མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་དོན་འབྲེལ་མཐུད་པ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་དམར་པོའི་སྲིད་གཞུང་བཙུགས་ནས་ལོ་ངོ་ ༦༠ འཁོར་བའི་དུས་སྟོན་གྱི་སྐབས་དང་བསྟུན་ནས། ཨ་རི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་གསར་དུ་བསྐོ་བཞག་གནང་བ་ཕྱིར་བསྒྲགས་གནང་ཡོད་པ་རེད།

ཕྱི་ཟླ་ ༡༠ པའི་ཚེས་ ༢ ཉིན། ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཁི་ལིན་ཊོན་མཆོག་ནས་ཨ་རི་གཞུང་གིས། ཨ་རིའི་ཕྱི་སྲིད་ལས་ཁང་གི་དམངས་གཙོ་དང་འཛམ་གླིང་གི་ལས་དོན་ལྷན་ཁང་དྲུང་ཆེ་ཡི་ཕྱག་རོགས་ལྕམ་མཱ་རི་ཡ་ཨོ་ཊེ་རོ་ Maria Otero མཆོག་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལ་གསར་དུ་བསྐོ་བཞག་གནང་བ་ཕྱི་སྲིད་ལས་ཁང་ནས་གསལ་བསྒྲགས་སྤེལ་ཡོད་པ་རེད།

གསལ་བསྒྲགས་དེའི་ནང་འཁོད་དོན། བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་ཨོ་ཊེ་རོ་ནས་ཨ་རིས་བོད་དོན་ཐོག་འཛིན་པའི་སྲིད་བྱུས་དང་ལས་འཆར་ཁག་གཞིར་བཟུང་རྒྱ་བོད་དབར་གྱི་དཀའ་གནད་སེལ་རྒྱུར་རྒྱ་ནག་གཞུང་དང་འབྲེལ་ལམ་བྱ་རྒྱུའི་སྐོར་དང་། དེ་མིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་རྒྱ་ནག་གཞུང་དབར་བསྐྱར་དུ་གྲོས་མོལ་ཡོང་རྒྱུ་དང་། དེ་བཞིན་བོད་ཀྱི་རིག་གཞུང་སྲུང་སྐྱོབ་བྱ་རྒྱུར་རོགས་རམ་ཐུབ་པའི་ཁོར་ཡུག་བསྐྲུན་ཐབས་གནང་རྒྱུ་ཡིན་པའི་སྐོར་འཁོད་ཡོད་འདུག

དེ་བཞིན་༧གོང་ས་མཆོག་ནས་ཀྱང་ལྕམ་མཱ་རི་ཡ་ཨོ་ཊེ་རོ་མཆོག་ཨ་རི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་ལ་གསར་དུ་བསྐོ་བཞག་གནང་བར་དགའ་བསུ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་སྔར་ལས་ཀྱང་ལེགས་པོ་ཡོང་བར་རེ་བ་བཅིངས་ཡོད་ཅེས་ཁེ་ན་ཌ་ནས་གསུངས་ཡོད་འདུག

ཟླ་སྔོན་མའི་ནང་སྲིད་འཛིན་ཨོ་བྷ་མའི་སློབ་སྟོན་པ་དང་མཐོ་རིམ་དཔོན་རིགས་ཁག་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་ཀྱིས་༧གོང་ས་མཆོག་ལ་མཇལ་འཕྲད་སྐབས། རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་དཔོན་རིགས་ཁག་གིས་ཏཱ་ལའི་བླ་མ་དང་མཇལ་འཕྲད་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལུགས་ཀྱང་བརྗོད་ཡོད་པ་ལྟར། ཐེངས་འདིར་ཨ་རིའི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གསར་དུ་བསྐོ་བཞག་གནང་བར་ཡང་རྒྱ་ནག་གཞུང་གི་ངོས་ནས་སྐྱོན་བརྗོད་བྱས་ཡོད་འདུག

མཆན། 3

  1. ནམ་མཁའ་བསྟན་འཛིན། says:
    ལོ་ 13 སྔོན།

    གྲོགས་ཤ་ཁྲག་ལགས། བོད་རྒྱ་ཞི་མོལ་ལ་གྲུབ་འབྲས་བྱུང་ན་མ་བྱུང་། འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཐད་ཀར་འབྲེལ་མོད་བྱེད་མཁན་༧གོང་ས་ཏཱ་ལའི་བླ་མའི་སྐུ་ཚབ་ཡིན་པས་དེ་ལ་ཚིག་གི་བརྗོད་སྟངས་ཀྱི་ཁྱད་པར་ཅི་ཞིག་འདུག དེ་ལས་ཉེ་འཆར་དབྱིན་ལན་ནས་་གྷོར་ཌན་བྷི་རོན་གྱི་སྐུ་ཚབ་ཚོས་༧ཏཱ་ལའི་བླ་མའི་མ་འོངས་བའི་མི་ཚེ་ལ་བསམས་གཞིགས་རྒྱ་ཆེ་རུ་བཏང་ཏེ་ཞེས་ཅེས་བཤད་འདུག་པ་དེར་མ་ལྟོས་སམ།

    Reply
  2. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 13 སྔོན།

    རྒྱ་ནག་གིས་བོད་འདི་ལས་སླ་བོ་ལྷོད་རྩིས་མེད་དུས། དེ་ལ་ཁ་གཏད་འཇོག་མཁན་གང་ན་སུ་ཡོད་དག་ལ་ཁོང་ཚོས་སྡིག་དམོད་བྱེད་རྒྱུ་དེ་ནི་ཁོང་ཚོས་རྒྱུན་ལྡན་གྱི་བྱ་བ་ཞིག་ཆགས་ཡོད་པ་ཡིན་དུས། ཨ་རིའི་སྲིད་གཞུང་གིས་འདི་དག་ཤེས་བཞིན་དུ་གདོང་ལ་འབུད་དེ་བོད་རྒྱའི་བར་གྱི་དཀའ་ངལ་བསྐོར་ལ་བསམ་གཞིགས་བྱེད་རྒྱུ་ཡིན་ཟེར་ན་དངོས་ནས་དགའ་བོ་ལོས་ཡོད་མོད། ཡིན་ཡང། ནམ་རྒྱུན་དུ། ཏྰ་ལའི་བླ་མའི་སྐུ་ཚབ་དང་ལྷན་དུ་ཟེར་ནས་མིང་ཚིག་འདི་བེད་སྤྱད་དེ་སྐད་ཆ་བཤད་པ་དེར་མཐོང་སྣང་ཡག་པོ་ཞིག་ཡོང་གི་མི་འདུག་ན། སྤུན་ཟླ་དག་གིས་ག་རེ་དགོངས་ཀྱི་འདུག་ལགས།

    Reply
  3. ནད་པ says:
    ལོ་ 13 སྔོན།

    ཨ་རིའི་གཞུང་གིས་རྒྱ་བོད་གཉིས་ཀྱི་གནད་དོན་དེ་ཞི་འགྲིག་ཡག་པོ་གཅིག་ཡོང་སླད་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་གསར་པ་གསར་དུ་བསྐོ་བཞག་གནང་བར་བཀྲ་ཤིས་བདེ་ལེགས་ཞུ།

    བོད་དོན་འབྲེལ་མཐུད་ཀྱི་སྐུ་ཚབ་གསར་པ་ Maria Otero མས་རིཡ་ཨོ་ཊ་རོ་མཆོག་སྐུ་ཁམས་བཟང་ཞིང་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist