ལ་ཡིད་ཐང་ཆད་ནི་ཞིག་རེད། ངོ་མ་བཤད་ན་ཁོང་ཚོ་ནི་མི་དམངས་ཀྱིས་དཔེ་ལྟ་དགོས་ས་བྱེད་དགོས་བ་མ་ཡིན་ནམ།
    མ་གཞིར་མི་དམངས་ལ་ཆབ་སྲིད་སྐྱོ་དྲགས་ནས་སྤྱི་འཐུས་ཚོ་འདེམས་ནོར་ཤོར་ཡོད་ཚོད་རེད།
    ་་་་་་་་་་་་་་ད་དུང་ཁྱི་དང་སྤྲང་བོ་ལམ་ནས་མི་འགྲིག་ཞེས་བ་དེ་འདི་ཚོ་ལ་དྲངས་ན་མི་འོས་མི་འདུག་སྙམ།

    Reply
  21. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    ལྷ་ཆབ་ལགས་ཕེབས་ནས་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ། ཁ་སང་ང་གངས་སྐྱིད་ཀྱི་ལས་བྱེད་རྒན་རབས་པ་འགར་ཐུག་སོང་། ཁོང་ཚོས་ད་རེབ་ཀྱི་གྲོས་ཚོགས་འཐུས་མི་ཚོའི་གནང་སྟངས་དེ་མཐོང་ན་གངས་སྐྱིད་ནས་འདུག་འདོད་ཀྱི་ཞེ་ཐག་ཆད་འགྲོ་གི་འདུག་ཟེར། གཞུང་གི་ལས་དོན་ཅིག་ལ་འཐམ་ནས་འདུག་འདོད་མི་འདུག་ཟེར། ང་ཡང་སེམས་ཁྲལ་ཞིག་གི་གཏིང་དུ་ལྷུང་སོང་།

    Reply
  22. ལྷ་ཆབ་སྦྱིན་པ། says:
    ལོ་ 17 སྔོན།

    རྩོམ་སྒྲིག་པ་མཆོག་གིས་སྙིང་གཏམ་གྱི་འདབ་མ་རེ་རེ་ཡི་ནང་དུ་མཐུན་སྒྲིལ་དང་ཆིག་སྒྲིལ། ཞི་བདེ་སོགས་ཀྱི་སྲོག་བཅུག་འདུག་པར་རྒྱབ་སྐྱོར་ཡོད། དགའ་བསུ་ཡོད།

    Reply
  23. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 17 སྔོན།

    བཀྲ་ཤིས་རྒྱ་མཚོ་ལགས། སྤྱི་འཐུས་ལ་སྡིག་དམོད་བྱས་ན་བོད་མི་དམངས་ལ་སྡིག་དམོད་བྱས་པ་རེད། སྤྱི་འཐུས་ཚོར་སྙིང་གཏམ་ཞུས་ན་བོད་མི་དམངས་ལ་སྙིང་གཏམ་ཞུས་པ་རེད། འདི་དག་ཁྱི་རེད་ལབ་ན། དོན་དུ་བོད་མི་རིགས་ཀྱི་ངོ་ཚབ་ཁྱིས་བྱས་པ་རེད། དེར་བརྟེན་སྡིག་སྟངས་འདི་ཚོ་ཚབས་ཆེན་རེད། དོན་དག་གང་ཡིན་ཡང་མཚམས་རེར་འདི་འདྲ་ཞིག་ལས་ཞུ་མི་ཤེས་པའི་གནས་སྐབས་ཀྱང་འདུག

    Reply
  24. བཀྲ་ཤིས་རྒྱ་མཚོ says:
    ལོ་ 17 སྔོན།

    བཀུར་འོས་བའི་རྩོམ་སྒྲིག་པ་ལགས།
    ཁྱོད་ཀྱིས་སྤྱང་ཀའི་རྣ་བར་ཆོས་བཤད་ཞེས་བའི་དཔེ་དེ་གོ་ཨེ་མྱོང་། ཚང་མ་མི་ཡིན་པས་མི་སྐད་མི་གོ་མཁན་ཞིག་བོད་མི་མང་སྤྱི་འཐུས་སུ་སླེབས་ཨེ་ཡོད་ན། དུས་ད་ལྟ་བར་དུ་༧གོང་ས་སྐྱབས་མགོན་མཆོག་གིས་སྤང་བླང་གི་བསླབ་བྱ་མ་སྩལ་བ་ཞིག་མེད་པས་ཚང་མས་མཁྱེན་གསལ་རེད། ༧་གོང་ས་མཆོག་གི་བཀའ་ལོག་སྒྲུབ་བྱེད་མཁན་འདི་དག་གིས་རྫིག་ཉམས་ཆེན་པོའི་ངང་ནས་མི་དམངས་ལ་བཀའ་སློབ་གནང་དུ་གཅིག་ལས་གཅིག་མཁས་ཡོད་མོད། ད་ཐེང་གི་གྲོས་འདིའི་སྐབས་སུ་འདི་དག་གི་སེམས་སུ་རྒྱལ་འགོང་ཞུགས་པ་མ་ཡིན་ནམ། ཕར་བལྟས་ཚོད་ཀྱི་ཚང་མ་མཁྱེན་པའི་བདག་པོ་ཡིན་པར་བཤད་མོད། དེར་བརྟེན་ད་ཐེངས་སྤྱི་འཐུས་ཁག་ཅིག་གིས་རྐང་བཙུགས་འདི་ལྟར་བྱས་ཏེ་༧གོང་ས་མཆོག་གི་ཐུགས་དགོངས་དཀྲུག་པ་ཡིན་པར་སེམས།
    འདི་འདྲའི་སྤྱི་འཐུས་ཚོ་ལ་པདྨ་འདབ་བརྒྱད་ཅིག་ཕུལ་བ་ལས་ཁྱི་ལ་ལྟོ་སྡུད་བྱེད་ཀྱི་ཁྱི་སྐོ་ཞིག་ཕུལ་ན་བཟང་བར་སེམས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese