མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཟླ་ཟེར་འདོན་ཐེངས་བརྒྱ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཁུལ་དུ་སྙན་གྲགས་ཆེ་བའི་ ༼ ཟླ་ཟེར་ ༽ དུས་དེབ་འདོན་ཐེངས་བརྒྱར་སླེབས་པ་དང་བསྟུན་ཏེ། ཕྱི་ཟླ་ ༩ པའི་ཚེས་ ༡༣ ཉིན་ཀན་ལྷོ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་གོ་སྒྲིག་འོག སྐབས་གསུམ་པའི་ཟླ་ཟེར་རྩོམ་རིག་བྱ་དགའ་དང་གཞི་རིམ་བོད་རིགས་རྩོམ་པ་པོའི་གསོ་སྦྱོང་ཚོགས་འདུ་ཞུ་བ་དེ་ཀན་ལྷོ་གཙོས་གྲོང་ཁྱེར་དུ་བསྡུས་ཡོད་འདུག

བོད་ཡུལ་མདོ་དབུས་ཁམས་གསུམ་ནང་དར་ཁྱབ་ཧ་ཅང་ཆེ་བའི་ཟླ་ཟེར་དུས་དེབ་འདི་ནི། སྤྱི་ལོ་ ༡༩༨༢ ལོར་གསར་དུ་འདོན་སྤེལ་བྱས་ཤིང་། སྐབས་དེར་དུས་དེབ་ཀྱི་རྣམ་པ་དང་ནང་དོན་གཉིད་ཐད་ནས་བོད་མི་རིགས་ཀྱི་ཁྱད་ཆོས་གཙོར་འདོན་བྱས་ཡོད་འདུག སྤྱི་ལོ་ ༡༩༩༢ ལོར་ཁུལ་འབྲེལ་ཡོད་ཚན་པས་རྒྱ་ནག་རྒྱལ་ཡོངས་སུ་འགྲེམ་སྤེལ་གྱི་ཆོག་མཆན་སྤྲད་ཡོད་པ་དང་། སྤྱི་ལོ་ ༡༩༩༤ ལོར་རྒྱལ་སྤྱིར་བཀྲམས་པའི་དཔེ་རྟགས་ཐོབ་ཡོད་འདུག ༢༠༠༢ ལོར་ཀན་སུའུ་ཞིང་ཆེན་གསར་འགྱུར་དཔར་སྐྲུན་སྡེ་ཁག་ནས་ཟླ་ཟེར་དུས་དེབ་བོད་ཡུལ་ཆོལ་ཁ་གསུམ་གཙོས་པའི་ཕྱིའི་རྒྱལ་ཁབ་ ༢༠ ལྷག་ལ་འགྲེམ་སྤེལ་བྱེད་ཀྱིན་ཡོད་པའི་གསལ་བསྒྲགས་བྱས་ཡོད།  

སྤྱི་ལོ་ ༡༩༨༢ ལོ་ནས་ད་ལྟའི་བར་རླབས་ཆེན་གྱི་རྩོམ་སྒྲིག་པ་དང་ལར་ཞེན་ཅན་གྱི་རྩོམ་པ་པོ་དག་གི་དཀའ་སྤྱད་འབད་འབུང་ཁྲོད། ཟླ་ཟེར་དུས་དེབ་འདོན་ཐེངས་བརྒྱ་ ༡༠༠ ལ་སླེབས་ཡོད་པ་དང་། དུས་དེབ་རེར་ཡིག་འབྲུ་ཆིག་འབུམ་ ༡༠༠༠༠༠ ལྷག་དང་། རྩོམ་ལུས་སྣ་ཚོགས་ཀྱི་རྩོམ་ཡིག་བཞི་སྟོང་ ༤༠༠༠ ལྷག་བོད་ཁུལ་གཙོས་པའི་འཛམ་གླིང་གི་རྒྱ་ཆེའི་ཀློག་པ་པོ་དག་གི་མིག་མདུན་དུ་བསྟར་ཏེ། བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ལ་འོད་སྟོང་ལྡན་པའི་བྱས་རྗེས་རླབས་ཆེན་བཞག་ཡོད་འདུག དུས་དེབ་འདིར་ད་ལྟ་རྐང་འཛིན་རྩོམ་པ་པོ་ལྔ་བརྒྱ་ ༥༠༠ ལྷག་དང་གཙོ་འགན་རྩོམ་པ་པོ་ ༢༠༠ ལྷག་ཡོད་འདུག་ལ། ༢༠༠༨ ལོར་ཀན་སུའུ་ཞིང་ཆེན་ཕུལ་བྱུང་དུས་དེབ་ཀྱི་བྱ་དགའ་ཐོབ་ཡོད་འདུག

ཐེངས་འདིའི་ཚོགས་འདུར་ལྗོངས་དང་ཞིང་ཆེན་ལྔའི་བོད་རིགས་རྩོམ་པ་བོའི་སྐུ་ཚབ་དང་། ཀན་ལྷོ་ཁུལ་གྱི་གཞི་རིམ་གྱི་རྩོམ་པ་པོ་བརྒྱ་ ༡༠༠ ལྷག་ཞུགས་ཡོད་པའི་ཁྲོད་ནས་ན་གཞོན་རྩོམ་པ་པོ་གཅན་མེ་སྟག་དང་ཁྲི་སེམས་དཔའ། བསོད་ནམས་དོན་གྲུབ། སྐྱབས་ཆེན་བདེ་གྲོལ། རི་སྔོན་བླ་མ་ཐར།   ས་དམར་གྲགས་པ་བཅས་རྩོམ་པ་པོ་ ༦ ལ་སྐབས་གསུམ་པའི་ཟླ་ཟེར་དུས་དེབ་ཀྱི་རྩོམ་རིག་བྱ་དགའ་ཐོབ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༡༡ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 9

  1. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    སྤུན་ཟླ་དག་བོད་ནང་དུ་ཡོད་ལ། བོད་ནང་གི་སྤུན་ཟླ་དག་གིས་དངོས་ནས་འབད་པ་ལྷོད་མེད་ཅིག་གནང་གི་འདུག ཡིད་སྐྱོ་བ་ཞིག་ལ་རང་དབང་ཡོད་ས་ནས་བོད་ཀྱི་རིག་གཞུང་ཟེར་ནས་ཉིན་མཚན་མེད་པར་བསྒྲགས་པའི་བྱེས་པ་ཚང་གིས་་་་

    Reply
  2. ཚོགས་བདག says:
    ལོ་ 17 སྔོན།

    གནམ་ལྕགས་ལགས་ཀྱིས་འདོན་ཐེངས་བརྒྱར་སླེབས་པ་ལ་ཧ་ལས་རྒྱུ་ཅི་ཡང་མི་འདུག་ཟེར་ཡང། ང་རང་ལྟ་བུ་ལས་རླབས་ཆེན་བསྒྲུབ་མ་མྱོང་མཁན་ཞིག་ལ་ཆ་བཞག་ན་ཧ་ལས་དགོས་པ་ཞིག་ལོས་ཡིན། ཀན་སུའུ་ཞིང་ཆེན་གྱི་འོག་ན་ཀན་ལྷོ་ཁུལ་དང་དཔའ་རིས་རྫོང་གཉིས་ལས་བོད་མི་གནས་ཡུལ་མེད་ཅིང་། དེའི་ནང་དུ་ཡང་བོད་སྐད་དང་བོད་ཡིག་མི་ཤེས་པའི་ས་ཁུལ་མང་པོ་ཚུད་ཡོད་པས་ལས་དོན་འདི་འདྲ་པསྒྲུབ་རྒྱུ་ལས་སླ་བོ་ཞིག་ནས་ཡིན། སྐུ་ཉིད་ཀྱིས། ད་བར་དུ་རྩོམ་སྒྲིག་པ་དང་དེའི་སྤུན་ཉེ། ཡང་ན་ཀན་ལྷོའི་དཔོན་པོ་ཁ་ཤས་ཤིག་མ་གཏོགས་སུ་ལའང་སྤྲོད་སྲོལ་མེད། ཅེས་བཤད་པ་ལ་ཁུངས་ལུང་ཨེ་ཡོད། ཡོད་ན། སྐབས་རེ་རེར་བྱ་དགའི་རྣམ་གྲངས་འདི་ཙམ་ཡོད་པ་ལས་རྩོམ་སྒྲིག་པའི་སྤུན་ཉེ་དང་། དཔོན་པོ་འདི་དང་དེ་ལ་སྤྲད་པའི་གནས་ཚུལ་ར་སྤྲོད་བྱེད་རྒྱུ་ཡོད་ན་ལས། དོན་མེད་དུ་ལེགས་འབྲས་ལྡན་པའི་སྐྱེས་བུ་ཚོའི་སྟེང་ལ་རླུང་ལངས་ནས་ཅི་བྱེད། སྐད་ཆ་ལ་ཁུངས་ལུང་དགོས་གལ་ཆེན་རེད།

    Reply
  3. རི་བོང། says:
    ལོ་ 17 སྔོན།

    ན་གཞོན་རྩོམ་པ་པོ་ཁྲི་སེམས་དཔའ་ལ་ཟླ་ཟེར་དུས་དེབ་ཀྱི་རྩོམ་རིག་བྱ་དགའ་ཐོབ་པར་དགའ་བསུ་ཞུ།

    Reply
  4. ནམ་མཁའ་བསྟན་འཛིན། says:
    ལོ་ 17 སྔོན།

    སྔོན་ཆད་བྱ་དགའ་ཚང་མ་དཔོན་པོ་དང་དབང་ཆ་ཅན་ག་གེ་མོ་ཞིག་གཉེན་ཚོར་རེགས་འགྲོ་བ་དེ་ནང་གི་ཀྲུའུ་རུན་ཚང་མ་ཕག་མགོ་ཅན་རྐྱང་རྐྱང་ཡིན་སོང་བས་ལན་པ་རེད། དུས་ཚོད་དང་ལོ་ཟླ་ནི་ནམ་ཡང་འགྱུར་བའི་རང་བཞིན་ཡིན་སྟབས་ཚང་མ་འགྱུར་འགྲོ་བཞིན་ཡོད་པ་རེད། ད་ཐེངས་ཀྱི་འགྱུར་བ་འདི་ཡར་རྒྱས་ཀྱི་འགྱུར་བ་རེད། གོང་ནས་གོང་དུ་འགྱུར་བ་ཤོག

    Reply
  5. དོན་གོ says:
    ལོ་ 17 སྔོན།

    ཐེངས་འདིའི་བྱ་དགའ་ཐོབ་མཁན་གྱི་ན་གཞོན་རྩོམ་པ་པོ་རྣམས་ལ་དགའ་བསུ་དང་ཡི་རངས་ཡོད། ང་ཚོ་བཙན་བྱོལ་སྤྱི་ཚོགས་ཀྱི་རྩོམ་རིག་ལའང་འདི་ལྟ་བུའི་སྟེགས་བུ་ཞིག་དང་། སྐུལ་སློང་གི་བྱ་འགུལ་ཞིག་ཡོད་ན་ཅི་མ་རུང་།་་་་་་་་་་་་་་་་

    Reply
  6. འཇམ་དབྱངས་གྲགས་པ། says:
    ལོ་ 17 སྔོན།

    གཅན་མེ་སྟག་དང་སྐྱབས་ཆེན་བདེ་གྲོལ་གཉིས་ལ་ཐོབ་པ་དགའ་བསུ་ཞུ།

    Reply
  7. སྒྲོལ་མ། says:
    ལོ་ 17 སྔོན།

    དུས་ཚོད་ཀྱིས་རྐྱེན་པས་བྱེད་སྒོ་འདིར་ཞུགས་མ་ཐུབ་མོད། ཚོགས་ཐོག་ནས་འབྱུང་འགྱུར་༼ ཟླ་ཟེར་ ༽ དུས་དེབ་ལེགས་བཅོས་གཏོང་རྒྱུ་དང་། རྩོམ་ཡིག་གི་སྤུས་ཚད་མཐོར་འདེགས་ལ་བསྐུལ་འདེད་བྱ་རྒྱུ། དངོས་ཡོད་སྤྱི་ཚོགས་འཚོ་བའི་ཁ་ཕྱོགས་ལ་རྟོག་གཞིགས་བྱ་རྒྱུ་སོགས་ལ་གྲོས་བསྡུར་དང་ཆོད་དོན་བཞག་འདུག

    Reply
  8. གནམ་ལྕགས། says:
    ལོ་ 17 སྔོན།

    ཟླ་ཟེར་ནི་འདོན་ཐེངས་བརྒྱར་སླེབས་པར་ཧང་སངས་རྒྱུ་མི་འདུག་མོད། ད་རེར་བྱ་དགའ་སྤྲོད་སའི་གསར་བུ་དེ་ཚོ་འགྲིག་འདུག ད་བར་དུ་རྩོམ་སྒྲིག་པ་དང་དེའི་སྤུན་ཉེ། ཡང་ན་ཀན་ལྷོའི་དཔོན་པོ་ཁ་ཤས་ཤིག་མ་གཏོགས་སུ་ལའང་སྤྲོད་སྲོལ་མེད། ད་རེབ་ག་རེ་ཡིན་ནམ། འགྲིག་འདུག་བསམ་སོང༌།

    Reply
  9. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 17 སྔོན།

    ཟླ་ཟེར་འདོན་ཐེངས་བརྒྱ་པ་དངོས་སུ་འགྲེམས་སྤེལ་ཐུབ་པ་དང་གཞོན་སྐྱེས་རྩོམ་པ་པོ་དྲུག་ལ་བྱ་དགའ་ཐོབ་པར་འཚམ་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese