མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱབ་ཤ་དཀར་པོའི་དེབ་དང་མི་རིཊ་སྲིད་ཇུས་ཀྱི་ཁྱད་ཆོས་ལྔ།

བོད་ཀྱི་དུས་བབ།
༢༠༠༩/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས། བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་རྒྱ་གཞུང་ལ་སྤྲད་རྗེས། རྒྱ་གཞུང་གིས་མི་རིགས་ས་ཁོངས་རང་སྐྱོང་དང་གྲངས་ཉུང་མི་རིགས་ཀྱི་སྲིད་ཇུས་ལ་དོ་སྣང་། རྩ་ཁྲིམས་དང་བཅའ་ཁྲིམས་གྱི་ནང་དོན་ལ་འགྲེལ་བཤད་གསར་དུ་བཟོས་ཏེ་དྲིལ་བསྒྲགས་སྔར་ལས་ཆེ་རུ་བཏང་ཡོད་ལ། ཁྲིམས་གཞི་གསར་བ་དང་སྲོལ་ཡིག་གསར་བ་སོགས་ཀྱང་སྔ་རྗེས་སུ་བཏོན་ཡོད།

ཕྱི་ཚེས་ ༢༧ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་གསར་འགྱུར་སྡེ་ཚན་ནས་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། ཟླ་འདིའི་ནང་༼ ཀྲུང་གོའི་མི་རིགས་སྲིད་ཇུས་དང་མི་རིགས་སོ་སོ་མཉམ་དུ་དར་རྒྱས་གོང་སྤེལ་གཏོང་བ། ༽ ཞེས་པའི་རྒྱབ་ཤ་དཀར་པོའི་དཔེ་དེབ་ཅིག་ཁྱབ་བསྒྲགས་བྱས་ཡོད་པ་དང་། དཔེ་དེབ་དེའི་ནང་མི་རིགས་དང་རྒྱལ་ཁབ་མཐུན་སྒྲིལ་སྐོར་དང་མི་རིགས་ནང་ཁུལ་མཐུན་སྒྲིལ། མི་རིགས་འདྲ་མཉམ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ། གྲངས་ཉུང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ། གྲངས་ཉུང་མི་རིགས་ཀྱི་རིག་གནས་སྲུང་སྐྱོབ་དང་མི་སྣ་སྐྱེད་སྲིང་བྱ་རྒྱུ་བཅས་ཀྱི་སྐོར་ཡིན་འདུག

དཔེ་དེབ་དེའི་དཀར་ཆག་ནང་བཀོད་དོན། དང་པོ། གཅིག་གྱུར་ཡིན་པའི་མི་རིགས་མང་པོའི་རྒྱལ་ཁབ་དང་ཀྲུང་ཧྭ་མི་རིགས་ཀྱི་ཉེར་ལེན་གྱི་རྒྱུ་གཉིས་གཞི་གཅིག་ཏུ་གྲུབ་པ། གཉིས་པ། མི་རིགས་ཡོངས་རྫོགས་འདྲ་མཉམ་ཡིན་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ། གསུམ། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་དང་གོང་དུ་སྤེལ་བ། བཞི། མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ལྔ། མི་རིགས་གྲངས་ཉུང་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་ལས་དོན་ཇེ་མགྱོགས་སུ་གཏོང་བ། དྲུག མི་རིགས་གྲངས་ཉུང་གི་རིག་གནས་སྲུང་སྐྱོབ་དང་གོང་དུ་སྤེལ་བ། བདུན། མི་རིགས་གྲངས་ཉུང་གི་ལས་བྱེད་པ་དང་འཇོན་མིའི་རུ་ཁག་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་པ་བཅས་ཡིན་འདུག

ཕྱི་ཚེས་ ༢༧ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་གསར་འགྱུར་སྡེ་ཚན་གྱིས་གསར་འགོད་ལྷན་ཚོགས་བསྐངས་ཏེ། རྒྱལ་ཁབ་མི་རིགས་དོན་གཅོད་ཁང་གི་འགན་འཛིན་དབྱང་ཅཱེན་གྱིས་ཀྲུང་གོའི་མི་རིགས་སྲིད་ཇུས་ཀྱི་ཁྱད་ཆོས་ལྔ་ཟེར་བའི་བསྒྲགས་གཏམ་ཞིག་སྤེལ་ཡོད། སྐབས་དེར་ཁོས་བརྗོད་དོན། ཀྲུང་གོའི་མི་རིགས་སྲིད་ཇུས་ལ་ཁྱད་ཆོས་གསལ་བོ་ཡོད། དང་པོ། མ་ལག་ཆ་འགྲིག་འཐུས་ཚང་ཡོད། ཀྲུང་གོའི་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་དང་ཁྱོན་ཡོངས་ཀྱི་ཚད་མཐོ་ནས་མི་རིགས་གནད་དོན་ལ་ཞིབ་འཇུག་དང་མི་རིགས་སྲིད་ཇུས་གཏན་འབེབས་བྱས་ཏེ། ཀྲུང་དབྱང་སྲིད་གཞུང་དང་ས་གནས་སྲིད་གཞུང་། སྲིད་གཞུང་སྡེ་ཁག་བཅས་ཀྱིས་མི་རིགས་སྲིད་ཇུས་གཏན་འབེབས་བྱ་རྒྱུའི་མ་ལག་ཆ་འགྲིག་འཐུས་ཚང་གྲུབ་ཡོད། གཉིས་པ། དངོས་ཐོག་བདེན་འཚོལ། དོན་དངོས་དང་བསྟུན་ཏེ་མི་རིགས་སྲིད་ཇུས་གཏན་འབེབས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་མི་རིགས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་དང་མཐུན་པར་བྱས་ཏེ། མི་རིགས་ཁག་གི་ཐུན་མོང་གི་རེ་འདུན་མཚོན་པར་བྱས་ཡོད།

གསུམ་པ། དུས་བསྟུན་མཉམ་བསྐྱོད་ལག་ལེན་བྱེད་བཞིན་དུ་མི་རིགས་སྲིད་ཇུས་འཕེལ་རྒྱས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་རྒྱུ་གཙིགས་ཆེན་དང་ཐོག་མཐའ་བར་གསུམ་དུ་གཅིག་རྒྱུན་གཅིག་འཛིན་བྱེད་པ་མ་ཟད། རྒྱུན་མི་ཆད་པར་དུས་རབས་ཀྱི་འགྱུར་ལྡོག་གསར་པ་དང་མཐུན་པར་མི་དམངས་བློ་འཐད་ཡིད་ཚིམ་བྱེད་ཀྱིན་ཡོད། བཞི་པ། ངེས་པར་དུ་ཕྱོགས་ཡོངས་ནས་མི་རིགས་སྲིད་ཇུས་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུ་ནན་བཤད་བྱས་ཏེ། དྲིལ་བསྒྲགས་དང་སློབ་གསོ་ཤུགས་ཆེ་རུ་གཏོང་བ་དང་། ལྟ་སྐུལ་དང་ཞིབ་བཤེར་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐབས་ལམ་སྤྱད་དེ། མི་རིགས་སྲིད་ཇུས་དོན་འཁྱོལ་ཡོང་བར་ཁག་ཐེག་བྱས་ཡོད། ལྔ་བ། ཀྲུང་གོའི་ཁྱད་ཆོས་ལྡན་པ། ཀྲུང་གོའི་གནས་ཚུལ་དངོས་དང་བསྟུན་ཏེ་ལོ་རྒྱུས་ཀྱི་ཉམས་མྱོང་བསྡུ་ལེན་བྱེད་པར་དོ་སྣང་དང་། མི་རིགས་ཀྱི་སྤྱི་ཚོགས་དཔལ་ཡོན་དར་རྒྱས་སུ་ཕན་པ། ཐུན་མོང་ལ་དབང་བའི་བསམ་པའི་རྒྱུ་ནོར་ཐམས་ཆད་དཔྱད་གཞིའི་མེ་ལོང་དུ་བཟུང་སྟེ། ཀྲུང་གོའི་མི་རིགས་སྲིད་ཇུས་འདིས་མིའི་རིགས་ཡར་རྒྱས་གཏོང་བའི་ཐུན་མོང་གི་འདོད་འདུན་སྔར་ལས་ལེགས་པར་མཚོན་ཐུབ་པར་བྱས་ཡོད། ཅེས་བརྗོད་ཡོད་འདུག
དེར་མུ་མཐུད་བཀོད་པ་ལྟར་ན། རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཙོ་སྒྲུབ་འོག ཀྲུང་གོ་གསར་བ་དབུ་བརྙས་ཏེ་ལོ་ངོ་ ༦༠ འཁོར་བའི་མཛད་སྒོ་དང་བསྟུན་ཏེ། མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐེངས་ལྔ་བ་ཟེར་བ་དེ་འཚོགས་རྒྱུ་ཡིན་སྐོར་དང་། སྤྱི་ལོ་ ༡༩༤༧ ལོའི་ཟླ་ ༥ ཚེས་ ༡ ཉིན་ནང་སོག་རང་སྐྱོང་ལྗོངས་གསར་དུ་བཙུགས་པ་དེ་ནི། ཀྲུང་གོའི་ཞིང་ཆེན་རིམ་པའི་གྲངས་ཉུང་མི་རིགས་རང་སྐྱོང་ལྗོངས་དང་པོ་དེ་ཆགས་ཡོད་པ། སྤྱི་ལོ་ ༡༠༤༩ ལོར་ཀྲུང་གོ་གསར་བ་དབུ་བརྙས་རྗེས་ཡི་གུར་རང་སྐྱོང་ལྗོངས་དང་། ཉིང་ཞཱ་ཧེ་རིགས། ཀུང་ཞིས་ཀྲོང་རིགས། བོད་རང་སྐྱོང་ལྗོངས་སོགས་རིམ་པ་བཞིན་བཙུགས་པ། མི་རིགས་ས་ཁོངས་རང་སྐྱོང་དེ་རྩ་ཁྲིམས་ཀྱི་ཆ་རྐྱེན་འོག་བཙུགས་སྐོར་བཅས་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༡༤ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 1

  1. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    དེ་རིང་ནི་རྒྱ་དམར་པོ་ཚང་གི་”རྒྱལ་བཙུགས་”དུས་ཆེན་རེད། ལྷ་ས་དང་མཚོ་སྔོན་སི་ཁྲོན། ཀྲུང་དབྱང་སོགས་རྒྱ་དམར་གྱི་སྟངས་འཛིན་འོག་ཏུ་ཡོད་པའི་ཚགས་ཤོག་དང་རླུང་འཕྲིན། བརྙན་འཕྲིན་སོགས་གསར་འགྱུར་བརྒྱུད་ལམ་གང་སར་གོང་གི་དུས་ཆེན་འདི་སྲུང་གཙིའི་མཛད་སྒོ་ཟབ་རྒྱས་ངང་འཚོགས་བཞིན་པའི་རྣམ་པ་མཐོང་ཐུབ་ཀི་འདུག གཞིས་ལུས་སྤུན་ཟླ་ཚོར་ཡང་བཙན་སྐུལ་གྱིས་རྣམ་པ་འདྲ་མིན་ཐོག་དུས་ཆེན་འདི་སྲུང་གཙི་བྱེད་དུ་འཇུག་གི་ཡོད། འོན་ང་ཚོ་སྟེ་”བཙན་བྱོལ་གཞུང་”ཚང་ནི་ཁ་ཁུ་སིམ་པོར་བཞུགས་འདུགས་ལ། ད་ནངས་ཞོགས་པར་བུད་མེད་ལྷན་ཚོགས་ཀྱི་ཚོགས་མི་འགའ་ཁ་བརྡའི་ཅ་ཅོ་འདྲ་མིན་སྒྲོག་བཞིན་གཙུག་ལག་ཁང་གི་ཕྱོགས་སུ་ཕེབས་སོང་། ཕལ་ཆེ་མར་མེ་ཁྲོམ་སྐོར་”གཞི་རྒྱ་ཆེ་བ་”ཞིག་གནང་རྩིས་ཡིན་ནམ་ཅི། ད་དུང་ངའི་བསམ་ཚུལ་ཞིག་ལ། དྲ་ཐོག་གི་ཟིན་བྲིས་པ་ཚོས་འདིའི་ཕྱོགས་ལའང་རྩོམ་ཐུང་རེ་ཨེ་ཕྲིས་བལྟས་ན་བཟང་གི་སྙམ། ང་ནི་ཆབ་སྲིད་ཟེར་ན་ཅི་ཡིན་ཡང་མི་ཤེས་མཁན་གྱི་བླུན་རྒན་ཞིག་ཡིན། དེ་བས་དྲ་གྲོགས་ཚོར་རེ་སྐུལ་ལྟ་བུ་བྱས་པ་ཡིན་ལགས། “རྣོ་ངར་རལ་གྲིའི་སོ་ཁ་ཕྱི་ལ་སྐོརད།།”ཅེས་པ་འདི་སྐུ་ཞབས་ཧོར་གཙང་འཇིགས་མེད་ལགས་ཀྱི་(སྤངས་འོས་པའི་གཤིས་ལ)ཞེས་སྙན་ངག་དེའི་ནང་གི་ཚིག་ཅིག་རེད། ང་ཚིག་འདི་ལ་ཧ་ཅང་དགའ། འོན་ཀྱང་ངའི་རལ་གྲི་ལ་རྣོ་མེད་ཀི དེ་བས་ཕྱི་ལ་བསྐོར་ཀྱང་ཅང་སོད་རྒྱུ་མ་རེད། ཧ་ཧ་ཧ ཡང་ཉོག་གཏམ་བཤད་འགོ་བཙུགས་སོང་། དགོངས་པ་མ་ཚོམས་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese