མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རླུང་དམར་འུར་འུར་གྱི་རྩོམ་པ་པོ་ཚེ་རིང་དོན་གྲུབ་ལ་ཉེས་ཆད་ཕོག་པ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

 

གསར་འགྱུར་འདི་རབ་འབྱོར་གྱིས་ཁ་བརྡ་དྲ་ཐོག་ཏུ་བཀོད་པ་ལས་བཤུས་ཏེ་འདིར་བཀོད་པ་ཡིན།

སྒྲུང་རྩོམ་རྩོམ་པ་པོ་གྲགས་ཅན་ཚེ་རིང་དོན་གྲུབ་གྱིས་༼རླུང་དམར་འུར་འུར།༽ཞེས་པའི་བརྩམས་སྒྲུང་གསར་པ་ཞིག་གཞུང་འབྲེལ་དཔེ་སྐྲུན་ཁང་མ་བརྒྱུད་ནས་དཔེ་སྐྲུན་བྱས་པ་དེ་ཁྲིམས་འགལ་གྱི་དཔེ་སྐྲུན་ཡིན་པར་བསྙད་དེ་རྩོམ་པ་པོ་ལ་ཉེས་ཆད་ཕོག་ཡོད་སྐད།

ཚེ་རིང་དོན་གྲུབ་ལགས་ལ་ཕོག་པའི་ཉེས་ཆད་ནི་རྩོམ་པ་པོ་ཁོང་རྨ་ལྷོ་སོག་རིག་རང་སྐྱོང་རྫོང་ཟེར་བའི་རྫོང་གི་ལོ་རྒྱུས་རྩོམ་སྒྲིག་ལས་ཁུངས་ཀྱི་འགན་འཛིན་ཡིན་པ་དེའི་གོ་གནས་ཕབ་པ་དང་། ད་ནས་བཟུང་རྩོམ་པ་པོ་ཁོང་རྫོང་དེའི་ཡིག་ཚགས་དང་ཁ་བཀར་དགོས་པ་དེ་གཉིས་ཡིན་པར་བཤད།

༼རླུང་དམར་འུར་འུར་༽གྱི་ནང་དུ་ནགས་ཚང་ཞི་ལུའི་སྐྱིད་སྡུག་དང་འདྲ་བར། ལོ་རབས་ལྔ་བཅུའི་ནང་ལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་ཡིན་ལས་ཆེ་བའི་ས་ཁུལ་ཞིག་ཏུ་རྒྱ་དམར་གྱི་དམག་དཔུང་དང་དབང་ཤུགས་སླེབས་ནས་ས་ཁུལ་དེ་དང་དེའི་བླ་སྤྲུལ་བྱེ་བྲག་པ་ཞིག་ལ་ཆགས་འཇིག་ཅི་བྱུང་དང་། བླ་སྤྲུལ་དེ་བཙོན་ཁང་དུ་སོང་ནས་ཀྱང་སྐབས་དེའི་རྒྱ་དམར་གྱི་བཙོན་ཁང་དང་དེའི་ལས་བྱེད་ཀྱི་གདུག་རྩུབ་དང་ཅོལ་ཆུང་གི་བྱེད་སྤྱོད་རྣམས་རི་མོའི་རྣམ་པར་བཀོད་ཐུབ་ཡོད། སྒྲུང་རྩོམ་དེ་ནགས་ཚང་ཞི་ལུའི་སྐྱིད་སྡུག་དང་མི་འདྲ་ས་ཞིག་ནི། དེའི་ནང་དུ་ལོ་རབས་ལྔ་བཅུའི་ནང་གི་བྱུང་བ་གཅིག་པོ་མ་ཡིན་པར། རིག་གནས་གསར་བརྗེ་ཆེན་པོ་དང་དེའི་རྗེས་སུ་ཆོས་དད་རང་དབང་སླར་གསོ་བྱུང་བའི་བར་དུ་བྲིས་ཡོད་་པ་དང་། བརྩམས་སྒྲུང་འདིའི་ནང་དུ་རྒྱ་ཕྱོགས་ཀྱི་གདུག་རྩུབ་ཀྱི་ངོ་བོ་གསལ་པོར་མངོན་ཡོད་པ་དང་མཚུངས་སུ་བོད་མིའི་ཅོལ་ཆུང་གི་གཤིས་ཀ་འགའ་རེ་ཡང་མངོན་ཡོད།

བརྩམས་སྒྲུང་འདི་ལ་སྔ་དུམ་ཕྱི་དུམ་ཆ་གཉིས་ཡོད་པ་ནགས་ཚང་ཞི་ལུའི་སྐྱིད་སྡུག་པར་སྐྲུན་མ་བྱས་སྔོན་ལ་བརྩམས་ཚར་ཏེ། གཞུང་འབྲེལ་གྱི་དཔེ་སྐྲུན་ཁང་ཞིག་ནས་དཔེ་སྐྲུན་བྱེད་ཐུབ་རེས་དཔེ་སྐྲུན་ཁང་རེ་ཟུང་ལ་འབྲེལ་གཏུགས་བྱས་ན་ཡང་དཔེ་སྐྲུན་ཁང་དེ་དག་གིས་དཔེ་སྐྲུན་གྱི་ཁས་ལེན་བྱེད་ཐུབ་མི་འདུག ཕྱིས་སུ་མཚོ་སྔོན་བོད་ཡིག་གསར་འགྱུར་ཞེས་པའི་ཚགས་པར་གྱིས་དུམ་པ་ཞིག་མུ་འགོད་བྱས་ཚར་འདུག་པ་ཕལ་ཆེར་ཕྱི་དུམ་ཡིན་པ་འདྲ། ན་ནིང་ནས་རྒྱ་གཞུང་ནས་བོད་ཡིག་གི་དཔེ་སྐྲུན་དང་ལྷག་པར་དུ་སྒེར་གྱི་པར་སྐྲུན་གྱི་རིགས་ལ་དོ་དམ་ཇེ་བཙན་ལ་སོང་བར་བརྟེན་༼རླུང་དམར་འུར་འུར་༽ཡང་གཞུང་འབྲེལ་གྱི་དཔེ་སྐྲུན་ཁང་ཞིག་ནས་དཔེ་སྐྲུན་བྱེད་རྒྱུའི་རེ་བ་ཕལ་ཆེར་མེད་པ་ལྟ་བུར་གྱུར་ཏེ་སྒེར་ངོས་ནས་པར་སྐྲུན་བྱས་པ་རེད་ཟེར།

རྒྱ་གཞུང་ནས་རྩོམ་པ་པོ་འདི་ལ་ཉེས་ཆད་འབེབས་སྐབས། བརྩམས་སྒྲུང་འདི་དཔེ་སྐྲུན་བྱེད་སྟངས་ཀྱི་ཐད་ལ་མ་གཏོགས་ནང་དོན་གྱི་ཐད་ནས་སྐྱོན་འཛུགས་བྱས་མི་འདུག་ཟེར། རྒྱུས་ཡོད་པ་རྣམས་ཀྱི་བསམ་ཚོད་ལ། དཔེ་སྐྲུན་བྱེད་སྟངས་ཁ་གཡོར་ས་བྱེད་ཀྱི་ཡོད་པ་མ་གཏོགས་དོན་གྱིས་བརྩམས་སྒྲུང་དེའི་ནང་དོན་རྒྱ་གཞུང་གི་བློར་འབབ་ཀྱི་ཡོད་པ་མ་རེད། ཡིན་ན་ཡང་ནང་དོན་གྱི་ཐོག་ནས་སྐྱོན་འཛུགས་བྱས་ན་བརྩམས་སྒྲུང་དེ་ལ་མི་རྣམས་ཀྱི་དོ་སྣང་ཇེ་ཆེར་འགྲོ་བར་དོགས་པ་ཡིན་རྒྱུ་རེད་ཟེར།

འབྲེལ་ཡོད་གསར་འགྱུར།

China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཕུན་ཚོགས་ཕོ་བྲང་ནས་འཕྲོས་པའི་ཉི་འོད།

ཆུ་ཚོད་ ༡༣ སྔོན་ལ།
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གསར་པ། ལི་ཤུའོ་ཝུ། པར་དྲ་ལམ་ནས་བླངས།
Mobile App

རྒྱ་གཞུང་གིས་རྒྱ་རིགས་ལི་ཤུའོ་ཝུ་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་བསྐོས་འདུག

ཆུ་ཚོད་ ༡༤ སྔོན་ལ།
རྒྱལ་མཚན་ནོར་བུས་ལྟ་སྐོར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

རྒྱལ་མཚན་ནོར་བུ་བོད་མངའ་རིས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཟེར་བའི་ལས་དོན་ཚོགས་འདུར་ཞུགས། 

ཆུ་ཚོད་ ༡༤ སྔོན་ལ།
རྒྱ་གཞུང་གིས་ཉེས་ཆད་བཅད་པའི་དྲ་དམངས། པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

རྒྱ་གཞུང་གིས་དྲ་ལམ་དུ་ས་ཡོམ་དང་འབྲེལ་བའི་གནས་ཚུལ་སྤེལ་མི་ཆོག་ཟེར།

༢༠༢༦/༡༠/༢༦
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གྲོས་ཆོད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱལ་སྤྱིའི་དགེ་ལྷན་ཁྱབ་ཁོངས་ཀྱི་དགེ་འདུན་པ་རྣམས་སྤྱི་འཐུས་ཀྱི་འོས་མིར་བཞེངས་མི་ཆོག་པའི་ཐག་གཅོད་གནང་། 

༢༠༢༦/༡༠/༢༦

མཆན། 8

  1. བེ་སིའི་བུ། says:
    ལོ་ 17 སྔོན།

    རྩོམ་པ་པ་ཁོང་ལ་དེ་གཞན་གྱི་དཀའ་ངལ་འདྲ་མཐོང་གིན་ཡོད་དམ།

    Reply
  2. tashi dawa says:
    ལོ་ 17 སྔོན།

    ནོར་བཅོས། དེ་གཉིས་དང་འབྲེལ་ཡོད་ན་ཕལ་ཆེར་དཔེ་བསྐྲུན་བྱ་ཐུབ་ཀྱི་ཡོད་མི་འདུག དང་པོ་དཔེ་ཆ་པར་དགོས་ན་གཞུང་འབྲེལ་གྱི་ཆོག་མཆན་དགོས་འདུག ཁག་ཅིག་གིས་དེ་མ་ཐོབ་ནས་པར་བསྐྲུན་བྱ་ཐུབ་ཡོད་མི་འདུག

    Reply
  3. tashi dawa says:
    ལོ་ 17 སྔོན།

    ཉེ་འཆར་རྒྱ་ནག་ནས་ངོ་ཤེས་གཅིག་གིས་གསུངས་དོན། དེང་སང་དཔེ་ཆ་པར་སྐྲུན་བྱེད་སྐབས། དང་པོ་སྲིད་དོན་དང་འབྲེལ་བ་ཡོད་མེད། གཉྀས་པ་ནང་ཆོས་དང་འབྲེལ་བ་ཡོད་མེད་གཉིས་གཙོ་བོར་ཞིབ་བཤེར་བྱེད་བཞིན་ཡོད་འདུག་དེ་གཉིས་འབྲེལ་བ་ཡོད་ན་ཕལ་ཆེར་དཔེ་བསྐྲུན་བྱ་ཐུབ་ཀྱི་ཡོད་འདུག དང་པོ་དཔེ་ཆ་པར་དགོས་ན་གཞུང་འབྲེལ་གྱི་ཆོག་མཆན་དགོས་འདུག ཁག་གཅིག་ཅིག་གིས་དེ་ཐོབ་ནས་པར་བསྐྲུན་བྱ་ཐུབ་ཡོད་མི་འདུག

    Reply
  4. དགྲ་འདུལ། says:
    ལོ་ 17 སྔོན།

    རྒྱ་ནག་གི་ད་ལྟའི་སྲིད་འཛིན་མངའ་ཁོངས་ནས་དཔེ་དེབ་ཅིག་དཔར་དགོས་ན་ཡིན་གཅིག་མིན་གཅིག་གཞུང་འབྲེལ་གྱི་དཔར་སྐྲུན་ཁང་ཞིག་བརྒྱུད་དགོས་དོན་ཡོད་དམ། ངའི་དྲན་ཚོད་ལ་རྒྱ་ནག་གིས་འདས་པའི་ལོ་ཤས་གོང་ནས་དཔེ་སྐྲུན་ཁང་ཕལ་ཆེ་བ་སྒེར་བདག་ལ་བསྒྱུར་ཡོད། ད་ལྟ་རྒྱ་ནག་གི་གསར་འགོད་བརྒྱུད་ལམ་ཕལ་ཆེ་བ་སྒེར་བདག་ལ་སྒྱུར་གིན་ཡོད་པའི་གནས་ཚུལ་བདུན་ཕྲག་འདིའི་ནང་དུ་གསར་འགྱུར་བརྒྱུད་ལམ་ལ་སྤེལ་ཡོད།

    ཚང་མ་སྒེར་བདག་ཅན་དུ་སྒྱུར་བཞིན་པའི་སྐབས་སུ་ཚེ་རིང་དོན་གྲུབ་གཅིག་པོས་གཞུང་འབྲེལ་གྱི་དཔེ་སྐྲུན་ཁང་ཞིག་བརྒྱུད་དགོས་དོན་ཡོད་དམ།

    བོད་རིགས་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་ཤེས་དགོས་པ་ནི་རྒྱ་ནག་གཞུང་གིས་ཇི་ལྟར་བོད་མི་རིགས་ལ་ཉེས་མེད་ནག་ཉེས་འགེལ་གྱིན་ཡོད་མེད་དེ་རེད། དེ་ཤེས་པའི་རྗེས་ནས་རྒྱ་ནག་ལ་བཙན་པོས་ཁ་རྡུང་དང་གཉོམ་པོས་འབོད་སྐུལ་ཞུ་རྒྱུ་དེ་རེད།

    ཁོང་ལ་རྒྱབ་སྐྱོར་ཡོད་མེད་དང་ཁྱོད་ལ་སེམས་ཁྲལ་ཡོད་མེད་གཅིག་པུ་གླེང་ནས་ཡོང་རྒྱུ་ཅི་གང་ཡོད་པ་མ་རེད།

    Reply
  5. འཇམ་དབྱངས་གྲགས་པ། says:
    ལོ་ 17 སྔོན།

    རླབས་ཆེན་རྩོམ་པ་པོ་ཁོང་ལ་ཉེས་ཆད་ཕོག་པར་མྱ་ངན་ཞུ།

    Reply
  6. རི་བོང། says:
    ལོ་ 17 སྔོན།

    ན་གཞོན་རྩོམ་པ་པོ་ཚེ་རིང་དོན་འགྲུབ་ལ་ནག་ཉེས་ཕོག་པ་ནི་ངོ་མ་ང་ཚོའི་བོད་པ་ཚང་གི་གྱོང་གུད་རེད། ཡིན་ནའང་ཁོང་གི་ས་སྒང་འདིར་ནམ་ཡང་བསུབ་མི་ཐུབ་པའི་ཞབས་རྗེས་ཆེན་པོ་ཞིག་པར་ཚར་བ་རེད། དེ་ང་ཚོ་ཚང་མས་སེམས་ལ་ཉར་རན་ཡོད་པ་ཞིག་རེད།

    Reply
  7. ཨ་ལ་ལ says:
    ལོ་ 17 སྔོན།

    རྩོམ་པ་པོ་ཁོང་ལ་འོ་བརྒྱལ་འབྱུང་རྒྱུ་ནི་བརྗོད་མི་དགོས་ཀྱང་དོན་དམ་དུ་ཁོང་གིས་བྱས་རྫེས་དང་རྒྱལ་ཁ་བླངས་ཡོད།

    Reply
  8. བཀྲ་ཤིས་རྒྱ་མཚོ says:
    ལོ་ 17 སྔོན།

    ཨ་ཁ་ཁ་་་ད་རྒྱ་རྒན་འདི་ཚང་གིས་བོད་ནང་གི་བོད་རིགས་ཤེས་ཡོན་དག་གཅིག་རྗེས་གཉིས་མཐུད་དུ་བསྡུ་བསོག་རྒྱག་རྩིས་རེད་ལ།
    ངོ་མ་ང་ཚོ་མི་རིགས་འདི་ལ་འདི་འདྲའི་མནར་གཅོད་ཅིག་གཏོང་དགོས་དོན་གང་ཡིན་ནམ།
    ང་ཚོས་དགོད་མ་ནས་ད་བར་དུ་ལྷ་ཀླུ་གཉན་གསུམ་ལ་སྐྱབས་བཅོལ་ནས་བསྡད་པ་རེད་་་་འདི་ཚོ་ངོ་མའི་མེད་ཡིན་ནམ། དུས་ལ་མ་བབས་པ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese