མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་བརྒྱུད་སྤྱི་འཐུས་ཚོས་དྲང་ཚུགས་ཐུབ་དགོས་པ་རེད།

བོད་ཀྱི་དུས་བབ།
༢༠༠༩/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཉིན་ཤས་གོང་སེར་བྱེས་ལྡན་མ་ཁང་ཚན་དུ་ཆོས་བརྒྱུད་ཁག་བཞིའི་གནད་ཡོད་མི་སྣ་ཁག་ཅིག་གདན་ཞུས་ཀྱིས། ཉིན་གཉིས་རིང་བགྲོ་གླེང་གནང་ཡོད། སྐབས་དེ་དང་བསྟུན་འདི་གའི་གསར་འགོད་པས་ཉེ་ཆར་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་སྡོམ་གནང་མ་ཐུབ་པའི་ཁྲོད་ཆོས་བརྒྱུད་སྤྱི་འཐུས་ཚོས་དྲང་ཚུགས་མ་ཐུབ་པའི་རྐྱེན་ཡིན་རབས་དང་། ཐ་ན་མ་འོངས་པར་ཆོས་བརྒྱུད་སྤྱི་འཐུས་དགོས་མིན་ཐད་ལའང་སྤྱི་ཚོགས་ཁྲོད་གླེང་སློང་ཡོང་བཞིན་པར་བརྟེན། གནད་དོན་འདིའི་ཐད་དྲི་བ་རེ་ཟུང་ཕུལ་བ་ཡིན།

རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་མཆོག་ལ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་སྡོམ་རྒྱག་མ་ཐུབ་པའི་སྐོར་ལ་དགོངས་ཚུལ་ཅི་ཡོད་དང་། སྤྱི་ཚོགས་ནང་ཆོས་བརྒྱུད་ཁག་ནས་ཕེབས་པའི་སྤྱི་འཐུས་རྣམས་དགོས་མཁོ་མི་འདུག མིང་ཆོས་བརྒྱུད་ཁག་གི་མིང་ཁྱེར་ནས་སླེབས་ཀྱང་ཕར་སླེབས་སྐབས་ཆོལ་ཁའི་དབང་དུ་ཕྱོགས་འགྲོ་གིན་ཡོད་པས། དེའི་ཐད་དུ་དགོངས་ཚུལ་ཅི་ཡོད་ཅེས་དྲིས་པར་ཁོང་གིས་གསུངས་དོན། 
བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པ་མཇུག་སྡོམ་རྒྱག་མ་ཐུབ་པ་ནི། སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོའི་སྟངས་འཛིན་བྱེད་མ་ཐུབ་པར་ལན་པ་ཞིག་རེད་འདོད་ཡོད།  སྤྱི་འཐུས་གྲོས་ཚོགས་ནང་སྤྱི་འཐུས་གཅིག་གཉིས་ཤིག་གིས་གནང་སྟངས་མ་འགྲིག་པ་བྱུང་སྐབས། སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོ་ཁོང་རང་ཉིད་ནས་སྟངས་འཛིན་ཡག་པོ་ཞིག་བྱས་པ་ཡིན་ན། སྟངས་འཛིན་བྱེད་མ་ཐུབ་པ་དེ་འདྲ་ཡོད་རྒྱུ་མ་རེད་བསམ་གི་འདུག་ལ། ཐེངས་འདིར་ཚོགས་དུས་བརྒྱད་པ་མཇུག་སྡོམ་རྒྱག་མ་ཐུབ་པར་ཚོགས་འདུ་གྲོལ་དགོས་བྱུང་བའང་སྟངས་འཛིན་མ་ཐུབ་པ་དེ་ལན་པས་རེད་ཅེས་དང་། ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པ་ངེས་པར་དུ་དགོས་པ་ཞིག་རེད་ལ། མ་འོངས་པར་ཡང་མུ་མཐུད་དེ་རྒྱུན་སྐྱོང་དགོས་པ་ཞིག་རེད། ང་ཚོའི་ད་ལྟའི་ཆབ་སྲིད་ལངས་ཕྱོགས་དེ་ཆོས་སྲིད་ཟུང་འབྲེལ་ཞིག་ཡིན་སྟབས། ཆོས་ཕྱོགས་ནས་ཀྱང་ཤུགས་ཆེན་པོ་ཞིག་འགྲོ་དགོས་པ་རེད། ཡིན་ནའང་། ཐེངས་འདིའི་དཀའ་རྙོག་དང་། ཡང་ན་འབྱུང་འགྱུར་གྱི་གནས་སྟངས་གང་གི་ཆ་ནས་ཡིན་ནའང་། ཆོས་བརྒྱུད་ཁག་གི་སྤྱི་འཐུས་རྣམ་པའི་རང་ཚུགས་ཐུབ་པའི་སྒོ་ནས་ཕར་ཚུར་མི་ཕྱོགས་རྒྱུ་གལ་ཆེན་པོ་རེད་ལ། དེ་ལྟར་ཕྱོགས་ཚེ་ཉེན་ཁ་ཆེན་པོ་ཞིག་ཀྱང་རེད། ཅེས་གསུངས་ཡོད།

གོང་གི་དྲི་བ་དེ་གཉིས་ཀྱི་ལན་དུ་ས་སྐྱའི་དཔེ་ཁྲིད་རྒན་འཇམ་དབྱངས་མགོན་པོ་མཆོག་གིས་གསུངས་དོན། སྤྱིར་བཏང་ངས་ནམ་རྒྱུན་ནས་སྤྱི་འཐུས་གྲོས་ཚོགས་སྐོར་ལ་དེ་ཙམ་དོ་སྣང་བྱེད་ཀྱིན་མེད། ཡིན་ནའང་། ད་རེབ་གློ་བུར་དུ་སྤྱི་འཐུས་གྲོས་ཚོགས་ནང་རྩོད་ཉོག་བྱུང་བར། ངས་བསམ་ཚུལ་ལྟར་བྱས་ན་ང་ཚོ་ལ་རང་དབང་ཆ་ཚང་ཡོད་པ་ཞིག་མཚོན་ཐུབ་ཀྱི་འདུག རང་དབང་ཡོད་པའི་ཆ་ནས་བཤད་ན་ཞེ་དྲག་ཡག་པོ་རེད། སོ་སོར་རང་དབང་ཆ་ཚང་ཡོད་པ་དེ་བེད་སྤྱོད་བྱེད་ཐུབ་སའི་སྤྱི་ཚོགས་ཤིག་ཆགས་ཡོད་པའི་རྟགས་རེད། དེ་ལྟར་བེད་སྤྱོད་བཏང་བ་ཞིག་ཀྱང་རེད། འོན་ཀྱང་། སྤྱི་འཐུས་ཚོགས་གྲོས་ཚོགས་དུས་བརྒྱད་པ་མཇུག་སྡོམ་རྒྱག་མ་ཐུབ་པ་དེ་ནི་དོ་བདག་སོ་སོར་སྤྱི་མཐུན་གྱི་བསམ་བློ་ཡོད་མེད་ལ་རེག་ལས་པ་ཞིག་རེད། དེར་བརྟེན་བསྐྱར་དུ་གྲོས་ཚོགས་ནང་འཛོམས་ནས་མཇུག་སྡོམ་རྒྱག་རྒྱུ་དེ་ང་རང་གི་རེ་བ་ཆེ་ཤོས་དེ་ཡིན་ཞེས་དང་། ང་ཚོའི་གཞུང་ལ་ག་ཚོད་ཀྱིས་ཞབས་ཕྱི་བྱེད་མཁན་མང་བ་ཡོད་ན་དེ་ཙམ་གྱིས་དགེ་མཚན་ཆེ་བ་མ་གཏོགས་སྐྱོན་དུ་མཐོང་གི་མི་འདུག དཔེར་ན། ལས་དོན་ཞིག་གི་མགོ་རྩོམ་དུས་དེའི་ཐོག་ལ་ག་ཚོད་ཀྱིས་བསམ་ཚུལ་མང་བ་བཤད་མཁན་ཡོད་ན། དེའི་ཚོད་ཀྱིས་ལས་དོན་དེ་ཡག་པོ་ཡོང་གི་རེད་ལ། གྲུབ་འབྲས་ལྡན་པ་ཡོང་གི་རེད་བསམ་གི་འདུག དེར་བརྟེན་ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཡོད་ན་བཟང་གི་རེད་ལ། མུ་མཐུད་དགོས་པའང་གལ་ཆེན་པོ་རེད་ཅེས་གསུངས།

དེ་བཞིན་བཀའ་བརྒྱུད་དཔེ་ཁྲིད་རྒན་ཡེ་ཤེས་རྒྱ་མཚོ་མཆོག་ནས་གསུངས་དོན། སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་མཇུག་སྡོམ་རྒྱག་ཐུབ་ཡོད་པ་མ་རེད། ཡིན་ནའང་མུ་མཐུད་སྐྱུར་མ་བཞག་པར། སྤྱི་འཐུས་རྣམ་པ་སླར་ཡང་མཉམ་དུ་འཛོམས། ཕར་ཚུར་སྦྱངས་བཤད་གནང་། གང་དང་གང་འགྲིག་མེད་ན་དེ་ཐག་གཅོད་གཙང་མ་བྱས་ན་ཡག་གི་རེད། དེ་མིན་འདི་ལྟར་བཞག་ན་མི་མང་ནང་དུའང་དོགས་པ་དང་བསམ་ཚུལ་འདྲ་མིན་སྣ་ཚོགས་ཡོང་གི་རེད་ལ། ཞི་བདེ་ལྷིང་འཇགས་ཀྱང་ཡོང་གི་མ་རེད། ག་རེ་ཡིན་ནའང་མཉམ་དུ་འཛོམས་ནས་ཐག་གཅོད་དགོས་པ་རེད་ལ། དེ་ལྟར་གནང་ན་གྲུབ་འབྲས་ཤིག་ཀྱང་ཐོན་གི་རེད། ཅེས་དང་། ཆོས་རྒྱུད་ཁག་ནས་ཕེབས་པའི་སྤྱི་འཐུས་དེ་ཚོས་རང་འཁྲིའི་ལས་འགན་ལྟར་ཕྱག་ལས་ཚད་དང་ལྡན་པ་གནང་ཚེ། ཆོས་རྒྱུད་ཁག་གི་སྤྱི་འཐུས་ཡོད་ན་བཟང་གི་རེད་ལ། ཆོས་ལུགས་སོ་སོ་དང་ཆོལ་ཁའི་ཕྱོགས་སུ་མ་ཤོར་བར་བོད་མི་མང་གི་ཆེད་དུ་ཞབས་ཕྱི་གནང་ཚེ། ཆོས་རྒྱུད་ཁག་གི་སྤྱི་འཐུས་ཡོད་པའི་ཡོད་གོ་ཆོད་པ་རེད།  ཅེས་གསུངས་ཡོད།

ཡང་། སེར་བྱེས་མཁན་པོ་བློ་བཟང་དཔལ་ལྡན་མཆོག་གིས་གསུངས་དོན། རྐུབ་སྟེགས་སྟེང་སྡོད་མཁན་དེ་ཚོས་རང་འཁྲིའི་ལས་ཀ་བྱེད་དུས་གཡས་འཁྱེར་གཡོན་འདེགས་བཟོས་ཏེ། རང་གི་རྐུབ་སྟེགས་ཀྱི་ལས་ཀ་བྱེད་མི་ཐུབ་དུས་འགྲེལ་བཤད་རྒྱག་དགོས་པ་རེད། སྤྱི་འཐུས་དེ་ཚོ་ཆོལ་ཁ་ནས་སླེབས་ནའང་འདྲ། ཆོས་བརྒྱུད་ཁག་ནས་སླེབས་ནའང་འདྲ། གང་ལྟར་མི་མང་གི་བསམ་ཚུལ་དངོས་དེ་སྤྱི་འཐུས་གྲོས་ཚོགས་ནང་སླེབས་ཐུབ་པ་དང་། སྤྱི་འཐུས་ནང་དུ་ཚད་དང་ལྡན་པའི་སྤྱི་འཐུས་སུ་ཡོད་ནའང་། དེར་རྒྱབ་སྐྱོར་བྱ་རྒྱུ་གལ་ཆེན་པོ་རེད། མ་འོངས་པར་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་དང་མི་དགོས་དེ་བཤད་མི་ཤེས་པ་ཞིག་རེད་ཅེས་གསུངས་བྱུང་།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༩ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 61

  1. ཐོག་རྒོད། says:
    ལོ་ 17 སྔོན།

    དགྲ་འདུལ་ཁམས་རྫུན་ཆོལ་ལོག་གྲྭ་ལོག་ཞིག་ཡིན་པ་ཡོངས་གྲགས་རེད་དོ།

    Reply
  2. ཐོག་རྒོད། says:
    ལོ་ 17 སྔོན།

    ད་ཡོད་པ་མ་རེད།ཁོང་ཚོས་ལྐུགས་རྟགས་བསྟན་ན་རེ།

    Reply
  3. ཨ་ལ་ལ says:
    ལོ་ 17 སྔོན།

    རྡོ་རྗེ་དགྲ་འདུལ་ལགས། དངོས་ནས་ཁྱེད་ཀྱིས་སྤྱི་ཚོགས་དེ་ཙམ་དང་བསམ་བློ་དེ་ཙམ་ལས་གཏོང་བའི་ནུས་པ་མེད་པ་ཡིན་ན་ཀྱེད་ཡང་རང་རིགས་ཤིག་ཡིན་པའི་ཆ་ནས་ངས་ཁྱེད་རང་མིག་གིམ་བལྟས་བལྟས་སུ་གཡང་ལ་མཆོང་དུ་འཇུག་འདོད་མེད། དེའི་རྐྱེན་གྱིས་ངས་ཁྱེད་ལ་བསམ་ཚུལ་ཐེངས་འགར་བཤད་པ་ཡིན། འོན་ཀྱང་བསམ་བཞིན་དུ་ཁྱེད་ཀྱིས་སྤྱི་ཚོགས་དཀྲུགས་འདོད་ཡོད་ན་དེ་ཁྱེད་ཀྱིས་ལྟོས། ཁྱེད་ཀྱིས་ཁམས་པའི་ཞེན་ཁོག་འཛིན་གྱི་ཡོད་ཁུལ་རེད། ཁམས་པའི་ཞེན་ཁོག་ཕར་བཞག་ཞབས་འདྲེན་རྐྱང་རྐྱང་བྱེད་ཀྱི་འདུག ཁམས་པ་ཟེར་བ་དེ་ཁྱེད་རང་ལྟ་བུ་མཐོང་ཐོས་མེད་པ་དེ་འདྲ་ཞིག་གང་ནས་ཡིན།དེ་ལ་བྱས་རྗེས་བགྲང་གིས་མི་ལང་པ་ཡོད། འོན་ཀྱང་ཁྱེད་ཀྱི་བྱེད་བབ་ལ་བལྟས་ན་ཁྱེད་རང་ཁམས་རྫུན་ཞིག་ཡིན་པ་ཐག་གིས་ཆོད། དྲྭ་གྲོགས་ཚོ་ཁྱེད་ཚོས་གཟིགས་དང་ང་རང་ལ་ཁ་ཕོ་ཆེ་བར་མ་འདོད། ང་དང་ནམས་མཁའ་བསྟན་འཛིན་གཉིས་ཀྱིས་བསམ་ཚུལ་བཤད་པ་ནས་གང་ཞིག་ལ་ནོར་འཁྲུལ་དང་ཐལ་ཆ་ཆེ་བ་བྱུང་ཡོད་དམ།

    Reply
  4. རྡོ་རྗེ་དགྲ་འདུལ། says:
    ལོ་ 17 སྔོན།

    དྲྭ་གྲོགས་ཚོ་ད་རེས་དུས་བབ་གསར་འགོད་པས་ནོར་མི་འདུག་བོད་པའི་གྲོང་གསེབ་ལངས་ཕྱོགས་དང་འཐེན་ཁྱེར་གང་ཡང་་མི་ཤེས་མཁན་མི་དྲང་མོ་དྲང་རྐྱང་དེ་ཚོ་ལ་སྐད་ཆ་དྲིས་པས་ཚང་མས་ས་རྟགས་བསྡུ་་རུབ་བྱེད་མཁན་ཚོས་ནོར་བ་རེད་ཅེས་ཤོད་ཀྱིན་འདུག ལྐོག་ལྐོག་སིད་སིད་ངང་ས་ཡིག་བསྡུ་རུབ་བྱེད་པ་ནི་ཚུལ་མཐུན་ཞིག་མ་རེད་ལ་ཁོང་ཚོས་གྲོས་ཚོགས་ཀྱི་ཁང་པའི་ནང་དུ་ས་རྟགས་བསྡུ་རུབ་བྱེད་པའི་སྤོབས་པ་མེད་པ ་རེད། ཁོང་ཚོས་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་ནས་བོད་པ་ནང་ཁུལ་ལ་དཀྲུགས་ཤིང་
    ཤིག་རྒྱག་དགོས་བསམ་མཁན་ཡང་མེད་པ་མ་རེད་ཅེས་བཤད་མཁན་མང་པོ་འདུག

    Reply
  5. དྲང་ཐིག says:
    ལོ་ 17 སྔོན།

    བོད་ཀྱི་དུས་བབ་རྩོམ་སྒྲིག་ཁང་གིས་དྲང་པོ་མ་བྱས་པའི་བསམ་ཤོག་གི་གྲུབ་འབྲས།

    ཉེ་ཆར་སྐབས་བཅུ་བཞི་པའི་སྤྱི་འཐུས་གྲོས་ཚོགས་ཐེངས་བརྒྱད་པ་མཇུག་བསྡོམས་མ་ཐུབ་པའི་སྐོར་ལ་དུས་བབ་དྲ་ཚིགས་ནང་སུའི་ནོར་མིན་གྱི་བསམ་ཤོག་ཅིག་བསྡུས་སོང་བའི་གྲུབ་འབྲས་ ༢༠༠༩།༩།༢༩ དགོང་དྲོ་ཆུ་ཚོད་ ༧།༥༠ ཐོག
    《སྐབས་བརྒྱད་པའི་གྲོས་ཚོགས་ཀྱི་མཇུག་སྡོམ་ཡང་གནང་མ་ཐུབ་པར་དུས་ཚོད་ངེས་མེད་བར་ཚོགས་གསེང་མི་གཏོང་ཐབས་མེད་བྱུང་བ་འདི་ནི།
    གྲོས་གཞི་འདོན་མཁན་ནོར་བ་རེད། (༥༡)
    ས་རྟགས་འགོད་མཁན་ ༡༤ ནོར་བ་རེད། (༢༠༥)
    ཕྱི་ལ་ཐོན་མཁན་ ༡༢ ནོར་བ་རེད། (༩༢)
    ལམ་གྲོན་ཞུ་མཁན་ནོར་བ་རེད། (༤༠)
    རྒྱུན་ལས་ནོར་བ་རེད། (༣༧)》 ཞེས་ཁྱོན་འོས་གྲངས་ ༤༢༥གསལ་ཡོད་རེད། དེ་དགོང་མོ་པར་བཤུས་བྱས་ནས་ཉར་བ་ཡིན།

    ཡང་བོད་ཀྱི་དུས་བབ་ཚགས་ཤོག་སྤྱིའི་འདོན་ཐེངས་ ༤༦༢ ནང་༼བསམ་ཤོག༽ ཅེས་པའི་འོག
    《བསྡོམས་པའི་འོས་ཤོག་འཕེན་མཁན་མི་གྲངས་ ༤༠༤ 》 ཞེས་དང་།
    《སྐབས་བརྒྱད་པའི་གྲོས་ཚོགས་ཀྱི་མཇུག་སྡོམ་ཡང་གནང་མ་ཐུབ་པར་དུས་ཚོད་ངེས་མེད་བར་ཚོགས་གསེང་མི་གཏོང་ཐབས་མེད་བྱུང་བ་འདི་ནི།
    རྒྱུན་ལས་ནོར་བ་རེད། ༨༌༧༦%
    གྲོས་གཞི་འདོན་མཁན་ནོར་བ་རེད། ༡༠༌༨༢%
    སྤྱི་འཐུས། ༢༩༌༥༧%
    ཕྱི་ལ་ཐོན་མཁན་ ༡༢ ནོར་བ་རེད། ༢༠༌༤༠%
    ས་རྟགས་འགོད་མཁན་ ༡༤ ནོར་བ་རེད། ༥༠༌༢༤% 》 ཞེས་བྲིས་འདུག ཚགས་ཤོག་ནང་དོན་དངོས་འོས་ཤོག་གི་གྲངས་ཚད་ཆ་ཚང་བཀོད་མི་འདུག་པས་འོས་ཤོག་བླུག་མཁན་རྣམས་ལ་མགོ་བསྐོར་བཏང་འདུག ཡང་དྲ་རྒྱར་གསལ་བའི་ལམ་གྲོན་ཞུ་མཁན་ཟེར་བ་དེ་ཚགས་ཤོག་ནང་བཀོད་མི་འདུག་ཅིང་གལ་སྲིད་སྤྱི་འཐུས་ཟེར་བ་དེ་ཡིན་ཚེ་ཕྱི་ལ་ཐོན་མཁན་ ༡༢ དང་གྲོས་གཞི་འདོན་མཁན་ལས་འོས་གྲངས་ཉུང་བ་དྲ་ངོས་སུ་ཁྲ་ལམ་མེར་གསལ་འདུག་ཀྱང་ཚགས་ཐོག་ཏུ་བརྒྱ་ཆ་མང་བ་བཟོས་འདུག ཉེ་ཆར་གྱི་གནས་ཚུལ་དེ་བྱུང་བ་ནས་བཟུང་དུས་བབ་རྩོམ་སྒྲིག་པ་དང། གསར་འགོད་བ། ཟིན་བྲིས་བ་ཕལ་ཆེར་བཅས་ཀྱིས་ཕྱོགས་གཅིག་ཁོ་ནའི་སྐོར་ལ་བྲིས་འདུག་པ་ལྟར་དེ་རིང་གི་གནས་ཚུལ་འདིས་ར་སྤྲོད་དང་དྲང་པོ་བྱས་མེད་པ་གསལ་མི་འདུག་གམ།
    ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་༌༌༌༌༌༌༌༌༌༌༌༌༌༌༌༌༌༌ཧཧཧཧ༌༌༌༌༌༌༌༌༌༌༌༌༌༌༌༌༌ཧཧཧ༌༌༌༌ཧཧཧ

    Reply
  6. རྡོ་རྗེ་དགྲ་འདུལ། says:
    ལོ་ 17 སྔོན།

    ནམ་མཁའ་བསྟན་འཛིན་ལགས། ངས་ཞི་རྒོལ་ཁྲོད་དུ་གྲྭ་བཙུན་མང་བའི་རྒྱུ་མཚན་གྱིས་ཆོས་བརྒྱུད་སྤྱི་འཐུས་དགོས་ཟེར་གྱི་མེད། གྲྭ་པས་་བོད་དོན་དང་ཆབ་སྲིད་ཐོག་ཐེ་གཏོགས་མ་བྱས་ན་དེས་བོད་དོན་ལ་གནོད་ཀྱི་འདུག་ཟེར་གྱི་ཡོད། ཨ་ལ་ལས་གྲྭ་པས་
    ཆབ་སྲིད་ལ་ཐེ་གཏོགས་མ་བྱས་ན་སྙམ་པའི་དགོངས་ཚུལ་བཏོན་པ་རེད།

    ཆོས་བརྒྱུད་སྤྱི་འཐུས་མི་དགོས་ཟེར་བའི་རྒྱབ་ལྗོངས་ངས་ཤེས་ཀྱི་ཡོད། ཆོས་བརྒྱུས་སྤྱི་འཐུས་མང་ཆེ་བ་ཁམས་ནས་ཡོང་གི་ཡོད་ཙང་ཆོས་བརྒྱུད་སྤྱི་འཐུས་མེད་ན་བསམ་པའི་དགོངས་ཤོད་ཀྱི་ཡོད་པ་རེད། དེ་ཡང་རྐུབ་མེད་ཟ་ལེ་རྒྱལ་ཚང་གི་མི་རེ་ཟུང་མ་གཏོགས་
    མི་ཚད་ལྡན་ཚོས་དེ་འདྲ་ཤོད་ཀྱི་མ་རེད།
    དེང་སང་གི་གྲྭ་པ་ཟེར་འདི་ཚོས་ཅི་ཞིག་སྒོམ་གྱིན་ཡོད་ངས་མི་ཤེས་ལ་ཁོང་ཚོས་གསང་བ་མི་ཤེས། ཡིན་ན་ཡང་ཁོང་ཚོས་བོད་དོན་འཐབ་རྩོད་ལ་ཕན་ཐོགས་ཀྱི་འདུག་པ་ཐ་ན་
    སྐད་འབོད་ཅིག་རྒྱག་དགོས་ན་ཡང་ཁོང་ཚོ་མེད་ན་དཀའ་ལས་འདུག ནམ་མཁའ་བསྟན་འཛིན་དང་ཨ་ལ་ལ་གཉིས་བོད་ཆེད་སྐད་འབོད་གྷ་ཚོད་སོང་ཡོད་བསམ་མནོ་རེ་ཐོང་དང་།

    Reply
  7. ནམ་མཁའ་བསྟན་འཛིན། says:
    ལོ་ 17 སྔོན།

    ཨ་ལ་ལར་གནས་ལུགས་འདུག ང་ཁྱོད་ཀྱི་བསམ་ཚུལ་འདིའི་ཕྱོགས་ནས་ཀ་ལངས་ལངས་ཡིན། ཞི་རྒོལ་བྱེད་མཁན་ཁྲོད་གྲ་བ་མང་་བ་རྒྱུ་མཚན་དུ་བྱས་ནས་ཆོས་བརྒྱུད་ཀྱི་སྤྱི་འཐུས་ཅིས་ཀྱང་དགོས་ཟེར་བ་ནི་ཅི་འདྲའི་དགོད་བྲོ་བ་ལ། དེ་ན་འབར་མའི་ནང་ཞི་རྒོལ་སྣེ་ཁྲིད་མཁན་རྟག་པར་གྲ་བ་ཚོ་རེད། ཁོ་ཚོར་གྲ་བའི་སྤྱི་འཐུས་འདུག་གམ། ང་ཚོས་འདིར་གླེང་བཞིན་པ་ནི་སྤྱི་ཚོགས་ཀྱི་དགོས་མཁོ་དང་མི་མཐུན་ཞིང་མཚམས་རེར་ཕན་ལས་གནོད་ཆེ་ན་བྱ་དངོས་ཅི་ཞིག་ཡིན་ཀྱང་རྗེས་སྤོར་དང་སྙུག་དོར་བཅུད་ལེན་བྱེད་པ་ལས། བསམ་བཞིན་དུ་རང་ཉིད་གཡང་ལ་ཟེགས་སུ་བཅུག་མི་འདོད་པ་དེ་ཡིན་མོད། སྤྱི་ཚོགས་ལ་ཕན་མི་ཐོགས་ཀྱང་རྐུབ་སྟེགས་སྟེང་སྲ་འཐས་སུ་འབྱར་འདུག་མཁན་ཞིག་དགོས་ན་རྒྱ་་ནག་གིས་ཁྱོད་ཚོར་རིན་ཏ་ཞེས་བོད་ཀྱི་ཨ་ལགས་ཚོར་མིང་སྙན་མོ་ཞིག་བཏགས་ཡོད་པ་མ་ཡིན་ནམ།

    Reply
  8. རྡོ་རྗེ་དགྲ་འདུལ། says:
    ལོ་ 17 སྔོན།

    ཨ་ལ་ལ་ཟེར་བ་དེའི་དམིགས་ཡུལ་ནི་རྒྱལ་དབང་དོན་གྱིས་བདག་པོ་མཆོག་གིས་བོད་ཀྱི་ཆབ་སྲིད་འགན་འཁུར་མི་ལེན་པར་གྲྭ་རྐྱང་དཀྱུས་མ་ཞིག་བྱས་ཏེ་གནས་དབེན་པ་
    ཞིག་ནས་སྒོམ་སྒྲུབ་བྱས་ནས་བཞུགས་ན་བསམ་ཡོད་ཚོད་རེད། ད་རྒྱུ་མཚན་ཤོད་ཀྱི་རྒྱུ་
    མ་རྙེད་ན་ཡང་ཚིག་ངན་དེ་ཚོ་མ་བརྗོད་ན་བོད་མི་ཞིག་ཡིན་པའི་ཆ་ནས་སོ་སོའི་མི་རིགས་ནང་ལ་ཡ་རབས་བཟང་སྤྱོད་ཀྱི་གོམ་གཤིས་ཤིག་ཡོད་པ་དེ་གཏོར་བརླག་མ་གཏོང་རོགས།

    Reply
  9. བསྟན་པ་ཡར་འཕེལ། says:
    ལོ་ 17 སྔོན།

    མི་སྨྲ་བའི་བརྟུལ་ཞུགས་འཛིན་དུ་བཅུག་པ་དེ་ལས་གོང་ན་མི་དགོས། གནད་འགག་དེ་ཚོར་རེ་རེ་བཞིན་སུས་ལེན་སྤྲད་འདུག་མཐོང་བཞིན་པ་འདི་ལས་གསལ་བཤད་མི་དགོས།
    འོན་ཀྱང་ཀུན་དགའ་བདེ་ཆེན་ཟེར་བ་ཁྱོད་ནི་ཕྱོགས་ལྷུང་གདོན་གྱིས་མྱོས་ཟིན་པས་གསལ་པོ་མཐོང་མི་སྲིད།

    Reply
  10. ཀུན་དགའ་བདེ་ཆེན། says:
    ལོ་ 17 སྔོན།

    མགོ་མཇུག་བར་གསུམ་ལ་ཞིབ་པར་བལྟས་པ་ཡིན། ཁང་རྡོའི་གོང་ལ་མི་འདུག ཁང་རྡོས་བསྟན་པ་ཡར་འཕེལ་ཚིག་དོན་རེ་རེ་ནས་བཀག་འདུག ཐ་མ་བསྟན་པ་ཡར་འཕེལ་འུ་ཐུག་སྟེ་ཚིག་ངན་བཤད་འགོ་བཙུགས་འདུག དེ་ལ་ཁང་རྡོ་ཁ་ཡ་བྱས་མི་འདུག

    བསྟན་པ་ཡར་འཕེལ་ཁྱེད་རང་འཇོན་པོ་ཡོད་ན་ཁང་གསར་རྡོ་རྗེས་བཏོན་པའི་གནད་འགག་དེ་ཚོར་བསམ་གཞིགས་ཀྱིས་སོ་སོའི་ཟིན་བྲིས་ནང་བསམ་ཚུལ་ཞིག་སྤེལ་ན་ཡག་པོ་འདུག དེ་ནས་ང་ཚོ་ལྷོད་ལྷོད་བྱས་བགྲོ་གླེང་བྱས་ན་ཅི་འདྲ་འདུག

    Reply
  11. བསྟན་པ་ཡར་འཕེལ། says:
    ལོ་ 17 སྔོན།

    ཧཧ་ཁོ་བོས་བཤད་པ་དེ་གནད་ལ་ཁེལ་ཡོད་པ་འདྲ། སྐབས་དོན་དང་མ་འབྲེལ་བའི་སྡུག་སྐད་མང་པོ་ཞིག་ཤོར་འདུག

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese