མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཚོལ་ལ་ལྟ་གིན་ཤོག

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

པདྨ་ཚེ་བརྟན་ལགས་ཀྱིས་ཕབ་སྐྲུན་བྱས་པའི་འཚོལ་ཞེས་པའི་གློག་བརྙན་དེ་འཆར་ཟླའི་ནང་ལོན་ཌོན་ནས་སྟོན་རྒྱུ་རེད།

ཞིན་ཧྭ་གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ལགས་ཀྱིས་ཕབ་སྐྲུན་བྱས་པའི་དངོས་བྱུང་གློག་བརྙན་ ༼འཚོལ༽ ཞེས་པ་དེ་ལོན་ཌོན་དུ་སྐབས་ ༤༣ པའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་གཟིགས་འབུལ་ཞུ་རྒྱུ་ཡིིན་འདུག་ལ། ཐེངས་འདིའི་དུས་སྟོན་སྟེང་འཛམ་གླིང་གི་རྒྱལ་ཁབ་དང་ས་གནས་ཁག་ ༤༦ ནས་ཕབ་བསྐྲུན་བྱས་པའི་གློག་བརྙན་རིང་གྲས་ ༡༩༡ དང་གློག་བརྙན་ཐུང་གྲས་ ༡༡༣ གཟིགས་འབུལ་ཞུ་འཆར་ཡོད་པ་དང་།  དེའི་ཁྲོད་ཀྱི་གློག་བརྙན་ ༡༥ ལྷག་ནི་འཛམ་གླིང་ནང་སྔར་བསྟན་མ་མྱོང་བའི་རིགས་ཡིན་འདུག

ཐེངས་འདིའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དེ་ཟླ་ ༡༠ བའི་ཚེས་ ༡༤ ནས་ ༢༩ བར་སྐོང་འཚོགས་གནང་འཆར་ཡོད་པ་དང་། སྐབས་དེ་དང་བསྟུན་ཏེ་བོད་ཀྱི་གཞོན་སྐྱེས་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་གནང་བའི་གློག་བརྙན ༼འཚོལ༽ ཞེས་པ་དེ་གཟིགས་འབུལ་ཞུ་རྒྱུ་རེད།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༡༤ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 17

  1. ཁ་བའི་བུ་མོ། says:
    ལོ་ 17 སྔོན།

    ངས་ན་ནིང་ནས་འདི་ལ་བལྟ་བར་རེ་སྷུག་བྱས་མོད། ད་དུང་རགས་མ་སོང་།

    Reply
  2. ལྕགས་རྒྱ་འགྲམ་ནག says:
    ལོ་ 17 སྔོན།

    སྨན་བླའི་ཁ་དེ་ཅི་ཙམ་བདེ་བ་བཤད་མི་དགོས་པ་ཞིག་རེད། ཡིན་ནའང་འཚོལ་ཞེས་པའི་གློག་བརྙན་འདིར་སྨན་བླ་ལ་སྒམ་པོའི་རང་ཚུགས་འཛིན་མཁན་ཞིག་འཁྲབ་ཏུ་བཅུག་པ་དེས་སྨན་བླའི་ཁ་ལྕེ་ལ་ཚད་བཀག་ཐེབས་ནས། སྨན་བླའི་སྐད་ཆ་མང་པོ་གོ་རྒྱུ་མེད་པར། ཁོང་ནི་ང་ཚོ་ལྟད་མོ་བ་ནང་བཞིན་ཉན་མཁན་ཞིག་མ་གཏོགས་བཤད་མཁན་གཙོ་བོ་དེ་མིན། བཤད་མཁན་ནི་མོ་སྐད་ལྷང་ལྷང་གི་བརྩོན་འགྲུས་ཡིན་ཞིང་། བརྩོན་འགྲུས་ལ་ཁྱོད་ཀྱི་སྐད་ཆ་དེ་དག་ཚིག་ཉུང་ཉུང་དང་དོན་སྡུས་སྡུས་བྱས་ནས་བཤད་ན་མི་ཆོག་གམ་ཞེས་ཁོང་གི་གདོང་པར་བལྟས་ནས་བཤད་པ་ན། ཁོས་ལན་དུ་ “ང་གློག་བརྙན་དུ་བཤད་རྒྱུ་དང་དགོད་རྒྱུ་མང་དྲགས་ཡོད་པ་འདྲ། བོད་སྐད་ནས་དབྱིན་ཡིག་ཏུ་སྒྱུར་བ་བོ་དེས་ཀྱང་ཀུ་རེ་དང་བཅས་ངའི་དགོད་སྒྲ་ལ་ཉོབ་སྣང་དང་སུན་སྣང་སྟོན་ཁུལ་བྱས་སོང་” ཟེར། འཚོལ་ཞེས་པའི་གློག་བརྙན་འདིས་ཉོབ་སྣང་སྟེར་བའི་རྒྱུ་རྐྱེན་གཞན་ཞིག་ནི། གློག་བརྙན་གྱི་པར་རིས་དེ་དག་གཅོད་མཚམས་རིང་དྲགས་པ་དེ་རེད། དེ་ནི་སྒྲ་དང་རི་མོ་གཉིས་ཀྱི་བར་ནས་སྒྲིག་སྦྱོར་བྱེད་པར་པད་མ་ཚེ་བརྟན་གྱིས་ལེ་ལོ་དང་སྒྱིད་ལུག་བྱས་འདུག་པའི་བསམ་ཚུལ་བཤད་པ་ན། ཁོང་ཚོར་དུས་ཚོད་ཀྱིས་མ་ལྕོགས་པར། ཐ་ན་སྨན་བླ་ལ་སྒྲུང་གི་མགོ་མཇུག་བར་གསུམ་དུ་ཁོའི་བུ་མོས་ཁ་པར་རྒྱུན་མཐུད་ནས་འབྱོར་བའི་གནས་ཚུལ་དེ་འཚོལ་ཞེས་པའི་སྒྲུང་འདིའི་སྒྲོམ་གཞི་དང་འབྲེལ་ཆགས་པ་ཞིག་བཟོ་ལོང་་མ་བྱུང་བར་ལུས་སོང་བའི་གནས་ཚུལ་ཡང་བཤད་བྱུང་། དེ་ལྟར་སྒྲུང་གི་སྔ་ཕྱི་བར་གསུམ་གྱི་བརྒྱུད་རིམ་གང་དུའང་། ང་ལ་ནི་དབྱིན་ཇིའི་སྐད་དང་མ་སོང་ན་ exciting འཁྲུག་པོ་ཅི་ཡང་བྱུང་མ་སོང་། སྨྲ་བ་ཉུང་ཞིང་ངོ་གདོང་ཐམས་ཅད་མགོ་རས་ཀྱིས་བཏུམས་པའི་བུ་མོ་འདིའི་རོགས་སུ་ཁ་ཚིག་ལྗིད་མོ་ཅན་གྱི་རིག་ལྡན་རྒྱ་མཚོ་དང་དེ་ནས་སྒམ་མདོག་ཆེ་ཚུལ་འཁྲབ་དགོས་མཁན་གྱི་སྨན་བླ་གཉིས་བཅས་མོ་ཊའི་བཞུགས་གྲལ་གཅིག་ཏུ་བཀོད་དེ། བརྩོན་འགྲུས་ཀྱི་ཁ་གསལ་དོན་འདུས་མེད་པའི་བརྩེ་དུང་གི་གཏམ་རྒྱུད་ལ་ཉན་ཞོར་ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་སྙིང་སྟོབས་འཚོལ་བའི་རྣམ་པ་སྟོན་ཐབས་བྱེད་པ་དེས་མདོར་སྡུས་ན་པད་མ་ཚེ་བརྟན་གྱི་འཚོ་བའི་སྐྱོ་ཉམས་དང་ཡིད་ཆད་ཙམ་ལས་ཅི་ཡང་མཐོང་མ་སོང་མོད། ཡིན་ནའང་འཚོལ་ཞེས་པའི་གློག་བརྙན་འདི་མ་ཎི་རྡེའུ་འབུམ་ལས་ཡག་པོ་འཁྱོངས་ཡོད་པར་མཐོང་ཞིང་། དེའི་རྒྱུ་མཚན་གཙོ་བོ་ནི་འཚོལ་ཞེས་པའི་གློག་བརྙན་འདི་ལས་ཨ་མདོའི་བོད་མི་ཚོའི་རིག་གཞུང་གི་འཚོ་བའི་གནས་སྟངས་ཉོབ་ཏོ་ངོ་མ་དེ། མ་ཎི་རྡེའུ་འབུམ་ལས་ལྷག་ཏུ་མངོན་སྟབས་ཆེན་པོ་བྱུང་འདུག་ཨང་བསམ་བྱུང་། བྱས་རྗེས་དེའི་ཆ་ཤས་ཤིག་ངེས་པར་དུ་འཚོལ་གྱི་པར་ལེན་པ་ (ཟོན་ཐར་རྒྱལ་ཡིན་ནམ་ཁོའི་མིང་གསལ་བོ་མི་དྲན) ལ་ཡོད་པར་འདོད།

    Reply
  3. ལྕགས་རྒྱ་འགྲམ་ནག says:

  4. ཨ་རིག་གླེན་རྒན། says:
    ལོ་ 17 སྔོན།

    ལྕགས་རྒྱ་འགྲམ་ནག་གི་མི་ཚད་ཁ་ནག་ཞིག་རེད
    ཉོབ་ཏོ་ཅེས་པའི་མིང་འདི་གློག་བརྙན་ལ་སྦྱར་ན་མི་འོས།
    གཅིག་བྱས་ན་ཉོབ་སྤྱད་ཞིག་ཡིན་ན་ཐང་།

    Reply
  5. ལྕགས་རྒྱ་འགྲམ་ནག says:
    ལོ་ 17 སྔོན།

    གཅན་བཟོད་རྒྱམ་ལགས་ཀྱིས་ལྷིང་འཇགས་ཀྱི་མ་ཎི་རྡེའུ་འབུམ་དེ་ཇི་ལྟར་འཁྱོངས་ཡོད་སྟངས་དང་ལྟ་རིན་ཡོད་སྟངས་བཤད་རྒྱུར་འདོད་པ་དང་དུས་ཚོད་ཡོད་ཚེ། ངས་ཁྱེད་ལ་དེའི་སྐོར་ལ་རང་གི་བསམ་ཚུལ་ཁ་ཤས་ཞུ་ན་འདོད།

    Reply
  6. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ཤ་ཁྲག་ལགས། ཁྱོད་ལ་ཉེས་པ་ཅི་ཙམ་བཏངས་ཀྱང་གོ་རྒྱུ་ཚོར་རྒྱ་ཞིག་མི་འདུག ད་རང་གིས་གང་དགར་གནང་རོགས།
    ལྕགས་རྒྱ་འགྲམ་ནག་ལགས་ཀྱིས་གསུངས་པར་གཞིགས་ན་ཁོས་གློག་བརྙན་དེར་བལྟས་ཟིན་པ་འདྲ། འོན་ཀྱང་མ་ཎི་རྡོ་འབུམ་འདྲ་ཞིག་འཁྱོངས་ཡོད་ན། ལྟ་རིན་ཡོད་པའི་གློག་བརྙན་ཞིག་རེད་འདོད།

    Reply
  7. ལྕགས་རྒྱ་འགྲམ་ནག says:
    ལོ་ 17 སྔོན།

    སྒྱུ་རྩལ་པ་ཚོར་དེའི་ནང་ན་ལེན་རྒྱུ་ཞིག་ཡོད་ན་མ་གཏོགས་དེ་ནི་གློག་བརྙན་ཉོབ་ཏོ་ཞིག་རེད་བསམ་སོང་།

    Reply
  8. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    དགོངས་དག བཙན་པོ་ལ་བཙན་མོ་ཟེར་ནས་ཤོར་འདུག

    Reply
  9. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    བཙན་མོ་ལགས། སྐད་ཆ་སོམས་ན་ཤོད། རྩམ་པ་རྡོལ་ལ་ཟོ་ཟེར་སྲོལ་ཡོད་པ་དང་། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད་ཟེར་ནས་གནའ་མི་དམ་པ་རྣམས་ཀྱིས་སྡོམ་ཚིག་ཞིག་ཡོད་པ་རེད་ལགས། སྤུན་ཟླ་སུ་ཞིག་གིས་རང་ནུས་གང་འཇོན་ཞིག་བྱེད་ཀྱི་ཡོད་པ་དེ་ལ་རམ་འདེགས་བྱེད་མ་ཐུབ་ཀྱང་། རྒྱུས་མངའ་གང་ཡང་མེད་པར་དེ་ལྟར་གསུངས་པ་ཡིན་ན་དངོས་ནས་ཡག་པོ་མ་རེད་ལགས། ལྷག་པར་དུ་གློག་བརྙན་སྔ་མའི་བསྐོར་བདག་གིས་གཏན་ནས་མི་ཤེས་པ་མ་ཟད། ད་ཐེངས་ཀྱི་གློག་བརྙན་འདིའི་བསྐོར་ལ་རྒྱལ་ནང་གི་གློག་བརྙན་དུས་སྟོན་ཞིག་གི་སྟེང་ནས་བྱ་དགའ་ཡང་རེག་འདུག འདི་དག་ནི་བོད་མི་རང་གིས་བོད་མི་རིགས་ལ་ཞབས་འདེགས་ཞུ་བཞིན་ཡོད་པ་ཞིག་ཡིན་དུས། དངོས་ནས་དགའ་ན་རེད་ལགས།

    Reply
  10. བཙན་པོ། says:
    ལོ་ 17 སྔོན།

    པདྨ་ཚེ་བརྟེན་ནས་སྔོན་མ་མཁྱེན་བརྩེ་་རིན་པོ་ཆེ་ཡི་སྐད་གྲགས་ལྡན་པའི་ཀློག་བརྙན་ཕོར་བ་རྐུ་ཞུས་བྱས་ནས་མ་ཎི་རྡོ་འབུམ་བཟོས་པ་་རེད། ད་ཐང་འདི་གང་ཞིག་རྐུ་ཞུས་བྱས་པ་ཡིན་ནི་ན་

    Reply
  11. སྒ་སྟོད་ཇོ་བོ། says:
    ལོ་ 17 སྔོན།

    ཨོ་་་་་ཡང་པདྨ་ཚེ་བརྟན་ལགས་ཀྱིས་གློག་བརྙན་ཞིག་ཕབ་བསྐྲུན་བཟོས་འདུག་ག་་དངོས་གནས་བཟང་གི དེས་ན་གློག་བརྙན་དེའི་བརྗོད་བྱ་ཅི་ཞིག་ཡིན་ནམ ཁྱེད་ཅག་གིས་ཤེས་སོང་ངམ། འཚོལ་ཞེས་པའི་གློག་བརྙན་འདི་ཁོང་གིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཐེངས་གཉིས་པ་དེ་རེད་དམ། ང་ཡང་བལྟ་འདོད་ཧ་ཅང་ཆེ་གི

    Reply
  12. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ང་ལ་ལྟ་འདོད་ལངས་ཏེ་རླིག་རིལ་ནང་དུའང་ཟ་འཁྲུག་འདྲ་ཞིག་རྒྱུག་གི་འདུག་བེ།

    Reply
  13. དོན་གོ says:
    ལོ་ 17 སྔོན།

    སྐབས་དེར་ངས་ཁྱོད་བརྡ་རྒྱག་ཡཱ་་་་་་་་་་་་་་གཅིག་བྱས་ན་ཁྱོད་སྔ་མོར་རག་ན་ཐང་། ང་མ་བརྗེད། ང་ལ་མཚོན་ན་གློག་བརྙན་འདིར་ལྟ་འདོད་ཀྱི་འདུན་པ་ཆེན་པོ་ཡོད། རེ་སྒུག་བྱོས་ཡོད།

    Reply
  14. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    གློག་བརྙན་འདི་ག་ལེར་དྲ་ཐོག་ནས་བལྟ་ཐུབ་རྒྱུར་རེ་བ་རྒྱག་པ་ལས། ཐག་རིང་དེ་འདྲ་ཞིག་ལ་ཐོན་ནི་མ་རེད།

    Reply
  15. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ཨ་རོད་དོན་གོ གློག་བརྙན་དེའི་སྐོར་བཀོད་པ་དངོས་གནས་ཡག་གི སགློག་བརྙན་དེ་འདིར་ཐོན་ལ་མ་ཐོན་གི་མཚམས་དེར་ང་ལ་བཤད་རྒྱུ་མ་བརྗེད་ལོ། ཨོ་མ་རེད། ཐོན་མ་ཐག

    Reply
  16. དོན་གོ says:
    ལོ་ 17 སྔོན།

    གློག་བརྙན་འདིའི་ནང་བོད་ཀྱི་སྒྱུ་རྩལ་པ་ཆེན་མོ་སྨན་བླ་སྐྱབས་དང་ཁོང་གི་བུ་མོ་གངས་ལྷ་ཕུར་སྒྲོན། ད་དུང་གླུ་བ་གནམ་ལྷ་འབུམ་སོགས་བོད་མི་མི་ཉུང་བ་ཞིག་འཁྲབ་སྟོན་བྱས་ཡོད་ཚུལ་བརྗོད་བྱུང་། ཅང་མ་འགོར་བར་ང་ཚོ་བཙན་བྱོལ་པ་རྣམས་ཀྱིས་ཀྱང་བོད་ནང་གི་བོད་མིས་བཟོས་པའི་དངོས་བྱུང་གློག་བརྙན་འདིར་བལྟ་ཐུབ་རྒྱུ་རེད། དགའ་འོས་པ་ཞིག་ལ་ འདི་ཡང་ང་ཚོ་བོད་ནང་གི་བོད་མི་ཚོས་འཛམ་གླིང་གློག་བརྙན་གར་སྟེགས་ལ་བུད་པའི་ཟིན་ཐོ་གསར་བ་ཞིག་རེད། གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་ཚང་མར་ཐུགས་རྗེ་ཆེ་ཞུ་བ་ཡིན།

    Reply
  17. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    འདི་ད་ཨ་མའི་བུ་ཞིག་རེད། མ་ཎི་རྡོ་འབུམ་ལ་ངས་བལྟས་མྱོང། འཁྲབ་ས་ཡང་ངའི་པ་ཡུལ་དང་དགོན་པ་རེད། ད་དུང་ངའི་གྲྭ་ཤག ཨོ་ཨོ། ཁ་ངན་འདིའི་ནང་ནས་ཅིག་ཤོར་གྲབས་བྱས་སོང་། ཧ་ཧ་ཧ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese