མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

རྐྱང་ཚ་ཆུ་ཁོལ་ཁ་ནས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༥
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོ་བོད་ལ་རང་དབང་མེད། འགྲོ་བ་མིའི་ཐོབ་ཐང་མེད། སྨྲ་བརྗོད་རང་དབང་མེད། ༢༠༠༨ ལོར་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་རྫོགས་ནས་ཉེས་མེད་བཙོན་འཇུག་དང་སྲོག་ ཁྲིམས། མི་སྤྱོད་ལས་འདས་པའི་མནར་གཅོད་དྲག་པོ་བཏང་དང་གཏོང་བཞིན་པ་དེ་ཚོ་འཕྲལ་དུ་ མཚམས་འཇོག་དགོས།

ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ཚེས་ ༢ ཉིན་སི་ཁྲོན་མཛོད་དགེ་རྫོང་ཁོངས་རྐྱང་ཚ་ཆུ་ཁོལ་ཁར་ཕྱོགས་མཐའ་ནས་བསླེབས་པའི་ཆུ་ཚན་ལ་སྡོད་མཁན་སྟོང་ཕྲག་ཁ་ཤས་འདུ་འཛོམས་བྱུང་བའི་སྐབས། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ཡིག་ཆ་དང་། ༧གོང་ས་མཆོག་གི་འདི་ལོའི་གསུམ་བཅུའི་དུས་དྲན་གྱི་གསུང་འཕྲིན། བོད་ཀྱི་རྒྱལ་དར་དང་བཅས་ཡི་གེ་སྟོང་ཕྲག་འགའི་སྦྱར་ཡིག་བཀྲམས་ཡོད་འདུག ལྷག་པར་དུ་ངོ་རྒོལ་ཡིག་ཆ་དེའི་ནང་། ང་ཚོ་བོད་ལ་རང་དབང་མེད། འགྲོ་བ་མིའི་ཐོབ་ཐང་མེད། སྨྲ་བརྗོད་རང་དབང་མེད། ༢༠༠༨ ལོར་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་རྫོགས་ནས་ཉེས་མེད་བཙོན་འཇུག་དང་སྲོག་ཁྲིམས། མི་སྤྱོད་ལས་འདས་པའི་མནར་གཅོད་དྲག་པོ་བཏང་དང་གཏོང་བཞིན་པ་དེ་ཚོ་འཕྲལ་དུ་མཚམས་འཇོག་དགོས་ཟེར་བ་དང་། ཐ་ན་བོད་མི་རིགས་ལ་རང་གི་ཚེ་སྲོག་ཙམ་ཡང་རང་ཉིད་ལ་མི་དབང་བའི་དུས་ལ་བསླེབས་ཡོད་ཚུལ། ད་དུང་བོད་མི་རིགས་ཀྱི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བ་༧གོང་ས་མཆོག་མི་ལོ་ ༥༠ རིང་རང་ཡུལ་དང་བྲལ་དགོས་བཟོས་པ་མ་ཟད། བོད་མི་རིགས་ལ་ཁོང་ལ་མཇལ་རྒྱུའི་གོ་སྐབས་ཙམ་ཡང་མེད་པ་འདི་ཚོ་མྱུར་ཏུ་མཚམས་བཞག་ནས་༧གོང་ས་མཆོག་གང་མགྱོགས་སྒོས་བོད་ལ་གདན་འདྲེན་ཞུ་དགོས་པ། ཁོང་གིས་ངོས་འཛིན་གནང་བའི་པན་ཆེན་ཆུང་སྲིད་རིན་པོ་ཆེ་མྱུར་ཏུ་བཙོན་ནས་གློད་གྲོལ་གཏོང་དགོས། ཁོང་དགུང་ལོ་ ༥ ཙམ་ནས་རྒྱ་ནག་གཞུང་གིས་དོ་དམ་བཙོན་འཇུག་བྱས་ཡོད་སྐོར་བྲིས་ཡོད་པ་དང་། དེའི་སྐོར་གྱི་པར་སོགས་ཀྱང་ཚོན་ཁྲ་བྱས་ནས་ཡིག་ཆ་དང་མཉམ་དུ་སྦྱར་འགྲེམ་བྱས་འདུག

ཡིག་ཆ་དེ་དག་གི་ནང་བཀོད་དོན། པན་ཆེན་ཆུང་སྲིད་མཆོག་ལ་མཚོན་ན་རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱ་ནག་གི་རྩ་ཁྲིམས་སོགས་ཀྱི་ནང་དུ་རང་ལོ་ ༡༨ ལ་མ་ལོན་ན་བཙོན་འཇུག་བྱ་མི་ཆོག་པའི་ལུགས་སྲོལ་དང་འགལ་ནས་ཁོང་ལ་ཉེས་མེད་བཙོན་འཇུག་བྱས་འདུག་སྟབས་མྱུར་ཏུ་གློད་གྲོལ་གཏོང་དགོས་ཞེས་དང་། ད་དུང་ཉེས་མེད་བོད་རིགས་ཆབ་སྲིད་བཙོན་པ་དེ་ཚོ་ཡང་མྱུར་ཏུ་གློད་གྲོལ་གཏོང་དགོས་ཚུལ་སོགས་བཤད་ཡོད་ལ། དེ་བཞིན་དུ་རྒྱ་ནག་གཞུང་གིས་བོད་ལ་ཡར་རྒྱས་བཏང་ཡོད་ཅེས་པ་ནི་བདེན་པ་མིན། གལ་སྲིད་བདེན་པ་ཡིན་ན་བོད་ཀྱི་ཡུལ་ལུང་གང་ས་ནས་གཏེར་ཁ་བསྔོག་སྟེ་བོད་ཀྱི་རང་བྱུང་ཁོར་ཡུག་ལ་ཚབས་ཆེའི་གཏོར་སྐྱོན་བཟོ་བཞིན་པ་འདི་དག་ལ་འགྲེལ་བརྗོད་ཇི་ལྟར་བྱ་རྒྱུ་ཡིན་ཅེས་སོགས་བཀོད་དེ། རྐྱང་ཚའི་ཆུ་ཁོལ་ཁའི་རྩིག་ངོས་དང་བྲག་ངོས། ས་གནས་ཉེན་རྟོག་ལས་ཁུངས་ཀྱི་ཁང་རྒྱབ། ཕར་འགྲོ་ཚུར་འོང་གི་རླངས་འཁོར་དག་གི་རྒྱབ། ཆུ་ཚན་ལ་སྡོད་པར་ཡོང་མཁན་མི་དམངས་སྟོང་ཕྲག་དག་གི་ལག་ལ་བོད་ཀྱི་རྒྱལ་དར་དང་བཅས་བཀྲམས་ཡོད་འདུག

གནས་ཚུལ་དེ་བྱུང་བ་དང་མཛོད་དགེ་རྫོང་གི་ཉེན་རྟོག་པ་དང་རྐྱང་ཚ་ཞང་གི་ས་གནས་ཉེན་རྟོག་པ་དེ་ཚོ་ཕྱི་ཚེས་ ༣ ཉིན་རྐྱང་ཚ་ཆུ་ཁོལ་ཁར་ཡོང་ནས་ཡིག་ཆ་དེ་ཚོ་སྦྱར་འགྲེམ་བྱེད་མཁན་སུ་ཡིན་སྐོར་ལ་འདྲི་བརྩད་ནན་མོ་བྱེད་བཞིན་པ་རེད་ཟེར་ལ། ས་གནས་མི་མང་དང་མགོ་པ་ཚོའི་ཁྲོད་ན་ཡིག་ཆ་འགྲེམ་མཁན་སུ་ཡིན་ཤེས་མཁན་དང་རྩིས་སྤྲོད་བྱེད་མཁན་ཡོད་ན་རྒྱ་སྒོར་ཁྲི་ཁ་ཤས་ཀྱི་བྱ་དགའ་སྤྲོད་རྒྱུ་ཡིན་ཚུལ་ཡང་ལབ་འདུག ད་དུང་རྐྱང་ཚའི་སྒོ་རུ་པའི་མགོ་ཁྲིད་དེ་ཚོ་ལའང་ཁྱེད་ཚོས་དེའི་སྐོར་འཚོལ་དགོས་ཚུལ་ལས་འགན་ཁག་བགོས་བྱས་འདུག་ཀྱང་། ད་ལྟའི་ཆར་མི་འཛིན་བཟུང་བྱས་པ་དེ་འདྲ་མི་འདུག

གནས་ཚུལ་མཁོ་སྤྲོད་པས་བཤད་པ་ལྟར་ན། འདི་ནི་ལོ་འདིའི་ནང་རྐྱང་ཚ་ཆུ་ཁོལ་ཁ་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཐེངས་གཉིས་པ་ཡིན་ཅིང་། ངོ་རྒོལ་ཐེངས་དང་པོ་ནི་ལོ་འདིའི་ཕྱི་ཟླ་ ༣ པའི་ཟླ་མཇུག་ཙམ་ལ་སྤེལ་ཡོད་འདུག

ཕྱི་ཚེས་ ༡ ཉིན་རྒྱ་ནག་གི་རྒྱལ་བཙུགས་དུས་ཆེན་ཞེས་པའི་སྐབས་སུ་རྐྱང་ཚའི་ཚོ་པ་ཆ་རྒྱུད་པ་དང་སྒོ་རུ་པ། སྐད་རྒྱུད་པ་བཅས་རྐྱང་ཚ་ཚོ་པ་གསུམ་གྱི་ཡུལ་མི་རྣམས་སྟག་ཚང་ལྷ་མོ་ཀིརྟི་དགོན་དང་མཛོད་དགེ་རྫོང་། ཐེ་པོ་རྫོང་སོགས་སུ་འགྲོ་བསྐྱོད་མི་ཆོག་པའི་དམ་དྲག་ཀྱང་བྱས་འདུག་ཟེར།

མཆན། 2

  1. རི་བོང། says:
    ལོ་ 13 སྔོན།

    རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་ལ་བཀྲ་ཤིས་བདེ་ལེགས་ཡོད།

    Reply
  2. བསེ་རུ། says:
    ལོ་ 13 སྔོན།

    ངས་མཐོང་བའི་ཡིག་ནོར།
    སྙིང་ལྟ་བ་༧གོང་ས་མཆོག སྙིང་ལྟ་བུ་༧གོང་ས་མཆོག
    མྱུར་ཏུ། མྱུར་དུ།
    པན་ཆེན། པཎ་ཆེན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist