མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

མའོ་ཙེ་ཏུང་གི་ཚ་བོ་དམག་སྤྱིར་བསླེབས་པ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

ད་སྐབས་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་ན་གནས་ཚུལ་ཚ་པོ་ཞིག་འགྲོ་བཞིན་པ་ནི་མའོ་ཙེ་ཏུང་གི་ཚ་བོ་མའོ་ཞིན་ཡུ་ཟེར་བ་དེ་རྒྱ་ནག་གི་དམག་སྤྱིར་བསྐོ་རྒྱུ་ཡིན་ལུགས་དེ་རེད།

མའོ་ཞིན་ཡུ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ཡབ་ཆེན་མའོ་ཙེ་ཏུང་གི་ཁྱིམ་བརྒྱུད་ན་ལྷག་ཡོད་པའི་ཕོ་ཤུལ་གཅིག་པུ་དེ་ཡིན་པར་བཤད་ལ། ད་ལོ་རང་ལོ་རང་ལོ་ ༣༩ ཡིན་འདུག

རྒྱ་ནག་གི་དམག་ཁུལ་ནས་ད་ཆར་གཞུང་འབྲེལ་གྱི་གསལ་བསྒྲགས་བྱས་མེད་ནའང་གཞུང་འབྲེལ་གསར་ལམ་ཁག་དང་དྲ་ཚིགས་སོགས་སུ་གནས་ཚུལ་བསླེབས་པ་ལྟར་ན། མའོ་ཞིན་ཡུ་ནི་རྒྱ་ནག་གི་བཅིངས་འགྲོལ་དམག་མིའི་དམག་སྤྱི་ལོ་ན་གཞོན་ཤོས་དེ་ཆགས་རྒྱུ་ཡིན་ཚུལ་འདུག

གནས་ཚུལ་འདི་ཐོག་མར་སྤེལ་མཁན་ནི་ཕྱི་ཚེས་ ༢༤ ཉིན་གྱི་ཁྲང་ཆེན་ཉིན་རེའི་གསར་ཤོག་ཡིན་ལ། གསར་ཤོག་འདི་ནི་གཞུང་འབྲེལ་གསར་ཤོག་ཡིན།

རྒྱ་ནག་གིས་མའོ་ཙེ་ཏུང་དང་དམར་ཤོག་ཚོགས་པ་རྒྱལ་ཁབ་ཀྱི་དབང་སྒྱུར་སྟོབས་ཤུགས་ཆེ་ཤོས་སུ་གྱུར་ནས་ད་བར་མི་ལོ་ ༦༠ འཁོར་བའི་དུས་དྲན་ལ་གྲ་སྒྲིག་བྱེད་ཀྱིན་ཡོད་ལ། དུས་དྲན་འདི་མ་བསླེབས་པའི་བདུན་ཕྲག་གཅིག་ཏག་ཏག་གི་སྔོན་དེར་མའོ་ཡི་ཚ་བོ་མའོ་ཞིན་ཡུ་དམག་སྤྱི་ལ་བསྐོ་བཞིན་པའི་གནས་ཚུལ་དེ་ཕྱིར་བསྒྲགས་ཡོད་པ་རེད།

རྒྱ་ནག་གི་སྲིད་དོན་དབྱེ་ཞིབ་པ་ཚོས་བཤད་ན། མའོ་ཞིན་ཡུ་ནི་གྲོང་ཁྱེར་ཆེན་པོ་ཞིག་གི་སྤྱི་ཁྱབ་པ་བྱེད་འདོད་ཡོད་སྲིད་ནའང་། ཁོའི་ཆེད་ལས་དེ་དམག་དོན་གྱི་ཕྱོགས་ཡིན་སྟབས་ལས་རིགས་དེའི་སྟེང་འདུག་དགོས་པ་ཆགས་གི་རེད་ཅེས་བརྗོད་ཡོད་པ་རེད། བཤད་ཚུལ་ལ་མའོ་ཞིན་ཡུ་ཡིས་དེབ་འགའ་ཤས་བྲིས་ཡོད་པ་དང་ཁོའི་སྤོ་བོ་མའོ་ཙེ་ཏུང་གི་སྐོར་ལ་རྩོམ་ཡིག་དེ་འདྲ་བྲིས་ཡོད་འདུག

ཟླ་སྔོན་མའི་ནང་ལྷོ་ཕྱོགས་མི་དམངས་ཀྱི་བདུན་རེའི་དུས་དེབ་ཀྱི་བཅར་འདྲི་དང་ལེན་བྱས་སྐབས་བརྗོད་དོན། ཁོས་རང་གི་སྤོ་བོ་མའོ་ཙེ་ཏུང་ནི་༼རྒྱ་ནག་མི་དམངས་ཀྱི་སྒལ་ཚིགས་༽ཡིན་པར་བཤད་ལ། ཁོའི་སྤོ་བོ་༼མའོ་ཙེ་ཏུང་གི་དགོངས་པ་དང་མར་ཁེ་སིའི་གཞུང་ལུགས་ཀྱི་ལམ་སྟོན་མེད་ན། ང་ཚོའི་བཟོ་ལས་དར་རྒྱས་དང་དེང་རབས་ཅན་ནི་མངོན་འགྱུར་ཡོང་ཐབས་མེད་༽ ཅེས་དང་། ༼རྒྱ་ནག་ནང་དུ་མའོ་ཙེ་ཏུང་ལྟ་བུའི་རླབས་ཆེན་གྱི་མི་སྣ་ཞིག་འབྱུང་འགྱུར་གྱི་མི་ལོ་ཆིག་སྟོང་གི་ནང་དུ་ཐོན་ཐུབ་གི་མ་རེད་༽ཅེས་བཤད་འདུག

ལོ་སྔོན་མར་བང་ཆེན་གསར་འགྱུར་ཞེས་པས་མའོ་ཞིན་ཡུ་ལ་བཅར་འདྲི་བྱས་སྐབས་ཁོས། རང་ཉིད་ནི་དེང་རབས་ཀྱི་རྒྱ་ནག་གི་ཁྱིམ་ཚང་གྲགས་ཆེན་ཞིག་གི་ཁྱིམ་དུ་སྐྱེས་པའི་སྐོར་ལ་འཁང་ར་བྱས་ཡོད་ལ། ཁོས་རང་ཉིད་ནི་རླབས་ཆེན་གྱི་སྤོ་བོ་དེའི་བུ་རྒྱུད་དུ་སྐྱེས་པར་བརྟེན་གནོན་ཤུགས་མང་པོ་འདུག་ལ། ནམ་རྒྱུན་མི་དམངས་ཀྱིས་ངའི་བྱ་སྤྱོད་ལ་བལྟས་བསྡད་པ་འདྲ་ཞིག་འདུག དེར་བརྟེན་ངས་ག་དུས་ཡིན་ན་ཡག་པོ་རྐྱང་སྒྲུབ་དགོས་ཀྱི་འདུག་ཅེས་བཤད་འདུག

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

རྒྱ་གར་བོད་དོན་རྒྱབ་སྐྱོར་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་ཁུལ་དུ་གཟིགས་སྐོར་གནང་བཞིན་འདུག

༢༠༢༣/༠༩/༢༢
སྤྱི་འཐུས་ཉི་ཤུ་ལྷག་གཞི་རིམ་མི་མང་གི་ལས་འགུལ་སྤེལ་སར་ཕེབས། བོད་ཀྱི་དུས་བབ་ཀྱི་པར།  ༢༠༢༣། ༠༩། ༢༢
Mobile App

དེ་རིང་ཉིན་གང་བོར་གྲོས་ཚོགས་འཚོགས་ཐུབ་མ་སོང་།  

༢༠༢༣/༠༩/༢༢
Mobile App

ཨ་རིའི་རི་འཛེགས་པ་གཉིས་བོད་ནང་འགྲོ་བསྐྱོད་བཀག་འགོག་བྱས་འདུག

༢༠༢༣/༠༩/༢༢
དཔལ་ལྡན་དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཟླ་རྗེས་མ་ནས་༧གོང་ས་མཆོག་གིས་མཛད་འཕྲིན་གང་མང་ཞིག་བསྐྱང་འཆར་འདུག

༢༠༢༣/༠༩/༢༢
ནེའུ་ཡོག་གྲོང་ཁྱེར་ནང་རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ། པར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་དྲ་བ་ནས་བླངས།
Mobile App

རྒྱ་ནག་གི་སྲིད་འཛིན་གཞོན་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༣/༠༩/༢༡
༧གོང་ས་མཆོག་གིས་མཁན་པོ་མཁྱེན་རབ་བསྟན་འཛིན་མཆོག་གི་སློབ་མ་དང་དད་ལྡན་པ་ཁག་ཅིག་ལ་མཇལ་ཁ་དང་བཀའ་སློབ་བསྩལ། པར་དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོས་ནང་པའི་ལྟ་གྲུབ་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ།

༢༠༢༣/༠༩/༢༠

མཆན། 20

  1. སྒོ་བུ་གྲགས་པ། says:
    ལོ་ 14 སྔོན།

    ཕག་རྒན། ཕག་ཕྲུག

    Reply
  2. གཡང་མདའ། says:
    ལོ་ 14 སྔོན།

    ཨ་ལྟས་ངན་འདི་ངོ་ན་ཡང་རྨེ་བ་ཞིག་འདུག་རེམ་མ་གསོད་ལ་བཏོང་།

    Reply
  3. སྐྱ་ཀ says:
    ལོ་ 14 སྔོན།

    ཨའའ་་་་ད་ཡང་བདུད་རྒན་ཞིག་འཛམ་གླིང་དུ་ལང་སོང་ང་་་་ད་ཡིན་སྙོག་དྲ་ཞིག་བསླང་ངེས་རེད། ཡིན་ན་འང་ང་ཚོ་སྐྲག་དགོས་དོན་ཅི་ཡོད།

    Reply
  4. ནམ་མཁའ་དགྲ་འདུལ་ says:
    ལོ་ 14 སྔོན།

    འོ་ད་ཡིན་ན། བདུད་རྒན་ཁོའི་འཛམ་གླིང་དམག་ཆེན་གཉིས་པ་སློང་རྒྱུ་ཉག་གཅིག་རེད།
    དང་པོ་དེ་རྒྱ་ནག་གིས་རྒྱ་གར་བརྙས་བཅོས། དེ་ནས་མི་མཐུད་ཁོང་གཉིས་འཁྲུག་པ་སྨོས་མི་དགོས་དེས་རྗེས་རྒྱ་གར་ལ་རྒྱ་སྐྱོར་དང་། རྒྱ་མི་ལ་ཡང་དམར་ཤོག་རྒྱ་ཁབ་ཁག་གིས་རྒྱབ་སྐྱོར་ཡོང་བ་སྨོས་ཅི་དགོས། ཡིད་ཕོངས་པ་ཞིག་ལ་ང་ཚོ་བོད་པ་ཚང་གི་ས་ཆ་གཙང་མ་དེ་འཕྲོ་རླགས་བཏང་བ་དང་། རྒྱ་གར་ལ་ཡོད་པ་བོད་པའི་དམག་མི་དང་རྒྱ་མི་ས་ལ་ཡོད་པའི་བོད་པའི་དམག་མི་གཉིས་བཏང་བ་ཤ་སྟག་རེད། ཡིན་ཡང་ང་རྒྱ་མི་ས་ལ་ཡོད་པའི་དམག་མི་ཞིག་ཡིན་ཚེ་ངས། ངས་པར་དུ་དེ་ལས་ཟློག་ཏེ་དེ་སྔོན་༡༩༥༩ནས་བཟུང་ང་ཚོའི་བོད་ཀྱི་དཔའ་བོ་རྣམས་ཀྱིས་ཤ་ལེན་ཡིད་ཚིམས་པ་ཞིག་ལེན་འདོད་ཡོད། བོད་ཕྲུག་ཚཽ། ཐབས་སྤྱོ་བ་ཞིག་ལ། ང་ཚོ་ཁ་ཡིས་རྡོག་རྩལ་ཆིག་སྒྲིལ་མ་ཏོག་མེད་པ་དེ་རེད། དཔེར་ན སྤྱི་འཐུས་རྣམས་པ་ཚོ་ལ་གཟིགས་དང་།

    Reply
  5. གཟེར་མ། says:
    ལོ་ 14 སྔོན།

    ཁོའི་བཤད་སྟངས་ལ་བལྟས་ན་དམར་ཤཽག་ལ་རྙིང་ཞེན་ཆེན་པོ་རེད་འདུག་ལ་ཀྲུང་གུང་གིས་ཁོ་ལ་དམིགས་བསལ་ཆེ་མཐོང་བྱེད་སྟངས་དང་ཉེ་ཆར་གྱི་ཚོགས་འདུའའི་སྐབས་ཅིའི་ཕྱིར་ཁག་གི་དྲི་བའི་ནང་དོན་ལ་བལྟས་ན་རྒྱ་གཞུང་འདི་མུ་མཐུད་དམར་ཕྱོགས་ཀྱི་ལམ་དུ་བསྐྱོད་རྒྱུ་རེད་འདུག

    Reply
  6. ཟུངས་ཁྲག says:
    ལོ་ 14 སྔོན།

    མའོ་ཡི་ཚ་བོ་ཡིན་ཀྱང་ཆོག་ལ་ཏུན་གྱི་ཚ་བོ་ཡིན་ཀྱང་ཆོག་གང་ལྟར་བོད་ཆེན་པོའི་བསྟན་པ་དར་སོང་ན་ཆོག། ཁོའི་མི་གཞིའི་བཟང་ངན་ལ་དབྱེ་ཞིབ་བྱེད་རྒྱུ་གལ་ཆེན་རེད་བསམ།
    མཐོང་མ་ཐག་ནས་ཚོགས་གཏམ་བརྒྱབ་ན་འོས་མཚམས་མ་རེད།

    Reply
  7. ཨ་དོན says:
    ལོ་ 14 སྔོན།

    འདི་མའོ་གི་ཚ་བོ་མ་རེད ཏུན་ཞོ་པེན་གི་ཚ་བོ་རེད་ཟེར་

    Reply
  8. ནོར། says:
    ལོ་ 14 སྔོན།

    གནས་ཚུལ་འདི་ངོ་མ་མིན་སྐོར་ཐོན་འདུག

    近日有媒体报道毛泽东唯一的孙子毛新宇晋升为少将军衔,文汇报记者就此向其秘书郭景良求证时获知,毛新宇目前军衔仍为大校,属于副军职干部。

    郭景良表示,他陪同毛新宇参加过一些活动,很多媒体上前采访时,称呼毛新宇为少将,毛新宇和他听到后每次都给予纠正。但没有想到,尽管如此,仍有媒体误报。他希望大家多关心、关注毛新宇在学术上取得的成果,不要听信、炒作有关军衔的传言。

    Reply
  9. ནམ་མཁའ་བསྟན་འཛིན། says:
    ལོ་ 14 སྔོན།

    ཨོ་ཨོ་་་་་་་་་་་་བླ་གསང་ཚང་གི་ཤུལ་ལ་ངོ་མ་གློའུ་ངར་ཞིག་སྐྱེས་འདུག
    གྲོང་འཁྱེར་ཞིག་གི་སྤྱི་ཁྱབ་པ་བྱེད་འདོད་ཡོད་ཀི་ཅན་གོ། དམག་སྒར་ནང་ན་ལྐོག་ཟ་བྱེད་རྒྱུ་མི་འདུག་ཅན་གོ་རེད་ལ། ཕ་རིང་གི་བུ་རྒྱུད་ལ་མི་དམངས་ཀྱི་ཁྲག་འཇིབ་ནས་སྡོད་ད། ཉི་མ་གཅིག་ལ་ཁྱོའི་ཁ་ནང་འབུ་རྐྱལ་ནོ་ཁོ་ཐག་ཡིན།

    Reply
  10. ཨ་དོན says:
    ལོ་ 14 སྔོན།

    ཡག་པོ་མ་རེད་མ་གསུང་རོགས་གནང་ ད་དང་ཤེས་གི་མ་རེ་ལོ།

    Reply
  11. རྐང་ལམ་པ says:
    ལོ་ 14 སྔོན།

    མའོ་ཙེ་ཏུང་གི་ཚ་བོ་རྒྱག་པ་འདི་དམག་སྤྱིར་བསླེབས་པ་ང་ཁྱོན་ནས་དགའ་བོ་མེད་ལ་
    མའོ་ཚང་གི་བུ་རབས་ཚ་རྒྱུད་ལ་ནམ་ཡང་ཡིད་རྟོན་མེད་་་་་་་་་་་་་་་་་་

    Reply
  12. བོད་ལ་དགའ་བའི་བུ་།། says:
    ལོ་ 14 སྔོན།

    ཕལ་ཆེར་ཁོ་རང་གི་ཨ་ཞང་མའོ་ཡི་རྐྱེན་གྱིས་དཔོན་གནས་རག་པ་ཡིན་པ་འདྲ་

    མ་གཏོགས་

    བཟོ་ལྟ་འདིར་ལྟོས་དང་ ཀྲིང་མོག་ལ་ཕུ་བརྒྱབ་པ་དང་གཅིག་མཚུངས་རེད་མིན་འདུག་གམ་།

    Reply
  13. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    ཁོས་རང་ཉིད་ནི་རླབས་ཆེན་གྱི་སྤོ་བོ་དེའི་བུ་རྒྱུད་དུ་སྐྱེས་པར་བརྟེན་གནོན་ཤུགས་མང་པོ་འདུག་ལ། ནམ་རྒྱུན་མི་དམངས་ཀྱིས་ངའི་བྱ་སྤྱོད་ལ་བལྟས་བསྡད་པ་འདྲ་ཞིག་འདུག དེར་བརྟེན་ངས་ག་དུས་ཡིན་ན་ཡག་པོ་རྐྱང་སྒྲུབ་དགོས་ཀྱི་འདུག

    ཁོས་སྐད་ཆ་འདི་འདྲ་ཞིག་བཤད་པ་དངོས་ནས་བདེན་པ་ཡིན་ན་ནི། ད་ནི་དངོས་ནས་འདིས་ལག་དུ་དབང་ཆ་ཧ་ལས་པའི་ཚད་མཐོན་པོ་ཞིག་སླེབས་ཉན་ས་མ་རེད།

    Reply
  14. ཚྭ་སྒང་ཕོ་ཉ། says:
    ལོ་ 14 སྔོན།

    དྲ་གྲོགས་རྣམས་པ་མོའོ་ཡི་ཚ་བོ་ཡིན་པ་ཙམ་གྱི་མི་ངན་ཡིན་པས་ངེས་པ་མེད་ལ།
    མོའོ་ལ་མ་དགའ་མཁན་ཡིན་པས་རྒྱུ་མཚན་གྱིས་བཟང་པོ་ཡིན་པས་ངེས་པ་ཡང་མེད། རྩོ་བོ་ཁོ་པའི་བྱ་སྤྱོད་ལ་གཟིགས་པ་གལ་ཆེ་ན།

    ལྷ་དང་སྲུང་མ་ལ་རེ་བ་ཡོད་ཚད་རྒྱབ་ནས་རང་ཉིད་མགུལ་ཙམ་ཡང་མ་བྱས་ན་
    རང་གི་རེ་བ་འགྲུབ་རྒྱུ་ཚབ་ལ་ད་དུང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཡོང་།

    Reply
  15. ཡོན་ཏན says:
    ལོ་ 14 སྔོན།

    ལྟད་ངན་ཞིག་མཐོང་སོང

    Reply
  16. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    ཨོ་ཨོ་ཨོ། ཉི་མས་ཨང་རྩིས་བཀོད་འདུག ངས་རྩིས་གཞི་འདི་དཔར་གློག་བྱས་ཏེ་བསྐྱར་རྩིས་བྱས་ཀྱང་གྲུབ་འབྲས་བྱུང་མ་སོང་། ད་མི་གཞན་ཞིག་གིས་རྩིས་རོགས།

    Reply
  17. nyima says:
    ལོ་ 14 སྔོན།

    +{-:m$-8+m-,=-$=-%t$-21-6m#-$}-c}+-A-8+}+-Ap$-=}$-k

    Reply
  18. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    མའོ་ཡི་རིང་ལ་བོད་གཙོས་པའི་རྒྱལ་ཁབ་དང་མི་རིགས་མང་པོ་ཞིག་རྒྱ་ནག་དང་ལྷན་དུ་གཅིག་གྱུར་བཟོས་པ་རེད། འོན་ཀྱང་ཚ་བོ་འདིའི་རིང་ལ་ད་རྒྱ་ནག་མགོ་མཇུག་ལྡོག་རྒྱུ་ཡིན་པ་ཁོ་ཐག་ཡིན། ད་དུས་ལ་བབས་སོང་བ་རེད། བོད་ཆེན་པོའི་ལྷ་དང་སྲུང་མ་མཐུ་རྩལ་ཅན་ཁོ་ཡིན་ང་ཡིན་ཟེར་མཁན་ཚོ། ད་མཐུ་ཞིག་ཡོད་ན་གཏོང་རན་རེད་དོདོདོདོདོདོདོདོདོདོདོདོདོདོདོདོདོདོདོ

    Reply
  19. ནོར་བུ་རྒྱལ་མཚན། says:
    ལོ་ 14 སྔོན།

    not good

    Reply
  20. གངས་རིའི་གླིང་བུ། says:
    ལོ་ 14 སྔོན།

    ཡང་བདུད་རྒན་ཞིག་སླེབས་སོང་།   དུས་ངན་འདིའི་དབང་གིས་བདུད་རྒན་གྱི་རྒྱུ་ཆད་གྱིན་ངོ་མས་དཀའ་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist