མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ན་ནིང་ལ་ཕྱིར་དྲན་དང༌། ད་ལོའི་བྱ་སྤྱོད

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

 
བདེ་ཆེན་སྒྲོལ་མ།

སྤྱིར་ན་ནིང་ནི་ཐག་རིང་ཞིག་མིན་ན་ཡང༌། ང་ཚོ་མང་པོ་ཞིག་གིས་ན་ནིང་གཏིང་བརྗེད་དུ་སོང་ཡོད་པ་འདྲ། གལ་སྲིད། ཁྱོད་རང་བག་ལེབ་བཙོང་མཁན་ཞིག་ཡིན་ན། ཁྱོད་ཀྱིས་ན་ནིང་བརྗེད་སོང་རུང༌། ངས་ཁྱོད་ལ་ལས་བདའ་མི་བྱེད། གལ་སྲིད། ཁྱོད་རང་ཟ་ཁང་དང་ཚོང་ཁང་གི་ལས་རིགས་ཙག་ཙིག་གཉེར་མཁན་ཞིག་ཡིན་ན། ཁྱོད་ཀྱིས་ན་ནིང་བརྗེད་སོང་རུང༌། ངས་ཁྱོད་ལ་ཁྲེལ་མེད་དང་ནག་ཅན་མི་ཟེར། གལ་སྲིད། ཁྱོད་རང་རང་གི་ལྟོ་གོས་ཙམ་ལ་མགོ་ཐོན་མིན་གྱི་ལྡོམ་པོ་ངོ་མ་ཞིག་ཡིན་ན། ཁྱོད་ཀྱིས་ན་ནིང་བརྗེད་སོང་རུང༌། ངས་ཁྱོད་ལ་གནས་ལུགས་དང་བདེན་པ་མི་བཤད། ཡིན་ནའང༌། ཁྱོད་ནི་བོད་མི་སྟོང་ཕྲག་མང་པོའི་འཐུས་ཚབ་ཞིག་ཡིན་པས། ཁྱོད་ཀྱིས་ན་ནིང་བརྗེད་སོང་ན་དེ་ནི་གནམ་ལ་མི་ཤོང་བའི་ནག་ཉེས་རེད། དེ་ནི་དམ་པ་ལྷ་ཆོས་ཕར་ཟད་འཇིག་རྟེན་མི་ཆོས་དང་ཡང་མཐུན་ཐབས་རྩ་ནས་མེད། དེ་ནི་ཁྱོད་ཀྱི་ཡ་ཁོག་ན་རྩྭ་མ་གཏོགས་གཞན་ཅི་གང་མེད་པའི་བདེན་དཔང་རེད་ཟེར་སྙིང་འདོད་སོང༌། ཞོར་ལ་ན་ནིང་ལ་ཕྱིར་དྲན་རེ་བྱས་ན། ན་ནིང་ནི་ལོ་རྒྱུས་ཀྱི་ཤོག་ངོས་ན་གསེར་འོད་ལམ་ལམ་འབར་བའི་གླེང་རིན་ཡོད་པའི་ གསེར་གྱི་དུས་ཚིགས་ཤིག་ཡིན། ན་ནིང་ནི་ཤ་རུས་གདུང་རྒྱུད་གཅིག་ལས་མཆེད་པའི་གཞིས་བཞུགས་སྤུན་ཟླ་ཚོ་རྒྱ་ནག་ དམར་པོས་དམར་པོ་ཁྲག་ལ་སྦྱར་བའི་མྱ་ངན་གྱི་ལོ་དུས་ནག་པོ་ཞིག་ཡིན། ན་ནིང་ནི་བོད་ཡུལ་ཆོལ་ཁ་གསུམ་པོ་བོད་མིའི་སྐྱིད་སྡུག་མཉམ་མྱོང་གི་མཛའ་མཐུན་ གསེར་ཟམ་གྱི་ལོ་དུས་ཤིག་ཡིན། མདོར་ན། ན་ནིང་ནི་ས་སྟེང་གི་བོད་པ་ཡོངས་རྫོགས་མེ་རུ་འབར་བའི་དམར་ལྷང་ལྷང་གི་དུས་ ཚིགས་ཤིག་ཡིན། ཡིན་ནའང༌། བློ་ཕམ་པ་དང་སྙིང་ཞུམ་པ་ཞིག་ལ།

ན་ནིང་གི་དུས་སུ། རང་གི་སྐྲ་ལོ་བཅད་ནས་བོད་མི་རིགས་ལ་ཁ་ཞེ་གཉིས་མེད་ཡིན་ཟེར་མཁན་སྤྱི་འཐུས་ཁག་གཅིག་གིས་ད་ལོ་མེ་ལ་བརྫངས་སོང༌།

ན་ནིང་གི་དུས་སུ། མི་དམངས་ཀྱི་མདུན་ནས་ཤ་ཞེན་གྱི་མིག་ཆུ་གཏོང་མཁན་སྤྱི་འཐུས་ཁག་གཅིག་གིས་ད་ལོ་ཆུ་ལ་གཡུག་སོང༌།
ན་ནིང་གི་དུས་སུ། མི་དམངས་འཛོམས་སར་ལ་རྒྱའི་ཁུ་ཚུར་དགུང་ནས་གཡུག་མཁན་སྤྱི་འཐུས་ཁག་གཅིག་གིས་ད་ལོ་རླུང་ལ་སྤུར་སོང༌།
ན་ནིང་གི་དུས་སུ། མི་དམངས་ཀྱི་མདུན་སར་མཐུན་སྒྲིལ་དང་ལྷག་བསམ་གལ་ཆེ་ཟེར་མཁན་སྤྱི་འཐུས་ཁག་གཅིག་གིས་ད་ལོ་རྡོ་ལ་བརྡབ་སོང༌།

འབྲེལ་ཡོད་གསར་འགྱུར།

Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༨ སྔོན་ལ།
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

ཆུ་ཚོད་ ༡༠ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༥
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤

མཆན། 7

  1. རི་བོང། says:
    ལོ་ 16 སྔོན།

    བཀླགས་ཟིན། བདེན་པ་རེད།

    Reply
  2. དྲང་ཐིག says:
    ལོ་ 16 སྔོན།

    བོད་ཀྱི་དུས་བབ་རྩོམ་སྒྲིག་ཁང་གིས་དྲང་པོ་མ་བྱས་པའི་བསམ་ཤོག་གི་གྲུབ་འབྲས།
    ཉེ་ཆར་སྐབས་བཅུ་བཞི་པའི་སྤྱི་འཐུས་གྲོས་ཚོགས་ཐེངས་བརྒྱད་པ་མཇུག་བསྡོམས་མ་ཐུབ་པའི་སྐོར་ལ་དུས་བབ་དྲ་ཚིགས་ནང་སུའི་ནོར་མིན་གྱི་བསམ་ཤོག་ཅིག་བསྡུས་སོང་བའི་གྲུབ་འབྲས་ ༢༠༠༩།༩།༢༩ དགོང་དྲོ་ཆུ་ཚོད་ ༧།༥༠ ཐོག
    《སྐབས་བརྒྱད་པའི་གྲོས་ཚོགས་ཀྱི་མཇུག་སྡོམ་ཡང་གནང་མ་ཐུབ་པར་དུས་ཚོད་ངེས་མེད་བར་ཚོགས་གསེང་མི་གཏོང་ཐབས་མེད་བྱུང་བ་འདི་ནི།
    གྲོས་གཞི་འདོན་མཁན་ནོར་བ་རེད། (༥༡)
    ས་རྟགས་འགོད་མཁན་ ༡༤ ནོར་བ་རེད། (༢༠༥)
    ཕྱི་ལ་ཐོན་མཁན་ ༡༢ ནོར་བ་རེད། (༩༢)
    ལམ་གྲོན་ཞུ་མཁན་ནོར་བ་རེད། (༤༠)
    རྒྱུན་ལས་ནོར་བ་རེད། (༣༧)》 ཞེས་ཁྱོན་འོས་གྲངས་ ༤༢༥གསལ་ཡོད་རེད། དེ་དགོང་མོ་པར་བཤུས་བྱས་ནས་ཉར་བ་ཡིན།
    ཡང་བོད་ཀྱི་དུས་བབ་ཚགས་ཤོག་སྤྱིའི་འདོན་ཐེངས་ ༤༦༢ ནང་༼བསམ་ཤོག༽ ཅེས་པའི་འོག
    《བསྡོམས་པའི་འོས་ཤོག་འཕེན་མཁན་མི་གྲངས་ ༤༠༤ 》 ཞེས་དང་།
    《སྐབས་བརྒྱད་པའི་གྲོས་ཚོགས་ཀྱི་མཇུག་སྡོམ་ཡང་གནང་མ་ཐུབ་པར་དུས་ཚོད་ངེས་མེད་བར་ཚོགས་གསེང་མི་གཏོང་ཐབས་མེད་བྱུང་བ་འདི་ནི།
    རྒྱུན་ལས་ནོར་བ་རེད། ༨༌༧༦%
    གྲོས་གཞི་འདོན་མཁན་ནོར་བ་རེད། ༡༠༌༨༢%
    སྤྱི་འཐུས། ༢༩༌༥༧%
    ཕྱི་ལ་ཐོན་མཁན་ ༡༢ ནོར་བ་རེད། ༢༠༌༤༠%
    ས་རྟགས་འགོད་མཁན་ ༡༤ ནོར་བ་རེད། ༥༠༌༢༤% 》 ཞེས་བྲིས་འདུག ཚགས་ཤོག་ནང་དོན་དངོས་འོས་ཤོག་གི་གྲངས་ཚད་ཆ་ཚང་བཀོད་མི་འདུག་པས་འོས་ཤོག་བླུག་མཁན་རྣམས་ལ་མགོ་བསྐོར་བཏང་འདུག ཡང་དྲ་རྒྱར་གསལ་བའི་ལམ་གྲོན་ཞུ་མཁན་ཟེར་བ་དེ་ཚགས་ཤོག་ནང་བཀོད་མི་འདུག་ཅིང་གལ་སྲིད་སྤྱི་འཐུས་ཟེར་བ་དེ་ཡིན་ཚེ་ཕྱི་ལ་ཐོན་མཁན་ ༡༢ དང་གྲོས་གཞི་འདོན་མཁན་ལས་འོས་གྲངས་ཉུང་བ་དྲ་ངོས་སུ་ཁྲ་ལམ་མེར་གསལ་འདུག་ཀྱང་ཚགས་ཐོག་ཏུ་བརྒྱ་ཆ་མང་བ་བཟོས་འདུག ཉེ་ཆར་གྱི་གནས་ཚུལ་དེ་བྱུང་བ་ནས་བཟུང་དུས་བབ་རྩོམ་སྒྲིག་པ་དང། གསར་འགོད་བ། ཟིན་བྲིས་བ་ཕལ་ཆེར་བཅས་ཀྱིས་ཕྱོགས་གཅིག་ཁོ་ནའི་སྐོར་ལ་བྲིས་འདུག་པ་ལྟར་དེ་རིང་གི་གནས་ཚུལ་འདིས་ར་སྤྲོད་དང་དྲང་པོ་བྱས་མེད་པ་གསལ་མི་འདུག་གམ།
    ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་༌༌༌༌༌༌༌༌༌༌༌༌༌༌༌༌༌༌ཧཧཧཧ༌༌༌༌༌༌༌༌༌༌༌༌༌༌༌༌༌ཧཧཧ༌༌༌༌ཧཧཧ

    Reply
  3. གངས་རི་སྐྱབས། says:
    ལོ་ 16 སྔོན།

    ཧ ཧ ཧ ད་ཞར་སོང་ས་ཡོད་ག ལོ་རྒན་དྲུག་ཅུ།

    Reply
  4. གངས་རི་སྐྱབས། says:
    ལོ་ 16 སྔོན།

    འོ ཡང་ནོར་སོང་ཟིག ང་ལྷ་ཆབ་སྦྱིན་པའི་སྐད་ཆ་དེར་རྒྱབ་སྐྱོར་གཙང་མ་ཡོད། ང་ཚོས་རྒྱ་ནག་སྲིད་གཞུང་གིས་མྱི་གསོད་འགོ་ཚུགས་ནས་ལོ་རྒན་ཅུ་འཁོར་བའི་དུས་སྟོན་འདིའི་ཕྱོགས་སུ་ཅིག་བལྟ་ཐུབ་ན་ཡག་པོ་འདུག
    དགོངས་དག་མཆན་བུ་གོང་མ་གཉིས་དེ་ནོར་སོང་བས། རྩོམ་སྒྲིག་པས་བསུབ་ཐུབ་ན་རབ་རེད།

    Reply
  5. གངས་རི་སྐྱབས། says:
    ལོ་ 16 སྔོན།

    ང་ལྷ་ཆབ་སྦྱིན་པའི་སྐད་ཆ་དེར་རྒྱབ་སྐྱོར་གཙང་མ་ཡོད། ང་ཚོས་རྒྱ་ནག་སྲིད་གཞུང་གིས་མྱི་འགོ་ཚུགས་ནས་ལོ་རྒན་ཅུ་འཁོར་བའི་དུས་སྟོན་འདིའི་ཕྱོགས་སུ་ཅིག་བལྟ་ཐུབ་ན་ཡག་པོ་འདུག
    དགོངས་དག་གོང་མ་དེར་ནོར་སོང་བས། རྩོམ་སྒྲིག་པས་བསུབ་ཐུབ་ན་རབ་རེད།

    Reply
  6. གངས་རི་སྐྱབས། says:
    ལོ་ 16 སྔོན།

    ང་ལྷ་ཆབ་སྦྱིན་སྐད་ཆ་དེར་རྒྱབ་སྐྱོར་གཙང་མ་ཡོད། ང་ཚོས་རྒྱ་ནག་སྲིད་གཞུང་གིས་མྱི་འགོ་ཚུགས་ནས་ལོ་རྒན་ཅུ་འཁོར་བའི་དུས་སྟོན་འདིའི་ཕྱོགས་སུ་ཅིག་བལྟ་ཐུབ་ན་ཡག་པོ་འདུག

    Reply
  7. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ན་ནིང་ལ་ཕྱིར་དྲན་ཞིག་ཡོད་ན་དེ་དག་འབྱུང་མི་སྲིད་པ་ཡིན་ལ། ན་ནིང་གི་རེ་བ་དང་སྙིང་སྟོབས་དེ་དག་ཡོད་ན་རང་ཉིད་བོད་མི་རིགས་ཀྱི་འཐུས་ཚབ་ཞིག་ཡིན་པ་ཡང་སེམས་ཁོང་ནས་འབོར་མི་སྲིད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese