མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཚོར་གནོད་པ་མ་བྱུང་ཟེར།

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཐེངས་འདིའི་ས་ཡོམ་གྱི་འབྲུག་ཤར་ཕྱོགས་སུ་གནོད་སྐྱོན་ཚབས་ཆེན་བྱུང་ཡོད་ནའང་། ང་ཚོ་བཙན་བྱོལ་བོད་མི་ཚོར་ས་ཡོམ་གྱི་གནོད་པ་ཅི་ཡང་བྱུང་མེད། ཅེས་འབྲུག་ཡུལ་ས་གནས་མགོ་འཛིན་གྱིས་བརྗོད་བྱུང།

ཕྱི་ཚེས་ ༢༡ ཉིན་འབྲུལ་ཡུལ་དུ་ས་ཡོམ་ཤུགས་ཚད་ ༦་༣ ཅན་ཞིག་བརྒྱབས་ཏེ་ད་ལྟའི་ཆར་མི་ ༡༣ རྐྱེན་ལམ་དུ་ཕྱིན་ཡོད་པ་གསལ་རྟོགས་བྱུང་ཡོད་པ་་དང་། ས་གནས་མི་མང་གི་སྡོད་ཁང་མང་པོ་ཞིག་ལ་གཏོར་བཤིག་ཚབས་ཆེན་ཐེབས་ཡོད་ཚུལ་བརྗོད་ཡོད་པ་མ་ཟད།  ཐེངས་འདིའི་ས་ཡོམ་གྱིས་རང་བྱུང་གནོད་འཚེ་ཡིས་འབྲུག་ཡུལ་གྱི་ཁྱིམ་འཚེས་རྒྱལ་ཁབ་བྷང་ལ་ཌེ་ཤི་དང་རྒྱ་གར་སོགས་ལའང་གནོད་སྐྱོན་སླེབས་ཡོད་འདུག་ལ། བོད་ནང་གི་ལྷ་སའི་ལྷོ་ཁ་ས་ཁུལ་གྱི་ལྷོ་བྲག་རྫོང་དང་མཚོ་སྨད་རྫོང་། མཚོ་སྣ་རྫོང་སོགས་སུའང་ས་ཡོམ་གྱི་ཚོར་ཤུགས་དྲག་པོ་བྱུང་ཡོད་པ་དང་།  ལྷ་ས་གྲོང་ཁྱེར་དུའང་ས་ཡོམ་འདིའི་ཚོར་སྣང་ཤུགས་ཆེར་བྱུང་ཚུལ་བརྗོད་ཡོད་འདུག  ད་ལྟའི་ཆར་ཡང་འབྲུག་ཡུལ་གྱི་ལམ་ཁ་མང་པོ་འགག་ཡོད་པ་དང་། གནས་སྟངས་སྐྱོ་བོ་ཡིན་ཚུལ་བརྗོད་ཡོད་སྟབས། འདི་གའི་གསར་ཁང་གིས་འབྲུག་ཡུལ་ཏུ་ཡོད་པའི་བཙན་བྱོལ་བོད་མིའི་གནས་སྟངས་གང་འདྲ་ཆགས་ཡོད་མེད་ཤེས་རྟོགས་ཆེད་ཐད་ཀར་ཁ་པར་བརྒྱུད་འབྲུག་ཡུལ་དུ་གནས་སྡོད་བཙན་བྱོལ་བོད་མིའི་གཞིས་མགོ་རྡོ་རྗེ་རྒྱལ་པོ་ལགས་སུ་བཀའ་འདྲི་ཞུས་པར། ཁོང་གིས། ཐེངས་འདིའི་ས་ཡོམ་དེ་ཕྱི་ཚེས་ ༢༡ ཉིན་གྱི་ཉིན་གུང་གི་ཆུ་ཚོད་ ༢ དང་སྐར་མ་ ༤༣ ཐོག་བྱུང་བ་དང་།  དེ་ཡང་ས་ཡོམ་བྱུང་ཡུལ་གྱི་ས་ཁུལ་གཙོ་བོ་འབྲུག་ཤར་ཕྱོགས་ཀྱི་བཀྲ་ཤིས་སྒང་རྫོང་དང་མོན་སྒང་རྫོང་། ལྷུན་རྩེ་རྫོང་སོགས་རྫོང་ཁག་ ༦ གི་ནང་བྱུང་སྟེ། དེ་རིང་གནས་ཚུལ་སྤེལ་གསལ་ལ་མི་ ༡༣ འདས་གྲོངས་སུ་ཕྱིན་འདུག་ལ། མི་ ༣༥ ལྷག་ལ་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་འདུག སྡོད་ཁང་ ༢༠༠ ལྷག་ལ་གཏོར་བཅོམ་ཚབས་ཆེན་བྱུང་སྟེ་ཅི་ཡང་མེད་པའི་གནས་སུ་གྱར་ཡོད་པ་མ་ཟད། སྡོད་ཁང་ ༡༢༣༥ གཏོར་བཅོམ་བྱུང་ཡོད་པ་དང་། སློབ་གྲྭ་ཁག་ ༡༥ ལ་གནོད་སྐྱོན་བཟོས་ཡོད་འདུག དེ་ལྟ་ནའང།  འབྲུག་ཡུལ་དུ་ཡོད་པའི་བཙན་བྱོལ་བོད་མིའི་གཞིས་སྒར་འཇིགས་མེད་རབ་བརྟན་གླིང་དང་ཀུན་དགའ་རབ་བརྟན་གླིང་སོགས་གཞིས་གྲོང་ཁག་བདུན་གྱི་མི་སྣ་ ༡༧༠༠ ལྷག་ཡོད་པ་དེ་དག་ལ་ཐེངས་འདིིིའི་དོན་རྐྱེན་ཁྲོད་གནོད་འཚེ་ཅི་ཡང་བྱུང་མེད། རྒྱུ་མཚན་གཙོ་བོ་ནི། ཐེངས་འདིའི་ས་ཡོམ་གྱི་བྱུང་ཡུལ་དང་བར་ཐག་རིང་བའི་རྐྱེན་གྱིས་མ་བྱུང་བ་རེད། ཅེས་དང་། ཁ་སང་འབྲུག་རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གི་མི་སྣ་སོགས་ཆེད་དུ་གནོད་འཚེ་ཐེབས་ཡུལ་ཏུ་ཕེབས་ཏེ་གཟིགས་སྐོར་དང་འབྲུག་རྒྱལ་ཁབ་ངོས་ནས་མཐུན་རྐྱེན་གང་ལེགས་སྐྲུན་གྱི་འདུག ཅེས་བརྗོད་བྱུང།

འབྲེལ་ཡོད་གསར་འགྱུར།

Mobile App

བུད་མེད་སྒེར་ལངས་ཐེངས་ ༦༧ པ་སྲུང་གཙི་ཞུས་སོང་།

ཆུ་ཚོད་ ༥ སྔོན་ལ།
རྟག་བརྟན་ལའི་བགྲོད་ལམ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༣།༡༢
Uncategorized

ཆར་དུས་བསླེབ་རྒྱུར་ཟླ་གསུམ་ལྷག་ལས་མེད་པས་གཙུག་ལག་ཁང་གི་གཤམ་འོག་གཞུང་ལམ་ཞིག་གསོ་མ་ཐུབ་ན་འགྲོ་ལམ་རྦད་དེ་ཆད་ཉེན་འདུག

ཆུ་ཚོད་ ༦ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༣།༡༢ དུས་བབ་གསར་ཁང་གི་པར།
Mobile App

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གལ་སྲིད་འཛམ་གླིང་ནང་ཞི་བདེ་དགོས་ན་རྒྱ་ནག་ནང་ཞི་བདེ་ཡོང་དགོས་ཞེས་གསུངས།

ཆུ་ཚོད་ ༦ སྔོན་ལ།
གསུམ་བཅུའི་དུས་དྲན་ཉིན་ཨོ་གླིང་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་འཐུས་མི་ཌི་ཝི་ཌི་སི་མི་ཐི་ལགས་ཀྱིས་བོད་དོན་ཐོག་གཏམ་བཤད་གནང་། པར་ཐད་གཏོང་ནས་བླངས།
Mobile App

ཨོ་གླིང་གྲོས་ཚོགས་ནང་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༦ སྔོན་ལ།
རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

༢༠༢༦/༠༣/༡༡
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

༢༠༢༦/༠༣/༡༡

མཆན། 8

  1. དུག་ཚེར། says:
    ལོ་ 16 སྔོན།

    རང་བྱུང་ཁམས་ཀྱི་གཡོ་འགུལ་འདི་འདྲ་ལ་སུས་ཡ་ལེན་བྱེད་ནུས། དཔལ་འབྱོར་ལ་འདོད་རྔམ་ཇི་ཙམ་བྱས་ན་རང་བྱུང་ཁམས་ལ་གོད་ཆགས་དེ་ཙམ་ཆེ་ངེས་རེད།

    Reply
  2. ཟིན་བྲིས་འདི་གསུབ་རོགས་ཞུ། says:
    ལོ་ 16 སྔོན།

    http://www.facebook.com/video/video.php?v=281979720576#/tsurtem?ref=name

    Reply
  3. ཟིན་བྲིས་འདི་གསུབ་རོགས་ཞུ། says:
    ལོ་ 16 སྔོན།

    http://www.facebook.com/video/video.php?v=281979720576

    Reply
  4. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ༸གོང་ས་མཆོག་གི་བྱིན་རླབས་ཡིན་རྒྱུ་རེད།

    Reply
  5. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    རང་བྱུང་ཁམས་ལ་ཡང་ཐུབ་ཚོད་མི་འགྲོ་བ་ད་ནི་དངོས་སུ་མིག་གི་མཐོང་རྒྱུ་འདུག ད་འགྲོ་བ་མི་འདི་ཚོས་སེམས་ཆུང་མ་བྱས་པ་ཡིན་ན། འབྱུང་བ་བཞིའི་གནོད་འཚེ་ལྡོག་ཐུབ་མཁན་ཞིག་ད་ལྟ་བར་དུ་མི་ཡུལ་དུ་ཡོད་ཚོད་བཤད་དཀའ་མོ་ཡིན།

    Reply
  6. སྒ་སྟོད་ཇོ་བོ། says:
    ལོ་ 16 སྔོན།

    དེས་ན་ལྷ་ཁ་ཕྱོགས་སུ་གནོད་སྐྱོན་འདྲ་བྱུང་ཡོད་དམ། རང་བྱུང་ཁམས་ལ་བྱམས་སེམས་ཡོད་ནི་མ་རེད། རྡ་རམ་ས་ལར་དེ་འདྲ་ས་ཡོམ་འབྱུང་ཨི་ཡོང་མི་ཤེས་མོད་ང་ཚོ་ཚང་མས་ངེས་པར་གཟབ་དགོས།།

    Reply
  7. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    མི་ལ་གནོད་པ་མ་བྱུང་ན་བཟང་གི ད་ལོ་ད་རང་བྱུང་ཁམས་ཆེན་མོ་འདི་ཡང་སྨྱོང་བཏང་ནི་འདྲ་ཞིག ག་ས་གང་ནས་ངན་རྐྱང་རྐྱང་གོ་ཡོང་གི

    Reply
  8. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    ས་ཡོམ་དེ་འདྲ་རྡ་རམ་ས་ལར་མི་ཡོང་བར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese