མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བུད་མེད་ཀྱི་འཕྲོད་བསྟེན།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་སྡེ་ཁག་གི་དགེ་རྒན་ཆེན་མོ་དཔལ་མོ་ལགས་ཀྱིས་སྒེར་ངོས་ནས་དཔལ་འབྱོར་གྱི་མཐུན་རྐྱེན་བཙལ་ཏེ། མཚོ་སྔོན་བརྙན་འཕྲིན་ལས་ཁུངས་ཀྱི་རྩོམ་པ་པོ་འཇམ་དབྱངས་སྐྱིད་དང་མཚོ་སྔོན་གསོ་རིག་སློབ་གླིང་གི་ཆེད་མཁས་པ་བོད་གཞུག་སྐྱིད། མཚོ་སྔོན་རྐང་ཚའི་བོད་སྨན་ཁང་གི་སྨན་པ་ཞའོ་ཞ་བཅས་ལས་གྲུབ་པའི་ཚོགས་ཆུང་ཞིག་རྩ་འཛུགས་ཀྱིས་ཟླ་ ༩ ཚེས་ ༢༥ ནས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་རྐང་ཚའི་འབྲོག་ཁུལ་གྱི་བུད་མེད་ཚོར་རེག་དུག་གི་ནད་ཚ་ AIDS སོགས་འགོས་ནད་རིགས་སྔོན་འགོག་དང་བཅོས་ཐབས་སྐོར་ལ། ཟབ་སྦྱོང་དང་ཤེས་བྱ་བརྒྱུད་སྒྲོག་གི་བྱ་འགུལ་ཐོག་མ་དེ་སྤེལ་ཡོད་འདུག 

ཁོང་རྣམས་ཀྱིས་ཚེས་ ༢༥ དང་ ༢༦ བཅས་ཉིན་གཉིས་རིང་མཚོ་སྔོན་རྐང་ཚའི་འབྲོག་སྡེ་བདུན་ཙམ་གྱི་བུད་མེད་ཚོར་འགོས་ནད་ཀྱི་འབྱུང་རྐྱེན་དང་། འགོག་ཐབས་བཅས་ཀྱི་སྐོར་ལ་ལམ་སྟོན་དང་གློག་བརྙན་གཟིགས་འབུལ། པར་རིས་འགྲེམ་སྟོན། ཡིག་ཆ་འགྲེམ་སྤེལ་སོགས་བྱས་ཡོད་པ་མ་ཟད། བུད་མེད་རེར་འགོག་སྨན་སོགས་འཕྲོད་བསྟེན་ཡོ་བྱད་སྣ་ཁ་དྲུག་རེ་སྤྲད་དེ། དངོས་སུ་ལག་ལེན་ཚོད་ལྟ་བྱེད་དུ་བཅུག་ཡོད་འདུག ཐེངས་འདིའི་བུད་མེད་ཀྱི་འཕྲོད་བསྟེན་བྱ་འགུལ་འདིར་ས་གནས་མང་ཚོགས་དང་། སྡེ་དཔོན་དང་ཞང་རིམ་པའི་ལས་བྱེད་བཅས་ནས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། མ་འོངས་པར་མུ་མཐུད་དུ་བྱ་འགུལ་འདི་རིགས་བོད་ཡུལ་གྱི་འབྲོག་ཁུལ་གཞན་དག་ཏུ་སྤེལ་ན་དགེ་མཚན་ཆེ་སྐོར་དང་། སོ་སོ་ཡང་བྱ་འགུལ་འདིའི་ཞབས་ཞུའི་ལས་དོན་དུ་ཞུགས་འདོད་ཡོད་སྐོར་བརྗོད་མཁན་ཡང་མང་པོ་ཞིག་བྱུང་ཡོད་འདུག་ལ། གོ་སྒྲིག་ཚོགས་ཆུང་གིས་ཀྱང་བྱ་འགུལ་འདི་མུ་མཐུད་མཇུག་སྐྱོང་གནང་རྒྱུའི་ཁས་ལན་བྱས་ཡོད་འདུག
         

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

ཆུ་ཚོད་ ༡༣ སྔོན་ལ།
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 4

  1. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    རི་བོང་ཁྱེད་བདེན། མ་རེད་ཟེར་རྒྱུ་ཞིག་ཀྱང་མི་འདུག འོན་ཀྱང་སེམས་ལ་སྤྲོ་སྣང་སྟེར་བའི་བྱུང་བ་རེ་མཐོང་དུས་དེ་འབྲེལ་གྱི་ངོས་འཛིན་ཞིག་དང་བསྟོད་པ་ཞིག་ཀྱང་སྡོད་ཚུགས་མེད་པའི་ཁ་འདི་ནས་ཤོར་འགྲོ་ཡིན་འདུག

    Reply
  2. རི་བོང། says:
    ལོ་ 17 སྔོན།

    ལྷོ་ཕྲུག་སྣ་བོ་ཆེ་ལགས།
    ཁྱེད་ཚོས་གཅིག་ཡིན་ན་བོད་དོན་རེད། གཉིས་ཡིན་བོད་དོན་རེད་ལབ་ནས་བོད་ནང་གི་ཤེས་ཡོན་པ་ཚོས་ལས་འགུལ་ལ་བར་ཆད་བཟོ་བཞིན་ཡོད་པ་རེད། འདི་སྤྱི་ཚོགས་ཞབས་ཞུའི་ལས་ཀ་ཞིག་ལ་ངོས་འཛིན་བྱས་ན་འགྲིག་གི་ཡོད་པ་རེད། མོའི་སེམས་ནའང་བོད་དོན་སྒྲུབ་འདོད་ཀྱི་ཀུན་སློང་ཡོད་མེད་ཐེ་ཚོམ་རེད། གལ་སྲིད་ཡོད་ནའང་ང་ཚོས་བསྒྲགས་དགོས་དོན་ཡོད་པ་མ་རེད།

    Reply
  3. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 17 སྔོན།

    བོད་པའི་སྤྱི་ཚོགས་དང་རིགས་རྒྱུད་རྩ་འཐོར་འགྲོ་བའི་འཇིགས་ཉེན་གྱི་ཐད་ནས་བཤད་ན་རྒྱ་ནག་གི་སྲིད་བྱུས་ལས་ནད་རིགས་འདི་དག་གི་ནུས་ཤུགས་དེ་ལྡབ་གྲངས་དུ་མས་མང་བ་མཐོང་གི་ཡོད། དེར་བརྟེན་དུག་མདའ་རྣོན་པོའི་ངར་ཁ་ནས་རང་དབང་གི་དོན་དུ་དཔའ་སྐད་སྒྲོག་པའི་སྙིང་སྟོབས་དེ་སྐུ་ཚེ་ཡུན་དུ་བརྟན་རྒྱུ་གལ་ཆེན་ཡིན་པ་ཤོད་མི་དགོས་ཀྱང་། ཁ་ཚ་དགོས་གཏུགས་ཀྱི་ལས་དོན་འདི་རིགས་ཀྱི་ལམ་ནས་ཨ་ཅག་དཔལ་མོ་ལགས་ཀྱི་སྙིང་སྟོབས་དེ་མངོན་ཡོང་དུས་ཤེས་ཡོན་པ་ཞིག་གིས་བོད་དོན་སྒྲུབ་སྟངས་དེ་འདི་
    འདྲ་ཞིག་ཡིན་རྒྱུ་རེད་ཨང་སྙམ་པ་འཆར་འོང་།

    Reply
  4. གངས་རི་སྐྱབས། says:
    ལོ་ 17 སྔོན།

    བོད་ཀྱི་མ་སྲི་ཚང་གི་ཤེས་འཇོན་གྱི་སྤོབས་པས་གནམ་ས་སྒུལ་བཞིན་སླེབས་སོང་བས། ཀུན་གྱིས་བསྔགས་འོས་པ་ཞིག་རེད་ལགས། དཔལ་མོ་ལགས། ཁྱེད་རང་ངོ་མས་དཔའ་མོ་ཞིག་རེད་ཡྰ། སྐུ་བསོད་རླུང་དར་བའི་སྨོན་ལམ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese