མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་ཁར་བུད་ནས་ལོ་གཅིག་འཁོར་གྲབས་ཡོད། ཀླུ་མཁར་བྱམས།

བོད་ཀྱི་དུས་བབ།
༢༠༠༩/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

 
                  ས་ཁར་བུད་ནས་ལོ་གཅིག་འཁོར་གྲབས་ཡོད།

 ཁ་སང་ཕྲན་གྱི་ཟིན་བྲིས་ནང་སྐྱ་ཐིག་དོན་ཚན་༡༥་ ༼བོད་ཡིག   རྒྱ་ཡིག  དབྱིན་ཡིག  ༽སྐོར་ལ་མི་འགྱང་བར་ཚོགས་འདུ་ཞིག་འཚོགས་རྒྱུའི་གསལ་བསྒྲགས་སྤེལ་བ་དེ་ལྟར་ཡང་།ཟིན་བྲིས་ནང་མུ་འགོད་བྱས་ན་མ་གཏོགས་སྡེབས་གཅིག་ལ་དོན་ཚན་༡༥་ཆ་ཚང་མི་ཤོང་ཁར།གཞན་དུས་བབ་དྲ་ཐོག་གི་བསལ་ཚུལ་ནང་སྤེལ་ན་ཁྱབ་ཆེ་ཙམ་འདུག་ལ།གཞན་ཡང་ད་བར་བོད་ཡིག་གི་བརྒྱུད་ལམ་ནས་སྐྱ་ཐིག་ཐད་བགྲོ་གླེང་བྱུང་བ་སྤྱི་དང་།ཡང་ཟིན་བྲིས་ནང་འཁྱུག་ཙམ་རིང་བསམ་འཆར་སླེབས་ཚུལ་ལ་གཞིགས་ན།ད་དུང་སྐྱ་ཐིག་རིང་གི་ཐད་གསལ་བསྒྲགས་ཙམ་ཞིག་གིས་གོ་བརྡ་འཕྲོད་བཟོ་མི་འདུག་ལ།དུས་བབ་རྩོམ་སྒྲིག་པས་ཀྱང་གནས་ཚུལ་འདི་རྩོམ་ཞིག་གི་ངོ་བོར་ཁྱེར་ནས་གྲ་རྒྱས་ཙམ་དང་།  ཁ་གསལ་ཙམ་ངོ་སྤྲོད་བྱ་དགོས་པའི་བསམ་ཚུལ་བྱུང་བ་ལྟར།ངས་སླར་ཡང་གསལ་བསྒྲགས་དང་སྦྱངས་བཤད་མཉམ་པོར་ཡོད་པའི་རྩོམ་ཡིག་ཅིག་བྲིས་ནས་སྔོན་འགྲོའི་ཚུལ་དུ་སྤེལ་རྒྱུ་ཡིན།         
 
   ༡  ཐོག་མའི་ཁ་ཕྱོགས་ས་དང་རྒྱབ་ལྗོངས།

སྔར་ལོ་བཙན་བྱོལ་བོད་མིའི་དམིགས་བསལ་ཚོགས་ཆེན་དང་པོ་ཚོགས་པ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་དེ་འབྲེལ་གྱི་བགྲོ་གླེང་ཚོགས་འདུ་ཞིག་ཚོགས་ཤིང༌། ཚོགས་ཐེངས་དེར་ཕྲན་ཆེད་ཞུས་དཔྱད་བརྗོད་པའི་གྲས་སུ་བཀོད་སྒྲིག་གནང་བ་ལྟར་ཚོགས་ཞུགས་བྱས་པ་ཡིན། སྐབས་དེར་ཚོགས་འདུ་སྟངས་འཛིན་པས་ཕྲན་ལ་བོད་རང་བཙན་སླར་གསོ་ཐུབ་པའི་གདེང་ཚོད་དང་སྤོབས་པ་ཅི་ཙམ་ཡོད་མིན་སྐོར་ཤོད་རོགས་ཞེས་བརྗོད་གཞི་ལྗིད་ཁོག་ཅན་ཞིག་སྟེང་འགེལ་གནང་བ་དང༌། ངས་ཀྱང་རང་བློས་ལྕོགས་ཚོད་ཀྱིས་བོད་རང་བཙན་གྱི་སྐྱ་ཐིག་དོན་ཚན་༡༥ཞེས་པ་ཞིག་ཚོགས་ཐོག་དེ་ནས་སྒྲོག་སྦྱངས་བྱས་ཁུལ་མ་ཟད།ཡིག་ཆ་དེའི་ཐད་ལོ་གཅིག་ནང་ཚུན་མི་དམངས་ཀྱི་བསམ་ཚུལ་བསྡུ་ལེན་བྱ་རྒྱུ་དང༌།ལོ་གཅིག་འཁོར་མཚམས་བསམ་ཤོག་གི་གྲུབ་དོན་བརྒྱུད་ལམ་ཁག་ལ་སྙན་སྒྲོག་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་བྱས་ཤིང༌།དེ་འབྲེལ་ཡིག་ཆ་ཁག་འགྲེམས་ཤོག་བཟོས་ནས་མི་དམངས་ཁྲོད་དུ་བཀྲམས་པ་དང༌། དྲ་ཚིགས་ཁག་ཏུའང་བོད་རྒྱ་དབྱིན་གསུམ་ཐོག་འགྲེམས་སྤེལ་བྱས་ཡོད།ཡིན་ནའང་།ད་བར་མི་མང་རང་གི་བསམ་ཚུལ་བསྡུས་པ་ལས་བོད་གཞུང་དང་།སྐུ་སྒེར་ཡིག་ཚང་།རྒྱ་ནག་གཞུང་བཅས་གཞུང་འཛིན་རིམ་པར་ཕུལ་མེད།

མཁྱེན་གསལ་ལྟར།བཙན་བྱོལ་བོད་མིས་དམིགས་བསལ་ཚོགས་ཆེན་དང་པོ་ནི་༸གོང་ས་མཆོག་གི་བཀའ་བཀོད་ལྟར་ཚོགས་པ་ཞིག་ཡིན་ལ།ཧ་ལམ་ཁོང་གི་དགོངས་ཚུལ་ནི་ང་ཚོས་དུས་རབས་ཀྱི་འགྲོས་དང་མཐུན་པའི་འགྲོ་ལམ་གསར་བ་ཞིག་བཙལ་འདུན་ཡིན་ངེས་མོད།མཐར་བཀའ་སྤྱི་གཉིས་ཀྱི་སྟེང་སྐུལ་འོག་ཚོགས་ཞུགས་པ་མང་ཆེ་བས་ས་གནས་མང་ཚོགས་ཀྱི་བསམ་ཚུལ་ཁུར་ཡོང་བར་བཤད་ནས།རྒན་ཁོག་ཚོ་གཙོ་ཤུགས་སུ་གྱུར་བའི་མང་ཚོགས་ཀྱི་བསམ་ཚུལ་བསྡུས།དེ་བདེན་པའི་དབང་དུ་བྱས་ཀྱང་།མི་མང་དཀྱིས་མ་ཚོར་རྒྱལ་དོན་བྱ་བཞགས་ཐོག་འཛུགས་སྐྲུན་རང་བཞིན་གྱི་བསམ་ཚུལ་ཡོད་མེེད་བཤད་མ་དགོས་ཁར།ད་དུང་བོད་གཞུང་གིས་བོད་ནང་བསམ་ཚུལ་བསྡུས་པ་ཡིན་ལབ་ནས་འཁྲབ་སྟོན་བྱས་པ་དང་།གྲུབ་དོན་ང་ཚོ་དབང་བསྒྱུར་གྲལ་རིམ་གྱིས་གང་གནང་བ་འགྲིག་འདུག་ལ།མུ་མཐུད་ལམ་དབུ་མར་བསྐྱོད་རྒྱུར་རྦད་དེ་སེམས་བདེ་བོ་ཆགས་སོང་ཟེར།ང་རང་གིས་ཚོགས་ཆེན་དེར་མཇུག་འབྲས་མེད་པ་ཤེས་ནས་ཚོགས་ཞུགས་ཀྱི་ཆ་ཤས་བླངས་མེད་ལ། ཁོ་བོའི་ད་ལྟའང་སྐབས་དེའི་རང་གི་ཐག་གཅོད་ལ་འདོད་པ་ཚིམ་གྱིན་འདུག ཡིན་ནའང་། དུས་ཟིང་འདི་འདྲ་ཞིག་གི་འོག་ནས་ངའི་སྐྱ་ཐིག་དོན་ཚན་བཅོ་ལྔ་བ་ས་ཁར་བུད་པ་དང་།  རང་ཉིད་ཚོགས་ཆེན་སྟེང་མ་ཞུགས་ཀྱང་།སྐྱ་ཐིག་དོན་ཚན་བཅོ་ལྔའི་ཐོག་མའི་ཁ་གཏད་ས་ནི་ཚོགས་ཆེན་དེ་ཡིན་ལ།ཚོགས་ཐོག་དེ་ནས་གཞུང་དམངས་གཉིས་ཀྱི་འཐབ་རྩོད་ལངས་ཕྱོགས་བོད་རང་བཙན་སྒང་ཤར་བསྐྱོད་ཐུབ་ན་བསམ་སོང་།དེ་བས་ཚོགས་ཐོག་དེར་ངས་འགྲེམ་ཤོག་བཟོས་ནས་ཚོགས་ཞུགས་པ་ཡོང་ལ་བཀྲམས་ཡོད། འོན་ཀྱང་། སྐྱ་ཐིག་དོན་ཚན་བཅོ་ལྔའི་དམིགས་ཡུལ་དང་པོ་འདི་ལྟར་སྐྱོ་ངལ་གྱི་ཀློང་དུ་འཐིམ་སོང་།

༢། སྐབས་བབ་ཀྱིདགོས་དོན་གསལ་བསྒྲགས།

 ད་ཆ་སྐྱ་ཐིག་བཏོན་ནས་ལོ་གཅིག་འཁོར་གྲབས་ཡོད་པས། སྐྱ་ཐིག་དེའི་ལོ་ངོ་གཅིག་རིང་གི་ཆར་རླུང་ཁྲོད་ཀྱི་ལས་དབང་ཕྱིར་མང་ཚོགས་ལ་སྙན་འབུལ་ཞུ་རྒྱུའི་དུས་མཚམས་ཟིན་ལ་ཉེ་ཡོད།ཕྲན་གྱིས་ལོ་ཁོར་མོ་གཅིག་ཟིན་གྲབས་ཡོད་པའི་ནང་རྒྱ་བོད་གཉིས་ཀྱི་ཤེས་ལྡན་མི་སྣའི་གཙོས། སྲིད་དོན་ཉམས་ཞིབ་པ་མང་པོ་ཞིག་ལ་སྐྱ་ཐིག་འདི་དང་འབྲེལ་བའི་བགྲོ་གླེང་བྱས་ཤིང་། གང་ལ་གང་འཚམ་གྱིས་རྒྱབ་སྐྱོར་བྱེད་མཁན་འདུག་ལ་སྐྱོན་བརྗོད་ཀྱང་དེ་བས་མང་།དེའི་ཕྱིར་མི་འགྱང་པར་དེ་འབྲེལ་གྱི་བགྲོ་གླེང་ཚོགས་འདུ་ཞིག་རྡ་སར་འཚོགས་གཏན་འཁེལ་སོང་ན།  དྲ་གྲོགས་རྣམས་པས་ཟིན་བྲིས་དང༌། ཡང་ན་ཕྲན་གྱི་གློག་འཕྲིན་ ( shamatsock@yahoo.com ) ཐོག་སྐྱ་ཐིག་རང་གི་ཐད་དགོངས་ཚུལ་ལྷུག་སྩོལ་ཡོང་པའི་རེ་སྐུལ་ཞུས་པ་ཡིན། བགྲོ་གླེང་ཚོགས་འདུ་དེའི་ཐོག་རྣམ་པ་ཚོས་དགོངས་ཚུལ་ནི་སྐྱ་ཐིག་དོན་ཚན་༡༥པའི་ཤི་གསོན་གཏེང་ཐག་གཅོད་མཁན་གྱི་བཤེར་དཔོན་ཆགས་རྒྱུ་གཏན་འཁེལ་བ་རེད། གལ་སྲིད་ཚོགས་འདུ་དེ་བཞིན་རང་བཙན་སྐྱ་ཐིག་གི་འདས་སྐར་ཀྱི་གདུང་དབྱངས་སུ་གྱུར་བའི་དབང་དུ་བྱས་ཀྱང༌།དེ་ཙམ་གྱིས་བབ་བརླིང་བརྟན་གསུམ་གྱི་རང་བཞིན་ལྡན་པའི་བོད་རང་བཙན་འཐབ་རྩོད་ལ་སྐུལ་འདེད་མ་ཐུབ་ཀྱང་འགོག་རྐྱེན་མི་ཆགས་པ་ང་ལ་ཡིད་ཆེས་ཡོད།

༣། རེ་བ་དང་འབྱུང་འགྱུར།

ལོ་ངོ་འདི་དག་གི་རིང་ལ་བོད་མི་རིགས་ནི་ཁ་ཕྱོགས་མེད་པའི་བར་སྟོང་ཞིག་ན་ལྷག་འདུག  དེ་ནི་སེམས་ནད་ཅན་འགའ་ཞིག་གི་མཐོང་སྣང་ཙམ་ག་ལ་ཡིན། ད་ཆ་འུ་ཚང་གིས་ཆབ་སྲིད་སྒང་ཁ་ཕྱོགས་བོར་སོང་པ་ཙམ་མ་ཡིན་པར།དཔེར་ན།ལོ་རྒྱུས་ཆ་ནས་འདས་དོན་མི་གཙོ་འབྱུང་འགྱུར་དགོས་ཟེར་བ་ལྟ་བུ། མི་རིགས་ཆ་ནས་ནང་པ་དར་ན་བོད་ཉམས་ཀྱང་མི་སྐྱོན་ཟེར་བ་ལྟ་བུ།  འཐའ་རྩོད་ཆ་ནས་རྒྱ་ནག་ཡར་རྒྱས་འགྲོ་བཞིན་པའི་ན་ང་ཚོ་རྒྱ་མིས་ཆ་ཤས་ཆགས་ན་གཟི་བརྗིད་རེད་ཟེར་བ་ལྟ་བུ།རིག་གནས་ཆ་ནས་བོད་ཀྱི་གོན་པ་གྱོན་སྟངས་སོག་པོ་ནས་ཡོང་བ་དང་།ཞལ་ཟས་བཟོ་སྟངས་རྒྱ་ནག་ནས་ཡོང་བ།ཆོས་རྒྱ་གར་ནས་བླངས་བ་སོགས་མདོར་ན་ང་ཚོར་དངོས་གཏན་གྱི་ངོ་རྟགས་མེད་ཟེར་བ་ལྟ་བུ།མི་རིགས་འདི་བ་ཚང་གི་འདུ་ཤེས་འཛིན་སྟངས་ལ་བདག་གཞན་གཉིས་ཀྱིས་འདི་ལྟར་འགྲེལ་ལོག་རྒྱག་བཞིན་པའི་སྐབས་འདིར།ངས་བོད་རང་བཙན་གྱི་སྐྱ་ཐིག་དོན་ཚན་བཅོ་ལྔ་ཅན་པོ་འདི་དང་འབྲེལ། ང་ཚོར་འདུ་ཤེས་བསྐྱར་སྐྲུན་གྱི་བགྲོ་གླེང་ཞིག་ཐུབ་ན་བསམ་པ་ནི་སྤྱི་ཁོག་ཙམ་ཡིན་ལ།
   མཐའ་དོན། བོད་མི་སྤྱི་བོ་གནམ་བསྟན་ཚང་མས་སེམས་བག་གི་མཐུག་ས་རུ་རང་བཙན་གྱི་སྐྱ་ཐིག་རེའམ། རྨི་ལམ་གྱི་དཀར་ངོགས་སུ་རེ་གཞག་ངོ་མ་རེ་ཡོད་པ་གོར་མ་ཆགས་ན།  ངའི་སྐྱ་ཐིག་འདི་ཡིས་ཁྱེད་ཅག་གི་ཞེ་འདོད་ཀྱི་རྒྱུད་སྐུད་དེ་སྒུལ་ཐུབ་ན་བསམ་པ་དང༌། ཚང་མ་མཉམ་རུབ་ཀྱིས་འགྱེལ་ས་ནས་ལངས་ཐུབ་ན་བསམ་པ་ནི་སྐྱོ་ངལ་དང་གསོན་ཤུགས་མཉམ་དུ་ཁུར་བའི་ང་དང་ངེད་ཅག་གི་སྐྱ་ཐིག་འདིའི་དམིགས་ས་གཙོ་བོ་ཡིན།    བོད་རྒྱལ་ལོ།།

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ནས་སྟོང་འཁོར་མཉྫུ་ཤྲཱི་ཧུ་ཐོག་ཐུས་གཙོས་པའི་སོག་པོ་ ༡༤༨ ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༥།༠༦།༢༠
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བོད་སོག་གཉིས་ལ་ཐུན་མོང་མིན་པའི་འབྲེལ་བ་ཞིག་ཡོད་ཅེས་གསུངས།

༢༠༢༥/༠༦/༢༠
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་རྒྱ་གར་གྱི་སྲིད་འཛིན་ལྕམ་སྐུ་ཤྲི་མ་ཏི་མཆོག་དགུང་གྲངས་ ༦༧ ལ་ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་མཛད། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༦།༡༩
༧གོང་ས་མཆོག གསུང་འཕྲིན།

རྒྱ་གར་གྱི་སྲིད་འཛིན་མཆོག་གི་འཁྲུངས་སྐར་ལ་འཚམས་འདྲི་མཛད།

༢༠༢༥/༠༦/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་ཟུར་འབའ་པ་རླུང་ཁར་ངག་དབང་བཀྲ་ཤིས་ལགས་སྐུ་གྲོངས་པར་ཐུགས་གསོ་ཞུས།

༢༠༢༥/༠༦/༡༩
UN High Commissioner for Human Rights Volker Türk at the 59th session of the UN Human Rights Council (photo:DRM News)
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་སྐོར་གླེང་སློང་གནང་། 

༢༠༢༥/༠༦/༡༩
Front Slider

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས། ཚོགས་གཞོན་དཔལ་འབྱོར་དྲུང་ཆེ་ཚེ་རིང་དོན་གྲུབ་ལགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༦།༡༨
Mobile App

༧སྐུའི་གོ་སྟོན་གྱི་གཞུང་འབྲེལ་དྲ་ཚིགས་དབུ་འབྱེད་གནང་།

༢༠༢༥/༠༦/༡༨

མཆན། 39

  1. བློ་ལྡན། says:
    ལོ་ 16 སྔོན།

    གཞན་གྲྭ་གཟུགས་ཅན་ཨ་འབྲུག་དཀོན་མཆོག་ཟེར་བའི་མི་ཐེབས་ཆག་འདིའི་ཀླུ་མཁར་བྱམས་ལ་མཐོང་ཆུང་དང་ངར་རྫིག་བཀོད་ཁུལ་བྱས་ཏེ་རང་ཉིད་རྣམ་དཔྱོད་ཡོད་མདོག་བསྟན་འདུག་ཀྱང་། ཀླུ་མཁར་བྱམས་དང་ཁྱེད་གཉིས་བསྡུར་ས་ཞིག་མི་རྙེད་པ་རང་ཚོའི་བརྩམས་ཆོས་དང་ཤུལ་ལམ་རང་ནས་རྟོགས་སླ། ཁྱེད་ཀྱིས་བརྩམས་ཆོས་དང་རང་གཟུགས་ཅི་ཞིག་བསྟན་ན་ཡང་ཡོད་ཚད་གད་སྙིགས་བཟོས་པ་ལས་གཞན་ཅི། དོན་མེད་ཁྱི་སྐད་ཟུག་གི་མ་འདུག་བཟང་།
    རྣམ་དཔྱོད་ཅན་གྱི་ཀླུ། ལམ་ལ་ཆས་དང་ང་ཚོ་ཁྱེད་ཀྱི་གཞུག་ན་བརྟན་པོ་ཡོད།

    Reply
  2. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    ད་དུང་འཆི་བདག་ནག་པོ་ལགས་བཅས་དྲ་གྲོགས་འགའི་སྐྱ་ཐིག་དོན་ཚན་ ༡༥ པའི་མ་རྩོམ་མཐོང་མེད་ཚོད་འདུག སྐྱ་ཐིག་དོན་ཚན་༡༥ མ་ཡིག་དང་། རྒྱ་འགྱུར། དབྱིན་འགྱུར་ཚང་མ་གསལ་བསྒྲག་འདིའི་མགོ་སྟོད་དུ་ཁ་སྐོང་ནང་དྲ་འདྲེན་ Link བྱས་ཡོད་པས་དེ་ལ་གཟིགས་རོགས། མ་ཟད་འགྱུར་ལ་ཐུགས་གཟབ་གནོང་། མ་དག་ས་ཡོད་ན་དགོངས་ཚུལ་ལྷུགས་སྩོལ་ཡོང་བ་ཞུ། མ་རྩོམ་བོད་ཡིག་ཡིན་སྟབས་རྒྱ་འགྱུར་དང་། དབྱིན་འགྱུར་གང་རུང་ཁུངས་བོད་ཡིག་ལ་གཏུག་དགོས།
    ཡང་བློ་ལྡན་ལའང་ཞུ་རྒྱུ་ཞིག་ལ། དེང་སྐབས་རྒྱ་རི་བློ་གྲས་འདིའི་སྐོར་ལ་གོ་རྒྱུ་མང་ཞིང་། གནད་དོན་འདི་དག་ཅེས་ཀྱང་གླེང་ནས་གསལ་བོ་བཟོ་དགོས་ན་མོད། ངས་སྐབས་ཐོག་༡༥སྐོར་གྱི་ཚོགས་འདིའི་སྒང་ལ་རྣམ་ཤེས་གཏད་བསྡད་ཡོད་

    Reply
  3. བློ་ལྡན། says:
    ལོ་ 16 སྔོན།

    ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་མི་དོན་གླེང་གིན་པའི་བྱ་གཞག་འདིའི་ཐད་ནམ་ཡང་རྒྱབ་སྐྱོར་ཡོད།་ད་ནི་འུ་ཚང་གི་བྱ་བཏང་སྲིད་དོན་པ་ཚོར་འདི་ལྟར་ཁ་གཏོད་དགོས་པའི་དུས་རེད། དེ་མིན་འུ་ཚང་འདི་ལྟར་ཁྲམ་པ་ཚོང་པ་ཁ་ཤས་ཀྱིདཔེར་ན་རྒྱ་རི་ལྟ་བུ་ལག་འོག་ནས་ཚར་རྒྱུ་རེད། མི་རིགས་འདི་སྙིང་ནས་སྐྱོབ་བསམ་མཁན་ཚོར་ཕེབས་ཤོག

    Reply
  4. འཆི་བདག་ནག་པོ says:
    ལོ་ 16 སྔོན།

    ཁྱོད་ཀྱི་ཟིན་བྲིས་སྐྱ་ཐིག་༡༥མ་མཐོང་སྔན་ལ་ཁྱོད་ལ་དགག་བཞག་སྤོངས་གསུམ་གང་ཡང་བྱེད་གི་མིན།
    གང་ཡིན་ཟར་ན་་་ཆབ་སྲིད་པ་ཞིག་དང་ཡང་ན་ཡོན་ཏན་པ་ཞིག་ཡིན་པའི་ཆ་ནས་ཁྱེད་ལ་ཡིད་ཆེ་བརྟན་པོ་ཡོད།
    རྒྱུ་མཚན་མེད་པ་རང་བཤད་གྱི་མ་རེད།།

    Reply
  5. འཆི་བདག་ནག་པོ says:
    ལོ་ 16 སྔོན།

    ཨ་ཁུ་ཀླུ་མཁར་བྱམས་ལགས་
    མུ་འཐུད་ནས་བྲིས་དང་བལྟ་བཞིན་ཡོད་

    Reply
  6. བསེ་རུ། says:
    ལོ་ 16 སྔོན།

    མི་ཉག་སྐལ་བཟང་ལགས། ཁྱོད་ཀྱིས་ས་མཐའ་ནས་འདི་ལྟར་རང་གི་ཚེ་སྲོག་ལྟ་བུའི་བོད་ཡིག་འདི་བེད་སྤྱོད་རེ་གནང་སྟེ། དྲ་ཐོག་ཡང་ཡང་ཕེབས་པར་འཚམས་འདྲི་ཡོད། དུས་ཁོམ་རེ་ཡོད་ན་བསེ་རུའི་ཟིན་བྲིས་སུ་ཕེབས་དང་། ཁྱོད་ཀྱིས་བླངས་ཟིན་པའི་དབྱངས་ཤིག་གི་དབྱངས་འགྲོས་དང་བསྟུན་ཏེ་ངས་ཀྱང་གླུ་ཞིག་ལེན་ཆོག།

    Reply
  7. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    རྡ་རམ་ས་ལ་ནི་ང་ཚོའི་ཕ་ཡུལ་གཉིས་པ་ལྟ་བུ་དེ་རེད་ཅེས་ཐོས་མྱོང་། ཁྱེད་ཀྱིས་གསུངས་པ་ལྟར། མི་ཚོ་ཕ་ཡུལ་དང་ཁ་ཐག་ཇེ་རིང་དུ་སོང་སྟེ་ནུབ་ཕྱོགས་བདེ་བ་ཅན་ན་གཤར་སོང་ཡང་། ཁོང་ཚོས་ནུབ་ཕྱོགས་བདེ་བ་ཅན་ན་བདེ་བའི་རྒྱུ་དང་སྡུག་བསྔལ་གྱི་རྒྱུ་འཚོལ་བཞིན་པ་རེད་ད། ཁྱེད་རང་ལ་གོ་མཚོན་ནི་འདུག དཔའ་བརྟུལ་ནི་འདུག ཁྱོད་རང་གེ་སར་འཁྲབ་སའི་ས་ཆ་ནོར་མི་འདུག ང་རང་གེ་སར་འཁྲབ་དགོས་བསམས་ཏེ་ཆེན་པོ་ཧོར་ནས་མནའ་མ་ཞིག་བླངས་ཡོད་ཀྱང་གེ་སར་འཁྲབ་རྒྱུ་ཕར་ཞོག་གེ་སར་གྱི་འཁོར་གཡོག་ཅིག་ཀྱང་འཁྲབ་ཐུབ་ཀྱིན་མི་འདུག

    Reply
  8. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    ཨ་རོགས་མི་ཉག་བ། ང་ཚོས་བཙན་པོ་རིམ་བྱོན་གྱི་བང་སོ་སྔོན་ནས་བྲུས་ཏེ་བགོས་ཟིན་པ་མ་ཟད། ལྷ་སྒྲུང་ནང་གི་གེ་སར་རྒྱལ་པོའང་ད་དུང་གར་ཡོད་རྙེད་ཀྱི་མེད་ཁར། རྡ་ས་འདིར་གླིང་གི་དཔའ་བརྟུལ་ལ་ཁས་ཆེ་མཁན་ཚོའང་རིམ་བཞིན་ནུབ་ཕྱོགས་བདེ་བ་ཅན་ལ་གཤར་སོང་བར་བརྟེན། ད་ནི་ང་ལ་ས་ཁུག་གྱོག་འདི་ནས་གེ་སར་འཁྲབ་རྒྱུ་བྱུང་བ་རེད།

    Reply
  9. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    དགོངས་དག
    ཡིག་ནོར་འགའ་བྱུང་འདུག

    Reply
  10. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    གཙོ་གཞི་རིམ་མང་ཚོགས་ནང་གོ་རྟོགས་གསལ་རྒྱུ་གལ་ཆེན་རེད།

    Reply
  11. འབྲོག་རུ་ཆོས་གྲགས། says:
    ལོ་ 16 སྔོན།

    ཨ་ཚོགས་ཚང་གི་སྐྱ་ཐིག་དེ་ད་སྐབས་མི་མང་ནང་གླེང་སློང་མང་ཙམ་བྱེད་ཀྱིན་འདུག ཡིན་ནའང་། མང་བོ་ཞིག་གིས་ཁོང་གི་བཤད་སྟངས་གསར་བ་འདི་ལ་རྒྱབ་སྐྱོར་བྱེད་ཀྱིན་འདུག
    ཨ་རོ།
    ཨ་ཚོགས་ལགས། རབས་ཡིན་ན་ཁྱེད་རང་གིས་མང་ཚོགས་ནང་ལ་འདིའི་སྐོར་ནས་གསལ་བཤད་གང་མང་མང་བྱ་རྒྱུ་གལ་ཆེན་རེད་བསམ་གི།

    Reply
  12. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    ཨ་རོགས་ཀླུ་མཁར་བྱམས་ལགས། གླུ་འདི་ལྟར་བླངས་ཏེ་བསུས་བར་ཐུགས་རྗེ་ཆེ། ད་ནི་ཁྱེད་རང་གེ་སར་རྒྱལ་པོ་ཕེབས་སམ་སྙམ་པའི་ཚོར་བ་ཞིག་ཀྱང་དུས་མཉམ་དུ་སྐྱེས་སོང་། ད་ཆར་ང་སོག་པོ་ན་བསྡད་མེད། ཡོ་རོབ་ལུང་པ་ཞིག་ན་ཡོ་རོབ་ཀྱི་འཚོ་བ་སྐྱེལ་འགོ་བརྩམས་ཡོད། དེའི་ཞོར་ལ་ཁྱོད་ཀྱི་སྐྱ་ཐིག་དོན་ཚན་༡༥ བློ་འཛིན་བྱེད་ཀྱིན་ཡོད།

    Reply
  13. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    ཨ་རོགས་ཀླུ་མཁར་བྱམས་ལགས། གླུ་འདི་ལྟར་བླངས་ཏེ་བསུས་བར་ཐུགས་རྗེ་ཆེ། ད་ནི་ཁྱེད་རང་གེ་སར་རྒྱལ་པོ་ཕེབས་སམ་སྙམ་པའི་ཚོར་བ་ཞིག་ཀྱང་དུས་མཉམ་དུ་སྐྱེས་སོང་། ད་ཆར་ང་སོག་པོ་ན་བ

    Reply
  14. བསེ་རུ། says:
    ལོ་ 16 སྔོན།

    འཆར་ཡན་སྒུག་སྟངས་དེ་གཞན་གང་ཡང་མིན། ད་ལྟའི་ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་དང་། བོད་མི་ཚོའི་བྱ་སྤྱོད། རྒྱ་ནག་གི་གནས་བབ་སོགས་ཕྱོགས་མང་ཞིག་ལ་སྔོན་དཔག་བྱས་པའི་མཐའ་སྡོམ་ཙམ་ཞིག་རེད།
    ང་དང་ཁྱོད་ལྟ་བུའི་འཐབ་གྲོགས་ཚོས་བཙལ་ཟིན་པའི་དམིགས་ཡུལ་དེ་རྙེད་མེད་ལ། འཚོལ་མཁན་གྱི་གང་ཟག་རང་ཉིད་ཀྱང་བརླག་ལ་ཉེ་བའི་གནས་སྐབས་ཤིག་ཏུ་གྱུར་ཡོད་པ་མ་ཡིན་ནམ།།

    Reply
  15. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    ཨ་རོགས། བསེ་རུ་ཅན། འུ་ཚང་གི་ཤོར་ནོ་དེ་བསམ་བློ་ཞིག་བཏང་ན། བཤད་ནས་བཤད་ཚོད་ཡོད་པ་མ་རེད། ད་ཁྱོས་བཤད་པ་ལྟར། ད་དུང་གཞིས་བྱེས་ངོ་མ་ཐུག་པར་ལོ་ལྔ་བཅུར་སྒུག་དགོས་པའི་དབང་དུ་བྱས་ན་ཁྱོའི་འཆར་ཡུན་གྱི་སྒུག་སྟངས་ཞིག་ཤོད་དང་།

    Reply
  16. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    ཨོ་གོང་གི་ལ་གླུ་འདི་མི་ཉག་སྐལ་བཟང་ལ་བླངས་བ་ཡིན།

    Reply
  17. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    ལ་གླུ།
    ས་སོག་པོའི་རྩེད་ར་ནང་ནས།།
    སོག་མོ་གདན་གི་སྟེང་ནས།།
    སོག་ཕྲུག་ཉི་མ་རང་ཤར།།
    ལོ་དོ་ཚིགས་དབུས་ལ་མ་འགྲོ།།
    འགང་མ་འགྲོ་ཟེར་ནི་མིན་འདྲ།།
    ཡུལ་ཕ་མ་ལ་ཁའི་ཉི་མ།།
    དགུང་ཉི་མ་བསྐྱར་ཤར་ཡོད་རུང་།།
    དྲིན་ཕ་མར་བསྐྱར་ཐུག་དཀའ་གི།།
    ཞེས་ལ་གླུ་འདིས་སྔོན་བསུས་ཏེ་ཁྱེད་ལ་འཚམས་འདྲི་ཡོད། ཨ་རོ། དེང་སང་ག་རེ་བྱེད་ཀྱིན་ཡོད། ས་སོག་པོའི་ལུང་པ་སྐྱིད་པོ་འདུག་གམ།
    གཞན་ཁྱེད་ཀྱི་བསམ་ཚུལ་ཡག་པོ་འདུག་ཀྱང་། རྡོ་རིང་ཞིག་འཛུགས་ཐུབ་རྒྱུར་སེམས་ཐག་རེད།

    Reply
  18. མི་ཉག་སྐལ་བཟང་། says:
    ལོ་ 16 སྔོན།

    ཀླུ་ཁམས་བྱམས་ལགས། འདི་ལྟ་བུའི་སྐྱ་ཐིག་དོན་ཚན་རེ་རེས་ངའི་ཡིད་དབང་འཕྲོག་སོང་། ཁོམ་པ་བྱུང་ན་ལུགས་སྲོལ་ལྟ་བུའི་འོག་ནས་ལྷ་རྒྱལ་རི་ལ་དོན་ཚན་༡༥ ཅན་གྱི་རྡོ་རིང་ཞིག་ལངས་ཐུབ་ན་ཡག་པོ་འདུག་སྙམ། རྡོ་ལ་རི་མོ་བཀོད་ཚར་བའི་རྗེས་ལ་རྡ་རམ་ས་ལའི་ཆར་རླུང་དང་རྒན་འཁོགས་དག་གིས་བསུབ་ཀྱང་བསུབ་ཐུབ་ཀྱིན་མ་རེད།

    Reply
  19. བསེ་རུ། says:
    ལོ་ 16 སྔོན།

    ཀླུ་མཁར་བྱམས་ལགས།
    འདི་ལྟར་ཁྱོད་ཀྱིས་ལྟ་གྲུབ་ཅིག་གི་རྒྱབ་ལྗོངས་ཡོད་པའི་ཐོག་ནས་མི་སྐད་རེ་ཤོད་དུས་ངས་ཁྱོད་ལ་ཡིད་སྨོན་རེ་ཤོར་གྱིན་འདུག་ལ། ལྟ་གྲུབ་ལ་རྡོག་བརྗིས་གཏོང་མཁན་གྱི་གཞུང་ཞིག་ལ་འདི་ལྟར་ཁ་གཏད་རེ་གཅོག་གིན་སྡོད་དགོས་པ་འདི་མཐོང་སྐབས་སྙིང་རྗེ་ཞིག་ཀྱང་ངང་གིས་སྐྱེ་གིན་འདུག

    གང་ལྟར་ད་བར་ང་ཚོར་ཐོབ་པ་དེ་གང་རེད་དམ་ཞེས་དྲི་བ་དྲིས་ན། ཐོབ་ཤོར་སྲང་ལ་འདེགས་སྐབས། ལྕི་ཡང་ཁྱད་པར་ཤུགས་ཆེ་ཡོད་པ་ཚང་མས་ཤེས་ཡོད་ཚོད་རེད། འོན་ཀྱང་། ཐོབ་ཤོར་གྱི་ཁྲོད་ནས་ང་ཚོ་འདི་ལྟར་མི་བཅུ་ལྔ་བཅུ་འདས་པའི་དུས་དྲན་ལ་སྲུང་བརྩི་བྱེད་རན་སོང་།

    ངས་བལྟས་ན། འབྱུང་འགྱུར་གྱི་ལོ་ལྔ་བཅུའི་རྗེས་ལ་བོད་མི་བཙན་བྱོལ་དུ་གྱུར་ནས་ལོ་བརྒྱ་འཁོར་བའི་དུས་དྲན་ཞིག་སྲུང་བརྩི་བྱེད་དགོས་པ་ཞིག་ཡོང་གི་རེད་སྙམ་བཞིན་ཡོད། བོད་མི་ཚོ་དགོངས་འགལ་མེད་པ་ཞུ། རྣམ་རྟོག་དགྲ་ལ་མ་ལངས་རོགས། ངས་ད་དུང་ངའི་མི་ཚེ་འདི་གནས་མིན་མི་ཤེས་ཀྱང་། མི་ལྔ་བཅུ་ད་དུང་འདི་ལྟར་གཞིས་བྱེས་ཁ་ཐོར་གནས་དགོས་པའི་གནས་སྟངས་འདི་མུར་ལྷག་མི་ཡོང་ངམ་སྙམ་གྱིན་འདུག འདི་རང་ཉིད་ཀྱི་འཆར་ཡན་རེད།

    Reply
  20. གནས་ཚང་། says:
    ལོ་ 16 སྔོན།

    ཨ་རོགས་ཚོ། ཨམ་སྐད་ལྟར་ན་ཚང་མས་ཉོན། ཡིག་ངོ་མི་ཆོད་མཁན་ཚོར་བསུ་མ་མེད།

    Reply
  21. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་རང་བཙན་གྱི་སྐྱ་ཐིག་ ༡༥ པའི་བོད་རྩོམ་དང་། རྒྱ་རྩོམ། དབྱིན་རྩོམ་ཚང་མ་ཡིག་འདིའི་སྟོད་དུ་ཁ་སྐོང་ནང་དྲ་འདྲེན་ Link བྱས་ཡོད་པས་དེར་གཟིགས་རོགས། མ་ཟད་འགྱུར་ལ་ཐུགས་གཟབ་གནོང་། མ་དག་ས་ཡོད་ན་དགོངས་ཚུལ་ལྷུགས་སྩོལ་ཡོང་བ་ཞུ།

    Reply
  22. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    ཨ་རོགས་བཀྲིས་རྒྱ་མཚོ། ཁྱོད་འདི་ཨོ་སི་ཀྲོ་ལི་ཡའི་ཨ་མདོ་སྣ་བོ་ཆེ་ཡིན་ཚོད་ཡོད། ཡིན་ན་བདེ་མོ། ཁྱོས་བསམ་ཚུལ་ནང་བཙན་བྱོལ་གཞུང་གི་ལངས་ཕྱོགས་དང་། གཞིས་བྱེས་མི་དམངས་ཀྱི་འདོད་བློ་གང་ཡིན་གསལ་བོ་རྟོགས་དགོས་སྐོར་འཁོད་འདུག ངས་ད་ཆ་བཙན་བྱོལ་གཞུང་གི་ལངས་ཕྱོགས་དང་མི་དམངས་ཀྱི་མངོན་འདོད་གཉིས་རྒྱབ་འགལ་ཆགས་འགྲོ་གི་ཡོད་པ་ཞིག་མཐོང་གི་འདུག ཁྱོས་བལྟས་ན་ག་འདྲ་རེད། ད་དུང་མི་རབས་གསར་བ་དང་སྡེ་བ་གཞུང་གཉིས་ཀྱི་བར་ཐག་དེ་བས་རིང་ནི་རེད།

    Reply
  23. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    ཚེ་འཚོ་དང་། དཔལ་མཚོ་གཉིས་ལགས།
    ༡ རྩོམ་ཟེར་བ་འདི་རིགས་ཞེན་ཁོ་ན་དབང་གིས་ཀློག་རྒྱུ་ཞིག་མིན་མོད། ངས་རིག་ཞེན་ལས་རྒལ་བའི་རྩོམ་ཞིག་འབྲི་མ་ཐུབ་ཙང་ཁྱོད་ལ་ཅི་ཁག
    ༢ རེད་ཡ༌༌༌༌སྡེ་བས་འཁྲབ་ན་འཁྲབ། གཙོ་བོ་སོ་སོས་འཁྲབ་མི་ཉན།

    Reply
  24. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    ཚེ་འཚོ་དང་། དཔལ་མཚོ་གཉིས་ལགས།
    ༡ རྩོམ་ཟེར་བ་འདི་རིགས་ཞེན་ཁོ་ན་དབང་གིས་ཀློག་རྒྱུ་ཞིག་མིན་མོད། ངས་རིག་ཞེན་ལས་རྒལ་བའི་རྩོམ་ཞིག་འབྲི་མ་ཐུབ་ཙང་ཁྱོད་ལ་ཅི་ཁག
    ༢ རེད་ཡ༌༌༌༌སྡེ་བས་འཁྲབ་ན་འཁྲབ། གཙོ་བོ་སོ་སོས་འཁྲབ་མི་ཉན།

    Reply
  25. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    ང་མི་འཁྱམ་ལའང་བཤད་རྒྱུ་འགའ་ཡོད།
    ༡ སྙིགས་མའི་དུས་འདིར་མི་རིགས་གཞན་ཕར་ཟད། ད་སོ་སོའི་རིགས་ལའང་བོད་རང་བཙན་ཡིན་གི་ཡིན་རབས་བརྗོད་དགོས་ཚོད་འདུག་ད།
    ༢ ལམ་དབུ་མས་མ་འོངས་པར་གནས་སྟངས་ཤིག་ཐག་ཆོད་མིན་ལ་མ་བལྟས་པར། དེ་གདམ་ཁ་ཞིག་ཡིན་མ་ནོད། ང་ཚོར་གདམ་ག་དེ་གཅིག་པུ་ལས་མེད་དུས་ཚར་སོང་བ་རེད།
    ༣ ཁྱོད་འུ་གཉིས་ཀྱི་མི་ཐོག་འདིས་འདི་ཙམ་ཞིག་ལས་ལྕོགས་ཀྱང་། སྡེ་ཕྱི་རབས་པའི་འཇོན་ན་ཐང་མོ། དེ་བས་མི་རབས་ཕྱི་མའི་ལམ་ཁ་འགོག་དགོས་དོན་མི་འདུག ངས་འདས་དོན་དང་འབྱུང་འགྱུར་ཉིས་ཆར་བསྡོམས་བརྒྱབས་ན། སེམས་ཤི་གི་མེད་ད།
    ཨོ་རེད། ད་དུང་དབུ་མ་གསར་མ་ཚང་གི་སྐོར་རེད། མ་གཞི་དབུ་མ་གསར་རྙིང་གང་ཡིན་ཀྱང་རུང་། ད་ཆ་ལམ་འདི་ཚོང་པ་ཚོས་ལག་ཏུ་ཤོར་ཚར་ན་རེད། དཔེར་ན། གོམ་རིམ་ལ་མགོ་བདེ་འཁྲབ་མཁན་གྱི་ངོ་བཙོང་བ་ཚོ་ཕུད། ཁ་རྒྱ་ཡུལ་ལ་འཁོར་ནས་ཆོས་ཚོང་བརྒྱག་མཁན་གྱི་བླ་རྒན་ཚོ། ཡང་ཨ་རིའི་སོ་ཉུལ་དང་། རྒྱ་ནག་མཐབ་ཕྱོགས་གཅིག་གྱུར་ཁང་དང་མཉམ་པོར་རྒྱ་ནག་ནས་ཁེ་ལས་གཉེར་མཁན། འདི་ག་བཙན་བྱོལ་ནང་ཡོང་ནས་ཁ་ལ་བོད་བསྟན་སྲིད་ཀྱི་ལ་རྒྱ་གྱེར་མཁན།་མདོར་སྲིད་ཚོང་དང་ཁེ་ཚོང་མཉམ་པོ་གཉེར་མཁན་ཚོ་ཕུད། བཙན་བྱོལ་ནང་ཁེ་ཚོང་ཙག་ཙིག་བརྒྱབ་ནས་ཁ་བརྩགས་ཁ་ཤོས་ཡོད་མཁན་ཚོ་འང་ལམ་འདིར་སྤྲོ་སྣང་ཡོད་ཡ། མི་བདེན་ན་བལྟོས་ར། ད་དུང་དེ་དག་གི་ཁ་བཀོལ་འོག་འཚོ་མཁན་ཚོ་ར་ཡོད། ངས་ཁྱོ་མི་ཤེས། མདོར་ན་ལམ་དབུ་མ་གསར་བ་ཚང་ཡང་ཚོང་པ་ཚོས་སྐད་ཆ་རེད་ཡ། སོང་ཙང་དེའི་ཁྱོ་འཐིམ་བཅུག་པར་ཁག་མེད།

    Reply
  26. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    ཨ་རོགས་ཨ་འབྲུག ཁྱོ་བདེན་ནི་རེད། ངའི་སྐྱ་ཐིག་དེ་རང་བཙན་ལེན་སྟངས་དང་སྤྲོད་སྟངས་ཉིས་ཆ་ཡིན་བསམ་ཡོད་ལ། ངའི་སྐྱི་ཐིག་ནང་དུའང་རྒྱ་མིའི་རང་བཙན་སྤྲོད་སྟངས་མ་ཤེས་པར་མི་སྤྲོད་མདོག་མདོག་དང་། ང་ཚོས་ལེན་སྟངས་མ་ཤེས་པར་མི་དགོས་མདོག་མདོག་བྱེད་ཀྱིན་ཡོད་པ་རེད་ཅེས་གསལ་བོ་བཀོད་ཡོད།

    Reply
  27. ཨ་འབྲུག་དཀོན་མཆོག says:
    ལོ་ 16 སྔོན།

    དེ་སྔོན་ངས་ཁྱེད་ཀྱི་གདོང་ལ་བལྟས་ནས་ཁྱེད་ཀྱི་བསམ་ཚུལ་འདི་རང་བཙན་ལེན་སྟངས་ཤིག་མ་རེད་རང་བཙན་སྤྲོད་སྟངས་ཤིག་རེད་ཅེས་བཤད་མྱོང་ཡོད།
    ངས་སྐབས་འདི་དག་ཏུ་ཁྱེད་སུ་ཞིག་གི་ཁ་གཏད་ཡིན་པ་ཡང་ཤེས་ཀྱི་མི་འདུག
    འོན་ཀྱང་རིག་པའི་གཞུང་ལུགས་ནི་ཀླད་པ་སྟོང་བའི་ནང་དུ་བཟོ་ཐབས་མེད་པ་ཞིག་རེད། བསྒྲགས་གཏམ་སྤེལ་ན་ལོས་ཆོག རང་བཙན་ཞེས་པ་ནི་རིག་པའི་གཞུང་ལུགས་ཀྱི་ཐོག་ནས་རིགས་བསྒྲུབ་ཁུངས་སྐྱེལ་བྱེད་དགོས་པའི་འཇིག་རྟེན་ལྟ་ཚུལ་ལྟ་བུའི་མགོ་རྙོག་དང་གཏིང་ཟབ་ཅིག་མ་རེད།

    Reply
  28. མི་འཁྱམ says:
    ལོ་ 16 སྔོན།

    ཀླུ་མཁར་བྱམས་ལགས།

    གོང་གི་བསམ་ཚུལ་མདོར་བསྡུས་འདི། ཁྱེད་རང་གི་ལྟ་ཚུལ་ལ་དགག་པ་བྱེད་ཆེད་དུ་མིན། ང་ཚོའི་བར་བསམ་ཚུལ་སྤེལ་རེས་ཀྱི་ཆེད་ཡིན། ང་ལ་མཚོན་ན། ད་ལྟ་ལས་འགུལ་ཁང་གསར་པ་ཞིག་གིས་དབུ་མའི་ལམ་གསར་པ་ཞིག་གླེང་གི་ཡོད་པ་དེ་ནི། ང་ཚོར་དགོས་པའི་དབུ་མའི་ལམ་དེ་མིན་པ་འདྲ་འདུག ང་ཚོའི་སྤྱི་ཚོགས་ནང་དབུ་མའི་ལམ་འདི་ཡང་གསལ་པོ་ཞིག་ཆགས་མི་འདུག གསལ་པོར་བཤད་ན། ད་ལྟ་གླེང་བཞིན་པའི་དབུ་མའི་ལམ་གསར་པ་འདིས། ད་ལྟའི་གནས་སྟངས་ཤོད་ཀྱི་མི་འདུག མ་འོངས་པའི་བོད་དེ་ཡང་གསལ་པོ་ཞིག་ཡིད་ལ་དྲན་པར་མུན་པ་ཞིག་འཐིབས་བཅུག་གི་འདུག དེ་ལ་ལྟ་ཚུལ་གང་ཡོད་ཤེས་འདོད་ཡོད།

    Reply
  29. མི་འཁྱམ says:
    ལོ་ 16 སྔོན།

    ཀླུ་མཁར་བྱམས་ལགས།

    ཁྱེད་རང་གི་དོན་ཚན་བཅོ་ལྔ་དེ་སྔོན་ནས་བཀླགས་ཟིན། བསམ་ཚུལ་སྙིང་རྗེ་བོ་ཞིག་བྲིས་ཡོད་པ་དེ་འང་གློག་ཀླད་ནང་ནས་སྔ་མོ་ནས་བརླག་ཚར་སོང། དེ་རིང་གི་འདི་ལྟར་བདག་པོ་ཞིག་ཡོད་སྙམ་མ་ཤར་ནས་ཡིན། ད་ནི་བདག་པོ་ཞིག་ཡོད་པ་དེ་ངོ་འཕྲོད། དེ་དུས་བྲིས་པའི་བསམ་ཚུལ་ནང་དོན་གནད་གསུམ་གླེང་ཡོད་པ་དེ་ད་ལྟ་སེམས་ན་འདུག དེ་གསུམ་ནི།
    ༡ སྔོན་བྱུང་ལོ་རྒྱུས་སྟེང་གི་བོད་དེ་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་བདེན་པ་དེ་བོད་མི་ཚོས་ཤེས་ཀྱི་ཡོད་པ་རེད། དེ་ཡིན་སྟབས། བོད་ཀྱི་སྤྱི་ཚོགས་ནང་བོད་རང་བཙན་གྱི་ཁུངས་སྐྱེལ་བྱེད་མཁན་ཡང་ཡོང་གི་ཡོད་པ་དེ་ཚོ་ནི། དགོས་མཁོ་མེད་པ་ཞིག་མཐོང་གི་འདུག གང་གིས་ན། ང་ཚོས་རང་གི་ལོ་རྒྱུས་ཀྱི་བདེན་པ་དེ་ཤེས་ཀྱི་ཡོད་པ་རེད།
    ༢ དབུ་མའི་ལམ་ནི། ད་ལྟའི་བོད་ཀྱི་གནས་སྟངས་ལ་གཞིགས་ཏེ། མ་འོངས་པའི་གནས་སྟངས་ཐག་གཅོད་པར་གཏན་འབེབས་ཀྱི་ལམ་ཁ ཞིག་དང་འདམས་ཀ་ཞིག་ཆགས་ཡོད་པ་རེད། དེ་ནི་ད་ལྟའི་ང་ཚོའི་གནས་སྟངས་ཀྱིས་ལྕོགས་ཤོས་དང་འཚམ་ཤོས་ཀྱང་ཆགས་ཡོད་པ་རེད།
    ༣ རང་བཙན་ལེན་དགོས་པ་ལས་གཞན་གྱི་འདམས་ཀ་གང་གིས་ཀྱང་བོད་འདི་འགན་ལེན་ཐུབ་ཀྱི་མ་རེད་ཟེར་མཁན་ཡོད་པ་རེད། རང་བཙན་ནི་བོད་རྒྱ་ཆེའི་མི་མང་གི་འདོད་པ་མཐར་ཐུག་རེད་ཟེར་མཁན་ཡོད་པ་རེད། དེ་ནི་ཚད་མཐོ་ཤོས་ཀྱི་རེ་བ་རེད། ཡིན་ནའང་། ང་ཚོའི་རང་བཙན་ཇི་ལྟར་ཤོར་བ་དང་། དེའི་སྔ་རྗེས་ཀྱི་བོད་དེར་ཕྱིར་ལྟོས་ཤིག་བྱས་པ་ཡིན་ན། དེའི་སྟེང་། དེ་རིང་ཁ སང་གི་ང་ཚོའི་གནས་སྟངས་འདི་བསྡོམས་ནས་བལྟས་པ་ཡིན་ན། ད་གཟོད་ང་ཚོས་གང་ཞིག་ཐེག་ཐུབ་ཀྱི་ཡིན་མིན་དེ་གསལ་པོ་ཞིག་ཆགས་ཀྱི་རེད། དེ་ནས་གོམ་པ་གང་དུ་སྤོ་དགོས་པའང་ཤེས་ཀྱི་རེད།
    འདི་དག་ནི་ངའི་བསམ་ཚུལ་སྙིང་རྗེ་པོ་དེའི་ནང་གི་གནད་དོན་ལྟེ་བ་གསུམ་ཡིན། ད་ལྟ་བསམ་ཚུལ་སྙིང་རྗེ་བོ་དེ་གློག་ཀླད་ནང་ནས་རྙེད་པའི་ཐབས་ཤེས་དང་རེ་བ་བྱེད་བཞིན་ཡོད། འཚོལ་བཞིན་ཡོད། རྙེད་པ་ཡིན་ན། འདིར་འགོད་རྩིས་ཀྱིས་ཡོད།

    Reply
  30. དབང་ལྡན་མཚོ་མོ། says:
    ལོ་ 16 སྔོན།

    ཇོ་ཀླུ་མཁར་བྱམས་ཁྱེད་ཀྱི་བསམ་ཚུལ་ཡག་པོ་རེད།
    ཡིན་ནའང་བཙན་བྱོལ་ལ་གནས་པས་བོད་མི་ཚོའི་ད་པར་དུ་གློག་སྙན་ག་འདྲ་བྱས་ནས་འཁྲབ་ཡོད་པ་ང་ལས་ཁྱེད་ལ་གལས་པོ་རེད།

    Reply
  31. བཀྲ་ཤིས་རྒྱ་མཚོ says:
    ལོ་ 16 སྔོན།

    སྐུ་ཞབས་ཀླུ་མཁར་ལགས། ཁྱོད་ཀྱི་རང་བཙན་སྐྱ་ཐིག་ཞེས་བའི་རྩོམ་ཡིག་འདི་རླབས་ཆེ་ལ་དོན་དང་ལྡན་པ་ཞིག་རེད། མ་གཞིར་བོད་མི་རིགས་ལ་རང་བཙན་མི་དགོས་བ་ག་ལ་ཡིན། འོན་ཀྱང་ང་ཚོའི་རང་བཙན་ནི་མཚོན་རྣོན་པོའི་ཁ་ཡི་སྦྲང་རྩི་བཞིན་ཡིན་པས་ལེན་མ་ཤེས་ན་ལྕེ་རྩེར་རྨ་མི་བཟོ་བའི་ངེས་བ་མེད།
    དེར་བརྟེན་ཁྱོད་ཀྱི་དམགས་ཡུལ་འདིའི་ཁ་ཕྱོགས་བཙལ་དགོས་ན་བོད་ཕྱི་ནང་གཉིས་ཀྱི་མི་དམངས་ཀྱི་སེམས་ཀྱི་དམིགས་འདུན་དེ་ཅིས་ཀྱང་བཙལ་ཏེ་རྙེད་དགོས། དེར་མ་ཟད་དམིགས་བསལ་གྱིས་བཙན་བྱོལ་གཞུང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་མི་དམངས་ཀྱི་འདོད་བློ་གང་ཡིན་གསལ་བོར་རྟོགས་དགོས། འདི་ནི་ཁྱོད་སྐྱ་ཐིག་ནང་གི་ཡང་སྙིང་དུའང་འཛིན་ཆོག།

    Reply
  32. ནད་པ says:
    ལོ་ 16 སྔོན།

    ཆེས་ཐ་མའི་འགྲོ་ལམ་ལ་བཅོས་རོགས

    Reply
  33. ནད་པ says:
    ལོ་ 16 སྔོན།

    ཨ་ཚོགས་ཀླུ་མཁར་འབྱམས་ཁམས་བཟང་། བོད་རང་བཙན་གྱི་སྐྱ་ཐིག་དོན་ཚན་༡༥ ཞེས་པར་སེམས་གཏིང་ནས་བསམས་ན་ངོ་མ་མི་དགའ་མཁན་གྱི་བོད་པ་སུ་ཞིག་ཨེ་ཡོད་སྙམ།

    ང་ཚོས་རླབས་ཆེན་བོད་བཙན་པོའི་དུས་རབས་ལ་གཞིགས་བཅོལ་ཏེ་ཆོལ་གསུམ་ས་ཡི་གོམ་བུ་གཅིག་ཏུ་བསྒྲིལ་ནས་སྐྱར་དྲན་དང་། སྐྱ་ཐིག སྐྱ་དར་བཅས་གསུམ་གྱི་དུས་རབས་གསར་པའི་འདུན་ལམ་ན་མི་རབས་གསར་པ་དག་གི་བཙན་པོའི་ཁ་ཕྱོགས་གཅིག་རང་དུ་མདུན་བསྐྱོད་ལྷོད་མེད་དང་། དཔའ་མཛངས་ལྡན་པ། མཐར་གཏུགས་པ་བཅས་ཀྱིས་འགྲོ་ལམ་རྒྱུན་འཁྱོངས་པ་ཞིག་ཅིའི་ཕྱིར་མི་བྱེད།

    ཟང་ཟིང་གི་དཀྱིལ་ན་ཉམས་ཆགས་ཡོད་ལ། ཉམས་ཆགས་ཀྱི་འཁྲོད་ན་གོད་ཆགས་ཆེན་པོ་ཡོད། གོད་ཆགས་ཀྱི་རྐྱེན་ལས་དཀའ་སྡུག་བྱུང་ལ། དཀའ་ཐུབ་ཇི་ཙམ་མྱང་ན་དེ་ཙམ་གྱི་མྱོང་བ་ཟབ་མོ་ཞིག་ཐོབ་ཐུབ། དཀའ་སྡུག་ཙད་མེད་གཅིག་དང་མངོན་སུམ་གྱི་མྱོང་བ་དག་ལ་བརྟེན་ནས་མཐར་བཙན་པོའི་རྒྱལ་ཁ་ཞིག་ཡོད།

    དེ་འདྲའི་འཕང་ཁ་ཞིག་གི་ཀློང་དཀྱིལ་ནས་ངེད་ཅག་བོད་རིགས་ཚང་ལའང་ཐ་ཆེས་ཐ་མའི་འྒརོ་ལམ་ཞིག་དང་། རྒྱལ་ཁ་ཆེན་པོ་ཞིག་ཅིའི་ཕྱིར་མི་འཐོབ་བམ།

    Reply
  34. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    དྲ་གྲོགས་ཚོ་རང་བཙན་གྱི་སྐྱ་ཐིག་ ༡༥ པ་དེ་རྩོམ་ཡིག་འདིའི་སྟོད་དུ་ཡིག་གཟུགས་སྔོན་པོའི་ནང་དུ་དྲ་འདྲེན་ Link བྱས་ཡོད་པས་དེར་གཟིགས་རོགས།

    Reply
  35. བསྟན་འཛིན་ཚེ་འཚོ། says:
    ལོ་ 16 སྔོན།

    ཇོ་ཀླུ་མཁར་བྱམས་ལགས། སྐུ་ཉིད་ནི་དོན་དངོས་ཀྱི་སྤྱི་ཚོགས་ཞབས་ཞུ་པ་རེད་ལ་བོད་མིའི་གླེང་མཁན་ཞིག་རེད་ཞེས་ཕྲན་ནས་གོ་མྱོང་ཡོད། དེ་བས་རིགས་ཞེན་གྱིས་དབང་གི་གུས་མོས་ཀྱང་རྒྱུན་དུ་ཉིད་ཀྱི་ཆེད་རྩོམ་རྣམས་ཀློག་བཞིན་ཡོད།

    Reply
  36. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 16 སྔོན།

    ལགས་སོ་ལགས། ང་ནི་ཀློག་མཁན་ཡག་པོ་ཞིག་ཡིན། དངོས་ནས་བཤད་དུས། རང་ཉིད་འདིའི་བསྐོར་ལ་དོ་སྣང་ཤུགས་ཆེན་ཡོད་མཁན་ཞིག་ལས་ཀླུ་མཁར་བྱམས་སྐུ་ཉིད་བཞིན་དུ་འདིའི་བསྐོར་ལ་ཞིབ་འཇུག་གང་ཙམ་བྱས་མྱོང་མཁན་དེ་འདྲ་ཞིག་གཏན་ནས་མིན་སྟབས། འདིའི་བསྐོར་ལ་ཞིབ་དུ་ཉན་ནས་རྗེས་སོར་བསམ་བློ་ཞིབ་དུ་གཏོང་རྒྱུ་ཞིག་ལས་དྲ་ཐོག་གི་ཐད་ཀར་བསམ་ཚུལ་འབྲི་ཐུབ་པ་ཞིག་མ་རེད། གང་ལྟར། སྐུ་ཉིད་ཀྱིས་ལོ་མང་རིང་དཀའ་ལས་བརྒྱབ་དེ་ཕྱག་ལས་གནང་བའི་ཉམ་མྱོང་གི་ཟིན་ཐོ་ཞིག་རེད་ཅེས་ཟེར་ན་མ་ཆོག་པ་མེད་པ་ལྟ་བུ་ཞིག་ཆགས་ཡོད་པ་ཡིན་དུས། ཀློག་མཁན་དག་གིས་ཀྱང་ཟ་དང་ཟུང་ཟ་མི་གནང་བར་ཞིབ་དུ་ཀློག་རྒྱུར་བདག་གིས་ཀྱང་རེ་བ་བྱེད་ཀྱི་ཡོད་ལ། ཉིད་ཀྱིས་ཀྱང་དྲི་བ་དྲི་ལན་གཡོལ་ཀྱོག་མེད་པར་གནང་ཐུབ་རྒྱུར་འབོད་སྐུལ་ཡོད། ཉེ་སྔོན་གྱི་ཁང་གསར་ཁྱེད་གཉིས་ཀྱི་ནང་རྩོད་ལྟ་བུར་མི་འགྱུར་བར་རེ་སྐུལ་ཞུ།

    Reply
  37. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    དྲ་གྲོགས་རྣམ་སླར་ཡང་རྒྱུར། སང་ཉིན་ནས་སྐྱ་ཐིག་དོན་ཚན་བཅོ་ལྔ་བ་བསམ་ཚུལ་ནང་འདིར་བཀོད་རྒྱུ་ཡིན་པས། དུས་ལྟར་བགྲོ་གླེང་ཡོང་བ་ཞུ།

    Reply
  38. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    ཡ་ཡ། བློ་གྲོས། རྒྱབ་ནས་སྐྱོར་བར་བཀའ་དྲིན་ཞུ། འོན་ཀྱང་ཉིད་ཀྱིས་འཛམ་གླིང་གི་འཕེལ་ཕྱོགས་ལ་བལྟ་དུས། ངའི་སྐྱ་ཐིག་ནང་ལྟར་འགྲོ་ས་ཞིག་མ་མཐོང་བ་ནི་གནད་འགག་གཙོ་བོ་རེད། ཡིན་ཡང་ང་སེམས་ཤུགས་ཆགས་མེད།

    Reply
  39. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    ཀླུ་མཁར་བྱམས་ལགས། སྐུ་ཉིད་ཀྱིས་བཏབ་པའི་སྐྱ་ཐིག་གམ་རྨིས་པའི་རྨི་ལམ་དེ་ཡིད་འོང་མཛེས་སྡུག་ལྡན་པ་ཞིག་འདུག་པས་ཧ་ཅང་དགའ་བོ་བྱུང་ལ་ཁྱེད་ལ་ཤ་ཚའམ་རྒྱབ་སྐྱོར་གྱི་སེམས་ཤུག་ཅིག་ཀྱང་སེམས་གཏིང་ནས་སྐྱེས་བྱུང་། ཡིན་ནའང་འཛམ་གླིང་གི་འགྱུར་འགྲོས་དང་དོན་དངོས་ལ་ཁ་མ་ཕྱོགས་ན་འགྲོ་ལམ་ཞིག་མེད་པའང་སྐུ་ཉིད་ནས་ངེས་པར་དུ་མཁྱེན་དགོས་ངེས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese