མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དབུ་འཛུགས། 

བོད་ཀྱི་དུས་བབ།
༢༠༢༦/༠༤/༠༦
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྟགས་མའི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པའི་སྟེང་རྐང་སྤོལ་རུ་ཁག་བཅུ་གཉིས་མ་གཏོགས་མཉམ་ཞུགས་བྱས་མི་འདུག

Photo: Tenzin Choephag

ཟླ་འདིའི་ཕྱི་ཚེས་ ༥ ཉིན་ནས་ ༡༦ བར་ཉིན་གྲངས་ ༡༢ ཉིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་གོ་སྒྲིག་འོག རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྐང་སྤོལ་འགྲན་བསྡུར་ཐེངས་ ༣༡ པ་དེ། ཀོ་ལི་གྷལ་དོན་ལྡན་གླིང་དུ་རྩེད་འགྲན་བྱེད་མགོ་བཙུགས་ཡོད་ཅིང་། འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ནང་རུ་ཁག་བཅུ་གཉིས་ཀྱི་རྩེད་འགྲན་པ་དང་ལས་བྱེད་སོགས་ཁྱོན་སྡོམ་མི་གྲངས་ ༢༡༦ ལྷག་གིས་མཉམ་ཞུགས་གནང་འདུག་ལ། རྩེད་འགྲན་གྱི་ཨང་དང་པོར་ཧིན་སྒོར་འབུམ་གཉིས་དང་། ཨང་གཉིས་པར་ཧིན་སྒོར་འབུམ་གཅིག་དང་ཕྱེད་ཀའི་བྱ་དགའ་ཡོད་འདུག

དེའི་ཐད་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་བྱང་ཆུབ་རྒྱལ་མཚན་ལགས་ཀྱིས། འདི་ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་འགྲན་ཚོགས་ནང་རུ་ཁག་བཅུ་གཉིས་ཀྱིས་མཉམ་ཞུགས་བྱས་ཡོད་ལ། རུ་ཁག་རེ་ལ་རྩེད་འགྲན་པ་དང་ལས་བྱེད་བཅོ་བརྒྱད་རེ་ཡོད། ཤན་འབྱེད་པ་རྣམས་ནམ་རྒྱུན་རྒྱ་གར་རྒྱལ་ཡོངས་རྐང་སྤོལ་མཐུན་ཚོགས་ནས་སྐད་གཏོང་གི་ཡོད་ཀྱང་། ད་ལོ་རྒྱ་གར་བྱང་ཕྱོགས་ཁུལ་གྱི་ཤན་འབྱེད་པ་རྣམས་སྐད་བཏང་ཡོད། དེ་ཡང་འདས་ལོར་རྒྱ་གར་བྱང་ཤར་ཁུལ་དུ་བོད་རྒྱལ་ཡོངས་སྐྱེས་པའི་རྐང་སྤོལ་མཐུན་ཚོགས་ཀྱིས་རྩེད་འགྲན་བྱེད་སྐབས། རྒྱ་གར་བྱང་ཤར་ཁུལ་གྱི་རྩེད་འགྲན་པ་རྣམས་ཡག་པོ་མཐོང་སོང་བས། ད་ལོ་ཤན་འབྱེད་པ་རྣམས་ཆེད་དུ་གདན་ཞུ་བྱས་ཡོད། ཅེས་བརྗོད་བྱུང་།

ཡང་ཁོང་གིས། ད་བར་དམིགས་བསལ་དཀའ་ངལ་རིགས་འཕྲད་མ་སོང་ནའང་། ཀོ་ལི་གྷལ་ས་གནས་དེ་དམིགས་བསལ་ལམ་ཐག་རིང་པོ་ཆགས་ཀྱི་ཡོད་སྟབས། ད་ལོ་འཛུལ་ཞུགས་བྱེད་མཁན་གྱི་རུ་ཁག་ཉུང་བ་ཡོད་རེད། ནམ་རྒྱུན་རུ་ཁག་བཅུ་དྲུག་དང་ཡང་ན་དེ་ལས་མང་བ་ཡོང་གི་ཡོད་ཀྱང་། ད་ལོ་རུ་ཁག་བཅུ་གཉིས་ཀྱིས་མ་གཏོགས་འཛུལ་ཞུགས་བྱས་ཐུབ་ཡོད་མ་རེད། ནམ་རྒྱུན་ནས་རྒྱལ་ཡུམ་ཆེན་མོ་རྗེས་དྲན་གྱི་རྐང་སྤོལ་གང་དུ་འཚོགས་ཀྱང་། ས་གནས་ཁག་གིས་རྩེད་རིགས་ཚོགས་པ་དང་། རྩེད་འགྲན་པ་རྣམས་ལ་བཞུགས་ས་དང་ཞལ་ལག དེ་བཞིན་རྩེད་ཐང་གི་ལས་ཀ་ཆ་ཚང་གི་འགན་འཁུར་གྱི་ཡོད་པ་བཞིན་ད་ལོ་ཡང་ས་གནས་རང་གིས་འཁུར་གྱི་ཡོད་ཅིང་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་དེ་དག་ལ་མཐུན་འགྱུར་དང་རོགས་འདེགས་ཞུ་ཡི་ཡོད། ཅེས་བརྗོད་བྱུང་།

འདིའི་ལོའི་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཁྲོད་ཨང་རིམ་དང་པོ་འཐོབ་མཁན་ལ་ཧིན་སྒོར་འབུམ་གཉིས་དང་། ཨང་གཉིས་པར་འབུམ་གཅིག་དང་ཕྱེད་ཀ དེ་བཞིན་རུ་ཁག་ཡག་ཤོས་ལ་ཧིན་སྒོར་ཁྲི་གཉིས་དང་ལྔ་སྟོང་། རྩེད་འགྲན་རེ་རེའི་ཁྲོད་ཀྱི་ཕུལ་བྱུང་རྩེད་འགྲན་པ་ལ་ཧིན་སྒོར་ཆིག་སྟོང་བཅས་ཡོད་འདུག དེ་བཞིན་རྩེད་འགྲན་པ་ལོ་ཆུང་ཤོས་དང་། རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༡ པའི་རྩེད་འགྲན་སྤྱི་ཡོངས་ཀྱི་ཕུལ་བྱུང་རྩེད་འགྲན་པ། སྤོ་ལོ་མང་ཤོས་ལྡུག་མཁན་བཅས་སུ་གཟེངས་རྟགས་འབུལ་གྱི་ཡོད་འདུག

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་གོ་སྒྲིག་གནང་བཞིན་པའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པའི་རྐང་སྤོལ་འགྲན་བསྡུར་ནི། ཕྱི་ལོ་ ༡༩༨༡ ལོར་བོད་ཕྲུག་ཁྱིམ་སྡེའི་རྩིས་དཔོན་ཟུར་པ་ཇོ་བོ་ཚེ་རིང་ལགས་ཀྱིས་གསར་འཛུགས་གནང་སྟེ། རྩེད་འགྲན་འདི་ལོ་ལྟར་ཚོགས་ཀྱི་ཡོད་པ་རེད། འོན་ཀྱང་། ཕྱི་ལོ་ ༢༠༢༠ ལོར་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་འཚོགས་ཐུབ་མེད་པ་རེད། རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་བུམ་པའི་རྩེད་འགྲན་དེ་ཕྱི་ལོ་ ༢༠༡༢ ལོར་དྷ་རམ་ས་ལ་དང་། ༢༠༡༣ ལོར་ཧོན་སུར་རབ་རྒྱས་གླིང་། ༢༠༡༤ ལོར་དོན་གྲུབ་གླིང་(Clementown)། ༢༠༡༥ ལོར་དྷ་རམ་ས་ལ། ༢༠༡༦ ལོར་མོན་གྷོ། ༢༠༡༧ ལོར་ཀོ་ལི་གྷལ་དོན་ལྡན་གླིང་། ༢༠༡༨ ལོར་སྦེལ་ཀོབ་བདེ་སླར་གཞིས་ཆགས། ༢༠༡༩ ལོར་དྷ་རམ་ས་ལ། ༢༠༢༡ ལོར་དོན་གྲུབ་གླིང་དང་། ༢༠༢༢ ལོར་སྤོན་ཊ་ཆོལ་གསུམ་གཞིས་ཆགས།  ༢༠༢༣ ལོར་དྷ་རམ་ས་ལ། ༢༠༢༤ ལོར་ཧོན་སུར་རབ་རྒྱས་གླིང་།འདས་ལོའི་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་བུམ་པའི་རྩེད་འགྲན་དེ་རྒྱ་གར་ལྷོ་ཕྱོགས་ཧོན་སུར་རབ་རྒྱས་གླིང་དུ་འཚོགས་ཡོད་པ་རེད།

Photo: Tenzin Choephag

བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་དྲ་རྒྱར་གཞིགས་ན། ད་བར་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༠  རྩེད་འགྲན་བྱས་པའི་ཁྲོད། ཕྱི་ལོ་ ༢༠༡༥ ལོར་མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་། ༢༠༡༦ ལོར་ཊི་ཌི་ཨེལ་སྦེལ་ཀོབ་རུ་ཁག ༢༠༡༧ ལོར་བཀྲིས་གླིང་ཧི་མ་ལ་ཡ་རུ་ཁག ༢༠༡༨ དང་ ༢༠༡༩ ལོར་མོན་གྷོ་འདོད་རྒུ་གླིང་རུ་ཁག ༢༠༢༡ ལོར་སིམ་ལ་རུ་ཁག ༢༠༢༢ ལོར་དོན་གྲུབ་གླིང་རུ་ཁག ༢༠༢༣ ལོར་དྷ་ས་གཅིག་སྒྲིལ་རུ་ཁག ༢༠༢༤ དང་ ༢༠༢༥ ལོར་མོན་གྷོ་རུ་ཁག་བཅས་ལ་རྒྱལ་ཁ་ཐོབ་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese