མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཀརྨ་ཆོས་འཕེལ་གྱིས་ངེས་པར་དུ་དགོངས་པ་ཞུ་དགོས།

བོད་ཀྱི་དུས་བབ།
༢༠༠༩/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

དབུས་གཙང་ཆོལ་ཁའི་རྒྱུན་ལས་སྐབས་བཅུ་པའི་འགན་འཛིན་ལྷན་ཚོགས་སྟེང་དུ། དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་བཟང་སྤྱོད་ཀྱི་ཐོག་ནས་སྤྱི་འཐུས་ཞབས་སྟེགས་ནས་རྩ་དགོངས་ཞུ་དགོས་སྐོར་གྱི་གྲོས་ཆོད་བཞག་འདུག

ཕྱི་ཚེས་ ༢༣ ནས་ ༢༥ བར་འཚོགས་པའི་དབུས་གཙང་ཆོལ་ཁའི་རྒྱུན་ལས་སྐབས་བཅུ་པའི་འགན་འཛིན་ལྷན་ཚོགས་ཐོག་ཟུར་རྒྱན་གྲོས་ཆོད་དོན་ཚན་གཉིས་ཅན་ཞིག་བཞག་སྟེ། དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་བཟང་སྤྱོད་ཐོག་ནས་དགོངས་པ་ཞུ་དགོས་སྐོར་བཤད་ཡོད་པ་རེད།

དེ་ཡང་དོན་ཚན་དང་པོའི་ནང་འཁོད་དོན། ད་ལམ་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་ ༨ པའི་ཡིག་ཆ་ཨང་ ༣༨ པའི་སྐོར་གྲོས་ཚོགས་ནང་མར་གཙོའི་ལྟ་གྲུབ་ལྟར་དགེ་སྐྱོན་ཡོ་བསྲང་གི་བགྲོ་གླེང་ཇི་བཞིན་མ་གནང་བར་གྲོས་ཚོགས་ཀྱི་འཆར་དོན་ལས་རིམ་དོན་ཚན་མཇུག་སྐྱོང་འགྲོ་མ་ཐུབ་པའི་གནས་སྟངས་བྱུང་བར་དབུས་གཙང་ཆོལ་ཁའི་འགན་འཛིན་ལྷན་ཚོགས་ནས་བློ་ཕམ་ཆེན་པོས་གྲོས་ཆོད་སྣོན་འཇོག་བྱ་དགོས་བྱུང་ཅེས་དང་། དོན་ཚན་གཉིས་པར། ཕྱོགས་མཚུངས་དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་སྐབས་དེར་གཏམ་བཤད་གནང་ཁག་དབུས་གཙང་རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་འགན་བསྐུར་གྱི་རྒྱ་ལས་ཡོངས་སུ་འགལ་བར་ཚོགས་ཐོག་འདི་ནས་ངོ་རྒོལ་དང་འབྲེལ་བཟང་སྤྱོད་ཀྱི་ཐོག་ནས་སྤྱི་འཐུས་ཀྱི་མཚན་ཁུར་དགོངས་ཞུ་ངེས་པར་གནང་དགོས་པར་གྲོས་འཆམ། ཞེས་བཀོད་འདུག

གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། དབུས་གཙང་ཆོལ་ཁའི་ངོས་ནས་ད་བར་སྤྱི་འཐུས་བྱེ་བྲག་པ་ཞིག་གི་སྟེང་དུ་འདི་ལྟའི་གྲོས་ཆོད་འཇོག་མྱོང་མི་འདུག་ལ། ད་བར་དུ་བོད་མི་མང་སྤྱི་འཐུས་ཁོངས་ནས་སྤྱི་འཐུས་བྱེ་བྲག་པ་ཞིག་མི་མང་གི་ངོ་རྒོལ་ལ་བརྟེན་ནས་རྩ་དགོངས་ཞུས་པའི་ལོ་རྒྱུས་མི་འདུག

ཕྱི་ཚེས་ ༣༠ ཉིན་དབུས་གཙང་སྤྱི་འཐུས་ཀརྨ་ཆོས་འཔེལ་ལགས་ཀྱིས་འདི་ག་གསར་ཁང་ལ་བརྗོད་དོན། སྤྱིར་གནད་དོན་འདིའི་རིགས་གླེང་མ་དགོས་ན་བསམ་ཡོད། ང་དབུས་གཙང་གི་ཁོངས་རེད། ཡིན་ཡང་། ང་སྤྱི་འཐུས་ལ་ཡོང་ས་གཙོ་བོ་མངའ་རིས་སྤྱི་མཐུན་ཚོགས་པའི་ཁོངས་ཡིན་ལ། མངའ་རིས་སྤྱི་མཐུན་ཚོགས་པའི་ངོས་ནས་ད་ཡོད་ཀྱི་དབུས་གཙང་ཆོལ་ཁའི་རྒྱུན་ལས་ཁང་ཟེར་བ་འདིར་ངོས་ལེན་མེད་སྟབས། ང་ཚོས་མངའ་རིས་སྤྱི་མཐུན་ཚོགས་པ་ཟུར་དུ་བཙུགས་ཡོད་པ་རེད། དེ་བས་དབུས་གཙང་ཆོལ་ཁའི་རྒྱུན་ལས་དང་འགན་འཛིན་ལྷན་ཚོགས་ཡིན་ཟེར་མཁན་ཚོས་འདི་ལྟ་བུའི་གྲོས་ཆོད་བཞག་པ་དེར་དབང་ཚད་ཅིག་ཡོད་པར་ངོས་འཛིན་ཞུ་གི་མེད། ཅེས་གསུངས་སོང་།

དེ་བཞིན་དབུས་གཙང་སྤྱི་འཐུས་ལས་ཐོགས་ཤིག་གིས་འདི་ག་གསར་ཁང་ལ་བརྗོད་དོན། ངས་བལྟས་ན་གྲོས་ཆོད་འདི་ལ་ནུས་པ་ཡོད་པ་རེད་འདོད། སྤྱི་འཐུས་ཤིག་འཕུད་དགོས་ན་བཅའ་ཁྲིམས་ཀྱི་དགོངས་དོན་ལྟར། སྤྱི་འཐུས་བྱེ་བྲག་ལ་འཔ་འགྱུར་གཏོང་བ་ལ། རང་ཉིད་འདེམས་མཁན་གྱི་མི་མང་གི་མང་མོས་མེད་པའི་གནས་ཚུལ་ར་འཕྲོད་ཀྱིས། སྤྱི་འཐུས་ལྷན་ཚོགས་ནས་འཕོ་འགྱུར་བྱ་རྒྱུར་མང་མོས་ཐག་གཅོད་བྱུང་བ་བཅས་ཀྱི་སྐབས་རང་ཉིད་སྤྱི་འཐུས་ནས་འཕ་དགོས་པ་རེད་ཅེས་ཟེར་ལ། ད་རེབ་ཀྱི་འདི་འབོད་སྐུལ་ཙམ་གྱི་ངོ་བོར་བལྟས་ན་ནི་འགྲིག་གི་རེད། འབོད་སྐུལ་ཞུ་མི་ཆོག་ཟེར་སྲོལ་ཡོད་པ་མ་རེད། ཅེས་བརྗོད་བྱུང་།

འབྲེལ་ཡོད་གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ཟབ་སྦྱོང་གི་ཚོགས་བཅར་བའི་ཚན་རིག་རྟགས་གསལ་གཏོང་བའི་ཚོགས་མགོན་དུ་ཕེབས། ༢༠༢༥།༡༢།༡༨ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་ཚན་རིག་སྦྱང་དགོས་པའི་བཀའ་སློབ་བསྩལ།

ཆུ་ཚོད་ ༩ སྔོན་ལ།
བོད་ཁྲི་ཀ་རྫོང་ཁོངས་ནས་ཡིན་པའི་བུད་མེད་ཡུལ་སྐོར་སྣེ་ཤན་པ་ཚེ་རིང་མཚོ་ལགས་ལ་ལོ་གཅིག་བཙོན་འཇུག་ཁྲིམས་ཐག་བཅད། འདི་གར་མཁོ་སྤྲོད་བྱས་པའི་པར།
Mobile App

ཚེ་རིང་མཚོ་ལགས་ལ་ལོ་གཅིག་གི་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༠ སྔོན་ལ།
རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་གནང་། ༢༠༢༥།༡༢།༡༨ བོད་ཀྱི་དཔེ་མཛོད་ཁང་ག་ིཔར།
གསར་འགྱུར།

རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་སྤེལ་གནང་།

ཆུ་ཚོད་ ༡༠ སྔོན་ལ།
Glimpses of the Program’s proceedings; Dignitaries observing Indian & Tibetan National Anthem, Lighting of Lamp, and a group photo of Dignitaries on the Dias with students of the Arya Mahila P.G. College, Varanasi
Mobile App

བོད་དང་གངས་རིན་པོ་ཆེའི་ནང་རང་དབང་ཐོག་འགྲོ་སྐྱོད་ཆོག་པའི་མཚན་རྟགས་བསྡུ་རུབ་བྱེད་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
Activists call for a boycott of the 2022 Beijing Winter Olympics due to concerns over China's human rights record, in front of the Chinese Consulate in Los Angeles, California, Nov. 3, 2021. Representative Image
གསར་འགྱུར།

ཨ་རིའི་སློབ་ཆེན་ཁག་ཏུ་བོད་ཡིག་སློབ་ཚན་འཇུག་དགོས་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༡༠ སྔོན་ལ།
Police lead Hong Kong pro-democracy media mogul Jimmy Lai (C), 72, away from his home after he was arrested under the new national security law in Hong kong on August 10, 2020. Photo by by VERNON YUEN/AFP via Getty Images.
གསར་འགྱུར།

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མྱུར་ཏུ་ཀློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༡༢/༡༧

མཆན། 50

  1. རྒྱ་མ་ཁྲི་ཁང་། says:
    ལོ་ 16 སྔོན།

    མངའ་རིས་དེ་ཆོལ་ཁ་གཅིག་ཏུ་བརྩིས་ནའང་ཁྱད་འཚར་པོ་འདུག་གང་ལྟར་རྒྱ་གཞུང་གི་འགྲེལ་
    བཤད་བྱ་བཞིན་པའི་བོད་ལྗོངས་ནི་མ་གཞི་ནས་འངའ་རིས་གཅིག་པུ་རེད་པ་་་་་་་་

    Reply
  2. མགོ་བདེ་བོ། says:
    ལོ་ 16 སྔོན།

    རྡོ་རྗེ་དགྲ་འདུལ་གྱིས་གཏམ་དྲང་མོ་བཤད་འདུག་ག
    ངས་ནི་སྔོན་མ་ནས་ཧ་གོ་སོང་།
    དཀར་མཛེས་ཚུལ་ཁྲིམས་འོད་ཟེར་ཐོག་རྒོད་ཡིན་པའི་ར་སྤྲོད་གསལ་བོ་ཡོད།
    དེ་བྱས་ན་ད་ལྟ་སྔ་དྲགས་འདུག
    རྗེས་མ་སྤྱི་མཐུས་འོས་བསྡུ་སྐབས་དཀར་མཛེས་ཚུལ་ཁྲིམས་ཀྱི་ལོ་རྒྱུས་དང་ཁོས་ནང་མོལ་གྱིས་བཤད་པ༼ཁེ་སངས་ག་བ་འདུག་ན། དེའི་ནང་འགྲོ་དགོས་རེད་༽འདི་ཚོ་ཕྱོགས་བསྡོམས་ཀྱིས་འགྲེམས་སྤེལ་བྱེད་ཀྱི་ཡིན།

    Reply
  3. མགོ་བདེ་བོ། says:
    ལོ་ 16 སྔོན།

    ཀརྨ་ཆོས་འཕེལ་ནི།
    གཞོན་ནུ་ལྷན་ཚོགས་དང་པོ་འཛུགས་མཁན་གྱི་གྲས་རེད།
    མཆན་འགོད་པ་རྒྱུགས་ཁྱི་འདི་ཚོས་གནད་དོན་མ་ཤེས་པའི་ལོང་གཏམ་བཤད་ཀྱིན་འདུག
    དབུས་གཙང་རྒྱུན་ལས་ཟེར་ནའང་ཟླ་བ་ཚེ་རིང་གིས་ཅི་བཤད་བྱེད་ས་དེ་རེད་བ་ཡ།
    ཟླ་བ་ཚེ་རིང་ནི་བོད་གཞུང་གི་ས་ཆ་སྒེར་བདག་བྱེད་མཁན་དེ་རེད།
    ད་རུང་བཙན་བྱོལ་ཆེས་མཐོའི་ཁྲིམས་ཁང་ལ་རྩིས་མེད་བྱེད་མཁན་དེ་རེད།
    དེ་ཡིན་དོན་ནི།
    རྡ་སའི་ཡོང་གླིང་སློབ་གྲྭ་རྡ་སའི་མི་མང་གི་ཡིན་ནའང་ཁོས་ཁོ་ལ་དག་ཚུལ་བཤད་དེ་སྒེར་བདག་བྱས་པ་རེད།
    དེ་ཉིད་དབུས་གཙང་གི་ལྷག་བསམ་ཅན་གྱི་མི་ཕོ་ཡབ་ལགས་ཀྱིས་ཆེས་མཐོའི་ཁྲིམས་ཁང་ལ་བཏུགས་ནས་ཡབ་ལ་ཁྲིམས་ཐོབ་སྟེ། ཁྲིམས་ཁང་གིས་ས་ཆ་མི་མང་ལ་ཕྱིར་སྤྲོད་དགོས་པའི་བཅད་ཁྲ་བཏང་དུས་ཡང་ཟླ་བ་ཚེ་རིང་གིས་དེར་ངོས་ལེན་མ་བྱས་པ་རེད།
    འདི་ནི་བོད་ཀྱི་སྤྱི་མཐུས་ཡིན་པ་ཞིག་གིས་བོད་ཀྱི་ཁྲིམས་ཁང་ལ་ངོས་ལེན་པའི་བྱས་པ་རེད།
    དེ་ནས་ཁོས་རྒྱ་གར་ཁྲིམས་ཁང་ལ་བཏུགས་ནས་ད་ལྟ་ཁྲིམས་འགྲོ་བཞིན་པ་ཞིག་རེད།
    མི་ངན་འདི་འདྲ་ཞིག་ད་རུང་བོད་ཀྱི་གྲོས་ཚོགས་ནང་འཚོགས་བཞིན་ཡོད་འདུག
    ཐབས་ཟད་ནས་འུ་ཐུག་པ་ལོས་ཡིན།
    ཀརྨ་ཆོས་འཕེལ་མངའ་རིས་སྤྱི་མཐུས་ཡིན་པ་གསལ་པོ་རེད།
    དེ་ཡིན་དུས་མངའ་རིས་མི་མང་གིས་ཁོ་ལ་རྒྱབ་སྐྱོར་བྱེད་བཞིན་པ་རེད།
    དབུས་གཙང་རྒྱུན་ལས་ཀྱིས་ག་རེ་ལབ་ནའང་ཁོང་ཚོའི་ཞེ་ནད་དེ་གསལ་ཐུབ་ཐབས་མེད་ལ་ཐོབ་ཐང་ཡང་མེད།
    ཀརྨ་ཆོས་འཕེལ་ནི་ད་ལྟའི་གྲོས་ཚོགས་ནང་ནི་ཤེས་འགྱོན་ཆེ་ཤོས་ཀྱི་མི་སྣ་ཞིག་རེད།
    གལ་སྲིད་དབུས་གཙང་གི་ཉོག་གཏམ་འདིར་ཚོ་ལ་བརྟེན་ནས་ཀརྨ་ཆོས་འཕེལ་ལགས་དགོངས་ཞུས་བྱས་ན།
    དེ་ནི་དབུས་གཙང་སྤྱིའི་གྱོང་གོད་བླ་ན་མེད་པ་ཞིག་རེད།
    ཀརྨ་ཆོས་འཕེལ་གྱི་ཕ་ཁམས་པ་ཡིན་ལ། མ་མངའ་རིས་ཡིན།
    དེས་ན་ཁོང་སྐབས་བཅོ་ལྔ་བའི་སྤྱི་མཐུས་དེ་མདོ་སྟོད་ཡིན་སོང་ན་གང་འདྲ་འདུག
    དེ་དུས་འགྲམ་ལྕག་གདོང་ལ་ཟེད་ནས་འདུག་དགོས་རྒྱུ་ལས་བཤད་བཤད་བྱེད་ས་མེད་ལ།
    ཟླ་བ་ཚེ་རིང་གིས་རྒྱུ་ངོམས་བྱེད་ས་མེད་རེད

    Reply
  4. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 16 སྔོན།

    ད་ཡིན་ན་དཀོན་མཆོག་མཁྱེན་སྤྱི་འཐུས་ག་གེ་མོ་ཞིག་གི་བདེན་པའི་རྒྱབ་ལང་གི་རྒྱུ་རྐྱེན་རྟེན་ཆོལ་་ཁ་ག་གེ་མོ་ཞིག་གི་ཕྱིར་འབུད་བྱ་རྒྱུ་བའི་གྲ་སྒྲིགས་ལ་ལྟོས་དང་ཆོལ་གསུམ་གོམ་བུ་ཆིག་སྒྲིལ་ཟེར་བ་དེ་གང་ན་ཡོད།

    Reply
  5. རྡོ་རྗེ་དགྲ་འདུལ། says:
    ལོ་ 16 སྔོན།

    གསེར་རྫུན་ཚུལ་ཁྲིམས་འོད་ཟེར་ལ་གོང་གི་འོས་ཆོས་དེ་ཚོ་ཚང་ཡོད་དམ?????
    ཐོག་རྒོད་ཟེར་བ་འདི་རྒྱ་མིའི་རྒྱུག་ཁྱི་ཕོག་ཟན་ཞིག་ཡིན་པར་དྲྭ་གྲོགས་ཚང་མས་ཤེས་བཞིན་པ་རེད། ཁོས་ད་རེས་ཀྱི་སྤྱི་འཐུས་ཀྱི་རྩོད་རྙོག་འདི་གཞི་རྒྱ་ཆེན་པོ་ཞིག་ཆགས་ཡ་གཅིག་པུ་ལ་བསམ་མནོ་བཏང་བསྡད་ཡོད་པ་ཧ་ཅང་གསལ་བོ་རེད། དྲྭ་གྲོགས་ཚང་མས་ངེས་པར་དུ་ཤེས་པར་གྱིས། ཕྱིན་ཆད་ཐོག་རྒོད་ཟེར་བའི་མི་ངན་དཀྲུགས་འདྲེ་འདིའི་ཁ་ལ་སུས་ཀྱང་མི་ཉན་པའི་རེ་སྐུལ་ཞུ་བ་ཡིན། མི་འདིས་དོན་མེད་ཀྱི་རྩོད་རྙོགས་གནའ་སྔ་མོ་ཟིག་ནས་སོང་ཟིན་པའི་ལོ་རྒྱུས་རྐྱང་རྐྱང་བསྐྱར་དུ་སློང་ཡོང་གི་འདུག་པ་ཚང་མས་ཤེས་བཞིན་པ་རེད། གཅིག་བྱས་ན་མི་འདི་གསེར་རྫུན་ཚུལ་ཁྲིམས་འོད་ཟེར་ཟེར་བའི་ཞབས་འདྲེན་དེ་ཡིན་ཤས་ཆེ།
    ༡༽ གང་ཡིན་ཟེར་ན་ཁོ་རང་གི་སྐོར་མང་པོ་ཞིག་ཤོད་བཞིན་པ་འདི་དང་།
    ༢༽ ཁམས་གསེར་རྟ་ཨ་མདོ་ཡིན་ཚུལ་གྱི་ལོ་རྒྱུས་སྐབས་དོན་དང་མ་འབྲེལ་བ་མང་པོ་ ཤོད་ཀྱིན་ཡོད་པ་དང་།
    ༣༽ འབྲེལ་མེད་རྐྱང་རྐྱང་མ་གཏོགས་སྐད་ཆ་ཁྱོན་ནས་ཤོད་མི་ཤེས་པ་དང་།
    ༤༽ རྒྱ་གར་ལྷོ་ཕྱོགས་མོན་གྷོའི་གྲྭ་ཚང་ཁག་དགུ་དང་གཞིས་གྲོང་དགུས་མཚོན་པའི་མོན་གྷོ་མི་མང་ཡོངས་རྫོགས་དོལ་ཚོགས་ཀྱི་ཁོངས་སུ་བསྡུ་རྐྱང་བྱས་པ་དང་།
    ༥༽ ཁམས་པའི་ཐོག་ལ་ཞེ་འཁོན་ཧ་ཅང་ཆེ་བ་བཅས་ལ་དཔག་ན་གསེར་རྫུན་དཀར་བཛེས་བ་ཚུལ་ཁྲིམས་འོད་ཟེར་ཡིན་པར་ཤེས་ཐུབ་པ་འདྲ་ཞིག་རེད།
    གང་ལྟར་ཡང་དྲྭ་གྲོགས་ཚང་མས་ཤེས་རྒྱུ་ལ་ཐོག་རྒོད་འདི་རྒྱ་མིའི་རྒྱུག་ཁྱི་ཡིན་མིན་ལ་ཐེ་ཚོམ་མི་འདུག ངས་གོ་ཚོད་ལ་གསེར་རྫུན་དཀར་མཛེས་བ་ཚུལ་ཁྲིམས་འོད་ཟེར་གྱིས་ཁོ་རང་ལ་འགྲོ་སོང་གཏོང་མཁན་དེ་རྒྱ་མིའི་སོ་བ་ཡིན་པར་མ་ཤེས་པས་ད་རེས་ཀྱི་གོ་སྐབས་འདི་བེད་སྤྱོད་བྱས་ཏེ་བོད་ནང་ཁུལ་ལ་དཀྲུགས་ཤིང་རྒྱག་གི་མེད་འགྲོ་བསམ། བོད་ཀྱི་བཀའ་བློན་ཁྲི་ཟུར་བོད་གཞུང་ལ་བཀའ་དྲིན་ལྷག་པར་དུ་ཆེ་བ་སྐུ་ངོ་འཇུ་ཆེན་ལ་མི་དགའ་ལུགས་ལ་བལྟས་ན་རྒྱ་མིའི་སོ་བ་ཡིན་མིན་ལ་ཐེ་ཚོམ་མི་འདུག དེ་བཞིན་སྐབས་དོན་དང་འབྲེལ་བ་ཁྱོན་ནས་མེད་པའི་དཀྲུགས་ཤིང་གི་སྐད་ཆ་མང་པོ་ཞིག་ཁུར་ཡོང་ལུགས་བལྟས་ན་ཤེས་ཐུབ་ཀྱི་འདུག ཕྱིན་ཆད་ཨ་མདོ་བས་འདི་འདྲ་བའི་ཆོ་མེད་ཅིག་སྤྱི་འཐུས་ལ་མ་འདམ་རོགས། ཕྲན་མདོ་སྨད་རྒྱ་ཆེའི་མི་མང་ལ་དགའ་གུས་ཚད་མེད་པ་ཡོད་ཀྱང་གསེར་རྫུན་ཚུལ་ཁྲིམས་འོད་ཟེར་ཟེར་བ་དེ་ལ་རྒྱབ་སྐྱོར་བྱས་པ་དེ་མཐའ་གཅིག་ཏུ་ནོར་བ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཕ་ཡུལ་ནས་ཡོང་བའི་ཁམས་གསེར་རྟའི་མི་མང་པོ་ལ་ང་ཐུག་པས་ཁོང་ཚོ་ཚང་མས་ཚུལ་ཁྲིམས་ཟེར་ཟེར་བའི་དཀར་མཛེས་རྫོང་གི་དགེ་རྩེ་རྡ་ཐལ་མའི་གྲྭ་མགོ་སེ་དེས་ང་ཚོའི་ལུང་པ་ལ་དཀྲུགས་ཤིང་མང་པོ་བརྒྱབ་སོང་ཟེར་མཁན་རྐྱང་རྐྱང་རེད། གཞིས་ལུས་རྒྱ་ཆེའི་མི་མང་ནང་དུ་དཀྲུགས་ཤིང་རྒྱག་མཁན་གྱི་མི་འདི་རྒྱ་མིའི་སོ་བ་མིན་ན་སུ་རྒྱ་མའི་སོ་བ་ཡིན།

    Reply
  6. སྐྱིད་པོ་བཏང་། says:
    ལོ་ 16 སྔོན།

    བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་སོ་བརྒྱད་པ། སྤྱི་འཐུས་ཀྱི་་འོས་ཆོས། སྤྱི་འཐུས་ཀྱི་འོས་གཞིར་ཞུགས་པ་ལ།
    ༡། བོད་ཀྱི་ཡུལ་མི་ཡིན་པ།
    ༢། རང་ལོ་ ༢༥ ཧྲིལ་པོ་ལོན་པ།
    ༣། ཀྲིམས་ཁང་ངམ། སྨན་པ་ཚད་ལྡན་གྱིས་རིག་འཚོ་མ་ཟིན་པར་གསལ་བསྒྲགས་བྱས་པ་མ་ཡིན་པ།
    ༤། བུ་ལོན་སྒྲུབ་འཇལ་མ་ཐུབ་པ་མ་ཡིན་པ།
    ༥། ཁྲིམས་ཁང་ནས་ནག་ཉེས་ཕོག་ཟིན་པ་མ་ཡིན་པ།
    ༦། གཞུང་ཁོངས་ཁེ་ཡོད་ལས་འཛིན་མ་ཡིན་པ།
    ༧། བོད་མིའི་ཁེ་ཕན་ལ་གནོད་གཞིའི་རྒྱལ་ཁབ་གཞན་གྱི་ལས་དོན་དང། གོ་གནས། དངུལ་དངོས་ཀྱི་ཁེ་ཕན་ཡོད་རིགས་མ་ཡིན་པ།
    ༨། སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་འོས་བསྡུའི་ཁྲིམས་ལུགས་སམ། སྒྲིག་གཞི་ཅི་རིགས་དང་མི་འགལ་བ་བཅས་ཞེས་འཁོད་ཡོད།

    བོད་མི་ཚང་མས་ད་ལྟའི་སྤྱི་འཐུས་རྣམས་ལ་འོས་ཆོས་འདི་རྣམས་ཚང་ཡོད་མེད་གཟིགས་དགོས། དེ་བཞིན་འོས་གཞི་འདི་དག་ལས་མང་བའམ་ཉུང་བ་གང་དགོས་མིན་ཐོག་བོད་མི་རྣམས་ཀྱིས་ངེས་པར་དུ་བསམ་གཞིགས་བྱེད་དགོས།

    Reply
  7. ཨ་ཆོས་འཛིན། says:
    ལོ་ 16 སྔོན།

    ད་དུང་མི་མང་གིས་མགོ་མ་འཁོར་བར་སྤྱི་འཐུས་ཚོ་བཅོས་བསྒྱུར་གྱི་ལས་འགུལ་ཞིག་སྤེལ་དགོས་པ་དུས་ལ་བབས་ཡོད།

    Reply
  8. ཨ་ཆོས་འཛིན། says:
    ལོ་ 16 སྔོན།

    མི་མང་གིས་བསྐོ་བཞག་བྱས་པའི་འཐུས་མི་མི་མང་གིས་ཕྱིར་བསྡུ་བྱ་བའི་ཐོབ་ཐང་མི་མང་ལ་ཡོད་པ་མང་གཙོའི་ཁྱད་ཆོས་ཞིག་ཡིན་ཡང་།སྐུ་ངོ་ལགས་ཀྱིས་ད་དུང་ཚོ་ཁག་ཅིག་རྒྱབ་ཤེད་ཀྱིས་འཐེན་འཁྱེར་བྱེད་བཞིན་པ་འདི།གཅིག་བྱས་ན་གནམ་གྲུའི་ནང་གི་ཨ་རག་ཏོག་ཙམ་བཞེས་མིན་འགྲོ།

    Reply
  9. ཚྭ་སྒང་ཕོ་ཉ། says:
    ལོ་ 16 སྔོན།

    རྒྱུན་དུ་ཆིག་སྒྲིལ་དང་འཆམས་མཐུན་སོགས་ཀྱི་སྐད་ཆ་སྟོང་པ་ག་ཚོད་བཤད་ཀྱང་རུང་། འདི་ལྟ་བུ་གནས་ཚུལ་བྱུང་སྐབས་གཟབ་ནན་མ་བྱས་ན་རང་མདོག་ཕྱི་ལ་སྟོན་པ་ཐེ་མི་ཚོམ།

    དབུས་གཙང་སྤྱི་མཐུན་ཚོགས་པས་ཐིང་འདིའི་གནས་ཚུལ་ལ་ཐུགས་བསམ་རྒྱ་ཆེན་པོ་གཞིས་འདུག་ཧ་ཧ་ཧ་གོ་སྐབས་ཤོར་མི་ཉན་ཤུགས་རྒྱོབ་།།

    Reply
  10. ཨ་ལ་ལ says:
    ལོ་ 16 སྔོན།

    རྡོ་རྗེ་དགྲ་འདུལ་ཟེར་བ་འདི་ད་དུང་ཡང་དྲ་སྟེང་དུ་སླེབས་པའི་དུས་རེད་མི་འདུག ཁོས་ནམ་ཡིན་ཡང་བློ་མ་སྨིན་པའི་གཏམ་སྣ་ཚོགས་བཤད་ཀྱི་འདུག དྲ་གྲོགས་རྣམས་ཀྱིས་ཤོད་དང་ངའི་སྐད་ཆ་འདི་བདེན་ནམ། དྲ་ཐོག་ཏུ་སླེབས་ཚར་ན་གུ་ཡངས་སིང་མགོ་ཚོས་པ་ཞིག་དགོས་ཀྱི་རེད།

    Reply
  11. རྡོ་རྗེ་དགྲ་འདུལ། says:
    ལོ་ 16 སྔོན།

    དྲྭ་གྲོགས་ཚོ་ད་རེས་དུས་བབ་གསར་འགོད་པས་ནོར་མི་འདུག་བོད་པའི་གྲོང་གསེབ་ལངས་ཕྱོགས་དང་འཐེན་ཁྱེར་གང་ཡང་་མི་ཤེས་མཁན་མི་དྲང་མོ་དྲང་རྐྱང་དེ་ཚོ་ལ་སྐད་ཆ་དྲིས་པས་ཚང་མས་ས་རྟགས་བསྡུ་་རུབ་བྱེད་མཁན་ཚོས་ནོར་བ་རེད་ཅེས་ཤོད་ཀྱིན་འདུག ལྐོག་ལྐོག་སིད་སིད་ངང་ས་ཡིག་བསྡུ་རུབ་བྱེད་པ་ནི་ཚུལ་མཐུན་ཞིག་མ་རེད་ལ་ཁོང་ཚོས་གྲོས་ཚོགས་ཀྱི་ཁང་པའི་ནང་དུ་ས་རྟགས་བསྡུ་རུབ་བྱེད་པའི་སྤོབས་པ་མེད་པ ་རེད། ཁོང་ཚོས་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་ནས་བོད་པ་ནང་ཁུལ་ལ་དཀྲུགས་ཤིང་
    ཤིག་རྒྱག་དགོས་བསམ་མཁན་ཡང་མེད་པ་མ་རེད་ཅེས་བཤད་མཁན་མང་པོ་འདུག

    Reply
  12. རྡོ་རྗེ་དགྲ་འདུལ། says:
    ལོ་ 16 སྔོན།

    དྲྭ་གྲོགས་ཚོ་ད་རེས་དུས་བབ་གསར་འགོད་པས་ནོར་མི་འདུག་བོད་པའི་གྲོང་གསེབ་ལངས་ཕྱོགས་དང་འཐེན་ཁྱེར་གང་ཡང་་མི་ཤེས་མཁན་མི་དྲང་མོ་དྲང་རྐྱང་དེ་ཚོ་ལ་སྐད་ཆ་དྲིས་པས་ཚང་མས་ས་རྟགས་བསྡུ་་རུབ་བྱེད་མཁན་ཚོས་ནོར་བ་རེད་ཅེས་ཤོད་ཀྱིན་འདུག ལྐོག་ལྐོག་སིད་སིད་ངང་ས་ཡིག་བསྡུ་རུབ་བྱེད་པ་ནི་ཚུལ་མཐུན་ཞིག་མ་རེད་ལ་ཁོང་ཚོས་གྲོས་ཚོགས་ཀྱི་ཁང་པའི་ནང་དུ་ས་རྟགས་བསྡུ་རུབ་བྱེད་པའི་སྤོབས་པ་མེད་པ ་རེད། ཁོང་ཚོས་ད་རེས་ཀྱི་གོ་སྐབས་འདི་བརྒྱུད་ནས་བོད་པ་ནང་ཁུལ་ལ་དཀྲུགས་ཤིང་
    ཤིག་རྒྱག་དགོས་བསམ་མཁན་ཡང་མེད་པ་མ་རེད་ཅེས་བཤད་མཁན་མང་པོ་འདུག

    Reply
  13. kunsal says:
    ལོ་ 16 སྔོན།

    གྲོས་འཆར་འདོན་མཁན་དང་རྒྱབ་སྐྱོར་བྱེད་མཁན་ནོར་བའི་འོས་འཕེན་མཁན་རྣམས་ནི་གྲོས་འཆར་ལ་དགག་པ་རྒྱག་མཁན་གྱི་ཕྱོགས་གཏོགས་པ་ཡིན་པ་ལས་གཞན་མ་ཡིན། རང་གི་བསམ་ཚུལ་འདོན་པ་ནི་མང་གཙོའི་འགྲོ་ལུགས་དང་ཐོབ་ཐང་རེད། དེ་ནོར་ན་མང་གཙོ་མ་རེད། གོང་གི་དུས་བབ་ཀྱིས་ཁྱོག་བཤད་བྱས་སྐོར་གསལ་བཤད་ངེས་པར་གནང་རོགས་རོགས།

    Reply
  14. དྲང་ཐིག says:
    ལོ་ 16 སྔོན།

    བོད་ཀྱི་དུས་བབ་རྩོམ་སྒྲིག་ཁང་གིས་དྲང་པོ་མ་བྱས་པའི་བསམ་ཤོག་གི་གྲུབ་འབྲས།

    ཉེ་ཆར་སྐབས་བཅུ་བཞི་པའི་སྤྱི་འཐུས་གྲོས་ཚོགས་ཐེངས་བརྒྱད་པ་མཇུག་བསྡོམས་མ་ཐུབ་པའི་སྐོར་ལ་དུས་བབ་དྲ་ཚིགས་ནང་སུའི་ནོར་མིན་གྱི་བསམ་ཤོག་ཅིག་བསྡུས་སོང་བའི་གྲུབ་འབྲས་ ༢༠༠༩།༩།༢༩ དགོང་དྲོ་ཆུ་ཚོད་ ༧།༥༠ ཐོག
    《སྐབས་བརྒྱད་པའི་གྲོས་ཚོགས་ཀྱི་མཇུག་སྡོམ་ཡང་གནང་མ་ཐུབ་པར་དུས་ཚོད་ངེས་མེད་བར་ཚོགས་གསེང་མི་གཏོང་ཐབས་མེད་བྱུང་བ་འདི་ནི།
    གྲོས་གཞི་འདོན་མཁན་ནོར་བ་རེད། (༥༡)
    ས་རྟགས་འགོད་མཁན་ ༡༤ ནོར་བ་རེད། (༢༠༥)
    ཕྱི་ལ་ཐོན་མཁན་ ༡༢ ནོར་བ་རེད། (༩༢)
    ལམ་གྲོན་ཞུ་མཁན་ནོར་བ་རེད། (༤༠)
    རྒྱུན་ལས་ནོར་བ་རེད། (༣༧)》 ཞེས་ཁྱོན་འོས་གྲངས་ ༤༢༥གསལ་ཡོད་རེད། དེ་དགོང་མོ་པར་བཤུས་བྱས་ནས་ཉར་བ་ཡིན།

    ཡང་བོད་ཀྱི་དུས་བབ་ཚགས་ཤོག་སྤྱིའི་འདོན་ཐེངས་ ༤༦༢ ནང་༼བསམ་ཤོག༽ ཅེས་པའི་འོག
    《བསྡོམས་པའི་འོས་ཤོག་འཕེན་མཁན་མི་གྲངས་ ༤༠༤ 》 ཞེས་དང་།
    《སྐབས་བརྒྱད་པའི་གྲོས་ཚོགས་ཀྱི་མཇུག་སྡོམ་ཡང་གནང་མ་ཐུབ་པར་དུས་ཚོད་ངེས་མེད་བར་ཚོགས་གསེང་མི་གཏོང་ཐབས་མེད་བྱུང་བ་འདི་ནི།
    རྒྱུན་ལས་ནོར་བ་རེད། ༨༌༧༦%
    གྲོས་གཞི་འདོན་མཁན་ནོར་བ་རེད། ༡༠༌༨༢%
    སྤྱི་འཐུས། ༢༩༌༥༧%
    ཕྱི་ལ་ཐོན་མཁན་ ༡༢ ནོར་བ་རེད། ༢༠༌༤༠%
    ས་རྟགས་འགོད་མཁན་ ༡༤ ནོར་བ་རེད། ༥༠༌༢༤% 》 ཞེས་བྲིས་འདུག ཚགས་ཤོག་ནང་དོན་དངོས་འོས་ཤོག་གི་གྲངས་ཚད་ཆ་ཚང་བཀོད་མི་འདུག་པས་འོས་ཤོག་བླུག་མཁན་རྣམས་ལ་མགོ་བསྐོར་བཏང་འདུག ཡང་དྲ་རྒྱར་གསལ་བའི་ལམ་གྲོན་ཞུ་མཁན་ཟེར་བ་དེ་ཚགས་ཤོག་ནང་བཀོད་མི་འདུག་ཅིང་གལ་སྲིད་སྤྱི་འཐུས་ཟེར་བ་དེ་ཡིན་ཚེ་ཕྱི་ལ་ཐོན་མཁན་ ༡༢ དང་གྲོས་གཞི་འདོན་མཁན་ལས་འོས་གྲངས་ཉུང་བ་དྲ་ངོས་སུ་ཁྲ་ལམ་མེར་གསལ་འདུག་ཀྱང་ཚགས་ཐོག་ཏུ་བརྒྱ་ཆ་མང་བ་བཟོས་འདུག ཉེ་ཆར་གྱི་གནས་ཚུལ་དེ་བྱུང་བ་ནས་བཟུང་དུས་བབ་རྩོམ་སྒྲིག་པ་དང། གསར་འགོད་བ། ཟིན་བྲིས་བ་ཕལ་ཆེར་བཅས་ཀྱིས་ཕྱོགས་གཅིག་ཁོ་ནའི་སྐོར་ལ་བྲིས་འདུག་པ་ལྟར་དེ་རིང་གི་གནས་ཚུལ་འདིས་ར་སྤྲོད་དང་དྲང་པོ་བྱས་མེད་པ་གསལ་མི་འདུག་གམ།
    ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་༌༌༌༌༌༌༌༌༌༌༌༌༌༌༌༌༌༌ཧཧཧཧ༌༌༌༌༌༌༌༌༌༌༌༌༌༌༌༌༌ཧཧཧ༌༌༌༌ཧཧཧ

    Reply
  15. བདེ་ཆེན། says:
    ལོ་ 16 སྔོན།

    ད་ལྟ་སྤྱི་འཐུས་རྣམ་པས་་་་་་མིག་སྔར་དགོས་ངེས་ཀྱིས་སྒྲུབ་དགོས་པའི་བྱ་བ་ནི། གྲོས་ཚོགས་མཇུག་སྐྱོང་བྱ་རྒྱུ་དེ་རེད།།

    Reply
  16. kunsal says:
    ལོ་ 16 སྔོན།

    སྐབས་བཅུ་བཞི་པའི་ཚོགས་དུས་བརྒྱད་པའི་སྟེང་སྤྱི་འཐུས་སྒྲོལ་མ་མཚོ་མོ་ལགས་ཀྱིས་བཏོན་པའི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ལ་སྤྱི་འཐུས་བཅུ་བཞིས་རྒྱབ་སྐྱོར་མིང་རྟགས་བརྒྱབ་པ་དེར་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་ཀྱིས་དེ་ནི་དཔུང་ཤེད་ཡིན་པ་དང་ད་བར་དེ་འདྲ་བྱུང་མྱོང་མེད་ལུགས་གསུངས་སྐོར་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས། ༢༠༠༩ ཟླ་བ། ༩ ཚེས། ༡༩ ཉིན་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གནད་དོན་གླེང་མོལ་སྐབས་འདི་ལྟར་གསུངས་ཀྱི་འདུག ༼༢༠༠༡ ལོར། སྤྱི་འཐུས་སྐབས་བཅུ་གསུམ་པའི་སྐབས་སྤྱི་འཐུས་བརྒྱད་ཀྱིས་མཚན་རྟགས་བརྒྱབ་པའི་གྲོས་གཞི་གྲོས་འཆར་ཞིག་བྱུང་འདུག ཁ་ས་ང་ཚོར་ག་རེ་བཤད་སོང་ཟེར་ན། མི་བཅུ་བཞི་དེས་དཔུང་བསྒྲིགས་པ་རེད། དེ་འདྲའི་ལོ་རྒྱུས་ད་བར་བྱུང་ཡོག་མ་རེད་ཟེར། ༢༠༠༤ ཟླ་བ་གསུམ་པ་དང་དགུ་པའི་ནང་དབུ་མའི་ལམ་ལ་བསྐྱར་ཞིབ་དགོས་ཟེར་བར་སྤྱི་འཐུས་གསུམ་གྱིས་མཚན་རྟགས་བཀོད་པ་ཞིག་འདུག དེ་དཔུང་བསྒྲིགས་པ་རེད། མ་རེད། དེ་ནས་འཆར་གཞི་དེ་ཕྱིར་འཐེན་བྱེད་དགོས་ཟེར་བར་སྤྱི་འཐུས་ཉི་ཤུ་རྩ་བཞིས་མཚན་རྟགས་བཀོད་པའི་གྲོས་གཞི་གྲོས་འཆར་ཕུལ་བ་ཞིག་འདུག དེ་དཔུང་བསྒྲིགས་པ་རེད། མ་རེད། དེ་ནས་དབུ་མའི་ལམ་་་་་་་་་གསལ་པོ་མ་ཐོས་་་ གྲོས་གཞི་གྲོས་འཆར་གཅིག་འདུག དེ་ལ་སྤྱི་འཐུས་ཉི་ཤུས་མཚན་རྟགས་བརྒྱབ་འདུག དེ་ཚོ་དཔུང་བསྒྲིགས་པ་རེད། མ་རེད། དེ་ཚོ་དཔུང་བསྒྲིགས་པ་ཡིན་ན། ང་ཚོས་ཡང་དཔུང་བསྒྲིགས་པ་རེད་སོགས་གསུངས་སོང་། དེས་ན་གྲོས་འཆར་ལ་སྤྱི་འཐུས་བཅུ་བཞིས་རྒྱབ་སྐྱོར་ས་རྟགས་བརྒྱབ་པ་ནོར་འཁྲུལ་དང་སྐབས་འདི་འཁྲུག་རྐྱེན་གྱི་རྩ་བ་ཡིན་ལུགས་གསུངས་མཁན་ཚོས་ཞིབ་འཇུག་མཐིལ་ཕྱིན་དང་དགོངས་པ་གཟབ་ཙམ་བཞེས་དགོས་ཀྱི་འདུག

    Reply
  17. རྡོ་རྗེ་དགྲ་འདུལ། says:
    ལོ་ 16 སྔོན།

    དྲྭ་གྲོགས་བཙན་པོ་ལགས་མདོ་སྟོད་སྨད་ཀྱི་ས་ཁུལ་ལ་ཆ་རྒྱུས་ཡག་པོ་མེད་པ་ཞིག་ཡིན་པ་འདྲ། ཁྱེད་རང་གིས་ཨམ་སྐད་ཟེར་ས་འདི་འབྲོག་སྐད་བརྒྱབ་ཚད་ལ་གོ་བ་ལེན་གྱི་
    ཡོད་པ་འདྲ་བས་ངས་ཁྱེད་ལ་གསལ་བཤད་ཅིག་བྱེད་ཆོག། ཁམས་དཀར་མཛེས་རང་སྐྱོང་ཁུལ་དུ་ཡོད་པའི་འབྲོག་སྡེ་མང་ཆེ་བས་འབྲོག་སྐད་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད་
    དཔེར་ན། ཁམས་ལི་ཐང་གི་ཨོ་ཐོག་གི་གཙོས་པའི་ལི་ཐང་གི་འབྲོག་སྡེ། ཁམས་རྫ་ཆུ་ཁ།
    ཁམས་བྲག་མགོའི་འབྲོག་སྡེ། ཁམས་མི་ཉག་གི་འབྲོག་སྡེ། ཁམས་དཔའ་ཡུལ་གྱི་འབྲོག་
    སྡེ་ཁྲོམ་ཐལ། ཁམས་གསེར་རྟ་གཙོས་པའི་ཁམས་ཁུལ་དུ་འབྲོག་སྐད་བཙང་མ་བེད་སྤྱོད་
    བྱེད་མཁན་གྱི་འབྲོག་སྡེ་ཧ་ཅང་རྒྱ་ཆེ་ཞིང་ཁོང་ཚོའི་སྐད་ནི མགོ་ལོག་གི་སྐད་དང་འདྲ་བོ་ཞིག་ཡོད་པ་རེད།

    Reply
  18. བཙན་པོ། says:
    ལོ་ 16 སྔོན།

    གསེར་རྟ་ཚུལ་ཁྲིམས་འོད་ཟེར་་་ཟེར་བ་འདི་ཨ་མདོ་བ་ཞིག་ཡིན་མིན་ཤེས། ཁོས་ཨམ་སྐད་གཙང་མ་ཞིག་བཤད་གི་འདུག དཀར་མཛེས་རྫོང་གི་ཁོངས་གཏོགས་དགེ་རྩེ་རྡ་ཐལ་མའི་མྱིས་འདི་འདྲའི་ཨམ་སྐད་བཤད་ཐུབ་གི་རེད་དམ། གལ་སུ་ཁོ་ཁམས་ཞིག་ཡིན་ན་ཡང་ཨ་མདོའི་འཐུས་མི་ལ་འདེམས་མི་རུང་བ་ཞིག་ཨེ་ནམ། ཚང་མ་བོད་པ་་མ་རེད་དམ།

    Reply
  19. མེ་འོད། says:
    ལོ་ 16 སྔོན།

    གསལ་བཤད། རྩོམ་ཡིག་མགོན་པོ་དོན་འགྲུབ་ཀྱིས་བྲིས་པ་ཡིན་ཀྱང༌། ཁོང་ལ་སྒེར་གྱི་བོད་ཁུག་མེད་པར་བརྟེན་ཁོང་གི་རེ་སྐུལ་ལྟར་ཕྲན་གྱི་བོད་ཁུག་ཏུ་བརྒྱུད་འགོད་བྱས་པ་ཡིན།

    སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་འདིར་མཇུག་བསྡོམས་གནང་མ་ཐུབ་པ་དཻར་བློ་ཕམ་གྱི་རང་བཞིན་དང་ཆབས་ཅིག སྤྱིར་བཀུར་འོས་སྤྱི་འཐུས་སྒེར་གྱི་གྲོས་གཞི་གྲོས་འཆར་ཞིག་བསྣམས་ཕེབས་པ་ཡིན་ན། དེ་ལ་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་གཅིག་གི་མཚན་རྟགས་ཡོད་ཡོད་པ་རེད། ཡིན་ན་ཡང་དེ་ལས་མང་བ་བྱུང་ན་ཁྲིམས་དང་སྒྲིག་གཞིའི་གསལ་ཁ་གང་ཡང་ད་ལྟའི་ཆར་མཐོང་མ་སོང༌། གང་ལྟར་གང་ཟག་གཅིག་གིས་འདོན་གནང་མཛད་པའི་གྲོས་འཆར་ཞིག་འགྲིག་གི་མེད་པའི་ཚོར་བ་ཁྱད་མཚར་རེ་སླེབས་པ་ཡིན་ན། མི་མང་གྲོས་ཚོགས་ནང་ལོགས་ནས་བགྲོ་གླེང་ཐག་གཅོད་གནང་དགོས་པ་རེད་མ་གཏོགས། མང་མོས་ཐོབ་མིན་ལ་དངངས་སྐྲག་སྐྱེས་ནས་གང་འདོད་ལྟར་ཕྱིར་ཕེབས་ཐོན་གནང་ན། སྤྱི་འཐུས་ཤིག་གི་འགན་མ་འཁུར་བ་རེད་ལ་སྤྱི་མི་ཞིག་གི་མཚན་གནས་བཞེས་པའི་ཡ་རབས་སྤྱོད་བཟང་དང་ཡང་མཐུན་གྱིན་ཨེ་ཡོད་སྙམ།
    དེ་བཞིན་ཉེ་ཆར་དབུས་གཙང་ཆོལ་ཁའི་སྐབས་བཅུ་པའི་འགན་འཛིན་ལྷན་ཚོགས་སྟེང་བཅའ་ཁྲིམས་ཀྱི་དོན་ཚན་གཞིར་བཟུང་སྤྱི་འཐུས་ཤིག་གི་བཟང་སྤྱོད་ཀྱི་ཐོག་ནས་སྤྱི་འཐུས་ཞབས་སྟེགས་ནས་རྩ་དགོངས་ཞུ་དགོས་སྐོར་གྱི་གྲོས་ཆོད་ཅིག་བཞག་འདུག་པ་དོན་ལ་གནས་འདུག རྒྱུ་མཚན་ནི་མི་འདི་ནི་སྔར་ནས་ལུང་ཚན་བྱེ་བྲག་པའི་རྙོག་དྲ་རྒྱབ་འཁུར་བ་ཞིག་ཡིན་པ་དང༌། དེ་འདྲའི་སྤྱི་འཐུས་གཞན་པ་ཡང་མེད་པ་མ་ཡིན་པ་ཀུན་གྱི་མཁྱེན་གསལ་ལྟར་རེད། དེ་རིང་ཡང་དབུས་གཙང་ཆོལ་ཁའི་ནང་ལོགས་ན་དུས་བདེ་ཞོད་འཇགས་ཀྱི་སྐབས་སུ་སླར་ཡང་མི་འདི་འདྲས་རྙོག་དྲ་ཞིག་གི་ཐག་སྣེ་སྒུལ་བཞྀན་ཡོད་པ་ཚང་མས་ཤེས་དགོས་པ་རེད།
    དེ་མིན་ཆོལ་གསུམ་ཆོས་བརྒྱུད་དང་བཅས་པའི་བསམ་བློ་བ་ཡོངས་ཀྱིས་ཐུགས་ཁུར་ཆེ་བཞེས་ཀྱིས་མ་འོངས་པའི་གྲོས་ཚོགས་ཚོགས་དུས་དགུ་པ་དེ་ལམ་ལྷོང་ལེགས་འགྲུབ་ཡོང་བའི་འབད་བརྩོན་གནང་དགོས་པའི་དུས་ལ་བབ་ཡོད་པའི་འབོད་སྐུལ་དང་བཅས། རྡ་ས་ས་འཐུས་མགོན་པོ་དོན་འགྲུབ་ནས་ཕུལ།

    Reply
  20. ཨ་ལ་ལ says:
    ལོ་ 16 སྔོན།

    དྲྭ་གྲོགས་སློབ་དཔོན་ལགས། དྭ་དཀའ་ལས་ཞེ་དྲག་མ་རྒྱག བྱེ་མ་བཙིར་ནས་སྣུམ་ཐོན་སྲིད་ཀྱི་མ་རེད།

    Reply
  21. ལི་ཐང་བཤད་སྒྲུབ says:
    ལོ་ 16 སྔོན།

    དྲ་གྲོགས་རྣམས་པ་འཚོའི་གོང་ཏུ་གསུངས་ལ་རྒྱུ་མཚན་འདུག་་་་་་་་་་་་་་་་་འོན་ཀྱང་མ་འགྲིག་པ་དེ་སུའི་བྱེད་ན་མི་དེའི་སྐོར་བཤད་པ་ལས་ཨ་མདོ་དང་ཁམས་པ་དབུས་པ་ཅེས་འཆོ་ཁ་དང་ཆོས་ལུགས་ཀྱི་མིང་དེ་འདྲ་གསུངས་ན་དགོས་པ་ལས་དགག་བྱ་ཆེ་བའི་གནས་ཚུལ་གཅིག་རེད་་ད་དུང་ཕམ་ཁ་དེ་རང་རང་སོ་སོ་དང་བོད་སྤྱི་པ་རེད་

    Reply
  22. རྡོ་རྗེ་དགྲ་འདུལ། says:
    ལོ་ 16 སྔོན།

    དྲྭ་གྲོགས་ནད་པ་ལགས། ཁྱོད་ཀྱིས་དབུས་གཙང་སྤྱི་འཐུས་ཤིག་གིས་ཟེར་བའི་ཚིག་དེས་
    ཤུགས་ལ་མདོ་སྨད་སྤྱི་འཐུས་དང་མདོ་སྟོད་སྤྱི་འཐུས་ལ་དེ་ལྟར་མིན་པའི་རྒྱུ་མཚན་གང་
    ཡིན། ལགས་གཅིག་གསུངས་རོགས།

    Reply
  23. ནད་པ says:
    ལོ་ 16 སྔོན།

    དབུས་གཙང་ཆོལ་ཁའི་སྤྱི་འཐུས་ཞིག་གིས་༸ གོང་ས་མཆོག་གིས་བཀའ་དགོངས་དང་། བཙན་བྱོལ་བོད་ཀྱི་མཛད་ཇུས། བོད་མི་དམངས་ཀྱི་མངོན་འདོད་བཅས་ལ་ཞབས་འདེབས་ཡག་པོ་ཞིག་ཞུ་མ་ཐུབ་ཚེ་ངེས་པར་དུ་གྲོས་ཚོགས་ནས་རྩ་དགོངས་ཞུ་དགོས།

    གནད་དོན་དེ་ཚོར་དཔྱད་ཞིབ་མཐིལ་ཕྱིན་པ་ཞིག་བྱེད་དགོས་རྒྱུ་གལ་ཆེན་པོ་རེད།

    Reply
  24. གཡང་སྐྱབས་རྒྱལ། says:
    ལོ་ 16 སྔོན།

    ཉི་མ་འོད་ཟེར་ཟེར་བ་ཞིག་གིས། ནོར་བཅོས།

    Reply
  25. གཡང་སྐྱབས་རྒྱལ། says:
    ལོ་ 16 སྔོན།

    དྲ་གྲོགས་ཉི་མ་འོད་ཟེར་བ་ཞིག་གིས་བསམ་ཚུལ་བྲིས་འདུག་པ་འདིར་དྲངས་པ་ཡིན་
    ཚང་མས་གཟིགས་རོགས་ཀྱིས་དངོས་གནས་འདི་འདྲའི་མྱི་རྫུན་དེ་ང་ཚོ་ཨ་མདོའི་ཞབས་འདྲེན་རང་རེད་ང་ཚོ་མྱི་འདི་ལ་ཞེན་ཁོག་བྱེད་དོན་ཅི་རེད། མྱི་འདི་ལ་ཡང་མདོ་སྨད་རྒྱུན་ལས་ཀྱིས་གྲོས་ཆོད་འཇོག་རན་འདུག དྲ་གྲོགས་ཉི་མས་འདི་ལྟར་བྲིས་འདུག་
    པས་ཚང་མས་གཟིགས།

    ༼༼༼ངས་བལྟས་ན་རྡོ་རྗེ་དགྲ་འདུལ་བདེན་པ་རེད་འདུག་སྤྱིར་ཨ་མདོ་བས་སྤྱི་
    འཐུས་རྫུན་མ་འདེམ་གྱི་ཡོད་པ་ཚང་མས་ཤེས་རྒྱུ་གལ་ཆེ་བས་ངས་གཅིག་
    ཞུ་འདོད་བྱུང་ཨ་མདོ་བ་རྫུན་མ་གསེར་རྟ་བ་རྫུན་མ་ཚུལ་ཁྲིམས་འོད་ཟེར་
    བའི་བླ་རྒན་དེ་ལ་ཨ་མདོ་བས་འོས་ཤོག་བླུགས་ལུགས་པ་ལ་ལྟོས་དང་དངོས་
    གནས་སྤྱི་འཐུས་འདམ་ཤེས་ཡོད་ས་ཨེ་རེད། ད་ལོ་རྒྱ་གར་ལྷོ་ཕྱོགས་ནས་
    རྩོད་རྙོག་ག་ཚོད་ལངས་འདུག དེ་ཡང་ཚུལ་ཁྲིམས་འོད་ཟེར་ནི་ཁམས་
    དཀར་མཛེས་རྡ་ཐལ་མའི་ཚོ་པ་ཡིན་པ་ད་ལྟའི་སྡོད་གནས་ཚང་མ་དཀར་
    མཛེས་རྫོང་རེད་ད་རུང་ཁོས་ཁོ་རང་གསེར་རྟ་ཡིན་མདོག་དང་གསེར་རྟ་
    ཨ་མདོ་ཡིན་མདོག་གི་དཀྲུགས་ཤིང་ག་ཚོད་བྱས་ཡོད་པ་ཚང་མས་ཤེས་ཀྱི་རེད།
    ལྷོ་ཕྱོགས་མོན་གྷོ་འདོད་གླིང་ནས་བོད་མི་མང་སྤྱི་འཐུས་ལྷན་ཁང་
    ལ་ཡི་གེ་ག་འདྲ་སྐུར་ཡོད་པ་ཞིག་ཤེས་འདོད་ཡོད་ན་ངས་གཅིག་ཞུ་ཆོག

    ༼དཔལ་ལྡན་རང་གཞུང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཚོགས་གཞོན། རྒྱུན་ལས་ལྷན་རྒྱས་མཆོག་གི་
    ཞབས་དྲུང་དེ།
    འབུལ་འབྲས།
    འདི་ག་མོན་གྷོ་གཞི་གྲོང་ཁག་དགུའི་སྤྱི་མི་དང་གྲྭ་ཚང་ཁག་དགུའི་ཞུ་གསོལ་འདེབས་སྙིང་༽ཞེས་པ་ནས་་་༼ཕྱོགས་བཞུགས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་མཆོག་
    གནས་སྤོས་གཏོང་གནང་ཡོད་པ་དང་ས་གནས་གཞིས་དབུ་མཆོག་མུ་མཐུད་
    གནས་ཐབས་ཡོང་བའི་འབོད་སྐུལ་ཞུ་བཞིན་པ་ལགས་ན་དགོངས་བཞེས་ཅི་ནས་ཡོང་བ་རྣམ་མངའ་མཁྱཻན། མཁྱེན། མོན་གྷོ་འདོད་གླིང་ཕྱག་སྤྱི་ནས་མགྲིན་གཅིག་ནས་
    ཕྱི་ལོ་ ༢༠༠༩ ཟླ་ ༦ ཚེས་ ༧ ཉིན་ཕུལ།
    གྲྭ་ཚང་ཁག་དགུ
    ༡༽ འབྲས་བློ་གླིང་།
    ༢༽ འབྲས་སྒོ་མང་།
    ༣༽ དགའ་ཤར།
    ༤༽ དགའ་བྱང་།
    ༥༽ རྙིང་མ།
    ༦༽ ས་སྐྱ།
    ༧༽ རྭ་སྟོད།
    ༨༽ བཀའ་བརྒྱུད།
    ༩༽ བཙུན་དགོན།

    གཞིས་གྲོང་ཁག་དགུ
    ༡༽ གཞིས་གྲོང་༡
    ༢༽ གཞིས་གྲོང་༢
    ༣༽ གཞིས་གྲོང་༣
    ༤༽ གཞིས་གྲོང་༤
    ༥༽ གཞིས་གྲོང་༥
    ༦༽ གཞིས་གྲོང་༦
    ༧༽ གཞིས་གྲོང་༧
    ༨༽ གཞིས་གྲོང་༨
    ༩༽ གཞིས་གྲོང་༩
    མོན་གྷོ་འདོད་གླིང་མི་མང་མཉམ་འབྲེལ།
    ངོ་བཤུས། ༡༽ བཀའ་ཤག
    ༢༽ ནང་སྲིད་
    ༣༽ འཚམས་གཟིགས་སྤྱི་འཐུས་ཀརྨ་ཡེ་ཤེ་མཆོག
    ༤༽ ལྷོ་སྤྱི།
    ༥༽ ས་གནས་འཐུས་ཚོགས།
    ༦༽ ས་གནས་མགོ་འཛིན།
    བཅས་ཀྱི་མཚན་རྟགས་ཐེལ་ཙེ་དང་བཅས་པ་བརྒྱབ་འདུག་པ་འདི་ལ་ཁྱོད་ཇུས་གཏོགས་
    རྐུབ་མེད་དེ་ཚོས་གཅིག་ལྟོས་དང་སྤྱི་འཐུས་འདི་འདྲ་ལ་བོད་མི་མང་གི་སྤྱི་འཐུས་ཀྱི་མཚན་ཉིད་ཡོད་དམ་?????????

    ཚུལ་ཁྲིམས་འོད་ཟེར་བ་འདི་ནི་གསེར་རྟ་མ་རེད་ལ་མགོ་ལོག་ཀྱང་མ་རེད་
    ཁོ་ནི་ཁམས་དཀར་མཛེས་རྫོང་གི་ཁོངས་གཏོགས་དགེ་རྩེ་རྡ་ཐལ་མ་ཞེས་
    པ་སྤྱི་ཚོགས་རྙིང་པའི་སྐབས་ཁམས་སྡེ་དགེའི་ཁོངས་གཏོགས་རྒྱལ་ཁབ་
    གསར་ལུགས་ལ་དཀར་མཛེས་རྫོང་ཡིན་པ་རེད་ཅེས་རྒྱུས་ཡོད་མང་པོས་
    བཤད་བྱུང་བ་དེ་རེད།༽༽༽
    ཅེས་བཤད་འདུག་པ་འདི་ལ་ལྟོས་དང་མྱི་འདི་མོ་དེས་ང་ཚོ་ལ་ག་རེ་ཕན་གྱི་རེད།
    ང་ཚོ་ཨ་མདོ་བ་ལ་མྱི་མེད་ནི་མ་རེད་ལ་
    ང་ཚོ་ཨ་མདོ་བས་ཁམས་པ་ལ་ནང་དཀྲུགས་བྱེད་དགོས་དོན་མི་འདུག བྱས་ཙང་
    མྱི་འདི་ལ་ཡང་མདོ་སྨད་རྒྱུ་ལས་ཀྱིས་གྲོས་ཆོད་ཅིག་འཇོག་རན་འདུག

    Reply
  26. གནས་ཚང་། says:
    ལོ་ 16 སྔོན།

    དྲང་མོར་བཤད་ན། ཆབ་སྲིད་འཐབ་རྩོད་ལ་སྙིང་བོ་ཡོད་པ་མ་རེད། ཡིན་ནའི། སྤྱི་འཐུས་ཀརྨ་ཆོས་འཕེལ་ཐད་གྲོས་ཆོད་བཞག་པ་འདིས་གཞན་སྤྱི་འཐུས་ཕྱི་ལ་འགྲོ་མཁན་ཚོའི་ཚོགས་ཁུང་ལ་བསྐུལ་མ་བྱེད་ཀྱི་ཡོད་པ་འདྲ། དཔེར་ན། བོན། དགེ་ལུགས། མདོ་སྟོད། དབུས་གཙང་བཅས་རེད། གལ་སྲིད་དེ་དག་གིས་སོ་སོའི་སྤྱི་འཐུས་ཕྱིར་འཐེན་ཐད་གྲོས་ཆོད་འཇོག་ཐུབ་མིན་དང་ལག་བསྟར་བྱེད་ཐུབ་མིན་ལ་ཐུག་ཡོད། དེ་ག་ནང་བཞིན་སྤྱི་འཐུས་གྲོས་ཆོད་འདོན་མཁན་ཚོའང་ཞིབ་བཤེར་དང་འཐེན་དགོས་པ་འཐེན་རན་པ་སྟོན་གྱི་ཡོད་པ་འདྲ། སྒོས་སུ་སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་གྱིས་ཀྱང་དགོངས་པ་ཞུ་རན་མེད་དམ།

    Reply
  27. མིའུ་ཕྲུག says:
    ལོ་ 16 སྔོན།

    དབུས་གཙང་རྒྱུན་ལས་འགན་འཛིན་ལྷན་ཚོགས་ཀྱིས་གྲོས་ཆོད་འཇོག་གནང་བ་དེར་ཡི་རངས་ཡོད། དེ་བཞིན་མདོ་སྟོད་གཉིས་ནས་ཀྱང་རྙོག་གླེང་ཁོ་ནའི་གཞི་རྩ་ལས་ཕན་ཐོག་མེད་པའི་སྤྱི་འཐུས་འཕེལ་རྒྱས་ཚང་སྒྲོལ་མ་ཟེར་བ་དེ་དང་ཨོ་རྒྱན་སྟོབས་རྒྱལ་བསོད་སྟོབས་སོགས་ལ་ཡང་གྲོས་ཆོད་གཅིག་འཇོག་པའི་རེ་བ་ཆེ།།

    Reply
  28. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    སློབ་དཔོན་ཟེར་བ་འདིས་ཡིག་ནོར་ལུང་བ་གང་བྲིས་འདུག ད་དུང་སྐད་ཆ་དག་ལ་གནས་ལུགས་ཞིག་ཡོད་ན་ཅི་ཁག ངོ་མ་བྱ་རྩོག་གི་ཡ།

    Reply
  29. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    ནོར་བཅོས ཟ་སྐལ་འཕྲོག་གི་ཡིན་ཟེར་གྱི་ག་ལ་ཡོད་ ཅེས་བཅོས་རོགས་གནོང་།

    Reply
  30. ནམ་མཁའ་བསྟན་འཛིན། says:
    ལོ་ 16 སྔོན།

    ཆོས་བརྒྱུད་ཁག་གི་སྤྱི་འཐུས་དགོས་མིན་དུས་ཚོད་ཀྱིས་ཁ་གྲགས་ཡོང་གིན་འདུག དྲ་རྒྱའི་སྟེང་གི་གྲ་བ་ཚོས་སྐད་མ་རྒྱགས་དང་། ང་ཚོ་མི་སྐྱ་ཞིག་གིས་ཅི་ལྟར་བཤད་ཀྱང་ཁྱོད་ཚོས་གནས་ལུགས་ཞིག་ལ་མཐོང་གིན་མེད་པ་འདྲ། ཆོས་བརྒྱུད་ཀྱི་སྤྱི་འཐུས་ཞིག་དགོས་བ་མི་འདུག་ཞེས་བ་དེ་ངོ་མ་བཤད་ན་ཆོས་ལུགས་ལ་མཐོང་ཆེན་དང་གུས་བཀུར་གྱིས་བཤད་པ་ཞིག་ལས་ཆོས་ལུགས་པར་དམའ་འབེབས་དང་ཡང་ན་ཆོས་ལུགས་པའི་ཟ་སྐལ་འཕྲོག་གི་ཡིན་ཟེར་གྱི་ཡོད། ཁྱོད་ཚོར་ཁ་གསལ་བོར་བཤད་ན་ང་ཚོའི་ཆབ་སྲིད་ཀྱི་ལམ་ལུགས་འདི་ད་དུང་མུ་མཐུད་དུ་འདི་ལྟར་ཕྱིན་ན་ཚང་མས་མཐོང་ཆེན་བྱེད་བཞིན་པའི་ཆོས་ལུགས་པའི་གྲས་ནས་མི་འགའ་མགྱོགས་པོར་སྤྱི་ཚོགས་སྟེང་ནས་གཅེར་བུར་འབུད་རྒྱུ་རེད་ཅེས་པའི་དོན་རེད། ད་མི་གོ་ན་ང་ལའང་ཐབས་ཤེས་མི་འདུག

    Reply
  31. kunsal says:
    ལོ་ 16 སྔོན།

    སློབ་དཔོན་ལགས། དགོངས་པ་ཡག་པོ་བཞེས་ནས་དསམ་ཚུལ་བྲིས་ན་ག་འདྲ་འདུག ཀརྨ་ཆོས་འཕེལ་དབུས་གཙང་ཆོལ་ཁའི་མི་མང་གིས་བདམས་པའི་སྤྱི་འཐུས་རེད། དེ་ལ་དབུས་གཙང་ཆོལ་ཁའི་ཚོགས་ཆེན་ཐོག་ནས་བསམ་ཚུལ་བཤོད་པའི་ཐོབ་ཐང་ལོས་ཡོད། དོན་མེད་དུ་མངའ་རིས་མི་མང་ཁྲིད་དགོས་དོན་ཨེ་ཡོད། རང་གི་ཕ་མ་གཅིག་པའི་སྤུན་མཆེད་ཀྱིས་མདོ་སྟོད་ཆོལཁོངས་སུ་འོས་འཐེན་བྱེད་ཀྱི་འདུག་པ་དེ་ལ་བསམ་ན་ཀརྨ་ཆོས་འཕེལ་མངའ་རི་བ་ཡིན་མིན་ལའང་ཐེ་ཚོམ་འདུག མདོ་དོན་ཁྱེད་རང་བོད་མི་ཞིག་དང་། བོད་རིགས་མི་མང་ལ་ཤ་ཞེན་ཡོད་པ་ཞིག་ཡིན་ཚེ་དཀྲུག་ཤིང་གི་སྐད་ཆ་འདི་འདྲ་མི་བཤོད་པའི་རེ་བ་ཡོད།

    Reply
  32. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    ནོར་བཅོས།
    ༡ རྩ་བའི་བསམ་ཚུལ་དང་ཀུན་སློང་ལ་ཡི་ཡངས་ཞུ་བ་ཡིན། ཞེས་པའི་་་་ཡངས་་་་་དེ་་་་ རངས་་་་་་་ལ་བཅོས་རོགས།
    ༢ མདོར་ན། གཞི་རིམ་མི་མང་ཚོགས་ནང་འཁྲུག་སློང་བསླངས་ཀིན་པ་རེད། ཞེས་པའི་ནང་གི་་་་་་ མི་་་་་་ དེ་་་་ཡིག་ལྷག་ཡིན་པར་དོར་རོགས།
    ༣ དེ་ལ་ལོག་འགྲེལ་དང་ཡང་བེད་སྤྱོད་ལོག་པར་གཏོང་གིན་འདུག ཞེས་པ་དེར་་་་་ ཡང་ན་བེད་སྤྱོད་ལོག་པར་གཏོང་་་་་་་ ཞེས་་་་་ན་་་་་ཞིག་སྣོན།
    ༤ དེ་ཡང་ཚང་མར་ཤེས་དགོས་པ་ཞིག་རེད། ཞེས་པ་་་་་ དེ་ཡང་ཚང་མས་་་་ ཞེས་བཅོས།

    Reply
  33. འདྲེ་རིག་ལྡན། says:
    ལོ་ 16 སྔོན།

    མེ་སྒྱོགས་རྒྱ་མཚོ་ལགས་ཀྱི་བསམ་ཚུལ་ཞིབ་མོར་བཀླགས་པ་ཡིན། ཡིག་ནོར་མང་པོ་འདུག་མོད་རྩ་བའི་བསམ་ཚུལ་དང་ཀུན་སློང་ལ་ཡི་ཡངས་ཞུ་བ་ཡིན། ད་ཆ་གྲོས་ཚོགས་ཀྱི་གནད་དོན་གྲོས་ཚོགས་ནས་ཐག་མ་ཆོད་པ་ཞིག་སྤྱི་ཚོགས་ནས་ཐག་གཅོད་རྒྱུ་ཁག་པོ་ཡིན་པ་ཙམ་དུ་མ་ཟད། མགོ་བདེ་དྲན་འཕྲུལ་ཅན་མང་པོ་ཞིག་གིས་རང་ཉིད་ཁུངས་བུར་འཛུལ་ནས་གཞན་ལག་ཆར་བཀོལ་འདོད་བྱེད་ཀྱིན་པའི་སྐྱུག་དྲོ་བའི་གནས་ཚུལ་དེ་རེད། དཔེར་ན་བསམ་ཚུལ་འབྲི་མཁན་མང་པོ་ཞིག་གིས་ཨ་མདོ་བ་ཞིག་ཡིན་ཁུལ་གྱིས་ཁམས་པར་འོས་མིན་གྱི་སྐད་ཆ་བཤད་པ་དང་། ཡང་ཁམས་པ་ཡིན་ཁུལ་གྱིས་ཨ་མདོ་བར་འོས་མིན་གྱི་སྐད་ཆ་བཤད་པ་སོགས། མདོར་ན། གཞི་རིམ་མི་མང་ཚོགས་ནང་འཁྲུག་སློང་བསླངས་ཀིན་པ་རེད། གྲོས་ཚོགས་ཀྱི་གནད་དོན་དེ་གྲོས་ཚོགས་ནས་ཐག་མ་ཆོད་ན། དེ་ལ་དེ་ལུགས་ཀྱི་ཐག་གཅོད་བྱེད་སྟངས་ཤིག་ཡོད་པ་རེད། དེ་མང་ཚོགས་ཀྱི་ནང་ནས་ཅིག་བཤད་ནས་ཐག་ཆོད་པ་ཞིག་མ་རེད། གལ་སྲིད་མང་ཚོགས་ཀྱིས་ཅིག་བྱེད་འདོད་པ་ཡིན་ན། མ་འོངས་པའི་གྲོས་ཚོགས་ཀྱི་གྲུབ་ཆ་དང་འགྲོ་ལུགས་ཐད་བསམ་གཞིགས་ཀྱིས་རང་གི་ཐག་གཅོད་ལེན་རྒྱུ་ཞིག་ལས། གྲོས་ཚོགས་ནང་ནས་སུ་འགྲིག་མིན་བཤད་བསྡད་ན་ཕན་ལས་གནོད་ཆེ་བར་འདོད། ད་ལྟའི་བར་དུ་གནས་ཚུལ་འདིའི་ཐད་དུ་བསམ་ཚུལ་ཅི་ཞིག་བཤད་རུང་མང་པོ་ཞིག་གིས་དེ་ལ་ལོག་འགྲེལ་དང་ཡང་བེད་སྤྱོད་ལོག་པར་གཏོང་གིན་འདུག་པ་དེ་ཡང་ཚང་མར་ཤེས་དགོས་པ་ཞིག་རེད། རྗེས་སུ་འདིའི་ཐད་བསམ་ཚུལ་ལྷུག་པོར་བརྗོད་འདོད་ཡོད།

    Reply
  34. མེ་སྒྱོགས་རྒྱ་མཚོ། says:
    ལོ་ 16 སྔོན།

    བསམ་ཚུལ་མཐའ་མ་དེ་ཞུའོ།
    སྒྲོམ་གཞི་རྙིང་པའི་ཀླད་རྩ་ཡིས་སྤྱིར་ཡོངས་ཀྱི་ཛ་དྲག་ཆེ་ཆུང་ལ་མ་ལྟོས་པ་རང་ལ་ཐག་ཉེ་ཤོས་ཀྱི་གནོད་དོན་གང་ཞིག་གལ་ཆེ་བ་འཛིན་གྱི་ཡོད་པ་དེར་ངལ་རྩོལ་གྱིས་བརྟེན་མི་དགོས་པ་རང་ཤུགས་ཀྱིས་ཐོན་ཡོང་གི་ཡོད།
    ཆོལ་ཁ་རེ་ནས་དཔེ་མཚོན་རེ་ཞུའོ།
    ད་རེས་སྤྱི་འཐུས་ཀརྨ་ཆོས་འཕེལ་ལ་སྐྱོན་འཛུགས་ཤུགས་ཆེན་བྱས་པ་དེ་ནི་གཙོ་བོ་ཁོང་ཆོལ་ཁའི་ཁྱུ་ཚོགས་ནས་རིང་དུ་བརྒལ་ཏེ་རང་གི་ལྟ་ཕྱོགས་ལྷུག་པོར་བརྗོད་པར་བརྟེན། ཐག་ཉེ་བའི་རང་གི་ཆོལ་ཁའི་མཐུན་སྒྲིལ་ལ་དོར་ཕོག་ཡོང་བར་ཞེད་འཚབ་ཀྱིས་སྔར་བྱུང་མྱོང་མེད་པའི་གྲོས་ཆད་ཅིག་དབུས་གཙང་རྒྱུན་ལས་ནས་བཞག་དགོས་བྱུང་བ་རེད། སྐབས་འདིའི་གནད་དོན་འདི་འདྲའི་ཛ་དྲག་ཅིག་ཏུ་གཟིགས་པ་ནི་དེ་རེས་ཆོལ་ཁ་དང་འབྲེལ་བའི་དོན་དག་ཅིག་སླེབས་པ་འདི་རེད། གནད་འགག་འདི་འདྲ་ཞིག་ལ་རྒྱ་འདྲེ་ཞུགས་པ་ལྟ་བུ་འདི་འདྲའི་ཐག་གཅོད་གནང་མཁན་ཚོས་གྲོས་ཆད་འདིའི་མཇུག་འབྲས་ལ་འགན་ལེན་ཐུབ་བ་ཞིག་དགོས་ཀྱི་རེད།

    ཉེ་ཆར་སྤྱི་འཐུས་སུ་རྩོད་རྙོག་ཅན་གྱི་གྲོས་འཆར་དེ་ཡང་སྔར་དང་མི་འདྲ་བའི་ཛ་དྲག་གི་རྣམ་པ་ཞིག་གིས་སྟེང་ནས་འཁྱེར་ཡོང་བའང་བོད་སྤྱི་དོན་ལས་ཀྱང་ཐག་ཉེ་བའི་ཆོལ་ཁའི་ཕྱོགས་ཞེན་ཞིག་ཡིན་པ་དོགས་པ་འཁྲུངས་ནས་རང་གི་ཁེ་ཕན་ལ་དོར་ཕོག་འབྱུང་དོགས་ཀྱིས་གནད་དོན་ཆུང་ཆུང་དེ་ཆེན་པོ་ཆགས་པ་རེད། དེའི་སྐབས་སུ་སྤྱི་འཐུས་བསྟན་འཛིན་མགོན་པོས་རང་གི་ཁྱུ་ཚོགས་སུ་མ་འཛུལ་བ་རང་གི་ལྟ་ཕྱོགས་བཤད་པ་སོང་ཙང་ཆོལ་ཁ་དེའི་ཁོངས་ནས་ཁོང་ལ་སྐྱོན་བརྗོད་བྱེད་སའི་གཞི་ཞིག་བརྙེད་པའམ་རང་དང་ཐག་ཉེ་ཤོས་ཀྱི་ཆོལ་ཁའི་ཁྱུ་དང་མི་བསྡེབས་པས་རེད།

    སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ཀྱིས་རང་ཁྱུ་དང་མི་འགྲོགས་པ་རྒྱུན་ལས་ཀྱིས་མི་དྲང་བ་བཤད་པར་བརྟེན་མདོ་སྟོད་པ་འགའ་ཞིག་གིས་ཁོང་ལ་ཡང་སྔར་མེད་པའི་སྐྱོན་བརྗོད་བྱེད་སའི་གཞི་ཞིག་བརྙེད་པ་རེད། དེ་ཡང་རང་དང་ཐག་ཉེ་སའི་ཆོལ་ཁའི་ཕྱོགས་སུ་མེད་པའི་གནད་འགག་འདི་ལ་ཐུག་པ་རེད།

    གོང་གི་སྤྱི་འཐུས་གསུམ་པོས་སྐབས་འདི་དང་འབྲེལ་བའི་སྐད་ཆ་འགྲིག་མིན་ཇི་ལྟར་ཡང་ཁོང་གསུམ་གྱིས་གནང་ཕྱོགས་དེ་འགྲིག་པ་རེད་བསམ་གྱིན་ཡོད། ཁོང་གསུམ་གྱི་གནང་ཕྱོགས་ཀྱིས་སྐབས་འདིར་རང་གི་ཆོལ་ཁའི་དཔུང་སྒྲིལ་དམ་དུ་བཏང་མེད་ཀྱང་ཆོལ་གསུམ་ཆིག་སྒྲིལ་ལ་ཕན་པའི་གནད་འགག་ཞིག་རེད་བསམ་གྱི་ཡོད། གནད་འགག་འདི་འདྲ་འཕྲད་དུས་ཆོལ་ཁ་ཕན་ཚུན་གྱི་ས་མཚམས་བརྒལ་ཐུབ་ན་ཡག་པོ་རེད་བསམ་ཀྱི་ཡོད།
    གང་ལྟར་སྐད་གྲགས་ཅན་གྱི་ཉེ་ཆར་གྱི་སྤྱི་འཐུས་གྲོས་འཆར་འདི་ལ་གོང་གི་སྤྱི་འཐུས་གསུམ་པོའི་བྱེད་ཕྱོགས་བྱེ་བྲག་པ་འདི་ལ་གཞིགས་ནས་བཤད་བ་ཡིན།

    ཁ་བརྡའི་དྲ་གྲོགས་ཚངས་དབྱངས་ལགས་ཀྱི་ཁ་སྔོན་དྲི་བ་འགའ་བཏང་གནང་འདུག དེ་དག་གལ་ཆེན་པོ་རེད། ངས་དེ་དག་གི་སྐོར་ལ་འཚོལ་ཞིབ་དང་བསམ་གཞིགས་བྱེད་བཞིན་ཡོད། ད་དུང་ཡང་ལན་གསལ་པོ་ཞིག་བརྒྱབ་ཐུབ་ཀྱི་མིན་འདུག ཡིན་ནའང་བཙན་བྱོལ་བའི་གནས་སྐབས་སུ་དམངས་གཙོ་ལས་ཀྱང་ཆིག་སྒྲིལ་གྱི་སྒྲིག་ཞིག་དེ་གལ་ཆེ་བ་སྣང་། ཁྱེད་རང་གིས་སྲིད་དོན་ཚོགས་པ་བཙུགས་ན་གང་འདྲ་འདུག་ཅེས་པ་སྲིད་དོན་ཚོགས་པ་བཙུགས་སླ་བོ་རེད། དེ་དོན་དང་ལྡན་པ་ཞིག་འགྲུབ་ཁག་པོ་རེད་དྲན་གྱི་འདུག དེ་མིང་དོན་མཚུངས་པ་ཞིག་ཡོང་མིན་དཔེ་མཚོན་ཞིག་འདིར་འགོད་མི་དགོས་པར་བཀའ་ཁྲི་འོས་འདེམས་ཀྱི་དྲ་རྒྱ་ལ་ཕེབས་ནས་འདེམ་བྱ་གདམ་བྱེད་སོགས་ལ་ཞིབ་པར་གཟིགས་ན་རགས་ཙམ་མཁྱེན་གྱི་རེད། ཆོལ་ཁ་སོ་སོའི་བཀའ་ཁྲི་གདམ་གྱི་མེད་དམ་སྙམ་པ་ཡོང་གི་འདུག

    ངས་ཉེ་ཆར་ཆོལ་ཁའི་རྒྱུན་ལས་དང་སྤྱི་འཐུས་འོས་གཞི་བར་གྱི་འབྲེལ་བའི་ངོ་བོ་ཇི་ཡིན་དྲིས་པ་དེ་ད་སྐབས་དབུས་གཙང་རྒྱུན་ལས་ཀྱིས་གྲོས་ཆད་འདིས་ཁ་གསལ་དུ་གཏོང་གི་འདུག གནད་འགག་ཇི་ལྟར་ཞིག་འཕྲད་ཀྱང་རང་གི་ཆོལ་ཁའི་ཕྱོགས་སུ་ལངས་ཐུབ་མཁན་གྱི་སྤྱི་འཐུས་ཤིག་ཡོང་ཐུབ་པར་བྱེད་རྒྱུ་ནི་ལས་ཁུངས་འདི་དག་གི་ལས་འགན་གཙོ་བོ་རེད།

    ཉེ་སྔོན་དུ་མདོ་སྨད་དབུས་རྒྱུན་ལས་ཀྱིས་དཔྱད་བརྗོད་པ་ཀླུ་མཁར་བྱམས་ཀྱིས་བོད་རྒྱ་ཞི་མོལ་དང་འབྲེལ་བའི་གནད་དོན་ཐད་དུ་གསང་བ་ཆེན་པོ་རྒྱ་ལོ་དོན་འགྲུབ་ཀྱི་ཕྱག་ལས་སྐོར་ཞིག་འགྲིག་མིན་བཤད་པར་བརྟེན་ནས་ཁོང་མདོ་སྨད་མི་ཁུངས་ནས་འབུད་རྒྱུ་སོགས་ཀྱི་མི་འོས་པའི་གནད་འགག་ཆེན་པོ་བཟོ་གི་ཡོད་པ་རེད། བསམ་བློ་གུ་དོག་དྲགས་པ་རེད།

    མདོ་སྟོད་ནང་ཁུལ་དུ་ར་དང་ལུག་གི་མི་རྒྱུད་ཀྱི་འཐེན་འཁྱེར་དང་ཆུ་སྒང་གསར་རྙིང་གཉིས་སུ་གྱེར་བ་དང་། རྩོད་གཞི་ཅན་གྱི་ལྷ་འདྲེ་བསྟེན་མི་བསྟེན་གྱི་རྙོག་དྲས་ནང་ཁུལ་ལྷིང་འཇགས་མེད་པ་བཟོ་གི་ཡོད་པ་རེད།

    འོས་གཞི་ཡོང་སྟངས་ལ་ཞིབ་པ་བལྟས་ན་ཨ་རིའི་སྔོན་འགྲོའི་འོས་ཤོག་(primary election)་དང་(caucus) གཉིས་ཀ་ཆོལ་ཁའི་རྒྱུན་ལས་སོ་སོས་བྱེད་ཀྱི་མེད་འགྲོ་བམས་ཀྱིན་འདུག གལ་སྲིད་དེ་ལྟར་ཡིན་ཚེ་སྤྱི་འཐུས་ཀྱི་སྤུས་ཚད་དང་ཐོག་མ་སྤྱི་འཐུས་ཐོན་སའི་ཨུ་ཁུང་དེ་ཆོལ་ཁ་སོ་སོའི་དབུས་རྒྱུན་ལས་ཁང་ནས་རེད། གལ་སྲིད་རྒྱུན་ལས་ཁང་འདི་དག་གིས་བོད་སྤྱི་བའི་ལས་དོན་ལས་ཆོལ་ཁ་སོ་སོའི་ཞེན་ཁོག་ཡོད་མཁན་ཞིག་དགོས་ཀྱི་ཡོད་པར་བརྩིས་ན་སྤྱི་འཐུས་ནང་གི་ཕྱོགས་ཞེན་དཔུང་བསྒྲིགས་ཡོང་ཁུངས་དེ་འདི་ནས་བཟོ་གི་ཡོད་པ་རེད།
    ཨ་རི་ལྟ་བུ་ལ་ཆ་མཚོན་ན་སྲིད་དོན་ཚོགས་པའི་འཐུས་མིའི་འོས་གཞིའི་ཁྱད་ཆོས་ལ་གང་ཞིག་འཛོམས་དགོས་པ་དང་སུ་ལ་དེ་ལྡན་སོགས་གོང་གི་ལས་གཞི་ཁག་གིས་ཐག་གཅོད་ཀྱི་ཡོད།
    སྤྱི་འཐུས་ཁ་ཤས་ནི་གཅིག་གི་ཁ་གཏད་དུ་གཞན་ཞིག་བསྐོས་འཛུགས་བྱེད་པ་ལྟ་བུ་chess་ རྩེད་མོའི་སྒྲིག་གཞི་དམ་འཛིན་བྱེད་ཀྱི་མེད་འགྲོ་བསམ་པ་དེ་འདྲ་ཡང་ཡོང་གི་འདུག
    ངེད་ཚོའི་སྤྱི་ཚོགས་ཀྱི་ནང་དུ་ཁ་ཞེ་མི་མཚུངས་པའི་བྱ་སྤྱོད་སྤེལ་མཁན་ཇེ་མང་དང་ཇེ་མང་དུ་འགྲོ་བཞིན་པ་འདི་འདྲ་མཐོང་དུས་རང་ཉིད་བོད་པའི་སྤྱི་ཚོགས་ནང་དུ་མགོ་བརྒྱུ་དགོས་ཀྱི་མེད་པ་འདི་ཡག་པོ་རེད་དྲན་ཡོང་གི་འདུག གནས་ཚུལ་ག་ཚོད་ཀྱིས་རྒྱུས་ལེན་ཡོང་བ་དེ་ཚོད་ཀྱིས་སྐྱུག་དྲོ་ཡོང་གི་འདུག བདེ་མོ་བྱོས།

    Reply
  35. རྡོ་རྗེ་དགྲ་འདུལ། says:
    ལོ་ 16 སྔོན།

    དཔུང་སྒྲིག་ཤོག་ཁག་གིས་ཁྲིམ་ལུགས་དང་འགལ་བའི་ས་རྟགས་བསྡུ་རུབ་བྱས་ཏེ་
    བོད་ཀྱི་གྲོས་ཚོགས་འཇུག་སྡོམ་མ་ཐུབ་པའི་དོན་རྐྱེན་བྱུང་བ་ནི་ང་ཚོ་བོད་པའི་
    དགྲ་དགའ་གཉེན་སྡུག་གི་ལས་ཀ་དེ་རེད།
    སྤྱིར་ངེད་ནས་ཨ་མདོའི་མི་མང་ལ་གུས་བཀུར་ཚད་མེད་པ་ཡོད་ཀྱང་དཔེར་ན།
    ཐོག་རྒོད་ཟེར་བའི་མི་གཏེ་བོ་དེ་འདྲ་དེས་དངོས་གནས་མདོ་སྟོད་སྨད་བར་ལ་དཀྲུགས་
    ཤིང་རྒྱག་གི་འདུག མ་འོངས་པ་ན་དུས་བབ་ཀྱིས་གཙོས་པའི་དྲྭ་རྒྱ་ཁག་ཏུ་ཡི་གེ་འབྲི་
    མཁན་གྱི་མིང་དང་ཁ་བྱང་བརྟན་པོ། དངོས་མིང་ལས་སྨྱུག་མིང་བེད་སྤྱེད་མི་ཆོག་
    པའི་སྒྲིག་ཁྲིམས་ཤིག་ཡིད་ན་དགེ་མཚན་ཅི་བས་ཀྱང་ཆེ་བར་འདུག

    Reply
  36. ལི་ཐང་བཤད་སྒྲུབ says:
    ལོ་ 16 སྔོན།

    f

    Reply
  37. སློབ་དཔོན་ says:
    ལོ་ 16 སྔོན།

    དབུས་གཙང་རྒྱུས་ལབ་ཟེར་བ་ དེའི་ག་རེ་བཤད་་གྱི་ཡོད་རེད་
    ་་་་་་་་་་་་བོད་བཙན་བྱོལ་གཞུང་འདི་ནི་འདས་པའི་ དུས་སུ་བྱུང་མྱོང་བའི་བོད་སྡེ་པ་གཞུང་མ་རེད་ལ་་་་་་་་་་་
    སྐུ་ངོས་ལགས་ཟེར་ མཁན་འགའ་རེའི་ག་རེ་བྱེད་བྱེད་ཡང་མ་རེད་་་་་་་ཚད་ལྡན་གྱི་གཞུང་འདི་ལ་གྲོས་ འཆར་ག་རེད་ཡོད་ན་བརྩོདརྙོག་བཟོ་འདོད་ཡིན་པ་དངོས་གནས་རེད་་་་གོ་སྐབས་འདི་ བཟུང་ནས་མངའ་རེའི་སྤྱི་མཐུན་ཚོགས་པ་དེ་དབུས་གཙང་རྒྱན་ལས་ཀྱི་རང་བདག་བྱེད་ འདོད་པ་ཡིན་ནམ་་་་་་་གཞན་བོད་གཞུང་གི་རྩ་ཁྲིམས་དང་སྒྲིགས་གཞི་གང་དང་ཡང་མགལ་ མེད་ལ་རང་གི་འོས་འགན་སྤྱི་མཐུས་ཚོགས་གཙོ་སོགས་གནང་ཏེ་བོད་རིགས་མི་མང་དགའ་བ་ དང་རྒྱ་ནག་སྲིད་གཞུང་གི་སྐྱོན་བརྗོད་ཁྲོད་ནས་དོན་ངོ་མ་ཁོང་དབུས་གཙང་རྒྱུན་ ལས་ཟེར་མཁན་ཁྱེད་འཚོའི་ཁོང་དབུས་གཙང་གི་ཁོང་སུ་འདོད་ན་་་་་་་་
    ད་ནས་གཟུང་ ཁོང་ལ་བསྟོད་སྔགས་བྱེད་རྒྱུ་དེ་རང་ལས་མེད་་་་་་་་་་་དེ་མིན་མངའ་རི་མི་ཞིག་ ལ་ཐེས་ཇུས་དེ་འདྲ་གནང་བ་ནི་ཧམ་པ་ཆེ་གྲག་པ་རང་རེད་་་་་་་ད་དུང་འདི་ནི་ཉིན་ འཆར་རྒྱ་ནག་གི་རྒྱ་གར་ས་མཚམ་ལ་ས་རྟགས་རྒྱབས་པ་དང་གཅིག་པ་མ་རེད་པས་་ངོ་མ་་་་ ཧམ་པ་ལ་་་་་་་་་་ཧཧཧཧཧཧཧཧཧཧཧཧཧཧ

    Reply
  38. སློབ་དཔོན་ says:
    ལོ་ 16 སྔོན།

    སྤྱི་མཐུས་མི་གྲང་༡༤ཡི་ས་རྟགས་མཁོད་པའི་ནང་དོན་ངོ་མ་བོད་སྤྱི་པའི་དོན་དག་ཡིན་མདོག་གྱི་དོན་དངོས་ཐོགས་གང་ཟག་སྒེར་ལ་དམིགས་པའི་དཔུང་སྒྲིགས་གནང་བ་ཡིན་པ་ཀུན་གྱི་གསུང་གི་འདུག་ལ་དེ་ལྟར་ཡིན་པ་ཡང་ལུང་རིགས་ཀྱི་སྒྲུབ་མི་དགོས་པ་དྲངས་པོའི་ལམ་ནས་གཟིགས་ན་ལས་ལྷ་པོ་ཤེས་ཐུབ་པ་ཞིག་རེད་་་་་་་་་ཡིན་ཡང་མ་གཞི་གནས་ཚུལ་དེའི་ནད་གཞི་འབྱུང་རྩ་ངོ་མ་བསོད་ནམ་སྟོབས་རྒྱལ་དང་འབྲེལ་བ་ཡོད་པ་ཞིག་ལ་ཁོང་ཡུ་རབ་ནས་རྒྱ་གར་ནང་གྲོས་ཚོགས་ཚོགས་ཚོགས་དུས་བརྒྱད་པ་ངོར་བཅར་ཀྱི་ཆད་དུ་ཕེབས་སྐབས་ལམ་འགྲོན་ཙམ་གཞུང་གི་བཏང་ཆོག་མིན་གྱི་དོན་ལས་མེད་་་གནས་ཚུལ་འདི་ལ་བོད་མི་མང་སྤྱི་མཐུས་རྣམས་པས་སྤྱི་དོན་ལས་རང་དོན་གལ་ཆེན་རྩིས་ཏེ་འཆོ་ཁ་དང་ངོ་ཤེས་དཔུང་སྒྲིགས་ཀྱི་ལམ་ནས་དོན་ངོ་མ་རང་སོ་སོའི་ཐབས་སྟངས་བརྩོད་པ་ལས་བོད་སྤྱི་པའི་དོན་ཆེན་ཞིག་མ་ཡིན་པ་མ་ཟད་་ད་བར་བོད་སྤྱི་པའི་དོན་ལ་སྤྱི་མཐུས་རྣམས་པ་སུའི་ཀྱང་ངོ་དགོང་འདི་འདྲ་ཞིག་ལྟོན་ནས་གཞུང་དོན་ངོ་མ་བཤད་མཁན་ཡོད་དམ་དྲིས་ན་ ་་་ སྤྱི་མཐུས་སྐབས་འདི་ལ་ང་རང་སྡ་སར་སྡོད་སྡོད་པ་ཡིན་གྲོས་ཚོགས་ནང་གི་གནས་ཚུལ་གང་ཡིན་སྤ་སུའི་ལྕ་ན་འམ་སྤ་སུའི་བརྙན་འཕྲིན་ནས་ལྟོན་གྱི་འདུག་པས་ངས་ལན་གསལ་པོ་རྒྱབ་ཐུབ་པ་ནི་བྱུང་མ་སོང་་་་་་་་་་་་་་་ངོ་མ་ཡིན་་་་་་་་་ད་དུང་གྲོས་ཚོགས་ནང་སྤྱི་མཐུས་རྣམས་པས་དགོང་ཚུལ་གསུང་དུས་གྲ་སྒྲིགས་ཡོད་པ་བཞིན་རྒྱབ་སྐྱོར་གནང་མཁན་དང་དགག་པ་སྐྱོན་མཁན་སུ་ཞིག་ཡིན་མིན་དང་མི་དེའི་གཏམ་བཤད་གང་ཞིག་བྱེད་མིན་དེ་ཡང་གོང་ཏུ་གྲོས་ཚོགས་ནང་དགོངས་ཚུལ་འམ་གྲོས་འཆར་འདོན་མཁན་དེ་དང་འབྲེལ་བ་བཟང་མིན་གྱི་ཆ་ནས་རེད་ཟེར་ན་བདེན་པ་འདུག་་་་་་་་ད་ཐེངས་ཉིན་ཤས་སྔོན་སྤྱི་མཐུས་རྣམས་པས་གྲོས་ཚོགས་འཇུག་སྒྲིགས་མ་ཐུབ་པ་གྲོལ་དགོས་བྱུང་བ་ནི་་་་་་་སྔར་ཡོད་མཁྲིགས་འཛིན་གྱི་ལམ་ལུགས་འོག་ཚོགས་གཙོ་མཆོག་གི་ནུས་པས་མ་འདང་བར་ལམ་གསོལ་མེད་པ་དགོས་པ་ལས་དགག་བྱ་ཆེ་བ་བ་ཞིག་ལ་གྲོས་འཆར་འདོན་མཁན་གྱི་རྒྱབ་སྐྱོར་སྤྱི་མཐུས་༡༤་ཡི་ས་རྟགས་ཡོད་པ་ཞིག་ཏེ་དཔུང་སྒྲིགས་ཀྱི་གྲོས་འཆར་ལ་བརྟན་ནས་བྱུང་བ་རེད་་་ང་ལ་མཚོན་ན་བོད་ནང་སྐྱེས་པདང་རང་ལོ་༢༠་བར་མདོ་དབུས་ཁམས་གསུམ་ཀྱི་ས་ཕྱོགས་འཕེལ་ཆེར་འགྲོ་མྱོང་དེར་བོད་རིགས་ནང་ཁུལ་དགྲ་འཛིན་གྱི་བསམ་བློ་དེ་འདྲ་དངོས་གནས་མཐོང་མ་མྱོང་་་་་་་་ཡིན་དང་ཡིན་ཕྱི་ལོ་༢༠༠༨་ལོར་རྣམས་པ་ཚོའི་གཟིགས་ཡོད་ཤག་རེད་་་་བོད་འཆོ་ཁ་གསུམ་དུ་གཞི་བྱེས་བོད་རིགས་རྣམས་ཀྱི་རང་སྲོག་ལ་མི་འཛིམ་པར་བོད་མི་རིགས་གྱི་དོན་ཏུ་ཕྱག་ལས་གནང་བ་ནི་གཅིག་སྒྲིགས་རེད་་་་་་་་དངོས་གནས་ཡིན་ངས་དེར་འདྲ་མཐོང་བ་དང་པོ་དེར་དབུས་སྤྱི་མཐུས་གྲོས་ཚོགས་ནང་དང་དུས་བབ་ཟིན་བྲིས་ནང་ཡིན་་་་་་་་་་་་་ད་དུང་གྲོས་ཚོགས་ཚོགས་དུས་བརྒྱད་པ་ལ་དེ་འདྲའི་ལྟད་མོ་འདུག་་་་སྐབས་དེར་ངའི་སེམས་ནང་དོན་ཆུང་དེ་འདྲ་ཞིག་གི་དོན་ཏུ་དགྲ་ཁ་གཏད་གྱི་རྣམས་པ་དེ་འདྲ་ལྟོན་དགོས་དོན་མི་འདུག་བསམ་སོང་་་གོ་ཚོད་ལ་དེ་ནི་ཕྱིར་ཚུལ་གྱི་རྣམས་པ་རྩམ་ལས་དོན་དངོས་ཐོག་ནད་རྙིང་ཞིག་གྲོས་འཆར་འདོན་མཁན་ཚོར་ལ་ཡོད་པ་འདྲ་་་་་་་་་་་མ་གཞི་གནས་ཚུལ་དེར་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་གཙོའི་སྟངས་འཛིན་བྱེད་མ་ཐུབ་པར་ལནཔ་ཞིག་་ཡིན་པ་ར་རྫོགས་ཆེན་མཁན་པོ་འཇམ་དཔལ་བསྟན་འཛིན་་མཆོག་གི་གཙོའི་བོད་རིགས་མང་པོའི་བསམ་འཆར་གཅིག་མཐུས་རེད་དངོས་གནས་ཚོགས་གཙོ་མཆོག་གནས་ཚུལ་དེ་དང་ངན་འབྲེལ་མེད་ན་ཡག་པོ་རེད་གོ་ཚོད་ལ་གྲོས་འཆར་འདོན་མཁན་འཚོའི་གོ་སྐབས་དམ་འཛིན་གྱི་རེ་བ་དང་པོ་དེ་ད་ལྟའི་ཚོགས་གཙོ་སྤེན་པ་ཚེ་རིང་ཚོགས་གཙོ་འོས་སྡུས་སྐབས་ནས་རེད་ཟེར་་་་་་་་་་ད་དུང་དེའི་རྩོད་རྙོག་ནང་མཁྲིགས་འཛིན་བྱེད་མཁན་གཙོ་བོ་དེ་བསྟན་འཛིན་མགོན་པོ་ཟེར་བའི་སྤོ་རྒན་དེ་རེད་་་་་་་་་་་་་་་་སྤོ་རྒན་དེའི་ག་རེ་འདྲ་ཞིག་བསམ་གི་ཡོད་པ་་དང་ལས་དོན་གང་ཞིག་ཡོད་པ་དོགས་འཆར་འདུག་་་་་་སོ་སོའི་ནུས་པ་ལས་ལྡོག་པའི་བྱེད་ཚུལ་ཚད་ལས་བརྒལ་པ་ཞིག་ལ་བོད་གཞུང་ལ་སྐྱོན་བརྗོད་བྱེད་རྒྱུ་དང་གཞུང་དམངས་བར་ཀྱི་འགལ་ཟླ་བཟོ་ཅི་ཐུབ་་་་་་་་་འཆོ་ཁར་དང་ཆོས་ལུགས་བར་ཀྱི་དབྱིན་དཀྲུག་གི་གཏམ་བཤད་བྱེད་རྒྱུ་སོགས་རེད་་་་་འདི་རྒྱ་ནག་སྲིད་གཞུང་གི་བྱེད་ཚུལ་མི་འདྲ་བ་ཅི་འདུག་་་་་་་་་་ང་ཉིན་གཅིག་སྡ་ཤོག་འགྲོ་དུས་མི་འདི་ལམ་བར་གམ་པ་རྒྱབ་ཏེ་འགྲོ་བཞིན་འདུག་པས་ང་གཉིས་ཐེངས་དང་པོ་ཐུག་སོང་དེ་དུས་ངས་ཨམ་སྐད་ཐོག་ནས་སྐད་ཆ་བཤད་དུས་་ཁོའི་དགའ་པོ་བྱེད་ཀྱི་འདུག་་ང་གཉིས་ལམ་བར་གཏམ་བཤད་རེ་གཉིས་བྱེད་ཡོད་དེ་སྤོ་རྒན་དེའི་ཨམ་སྐད་ལས་ཤེས་གྱི་མི་འདུག་ད་དུང་ཁོའི་ང་སྤྱི་མཐུས་ཡིན་ཟེར་་་དངོས་གནས་ཡིན་ང་རང་ཨ་མདོ་བ་ལ་མི་དགའ་དགོས་དོན་གང་ཡང་མེད་་་་་་་ལྷག་དོན་ཨ་མདོ་བའི་མི་མང་པོ་བོད་གཞུང་ལ་དགའ་པོ་བྱེད་མཁན་ཀྱང་རེད་་་་་་་ང་རང་སྒེར་ལ་མཚོན་ན་དེ་སྔོན་བོད་ལ་སློབ་གྲ་སྡོད་དུས་ཀྱི་འཛིན་གྲོགས་དང་གཞན་ལམ་རོགས་སོགས་གྲོགས་པོ་མང་པོ་ཡོད་་་་ཁོ་འཚོའི་ནམ་ཡང་འདི་འདྲ་བྱེད་སྲིད་གྱི་མ་རེད་་་་་་་་་་་་་་་་་སྐབས་བབ་གྱི་གནས་སྟངས་འདི་མདོེར་བསྡུས་ནས་བཤད་ན་གྲོས་འཆར་མདོན་མཁན་གྱི་ནོར་བ་རེད་ཏེ་་་་་་་་་་་་ཕར་ཚུལ་གཉིས་ཀའི་མཁྲིགས་འཛིན་གྱི་བསམ་བློའི་ནང་དགྲ་ཁོན་འཛིན་གྱི་བསམ་བློ་ངན་པ་དེ་ལ་ཚོགས་གཙོ་མཆོག་གི་ནུས་པས་མ་འདང་བ་དང་སྟངས་འཛིན་བྱེད་མ་ཐུབ་ཞིག་ཡིན་པ་གསལ་པོ་རེད་་་་་་་་་་་་་་་མ་གཞི་གནས་ཚུལ་འདི་ད་ལོ་བྱུང་བ་སྔར་མ་གྲགས་པ་ཕྱིས་མ་གྲགས་པར་ཡག་པོ་རེད་་་་་་་་ད་ལྟའི་དུས་ལ་གནས་ཚུལ་ཆུང་ཆུང་འདིར་༧རྒྱལ་བ་དོན་གྱི་བདག་པོ་དང་འགྲན་ཟླ་མེད་པའི་མཁས་དབང་ཟམ་དགོང་རིན་པོ་ཆེ་རྣམ་གཉིས་གི་གསུངས་བཤད་ཚིག་གཅིག་རེད་ལ་་་་ཨ་མདོའི་སྤོ་རྒན་བསྟན་འཛིན་མགོན་པོ་སོགས་ཀྱི་དུས་བབ་ཚང་དང་ལག་འབྲེལ་གྱི་རྒྱ་བཤད་ལྟོང་བཤད་ཇི་རྩམ་བྱེད་ན་ཡང་བོད་རིགས་མི་མང་ནི་མི་འགྱུར་རྡོ་རྗའི་བྲག་ལྟར་བརྟན་པོ་རེད་་་་་རབ་བྱུང་ན་བོད་རིགས་སུ་ཞིག་གི་གནས་ཚུལ་འདི་ལ་འཆོལ་བཤད་མ་གནང་བའི་རེ་ཡོད་ལ་་་་་་་་་་དུས་བབ་ཚང་གི་ཀྱང་གནས་ཚུལ་འདིའི་རིགས་གཏམ་བཟང་ཞིག་ལ་ངོས་འཛིན་མི་གནང་བ་ཞུ་་

    Reply
  39. སློབ་དཔོན་ says:
    ལོ་ 16 སྔོན།

    དུས་བབ་ཚང་གི་ཡང་གཏམ་བཟང་ཞིག་བཤད་འདུག་་་་་་་་་་་་དོན་ངོ་མ་ད་འཇུག་སྒྲིགས་པ་དེ་བོད་དོན་རེད་པས་
    དབུས་གཙང་རྒྱུས་ལབ་ཟེར་བ་དེའི་ག་རེ་བཤད་་གྱི་ཡོད་རེད་་་་་་་་་་་་་བོད་བཙན་བྱོལ་གཞུང་འདི་ནི་འདས་པའི་དུས་སུ་བྱུང་མྱོང་བའི་བོད་སྡེ་པ་གཞུང་མ་རེད་ལ་་་་་་་་་་་སྐུ་ངོས་ལགས་ཟེར་མཁན་འགའ་རེའི་ག་རེ་བྱེད་བྱེད་ཡང་མ་རེད་་་་་་་ཚད་ལྡན་གྱི་གཞུང་འདི་ལ་གྲོས་འཆར་ག་རེད་ཡོད་ན་བརྩོདརྙོག་བཟོ་འདོད་ཡིན་པ་དངོས་གནས་རེད་་་་གོ་སྐབས་འདི་བཟུང་ནས་མངའ་རའི་སྤྱི་མཐུན་ཚོགས་པ་དེ་དབུས་གཙང་རྒྱན་ལས་ཀྱི་རང་བདག་བྱེད་འདོད་པ་ཡིན་ནམ་་་་་་་གཞན་བོད་གཞུང་གི་རྩ་ཁྲིམས་དང་སྒྲིགས་གཞི་གང་དང་ཡང་མགལ་མེད་ལ་རང་གི་འོས་འགན་སྤྱི་མཐུས་ཚོགས་གཙོ་སོགས་གནང་ཏེ་བོད་རིགས་མི་མང་དགའ་བ་དང་རྒྱ་ནག་སྲིད་གཞུང་གི་སྐྱོན་བརྗོད་ཁྲོད་ནས་དོན་ངོ་མ་ཁོང་དབུས་གཙང་རྒྱུན་ལས་ཟེར་མཁན་ཁྱེད་འཚོའི་ཁོང་དབུས་གཙང་གི་ཁོང་སུ་འདོད་ན་་་་་་་་ད་ནས་གཟུང་བསྟོད་སྔགས་བྱེད་དེ་རེད་་་་་་་་་་དེ་མིན་མངའ་རི་མི་ཞིག་ལ་ཐེས་ཇུས་དེ་འདྲ་གནང་བ་ནི་ཧམ་པ་ཆེ་གྲག་པ་རང་རེད་་་་་་་ད་དུང་འདི་ནི་ཉིན་འཆར་རྒྱ་ནག་གི་རྒྱ་གར་ས་མཚམ་ལ་ས་རྟགས་རྒྱབས་པ་དང་གཅིག་པ་མ་རེད་པས་་ངོ་མ་་་་ཧམ་པ་ལ་་་་་་་་་་

    Reply
  40. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    བྱེས་སུ་བྲོ་འཁྲབ། རྒྱ་གཞུང་གིས་རྔ་བརྡུང་། རྒྱའི་འདོད་ཐོག་ལ་སོང་། བོད་པའི་སྤྱི་དོན་བཤིག ༧གོང་ས་མཆོག་སྐུ་གཞུགས་དུས་སུ་མི་ངན་ཁོག་ལ་རང་དོན་ལས་སྤྱི་དོན་སེ་མོ་ཙམ་ཡང་མི་ཤར་འདི་ཚོས་ངོ་མ་བཙོག་ནི་བཤད་ཀྱང་མཐའ་ཞིག་མི་འདུག་ལ། བསམ་བློ་གཏོང་བཞིན་གཏོང་བཞིན་ངོ་མ་སེམས་པ་སྐྱོ་བ་ནི་མཐའ་ཞིག་མི་འདུག ཕ་མ་ཤི་སོང་རང་འདི་འདྲའི་སྡུག་བསྔལ་ཞིག་ཡོད་མི་སྲིད།

    Reply
  41. སློབ་དཔོན་ says:
    ལོ་ 16 སྔོན།

    དུས་བབ་ཚང་གི་ཡང་གཏམ་བཟང་ཞིག་བཤད་འདུག་་་་་་་་་་་་དོན་ངོ་མ་ད་འཇུག་སྒྲིགས་པ་དེ་བོད་དོན་རེད་པས་
    དབུས་གཙང་རྒྱུས་ལབ་ཟེར་བ་དའི་ག་རེ་བཤད་་གྱི་ཡོད་རེད་་་་་་་་་་་་་་་འདི་ནི་འདས་པའི་དུས་སུ་བྱུང་མྱོང་བའི་བོད་སྡེ་པ་གཞུང་མ་རེད་ལ་་་་་་་་་་་སྐུ་ངོས་ཟེར་མཁན་འགའ་རེའི་ག་རེ་བྱེད་ཡང་མ་རེད་་་་་་་་་་་་་་་་་་མངའ་རི་མི་ཞིག་ལ་ཐེས་ཇུས་དེ་འདྲ་གནང་བ་ནི་ཧམ་པ་ཆེ་གྲག་པ་རང་རེད་་་་་་་ད་དུང་འདི་ནི་ཉིན་འཆར་རྒྱ་ནག་གི་རྒྱ་གར་ས་མཚམ་ལ་ས་རྟགས་རྒྱབས་པ་དང་གཅིག་པ་མ་རེད་པས་་ངོ་མ་དེའི་ཧམ་པ་ལ་་་་་་་་་་

    Reply
  42. སྐར་ཁྲི་བཙན། says:
    ལོ་ 16 སྔོན།

    ད་ལྷ་སའི་རྒྱུག་ཁྱི་དེ་དག་དགའ་ཐག་ཆོད་ཡོད་ས་རེད།

    Reply
  43. བསམ་གཏན། says:
    ལོ་ 16 སྔོན།

    ༼བོད་ཀྱི་བང་ཆེན་ལས་བཤུས།༽
    རྒྱ་གཞུང་གིས་བཙན་བྱོལ་གྲོས་ཚོགས་ལ་དམའ་འབེབས།

    བོད་མི་མང་སྤྱི་འཐུས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཚོགས་དུས་བརྒྱད་པ་དེ་རྐྱེན་སྣ་ཚོགས་ཀྱིས་ལུགས་ལྟར་མཇུག་བསྡོམས་རྒྱག་ཐུབ་མེད་པ་དང༌།བཙན་བྱོལ་དུ་ཡོད་པའི་བོད་མི་ཚང་མས་འདིའི་ཐད་ཧ་ཅང་གི་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། དེ་བཞིན་དེང་སྐབས་རྒྱ་ནག་གཞུང་གིས་ཀྱང་གྲོས་ཚོགས་ཀྱི་སྐོར་སྐྱོན་བརྗོད་རིང་པོ་ཞིག་བྲིས་ཡོད་པ་རེད།
    ཕྱི་ཟླ་༩ པའི་ཚེས་༢༥ ཉིན་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཞེས་པ་རྒྱ་ནག་གི་གཞུང་འབྲེལ་དྲ་རྒྱའི་ཐོག་འགོ་བརྗོད་དུ། <<ཏཱ་ལས་མང་གཙོ་ལག་ལེན་བསྟར་བ་ཞེས་པ་བཞད་གད་ཀྱི་ཡུལ་དུ་གྱུར་པ>>ཟེར་བའི་ནང་བརྗོད་དོན། ཏཱ་ལས་རྟག་པར་བཙན་བྱོལ་སྤྱི་ཚོགས་སུ་མང་གཙོ་ལག་ལེན་བསྟར་ལུགས་འུད་སྒྲོག་བྱེད་བཞིན་ཡོད་ཀྱང། ད་ཐེངས་བཙན་བྱོལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་དུས་བརྒྱད་པ་ཟེར་བས། སྤྱི་འཐུས་བྱེ་བྲག་པ་གཅིག་གི་འགྲོ་སོང་གཏོང་མིན་སྐོར་གྱི་རྙོག་ཟིང་ལས་མཇུག་བསྡུ་མ་ཐུབ་པ་ཆགས་པ་དེས། མང་གཙོ་ཟེར་བའི་སྐད་ཆ་དེའི་རྫུན་རྐུབ་རྦད་དེ་བརྡོལ་ཡོད་ཅིང༌། བཙན་བྱོལ་ནང་མི་མང་བརྒྱ་ཆ་༧༥ ཙམ་ལས་མེད་ཡིན་པ་དང། ཁོ་ཚོར་ཟས་གོས་མི་རག་པའི་འཚོ་བའི་དཀའ་ངལ་དང། སློབ་གྲྭའི་ཁང་པ་མང་ཆེ་བ་ལྕགས་ཤོག་ལས་གྲུབ་པ། སྤྱིར་བཏང་མང་ཚོགས་ཀྱི་སྡོད་གནས་བརླན་བཤེར་དང་གསལ་ཆ་མེད་པ་བཅས་འཚོ་བའི་གནས་སྟངས་ཧ་ཅང་སྐྱོ་པོ་ཡིན་རུང། སྤྱི་འཐུས་ཚོས་སོ་སོ་སྒེར་གྱི་དངུལ་ཁུག་ལ་གྱོང་རག་མིན་རྩོད་པ་རྒྱག་པ་ལས། མང་ཚོགས་ཀྱི་བདེ་སྡུག་ལ་དོ་སྣང་དང་སེམས་འཁུར་བྱེད་མཁན་གཅིག་ཀྱང་མེད། འོན་ཀྱང་ཕྱོགས་གཞན་ཞིག་ནས་བཤད་ན་སྤྱི་འཐུས་བྱེ་བྲག་པའི་འགྲོ་སོང་གཏོང་མིན་དེ་ཁ་གཡར་ས་ཙམ་ཡིན་ཞིང།་གཙོ་བོ་ཏཱ་ལའི་རུ་ཚོགས་ནང་ཁུལ་ཕྱོགས་འཐེན་དཔུང་སྒྲིག་གི་འགལ་ཟླ་ཆེན་པོ་ཡོད་པའི་རྣམ་པ་ཕྱིར་མངོན་ཡོད། ད་ལོའི་ཟླ་བ་༦པའི་ནང་ཟམ་གདོང་ལས་གནས་ནས་དགོངས་པ་ཞུ་འདོད་པའི་སྐད་ཆ་བྱུང་ཡོད་པ་དེའང་གཟུགས་གཞི་སྐྱོ་པོ་ཡོད་ཚུལ་བརྗོད་ཡོད་རུང༌། དོན་དངོས་ནང་ཁུལ་དཔུང་སྒྲིག་ཕྱོགས་འགལ་གྱི་འཐབ་རྩོད་ཤིན་ཏུ་ཛ་དྲག་ཡིན་པ་དེ་རིང་གྲོས་ཚོགས་ཀྱི་ར་སྤྲོད་གསལ་པོ་བྱས་ཡོད། སྙིང་རྗེ་དགོས་པ་ཞིག་ལ་ཏཱ་ལའི་རུ་ཚོགས་ཀྱིས་རྟག་པར་མང་གཙོ་ཁར་འཁྱེར་ཏེ། ཕྱིའི་རྣམ་པ་སྙིང་རྗེ་པོ་ག་ཚོད་བཟོས་རུང༌། ནང་ཁུལ་སྤྱི་འཐུས་རྣམ་པའང་ཁོང་དང་རྒྱབ་འགལ་དང། སྒེར་དོན་གཅིག་པུར་འབད་པ་དེས་ག་ཚོད་བར་དུ་ཁུངས་འཁྱོལ་ཐུབ་ཀྱི་ཡོད་དམ་ཞེས་བཀོད་ཡོད་པ་རེད།
    དེའི་ནང་མུ་མཐུད་འཁོད་དོན། ཕྱོགས་གཞན་ཞིག་ནས་བཤད་ན་སྤྱི་འཐུས་བྱེ་བྲག་པ་ཞིག་གི་འགྲོ་སོང་གཏོང་མིན་གྱི་དོན་དག་ཆུང་ཙག་དེ་འདྲ་ཞིག་བཙན་བྱོལ་བོད་མི་ཆིག་འབུམ་ལྷག་གི་སྐུ་ཚབ་ཡིན་ཟེར་བའི་གྲོས་ཚོགས་ཀྱི་གྲོས་གཞིར་ཡོང་དགོས་དོན་ནི། གྲོས་ཚོགས་ཀྱི་འཐུས་མི་རྣམས་ལ་གནད་དོན་ཆེན་པོའི་རིགས་གོ་བསྡུར་བྱེད་རྒྱུ་གང་ཡང་མེད་ཅིང། ཚང་མ་ཏཱ་ལས་ཐེག་བཅད་ཚར་བ་དང་ཏཱ་ལས་བཙན་བྱོལ་གཞུང་གི་ལས་དོན་ཡོངས་རྫོགས་སྟངས་འཛིན་བདག་གཉེར་བྱེད་བཞིན་པའི་རྐྱེན་གྱིས་རེད་ཅེས་གནས་ཚུལ་སྤེལ་ཡོད་པ་རེད།།

    Reply
  44. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    ད་གང་ལྟར་་་ཕན་མི་ཐོག་ན་ཁ་ནང་གི་སོ་ཡིན་རུང་བཀོག་ན་བཟང་།

    Reply
  45. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    ད་གང་ལྟར་་་ཕན་མི་ཐོག་ན་ཁ་ནང་གི་སོ་ཡིན་རུང་བཀོག་ན་བཟང་།

    Reply
  46. ཨ་རིག་གླེན་རྒན། says:
    ལོ་ 16 སྔོན།

    དབུས་གཙང་ཆོལ་ཁས་རྒྱུན་ལས་ཀྱིས་གནང་སྟངས་ལ་རྗེས་སུ་ཡི་རངས་ཡོད
    ད་རུང་ཆོལ་ཁ་གཞན་པའི་ཀྱང་ཞིབ་འཇུག་གནང་རོགས་ཕན་ལས་གནོད་ཆེ་བའི་སྤྱི་མཐུས་ཡོད་ཚད་གནས་ནས་དབྱུང་ན་རེད
    ད་གཟབ་དགོས་པ་གཅིག་མངའ་རིའི་མི་མང་མགོ་མ་འཁོར་བ་བྱེད་དགོས་རེད།
    ཀརྨ་ཆོས་འཕེལ་ཅེས་བའི་མི་དེས་བྱེད་སྟངས་དེ་འདྲིའི་སྡིག་པ་ལ་ཨ་ཁཁཁ

    Reply
  47. གནམ་ལྕགས། says:
    ལོ་ 16 སྔོན།

    མི་ལ་ངོ་ཚ་མེད་དུས་ག་རེ་ཡིན་ཡང་བྱེད་སྲིད་པ་རེད། དེའི་སྟབས་ཀྱིས་དབུས་གཙང་ཆོལ་ཁས་ཁོང་ཕྱིར་འབུད་གཏོང་རྒྱུའི་གྲོས་ཆོད་བཞག་ཡོང་དུས། ཁོས་ཡང་བསྐྱར་མངའ་རིས་དྲུད་ཡོང་གི་འདུག་ག ང་ཚོའི་གནད་འགག་གི་ཐུག་ས་དེ་འདི་འདྲ་བྱས་ནས་ད་བར་ཉོག་དྲ་བསླངས་བསྡད་པ་རེད། འདི་འདྲའི་ངོ་ཚ་རྒྱུ་མེད་པའི་མི་ལ་བྱེད་ཐབས་ཤིག་ཡོད་པ་ནི། རྡོ་དང་དབྱུག་པ་བེད་སྤྱོད་གཏོང་རྒྱུ་ལས་གཞན་འོས་མེད་པ་ཡིན། གོང་དུ་བློ་གྲོས་རྒྱལ་བོས་གསུང་བ་བཞིན། མི་འདིས་ཁྲག་དཀྲུགས་དཀྲུགས་ཤིག་བྱེད་འདོད་པ་འདྲ།

    Reply
  48. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    དབུས་གཙང་ཆོལ་ཁའི་གྲོས་ཆོད་ལ་རྒྱབ་སྐྱོར་ཡོད། མང་གཙོའི་ལམ་ལ་འགྲོ་བཞིན་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་འགྲོ་ལམ་འདི་ལས་ཡོད་ལེ་མ་རེད།
    ཀརྨ་ཆོས་འཕེལ་ལ་ཆ་མཚོན་ནའང་བཟང་སྤྱོད་ཀྱིས་ཐོག་ནས་དགོངས་པ་ཞུ་རྒྱུ་ལས། ཀ་ཀོར་མ་མཤད་ན་དགའ་ལེ་རེད། སྤྱི་འཐུས་ཁ་ཐོར་བཏང་བས་འདོད་བློ་མ་ཁེངས་པར་ད་དུང་དབུས་གཙང་ཆོལ་ཁ་དུམ་བུར་བཟོ་འདོད་ཀྱི་གཏམ་བཤད་ལ་རང་ཉིད་དབུས་གཙང་ཆོལ་ཁོངས་ཀྱི་ཁོངས་མི་ཞིག་ཡིན་པའི་ཆ་ནས་བློ་ཕམ་ཚད་མེད་ཡོད། ཁྱེད་ནས་མ་རབས་ཐ་ཤལ་རྐྱང་འཁྲབ་བསྡད་ན་མི་མང་ཡང་འུ་ཐུག་ནས་ཁྱེད་རང་ལག་འགོ་ནས་འཇུས་ཏེ་ཕྱི་ལ་ཁྱི་ནང་བཞིན་མི་འདྲུད་པའི་ངེས་པ་མེད།

    Reply
  49. ཀུན་བཟང says:
    ལོ་ 16 སྔོན།

    སྤྱི་མཐུན་ཚོགས་པ་ཟེར་བ་དེ་ཆོལ་ཁ་ལ་ཟེར་རམ་གང་ལ་ཟེར།
    ཆོལ་ཁ་ཡིན་ན་གསུམ་ལས་བཞི་ཡོད་མི་སྲིད།

    Reply
  50. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    དཀོན་མཆོག་མཁྱེན་ད་ནི་དྲང་བདེན་ལ་རྡོག་རོལ?????????????????

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese