མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒྱུ་རྩལ་པ་མགོ་ལོག་ཟླ་བྷེ་བཙན་བྱོལ་དུ་འབྱོར་འདུག

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

སྒྱུ་རྩལ་པ་དང་རྩོམ་པ་པོ་མགོ་ལོག་ཟླ་བྷེ་ལགས་ཀྱིས་ཁ་ཤགས་དང་གཏམ་བརྗོད། གར་ཆུང་། གཏམ་བཤད་བཅས་ཀྱི་བརྗོད་བྱར་བོད་མིའི་ལ་རྒྱ་དང་མི་རིགས་ཀྱི་བདེ་སྡུག་བརྗོད་ཡོད་ལ། ལ་གཞས་དང་རྡུང་ལེན། གླུ་གར། འཁྲབ་སྟོན་སོགས་ཀྱི་ལམ་ནས་མི་རིགས་སློབ་གསོ་དང་སྤྱི་ཚོགས་ཞབས་ཞུའི་ལས་དོན་བསྒྲུབས་ཡོད་ཀྱང་། རྒྱ་གཞུང་གིས་ཆབ་སྲིད་ཀྱི་ཉེས་འཛུགས་བྱས་ཏེ་དམ་དྲག་དང་སིན་གཙེར་མ་བཟོད་པར་ད་ལྟ་བལ་ཡུལ་ནང་བཙན་བྱོལ་དུ་འབྱོར་ཡོད་འདུག 
ཉེ་ཆར་ཕྱི་ཚེས་ ༢༩ ཉིན་གངས་གཞོན་གླེང་སྟེགས་དྲ་བར་གནས་ཚུལ་བཀོད་པ་ལྟར་ན། ཉེ་སྔོན་མགོ་ལོག་རྨ་ཡུལ་སེང་ཆེན་སྒྱུ་རྩལ་ཚོགས་པ་སྒོ་བརྒྱབས་ཡོད་པ་མ་ཟད། སྒྱུ་རྩལ་པ་གྲགས་ཆེན་མགོ་ལོག་ཟླ་པེ་ལགས་ལ་རྒྱ་སྒོར་ཁྲི་དྲུག་ ༦༠༠༠༠ གི་ཆད་པ་བཅད་དེ་གུ་ཡངས་ཙམ་བཏང་ཡོད་ཀྱང་། ད་ལྟ་ཁོང་གར་སོང་ཆ་མེད་ཆགས་འདུག ཅེས་བཀོད་འདུག་ལ། ཕྱི་ཚེས་ ༢༠ ཉིན་མགོ་ལོག་ཟླ་བྷེ་བཟའ་མི་གཉིས་ཀ་བལ་ཡུལ་ནང་བཙན་བྱོལ་དུ་འབྱོར་ཡོད་པའི་གནས་ཚུལ་ཞིག་ཀྱང་ཐོན་ཡོད་སྟབས། དེ་རིང་ཞོགས་པ་འདི་གའི་གསར་འགོད་པ་བོད་གཞུང་དཔེ་མཛོད་ཁང་གི་ལས་བྱེད་མགོ་ལོག་དམ་ཆོས་དཔལ་བཟང་ལགས་ཀྱི་སར་བཅར་ཏེ། མགོ་ལོག་ཟླ་བྷེ་སྐོར་ལ་མཁྱེན་རྟོགས་ཡོད་མེད་བཅར་འདྲི་ཞུས་པར་ཁོང་གིས་ངོ་སྤྲོད་གནང་དོན། མགོ་ལོག་ཟླ་པེ་སྐོར་ལ་རྒྱུས་མངའ་གང་འཚམས་ཡོད། ཁ་སང་ཁ་པར་འབྱོར་བ་ལྟར་ན་ཁོང་ད་ལྟ་བལ་ཡུལ་སྣེ་ལེན་ཁང་དུ་སླེབས་ཡོད་རབས་འདུག མགོ་ལོག་ཟླ་པེ་མགོ་ལོག་རྨ་སྟོད་ནས་རེད། གླུ་བ་དང་ཁ་ཤགས་བཤད་མཁན་གྲགས་ཆེན་ཞིག་རེད། ཁོང་ཅག་མི་སྐོར་ཞིག་གིས། ༼ རྨ་ཡུལ་སེང་ཆེན་སྒྱུ་རྩལ་ཚོགས་པ ༽ བཙུགས་ཏེ། ཁོང་གིས་ཚོགས་གཙོའི་འགན་བཞེས་པ་རེད། ཚོགས་པ་དེའི་ཚོགས་མི་ཡོངས་རྫོགས་གླུ་བ་དང་ཁ་ཤགས་བཤད་མཁན། འཁྲབ་སྟོན་པ། རྩོམ་པ་པོ་སོགས་སྒྱུ་རྩལ་པ་རྐྱང་རྐྱང་རེད། ཁོ་ཚོས་བོད་མིའི་ཡིག་རྨོངས་ཀྱི་གནས་སྟངས་དང་རྗེས་ལུས་ཀྱི་རྣམ་པ། རོང་འབྲོག་མང་ཚོགས་ཀྱི་དཀའ་སྡུག་གི་འཚོ་བ་སོགས་བརྗོད་གཞིར་བཟུང་སྟེ། གླུ་དང་ལ་གཞས། ཁ་ཤགས་དང་གཏམ་བརྗོད། གར་ཆུང་སོགས་ཀྱི་སྒྲ་ཐག་དང་བརྙན་འཁོར་མང་པོ་ཕུད་ཡོད་ལ། བོད་ཡུལ་གྱི་ས་གནས་མང་པོར་ཕྱིན་ཏེ་འཁྲབ་སྟོན་བྱས་ཡོད། 

ཁོང་ཅག་གིས་རྒྱ་བོད་གནད་དོན་དང་བོད་མིའི་འདོད་འདུན། འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོ། རང་དབང་བཅས་ཀྱི་ནང་དོན་ལྡན་པའི་འཁྲབ་སྟོན་དང་གཏམ་བཤད་ཀྱང་མང་པོ་བྱས་ཡོད་སྟབས། རྒྱ་གཞུང་གིས་ཆབ་སྲིད་ཀྱི་ཉེས་འཛུགས་བྱས་ཏེ། མགོ་ལོག་ཟླ་པེ་འཛིན་བཟུང་བྱས་ཤིང་། རྨ་ཡུལ་སང་ཆེན་སྒྱུ་རྩལ་ཚོགས་པ་སྒོ་བརྒྱབས་པ་རེད། དེའི་རྗེས་རྒྱ་སྒོར་དྲུག་ཁྲི་ ༦༠༠༠༠ ཙམ་གྱི་ཉེས་ཆད་འཁུར་ཏེ། གློད་གྲོལ་ཙམ་ཐོབ་ཡོད་ཀྱང་། ཉེན་རྟོག་པ་དང་ཆབ་སྲིད་བདེ་འཇགས་མི་སྣས་དོ་དམ་འོག་བཞག་སྟེ། གླུ་གར་དང་འཁྲབ་སྟོན་རིགས་གང་འདོད་བྱེད་དབང་མེད་པ་མ་ཟད། འགྲོ་སྐྱོད་རང་དབང་ཡང་མེད་པ་ཆགས་ཏེ་སིན་གཙེར་ཚོད་མེད་བྱས་པ་རེད། ཁ་སང་ཁོང་བལ་ཡུལ་ནང་འབྱོར་ཡོད་པ་ཐོས་མ་ཐག་ངས་བརྩད་གཅོད་བྱས་པ་ཡིན། འགའ་རེ་ཡིས་ཟླ་པེ་གཅིག་པུ་བཙན་བྱོལ་དུ་འབྱོར་འདུག་ཟེར་ལ། ཡང་འགའ་རེ་ཡིས་ཟླ་བྷེ་དང་ཁོང་གི་བཟའ་ཟླ་གཉིས་ཀ་སླེབས་འདུག་ཀྱང་ཟེར། གང་ལྟར། མགོ་ལོག་ཟླ་པེ་བལ་ཡུལ་དུ་འབྱོར་ཡོད་པ་དངོས་ཡོད་རེད། ཁོང་བལ་ཡུལ་དུ་འབྱོར་མ་ཐག་དེར་ཡོད་བོད་རིགས་མང་པོ་ཞིག་འཚམས་འདྲིར་བཅར་ཏེ། ཁོང་ལ་ཁ་གཏགས་འཐེན་ཡོད་འདུག སྐབས་དེར་ཁོས། སྤྱིར་ང་རང་བཙན་བྱོལ་དུ་ཡོང་འདོད་མེད། ཕྱིའི་རྒྱལ་ཁབ་ཅིག་ནས་བོད་དོན་ལ་ལས་ཀ་བྱེད་རྒྱུ་ལས། བོད་ནང་ནས་བསྡད་དེ། བོད་དོན་ལ་ལས་ཀ་བྱས་པ་ཡིན་ན་ནུས་པ་འཐོན་གྱིན་འདུག་མོད། འོན་ཀྱང་། རྒྱ་གཞུང་གི་དམ་དྲག་དང་སིན་གཙེར་འོག་ཨུ་ཐུག་སྟེ་ཐེངས་འདིར་བཙན་བྱོལ་དུ་ཡོང་དགོས་བྱུང་སོང་། ཞེས་རྗོད་ཀྱིན་འདུག་ཟེར། ཁོས་བཤད་པའི་ཁ་ཤགས་དང་གཏམ་བརྗོད་དག་གི་བརྗོད་བྱ་གཙོ་བོ། དེང་དུས་བོད་ཡུལ་འབྲོག་ཁུལ་དུ་རྒྱན་འཛུགས་ཤོ་རྒྱག་གི་གནས་སྟངས་ཚབས་ཆེན་ཡིན་པ་དང་། གྲྭ་བ་དང་བླ་སྤྲུལ་ཚོ་གྲོང་ཁྱེར་ཁག་ཏུ་ཉུལ་དེ་ཚུལ་མིན་སྣ་ཚོགས་བྱེད་ཀྱིན་ཡོད་པར་དགག་རྒྱག་དང་ཐེར་འདོན་བྱས་ཡོད་ལ། དེ་ལ་མང་ཚོགས་ཀྱིས་དགའ་བསུ་ཡང་ཆེན་པོ་ཐོབ་ཡོད། ཅེས་གསུངས་སོང་། 

སྔར་ལོའི་མོ་མཇུག་ཏུ་མདོ་སྨད་མི་དམངས་ཀྱིས་རྒྱ་ནག་གཞུང་གི་བཙན་དབང་ལ་ཞི་བའི་ངོ་རྒོལ་གྱི་བྱུང་རབས་ཟིན་ཐོ། ༼ ས་བྱི་ཞི་རྒོལ་ཆེན་མོ། ༽ ཞེས་པའི་དཔེ་དེབ་ནང་མགོ་ལོག་ཟླ་པེ་ཡི་གནས་ཚུལ་ཕྲན་ཙམ་འཁོད་པའི་ནང་།  རྨ་སྟོད་རྫོང་ནི་མགོ་ལོག་ཁག་གསུམ་གྱི་ཨ་སྐྱོང་ར་ལོ་ཚང་གི་འབྲོག་སྡེ་ཡིན། མཚོ་ནག་མ་ཞང་གི་ཟླ་བྷེ་ནི། མདོ་སྨད་ཕྱོགས་སུ་སྐད་གྲགས་ཡོད་པའི་མཚར་གཏམ་དང་། ཁ་ཤགས་བཤད་མཁན་ཞིག་ཡིན། ཁོང་བཙོན་འཇུག་བྱས་པའི་ཟླ་ཚེས་མ་ཤེས་ཀྱང་། སྤྱི་ལོ་ ༢༠༠༨ ཟླ་ ༥ ཚེས་ ༡༠ ཉིན་ཉེས་ཆད་རྒྱ་སྒོར་ཁྲི་དྲུག་ ༦༠༠༠༠ བླངས་ཏེ་གནས་སྐབས་རིང་བཙོན་ནས་གློག་གྲོལ་བཏང་ཡོད་འདུག ཅེས་བཀོད་འདུག
སྤྱི་ལོ་ ༢༠༠༢ ལོའི་མཚོ་སྔོན་མང་ཚོགས་སྒྱུ་རྩལ་དུས་དེབ་ནང་སྒྱུ་རྩལ་པ་མགོ་ལོག་ཟླ་བྷེ་ངོ་སྤྲོད་བྱས་དོན། མགོ་ལོག་ཟླ་བྷེ། ཆུང་མིང་ལ་འཕས་འཛི་ཟླ་བ་ཐར། སྤྱི་ལོ་ ༡༩༦༨ ལོའི་ཟླ་ ༨ པར་མོག་ལོག་རྨ་སྟོད་ཚ་ཁོ་སྡེ་བར་སྐྱེས། ཆུང་དུས་ནས་བོད་ཡིག་རང་སྦྱོང་བྱས། རང་ལོ་ ༡༦ སྟེང་ ( རྨ་ཆེན་གངས་རིའི་བསྟོད་པ་རང་སེམས་དྭངས་པའི་གང་ཤར )  ཞེས་པ་གསར་རྩོམ་བྱས་ཏེ་མཚོ་སྔོན་མི་དམངས་ཀུན་ཁྱབ་རླུང་འཕྲིན་ཁང་གིས་རྒྱང་བསྒྲགས་བྱས། དེ་ནས་བཟུང་སྒྲུང་དང་ས་སྟོད་ཆུ་སྟོད་སོགས་འབྲི་མགོ་བརྩམས། ལོ་ ༡༧ སྟེང་ ( བོད་ཀྱི་ལྷ་བསང་ཀི་འབོད་ཆེན་མོ་དགོས་འདོད་ནོར་བུའི་ཆར་འབེབ ) ཅེས་པ་གསར་རྩོམ་བྱས། ལོ་ ༢༡ སྟེང་ཨ་མདོའི་ལ་གཞས་དགུ་ཚིགས་ཞེས་པ་གསར་རྩོམ་བྱས་ཏེ་སྒྲ་ཐག་ཁྱབ་བརྡལ་ཆེན་པོ་བྱུང་། ལོ་ ༢༣ སྟེང་མཚོ་ལྷོ་འཕྲོད་བསྟེན་སློབ་གྲྭ་ནས་སྨན་ལ་སྦྱོང་བ་བྱས། ལོ་དེར་བོད་ཀྱི་ ( གཉེན་སྟོན་ཁ་ཚང་ ) ཞེས་པ་གསར་རྩོམ་གྱིས་སྒྲ་ཕབ་པས་མདོ་སྨད་དུ་སྐད་གྲགས་བྱུང་། ལོ་ ༢༨ སྟེང་མཚོ་སྔོན་ཞིང་ཆེན་སྐབས་དང་པོའི་བོད་སྐད་ཁ་ཤགས་དང་བཞད་གར་ཆུང་བའི་འགྲན་སྡུར་ཐོག ཁོང་གིས་གསར་རྩོམ་བྱས་ཤིང་ཁོ་རང་གིས་བཤད་པའི་ཁ་ཤགས་ ( བསམ་དཀར་བསམ་ནག ) ཞེས་པར་བྱ་དགའ་ཨང་དང་པོ་ཐོབ།

མཚོ་སྔོན་གྱི་སྐབས་གཉིས་པའི་ཁ་ཤགས་འགྲན་སྡུར་ཁྲོད་ཁོས་བརྩམས་ཤིང་། ཁོ་རང་གིས་བཤད་པའི་ཁ་ཤགས་ ( བཀའ་དྲིན་ཆེ ) ཞེས་པར་བྱ་དགའ་ཨང་དང་པོ་ཐོབ། ད་སྔ་ཁོང་གིས་ཁ་ཤགས་སོགས་ཀྱི་སྒྲ་ཐག་ ༢༠ ལྷག་དང་བསྙན་སྡེར་བཞི་ལྔ་ཙམ་ཕུད་ཡོད་ལ། མཚོ་སྔོན་ཞིང་ཆེན་རྒྱང་བསྒྲགས་ཁང་དང་བརྙན་འཕྲིན་ཁང་གི་བོད་ཀྱི་ལོ་གསར་དགོང་ཚོགས་ལའང་ཐེངས་མང་ཞུགས་མྱོང་། སྐབས་དང་པོའི་རྨ་ཡུལ་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན་ལ་ལེགས་སྐྱེས་སུ་ཕུལ་བའི་ ( གེ་སར་བསང་མཆོད་ ) དང་། ( གེ་སར་བཤད་པ ) ( གེ་སར་ཁ་ཤགས ) ( གེ་སར་ལྷ་སྒྲུང་ ) སོགས་ཀྱི་སྒྲ་ཐག་དང་བརྙན་སྡེར་འགའ་ད་ལྟ་པར་སྐྲུན་བྱེད་བཞིན་ཡོད་ལ། གཞན། ཁོང་གིས་གསར་རྩོམ་བྱས་པའི་གླིང་སྒྲུང་སོགས་མང་པོ་ཞིག་ད་དུང་དཔེ་དེབ་དང་སྒྲ་བརྙན་འཕྲིན་སོགས་སུ་ཕབ་མ་ཐུབ་པར་ལྷག་ཡོད། ད་ལྟ་ཁོང་གིས་མགོ་ལོག་ཁུལ་མི་རིགས་གླུ་གར་ཚོགས་པ་རུ་བྱ་བ་གཉེར་བཞིན་མུ་མཐུད་དུ་བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་ལ་འབད་ཀྱིན་ཡོད། ཅེས་བཀོད་འདུག

 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 19

  1. རིག་རང་སྐྱེས། says:
    ལོ་ 17 སྔོན།

    མགོ་ལོག་ཟླ་བྷེ་ངོ་མ་བལ་ཡུལ་དུ་གནས་བསྐོར་ལ་ཡོང་བ་དང་ཁོ་ལ་སྐྱབས་བཅོལ་ཞུ་རྒྱའི་འཆར་གཞི་མེད་ན། ང་ཚོས་ཁོང་གི་བསྐོར་ལ་དྲ་ཐོག་ནས་གླེང་མོལ་གནང་ན་ཡག་པོ་མི་འདུག

    Reply
  2. རིག་རང་སྐྱེས། says:
    ལོ་ 17 སྔོན།

    མགོ་ལོག་ཟླ་བྷེ་ངོ་མ་བལ་ཡུལ་དུ་གནས་བསྐོར་ལ་ཡོང་བ་དང་ཁོ་ལ་སྐྱབས་བཅོལ་ཞུ་རྒྱུའི་གྲ་སྒྲིག་མེད་ན། ང་ཚོས་ཁོང་གི་བསྐོར་ལ་དྲ་ཐོག་ནས་གླེང་མོལ་བྱས་ན་ཡག་པོ་མི་འདུག

    Reply
  3. རྒྱང་རིང་ནས། says:
    ལོ་ 17 སྔོན།

    ཨོ་་་་་་་་་ཡ་་་་་་་་དེ་ཡང་ནུབ་ཕྱོགས་ལ་འཕུལ་མཁན་གྱི་བྱ་རྒོད་ཞིག་ཡིན་གྱི་རེད།
    དྲ་གྲོགས་ཚོས་དེ་ལ་འྟས་ཨ།

    Reply
  4. ཨརྱ། says:
    ལོ་ 17 སྔོན།

    མགོ་ལོག་ཟླ་བྷེ་གཟའ་ཟླ་དང་མཉམ་དུ་བཙན་བྱོལ་ལ་འབྱོར་བར་དགའ་བསུ་ཞུ། འོན་གྱང་ངའི་རེ་བ་ཡིན་ན་བྱ་སྤྱོད་ཡ་མ་རླ་ཞིག་མི་བྱེད་རྒྱུའི་རེ་བ་དང་བོ་ནས་ཞུས་པ་ཡིན། ཁྱེད་ནི་ང་ལྟ་བུ་མིན་པར་སྐད་གྲགས་ཆེ་ལ་གཞིས་ལོས་རྒྱ་ཆེའི་མི་མང་ལའང་ལྟ་སྤྱད་ཅིག་ཏུ་མཐོང་མཁན་མང་བོ་ཡོད་པས་སོ། །

    Reply
  5. གངས་རི་སྐྱབས། says:
    ལོ་ 17 སྔོན།

    ནོར་བཅོས། ཁ་ཤགས།
    ཨོ། བསམ་འཆར་འདོན་པ་ཞེས་པའི་ཡིག་ལྷག་གན་སུས་བྲིས་དང་ཐལ། ཨ་བྱ་འདི། འདྲེ་ཡོད་ནི་མིན་ན།

    Reply
  6. གངས་རི་སྐྱབས། says:
    ལོ་ 17 སྔོན།

    དེ་ན་དུས་བབ་ཚང་གིས་གནས་ཚུལ་འདི་འདྲ་ཞིག་སྤེལ་ནས་ག་རེ་བྱ་བསམ་པ་རེད། ཁོང་རྒྱ་མིའི་དོགས་གཞིའི་འོག་ན་ཡོད་པའི་མི་ཞིག་རེད། བཙན་བྱོལ་དུ་མ་བསྡད་པར་ཕྱིར་སོང་ཚེ་ཁོང་གིས་ཡང་བསྐྱར་སྡུག་མང་བོ་ཞིག་མྱོང་དགོས་པ་ཐག་གིས་ཆོད། དེ་ལས་འདིར་ཡོང་ངེད་གཉིས་ཀྱིས་ཁ་གཤགས་རེ་བཤད་ནས་བསྡད་མི་བསོ་ནིར། ཡ ཡ ཡ ད་བུད་ལ་ཤོག
    བསམ་འཆར་འདོན་པ།

    Reply
  7. གངས་རི་སྐྱབས། says:
    ལོ་ 17 སྔོན།

    དེ་ན་དུས་བབ་ཚང་གིས་གནས་ཚུལ་འདི་འདྲ་ཞིག་སྤེལ་ནས་ག་རེ་བྱ་བསམ་པ་རེད། ཁོ་རྒྱ་མིའི་དོགས་གཞི་འོག་ན་ཡོད་པའི་མི་ཞིག་རེད། བཙན་བྱོལ་དུ་མི་བསྡད་པར་ཕྱིར་སོང་ན་ཁོང་གིས་ཡང་བསྐྱར་སྡུག་མང་བོ་ཞིག་མྱོང་དགོས་པ་ཐག་གིས་ཆོད།

    Reply
  8. འབྲོག་རུ་ཆོས་གྲགས། says:
    ལོ་ 17 སྔོན།

    ཕལ་ཆེར་ཁོང་བཙན་བྱོལ་ནང་བཞུགས་ས་མ་རེད། གོ་ཐོས་ལ་ཕྱིར་ལོག་གི་རེད་ཟེར་གྱི་འདུག

    Reply
  9. འབའ་པ་སྐལ་བཟང་འཕྲིན་ལས། says:
    ལོ་ 17 སྔོན།

    བཙན་བྱོལ་དུ་སླེབས་རྗེས་ཟླ་སྒློན་ནང་བཞིན་སྡེ་པ་གཞུང་ཟློས་གར་ཚོགས་པའི་ཕྲག་དོག་གི་སུན་བཙེམ་མ་ཕོག་པར་སྨོན།

    Reply
  10. ཉི་ཟླའི་མགྲོན་བདག says:
    ལོ་ 17 སྔོན།

    བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།བོད་དོན་ལ་ཕེབས་པ་ཡིན་པ་འདྲ་ཧ་ཅང་ཡག་པོ་རེད།ཐུགས་རྗེ་ཆེ།།།

    Reply
  11. མི་ཉག་སྐལ་བཟང་། says:
    ལོ་ 17 སྔོན།

    ཁོང་གིས་སྤྱི་འཐུས་ཚོའི་ཚོགས་འདུ་ཚོགས་སྟངས་སྐོར་ལ་གཏམ་བརྗོད་ཅིག་འཁྲབ་ན་ག་འདྲ་འདུག

    Reply
  12. ལི་ཐང་བཤད་སྒྲུབ says:
    ལོ་ 17 སྔོན།

    སྒྱུ་རྩལ་བ་མགོ་ལོག་ཟླ་བྷེ་བཟའ་ཟླ་དང་མཉམ་དུ་བཙན་བྱོལ་ལ་འབྱོར་བར་དགའ་བསུ་ཞུ་བཞིན་ཡོད་་་་་་་་་་ད་དུང་ཁོང་བཙན་བྱོལ་དུ་འབྱོར་ནས་ཡུལ་གྱར་མི་རིགས་ཀྱི་དཔེ་བཟང་མི་ཞིག་ཡོངས་བའི་རེ་བ་ཡོད་

    Reply
  13. གསེར་རྟ་ཆོས་དབྱིངས། says:
    ལོ་ 17 སྔོན།

    བོད་ཀྱི་སྒྱུ་རྩལ་བ་སྐད་གྲགས་ཅན་མགོ་ལོགཟླ་བྷེ་ཕྱིས་སུ་འབྱོར་བ་ལ་དགའ་བསུ་དང་
    བཀྲ་ཤིས་བདེ་ལེགས་ཡོད། ཁོང་ནི་བོད་མི་རིགས་ཀྱི་ལ་རྒྱ་ཡོད་པའི་དཔའ་བོ་ཞིག་ཡིན།
    ཁོང་གིས་ཁ་ཤགས་དང་བཏམ་བཤད་ཁག་ཏུ་བོད་ལ་ལྷག་བསམ་དཀར་བའི་ཁ་ཏ་མང་པོ་གནང་མྱོང་ཡོད་ལ་ཁོང་གིས་བོད་མི་མང་ལ་བཅང་བའི་ལྷག་བསམ་དང་བྱས་རྗེས་ལ་
    ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

    Reply
  14. ཀླུ། says:
    ལོ་ 17 སྔོན།

    དོ་བདག་ཁོས་ད་ལྟ་བལ་ཡུལ་དུ་གནས་སྐོར་བྱེད་བཞིན་པའི་སྒང་ཡིན་ལ་སྐྱབས་བཅོལ་ཞུ་རྒྱུའི་འགྲོ་ལུགས་གང་ཡང་སྒྲུབ་མི་འདུག། མ་ཟད་ད་ལྟ་རང་ཁོ་དང་གླེང་མོལ་བྱེད་སྐབས་གནས་ཚུལ་འདིའི་རིགས་གྱིས་དཀའ་ངལ་རེ་མི་འཕྲད་པའི་རེ་བ་བྱེད་གྱི་འདུག།

    Reply
  15. ཀླུ། says:
    ལོ་ 17 སྔོན།

    དོ་བདག་ཁོས་ད་ལྟ་བལ་ཡུལ་དུ་གནས་སྐོར་བྱེད་བཞིན་པའི་སྒང་ཡིན་ལ་སྐྱབས་བཅོལ་ཞུ་རྒྱུའི་གང་ཡང་སྒྲུབ་མི་འདུག། མ་ཟད་གནས་ཚུལ་འདིའི་རིགས་གྱིས་དཀའ་ངལ་རེ་མི་འཕྲད་པའི་རེ་བ་བྱེད་གྱི་འདུག།

    Reply
  16. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 17 སྔོན།

    སྒྱུ་རྩལ་བ་གྲགས་ཆེན་མགོ་ལོག་ཟླ་བྷེ་བཟའ་མི་ཡོངས་བདེ་ལེགས་ངང་དུ་བཙན་བྱོལ་དུ་འབྱོར་བ་ལ་དགའ་བསུ་ཡོད།

    Reply
  17. གངས་རི་སྐྱབས། says:
    ལོ་ 17 སྔོན།

    སྒྱུ་རྩལ་བ་མགོ་ལོག་ཟླ་བྷེ་བཟའ་ཟླ་དང་མཉམ་དུ་བཙན་བྱོལ་ལ་འབྱོར་བར་དགའ་བསུ་ཞུ་བཞིན་ཡོད། ཉེ་ཆར་ཁོང་གིས་བྲིས་པའི་གླུ་ཚིག་<<གྲོགས་པོ་དྲན་གླུ>>དང་<<ཁོར་ཡུག་སྲུང་སྐྱོབ་ཀྱི་གླུ>>ཞེས་པ་གཉིས་ངའི་ཟིན་བྲིས་ནང་མཚམས་སྦྱོར་བྱས་ཡོད་པས། ཀློག་པ་པོ་ཚོས་ཅིག་གཟིགས་དང་། ངོ་མས་ཡག་པོ་བྲིས་འདུག

    Reply
  18. སྦྲ་དཔལ་ལྡན། says:
    ལོ་ 17 སྔོན།

    སྣང་གསལ་སྐུ་རྒོད་ཚང་བཙན་བྱོལ་དུ་སླེབས་ཡོད་པར་དགའ་བོ་བྱུང་། མུ་མཐུད་དུ་བོད་དོན་ཆེད་ཕྱག་ལས་མང་ཞིག་གནང་ན་བཟང་གི་ ཡང་ནུབ་ཕྱོགས་སུ་འཕུར་སོང་ན་བོད་དོན་འདི་བླ་རྒན་གཅིག་པོས་གང་ནས་བསྒྲུབ་ཐུབ། ངོ་མ་

    Reply
  19. གནམ་ལྕགས། says:
    ལོ་ 17 སྔོན།

    ཡ་ད་སྐྱབས་སུ་འཆི་རྒྱུ་ཚང་འདིར་སླེབས་ན་ཟློས་གར་ཞིག་འཁྲབ་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese