མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རིཌ་རྩོམ་རིག་དུས་དེབ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གཞུང་གིས། བོད་དང་ཡུ་གུར་གཙོས་པའི་གྲངས་ཉུང་མི་རིགས་ལ་དམིགས་པའི་དུས་དེབ་གསར་བ་ཞིག་དཔར་སྐྲུན་བྱས་ཡོད་འདུག

ཕྱི་ཚེས་ ༢༡ ཉིན་གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གཞུང་གིས་ཉེ་བའི་དུས་ནས་བཟུང་བོད་དང་ཞིན་ཅང་ཡུ་གུར་མི་རིགས་ལ་དམ་དྲག་དང་འཛིན་བཟུང་བཙོན་འཇུག  སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་བ་དང་། སྔར་མེད་ཀྱི་སྲིད་བྱུས་གསར་བ་གང་མང་ལག་བསྟར་བྱེད་ཀྱིན་ཡོད་ནའང་།  ཟླ་འདིའི་ཚེས་ ༢༠ ཉིན་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱིས་བོད་དང་ཞིན་ཅང་ཡུ་གུར་མི་རིགས་ལ་དམིགས་པའི་ 《མི་རིགས་རྩོམ་རིག》  ཅེས་པའི་དུས་དེབ་ཅིག་གསར་དུ་དཔར་སྐྲུན་འགྲེམས་སྤེལ་བྱས་འདུག་ལ།  དེའི་ནང་རྒྱ་ཡིག་གཙོས་པའི་བོད་དང་ཡུ་གུར་མི་རིགས་བཅས་གྲངས་ཉུང་མི་རིགས་ཁག་གི་སྐད་ཡིག་དུས་མཚུངས་འདོན་སྤེལ་བྱེད་ཆོག་པའི་སྔར་མེད་ཀྱི་འགྱུར་ལྡོག་གསར་པ་ཞིག་བྱུང་ཡོད་ཚུལ་མཚོན་ཐབས་བྱས་ཡོད་འདུག

དེ་བཞིན། དེབ་འདིའི་སྟེང་ཀྲུང་གོའི་གནད་ཡོད་མི་སྣ་དང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་མང་པོས་ཤིས་ཚིག་ཕུལ་ཡོད་འདུག་ལ། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་ལི་པིན་གྱིས།  《མི་རིགས་རྩོམ་རིག》 ཅེས་པའི་དུས་དེབ་འདི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་པར་ངོས་ཡོད་པའི་དུས་དེབ་ཞིག་དང་། འདི་གསར་འདོན་བྱེད་པ་ལ་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཚུལ་བརྗོད་ཡོད་པ་མ་ཟད། ཀྲུང་གོའི་མི་རིགས་གྲངས་ཉུང་གི་རྩོམ་རིག་ལོ་རྒྱུས་སྟེང་དུ་འགོད་འོས་པའི་དོན་ཆེན་ཞིག་ཡིན་ཚུལ་བརྗོད་ཡོད་འདུག་ལ། ཡང་།  ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཧྲུའུ་ཅི་ཧོའོ་ཅན་མིན་གྱིས།  《མི་རིགས་རྩོམ་རིག》 དུས་དེབ་ གསར་སྐྲུན་བྱས་པ་དེས་མི་རིགས་སོ་སོའི་འབྲེལ་འདྲིས་ཇེ་ལེགས་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན།   རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོབ།    སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ལ་ནུས་པ་བསམ་གྱིས་མི་ཁྱབ་པ་ཞིག་འཐོན་རྒྱུ་ཡིན་ཚུལ་བརྗོད་ཡོད་པ་དང་། དེ་བཞིན། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལི་པིན་གྱིས་ཤིས་ཚིག་ནང་།  ཡུ་གུར་མི་རིགས་ཀྱི་ན་གཞོན་རྩོམ་པ་པོ་ཨའེ་ཙི་ཐི་ལི་ཨའི་ཧའེ་ཐི་ཡིས། མི་རིགས་གྲངས་ཉུང་གི་རང་སྐད་རྩོམ་རིག་ལ་གཞི་ནས་རང་ཉིད་ཀྱི་རྒྱལ་ཁབ་རིམ་པའི་དུས་དེབ་ཅིག་ཡོད་པ་དང་།   འདིས་ང་ཚོར་གསར་རྩོམ་ཆུ་ཚད་མཐོར་འདེགས་གཏོང་བར་རོགས་སྐྱོར་ཆེན་པོ་བྱེད་ཐུབ་པ་མ་ཟད། མཐའ་མཚམས་ས་ཁུལ་གྱི་རང་སྐད་ཀློག་པ་པོ་རྣམས་ལའང་དགོས་མཁོ་ཆེ་ཚུལ་སོགས་བརྗོད་ཡོད་པ་རེད།
དོན་དངོས་ཐོག་རྒྱ་གཞུང་གིས། བོད་པ་དང་ཞིན་ཅང་གི་ཡུ་གུར་མི་རིགས་གཉིས་ཐབས་བརྒྱ་ཇུས་སྟོང་གིས་རྩ་མེད་གཏོང་ཐབས་བྱེད་ཀྱིན་ཡོད་ནའང་། རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་མི་དམངས་ལ་རྒྱ་ནག་ནང་མི་རིགས་འཆམ་མཐུན་ཡོད་ཚུལ་དང་མི་རིགས་སོ་སོར་འདྲ་མཉམ་གྱི་ཁེ་དབང་སྲུང་སྐྱོབ་ཀྱི་དབང་ཆ་ཡོད་ཚུལ་སོགས་ཁྱབ་བསྒྲགས་བྱ་ཆེད་འདི་ལྟ་བུའི་ལས་གཞི་གང་མང་ཞིག་གསར་འཛུགས་བྱེད་ཀྱིན་ཡོད་འདུག་ལ། དུས་དེབ་ཀྱི་མིང་ལ་མི་རིགས་རྩོམ་རིག་ཅེས་བཏགས་ཡོད་ནའང་། ཕྱི་མ་དང་རྒྱབ་ཤོག་ཡོད་ཚད་རྒྱ་ཡིག་གི་ལམ་ནས་དཔར་སྐྲུན་འགྲེམས་སྤེལ་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༡ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༥ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༨ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 6

  1. ཁ་བ་དཀར་པོ། says:
    ལོ་ 17 སྔོན།

    མི་རིགས་རྩོམ་རིག་དེའི་ནང་དུ་བསྟོད་རྩོམ་ཏག་ཏག་མ་གཏོགས་མི་དགོས་ན་དུས་དེབ་དེར་ཅང་བལྟ་རྒྱུ་ཡོད་པ་མ་རེད། ཡིན་ན་ཡང་དེ་ལས་ལྡོག་སྟེ་བརྗོད་བྱ་རྗོད་བྱེད་གཉིས་ཐད་ནས་ཅུང་ཀུ་ཡངས་ཀྱི་རྣམ་པ་ཞིག་ཡོད་ན་དེ་ཡག་པོ་རེད་བསམས། སྔོན་ཆད་བོད་ཀྱི་རྩོམ་རིག་རྒྱ་ཡིག་གཅིག་པོའི་ན་ཡོད་པས་བོད་ཡིག་གི་རྩོམ་པ་པོ་གང་མང་ཞིག་གི་རྩོམ་ཡིག་ལ་ཚད་བཀག་ཅིག་ཐེབས་པ་རེད། མི་དམངས་ཉིན་རེའི་ཚགས་པར་ཡང་དེ་བཞིན་རེད།

    Reply
  2. དོན་གོ says:
    ལོ་ 17 སྔོན།

    སྤྱི་འཐུས་ཚོས་ད་དུང་འང་ ་་་་་་་་་་་་་་་་བཅོས་རོགས།
    བཅངས་བའི་བརྩེ་བ་་་་་་་་་་་་་་་་་་་་་་་་་་་་་དགོངས་དག

    Reply
  3. དོན་གོ says:
    ལོ་ 17 སྔོན།

    རྒྱ་གཞུང་གིས། ལོ་ངོ་དུ་མིའི་རིང་ནས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གཞུང་སོགས་ལ་གནོད་པ་བྱ་རྒྱུའི་ཐབས་ཇུས་འདྲ་མིན་སྤྱད་དང་སྤྱོད་བཞིན་ཡོད་འདུག་ལ། ཉེ་བའི་ཆར་ནས་བཟུང་བོད་ཨ་མདོ་རྔ་བ་གཙོས་པའི་བོད་ཁུལ་གྱི་རང་ལོ་ ༡༨ ནས་ ༢༥ བར་གྱི་གཞོན་སྐྱེས་མང་པོ་རྒྱ་ནག་ནང་ཁུལ་ཏུ་འཁྲིད་ཏེ་སློབ་སྦྱོང་སྤྲོད་ཀྱིན་ཡིན་ཚུལ་བརྗོད་འདུག
    ཁོང་ཚོས་དྲག་འཇམ་གཉིས་ཀྱི་ལམ་ནས་བོད་རིགས་ཚོ་རང་ས་ནས་ཕུད་ཐབས་དང་། རང་ཡུལ་ལ་བདག་པོ་བྱེད་པའི་མི་རབས་རྗེས་མའི་དག་འདུ་ཤེས་ཕྲ་ས་ན་སྨིན་པའི་བོད་མི་རིགས་ཀྱི་འཚོལ་སྙེགས་དང་བསམ་འདུན་བརླགས་ཐབས་ལ་འབད་བཞིན་ཡོད་ནའང་། བྱེས་སུ་གནས་ཤིང་བོད་མི་མང་གི་རེ་ལྟོས་ཉག་ཅིག་ཏུ་གྱུར་བའི་སྤྱི་འཐུས་ཚོས་དུང་འང་རང་གི་རྐུབ་སྟེགས་དང་། ཆོལ་ཁ་རྩོད་ཀྱིན་འདུག
    འདི་ནི་བྱེས་འབྱོར་བ་ཚོའི་བོད་ནང་གི་བོད་མི་ཚོས་རེ་བ་ལ་སྤྲད་པའི་བརྡ་ལན་དང་། མི་རིགས་འདི་ལ་བཅངས་བརྩེ་བ་དང་ལྷག་བསམ་གྱི་དྭངས་མ་ཡིན་ནམ།

    Reply
  4. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    ཨ་ཞང་ཚང་གི་ལས་ཀ་ལག་ལེན་བྱེད་པ་ཇེ་མང་རེད། བཙན་བྱོལ་ནང་དུ་ཚོགས་འདུ་དེ་ཡང་རྒྱལ་ཁའི་ངང་གྲོལ་ཐུབ་ཀྱི་མེད་པ་ལ་བལྟས་དེ་འོང་དུས། ཨ་ཞང་ཚང་གི་ལས་དོན་འགྲུབ་བཞིན་འདུག

    Reply
  5. སྒོམ་སྡེ་དོན་གྲུབ་རྒྱལ་མཚན། says:
    ལོ་ 17 སྔོན།

    རྒྱ་ནག་སྲིད་གཞུང་གིས་༼མི་རིགས་རྩོམ་རིག༽ཅེས་དཔེ་དེབ་ཞིག་དཔར་སྐྲུན་བྱས་པར་གྲང་ཉུང་མི་རིགས་ཀྱི་སྐད་ཡིག་ལ་བག་ཆགས་གང་ཡང་འཇོག་གི་མ་རེད། དེ་ནི་ཁོང་ཚོས་འཛམ་གླིང་དུ་ཕྱི་ཚུལ་གྱི་རྣམ་པ་སྟོན་བྱེད་ཙམ་རེད།

    Reply
  6. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 17 སྔོན།

    ཡང་ཨ་ཞང་ཚང་གིས་ལོ་རྒྱུས་གསར་བ་འགའ་སྐྲུན་འདོད་ པ་ཡིན་ཤེ་ཆེ། ལོ་ལྔ་བཅུ་ཙམ་གྱི་རྗེས་སུ་ཁོ་ཚོས་<<མི་རིགས་རྩོམ་རིག>>འཕྱར་ཡོང་ནས་དུས་སྐབས་དེ་དག་ལ་བོད་དང་ཡུ་གུར་གྱི་མི་དམངས་བྱིངས་ནི་རྒྱ་མི་རིགས་དང་འཆམ་མཐུན་དང་འདྲ་མཉམ་ངང་གནས་ཡོད་ཚུལ་བསྒྲགས་ངེས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese