མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་བརྒྱའི་བགྲོ་གླེང་རྟཊ་མ།

བོད་ཀྱི་དུས་བབ།
༢༠༠༩/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

སྐབས་དང་པོའི་གཞུང་བརྒྱའི་བགྲོ་གླེང་རྟགས་མའི་མི་རིགས་རིག་གནས་དར་སྤེལ་དཔྱད་གླེང་ཚོགས་ཆེན་དེ་མཚོ་སྔོན་ཟི་ལིང་དུ་ཚོགས་ཏེ། བོད་ཀྱི་རིག་གནས་དར་སྤེལ་དང་མི་རིགས་མཐུན་སྒྲིལ། སློབ་གསོ་གོང་སྤེལ། འཛམ་གླིང་ཞི་བདེ་བཅས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་དང་གནང་ཡོད་པ་མ་ཟད། མཁས་དབང་ཁག་ཅིག་ལ་རིམ་པ་མི་འདྲ་བའི་བྱ་དགའི་རྟགས་མའང་བསྩལ་ཡོད་འདུག

 ཟླ་འདིའི་ཚེས་ ༡༠ ་ནས་ ༡༡ ཉིན་གཉིས་རིང་སྐབས་དང་པོའི་གཞུང་བརྒྱའི་བགྲོ་གླེང་རྟགས་མའི་མི་རིགས་རིག་གནས་དར་སྤེལ་དཔྱད་གླེང་ཚོགས་ཆེན། ཞུ་བ་ཞིག་མཚོ་སྔོན་ཟི་ལིང་གྲོང་ཁྱེར་གྱི་མགྲོན་ཁང་ཆེན་པོ་ཞིག་ཏུ་ཚོགས་ཡོད་པ་དང་། དཔྱད་གླེང་ཚོགས་ཆེན་དེའི་སྟེང་། གསེར་རྟ་བླ་རོང་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་། རྭ་རྒྱ་ཤེས་རིག་ནོར་བུའི་གླིང་གི་སློབ་གཙོ་འཇིགས་མེད་རྒྱལ་མཚན། མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གཙོ་འཛིན་བཀྲ་ཤིས་ཟླ་བ། ཞིང་ཆེན་གྱི་མགོ་ཁྲིད་པ་རྒན་པ་གཡང་མོ་རྒྱལ། བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་འཇིགས་མེད་བསམ་གྲུབ་སོགས་སྐད་གྲགས་ཆེ་བའི་མཁས་པ་བཅུ་ཕྲག་ལྷག་མཉམ་ཞུགས་གནང་ཡོད་པ་དང་། ཟི་ལིང་གྲོང་ཁྱེར་གྱི་ལས་ཁུངས་ཁག་དང་། མཐོ་རིམ་སློབ་གྲྭ་ཁག་གི་དགེ་སློབ་བཅས་མི་བརྒྱ་ལྷག་ཕེབས་ཡོད་འདུག

 

ཐེངས་འདིའི་ཚོགས་ཆེན་གོ་སྒྲིག་གནང་མཁན་ཙོང་ཁའི་མདའ་འཕེན་གླུ་གར་ལྷན་ཚོགས་དང་། མཚོ་སྔོན་གངས་རྩེན་རིག་གནས་ཁྱབ་སྤེལ་འགན་ལེན་སྤྱི་གཉེར་ཁང་། གཞུང་བརྒྱའི་བགྲོ་གླེང་རྩོམ་སྒྲིག་ཁང་བཅས་ཀྱིས་མཉམ་དུ་སྒྲུབ་པ་ཞིག་ཡིན་ཞིང་། ཉིན་དེར་ཀན་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་དཔོན་ཆེན་མོ་བསེ་ཚང་བློ་བཟང་དཔལ་ལྡན་དང་། སེ་ར་དགོན་པའི་དགེ་བཤེས་ཟླ་གྲགས། དེ་བཞིན་རྫོང་དང་ཁུལ་རིམ་པའི་མི་རིགས་སློབ་གསོ་སྡེ་ཁག་དག་གིས་ཐེངས་འདིའི་དཔྱད་གླེང་ཚོགས་ཆེན་ལ་ཆེད་དུ་རྟེན་འབྲེལ་ཞུ་ཡིག་ཕུལ་ཡོད་པ་དང་། གཞུང་བརྒྱའི་བགྲོ་གླེང་རྩོམ་སྒྲིག་ཁང་གི་གཙོ་སྒྲིག་པ་སྤྲིན་གྱི་མེ་ཏོག་ལགས་ཀྱིས་རེ་རེ་བཞིན་སྒྲོག་སྦྱོང་གནང་ཡོད་འདུག ཚོགས་ཆེན་སྟེང་། མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་བཀྲ་ཤིས་ཟླ་བ། ལྕགས་ཐར་རྒྱལ། ལྡོང་ཡོན་ཏན་རྒྱ་མཚོ་སོགས་མདོ་དབུས་ཁམས་གསུམ་གྱི་མཁས་པ་གྲགས་ཆེན་ཁག་ཅིག་གིས་བོད་ཀྱི་རིག་གནས་དར་སྤེལ་དང་མི་རིགས་མཐུན་སྒྲིལ། སློབ་གསོ་གོང་འཕེལ། འཛམ་གླིང་ཞི་བདེ་བཅས་ཀྱི་བརྗོད་གཞིའི་ཐོག་གཏམ་བཤད་དང་འཆད་ཁྲིད་བྱས་ཡོད་འདུག

 

གཞུང་བརྒྱའི་བགྲོ་གླེང་རྟགས་མའི་མི་རིགས་རིག་གནས་དར་སྤེལ་དཔྱད་གླེང་ཚོགས་ཆེན་གྱི་མཇུག་བསྡོམས་ཉིན་གྱི་ཕྱི་དྲོར་ཀན་ལྷོ་གཙོས་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་དཔོན་ཆེན་མོ་བསེ་ཚང་བློ་བཟང་དཔལ་ལྡན་དང་། ནུབ་བྱང་མི་རིགས་སློབ་ཆེན་བོད་སྐད་ཡིག་སྡེ་ཁག་གི་སློབ་དཔོན་དོར་ཞི་གདོང་དྲུག་སྙེམས་བློ། གསེར་རྟ་བླ་རོང་ལྔ་རིགས་ནང་བསྟན་སློབ་གྲྭའི་སློབ་དཔོན་མཁན་པོ་ཚུལ་ཁྲིམས་བློ་གྲོས་བཅས་གསུམ་ལ་ཕུལ་བྱུང་མཁས་དབང་བྱ་དགའ་བསྩལ་ཡོད་པ་དང་། དགེ་བཤེས་བློ་བཟང་ལུང་རྟོགས་དམ་ཆོས་རྒྱ་མཚོ་དང་། ཧྰུང་ཀར་རྡོ་རྗེ། འཇིགས་མེད་རྒྱལ་མཚན། ལྕགས་ཐར་རྒྱལ། བྱ་ཁྱུང་སངས་རྒྱས། ཨ་ལགས་ལུང་རིགས། བཀྲ་ཤིས་ཟླ་བ་བཅས་མི་བདུན་ལ་ཕུལ་བྱུང་སློབ་གསོའི་བྱ་དགའ་བསྩལ་ཡོད་འདུག གཞན། རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་དང་། སངས་རྒྱས་རྒྱལ། ལྡོང་ཡོན་ཏན་རྒྱ་མཚོ། གཅན་རོང་བསྟན་འཛིན། བསམ་འགྲུབ་ཚེ་རིང་། ལྷ་ལྡན་བཅས་མི་དྲུག་ལ་གཞུང་བརྒྱའི་བགྲོ་གླེང་དུས་དེབ་ཀྱི་ཕུལ་བྱུང་རྩོམ་རིག་བྱ་དགའ་བཅས་བསྩལ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

China’s top Communist Party leaders have gathered in Beijing for the Fifth Plenum—a closed-door meeting that could reveal important clues about the country’s political future.
Mobile App

ཞི་ཅིན་ཕིན་གྱིས་སྲིད་དབང་སྒེར་གཅོད་མུ་མཐུད་བྱེད་པའི་སྐབས་ལྔ་བའི་ཚང་འཛོམས་གྲོས་ཚོགས།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ཕུན་ཚོགས་ཕོ་བྲང་ནས་འཕྲོས་པའི་ཉི་འོད།

ཆུ་ཚོད་ ༡༢ སྔོན་ལ།
ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་གསར་པ། ལི་ཤུའོ་ཝུ། པར་དྲ་ལམ་ནས་བླངས།
Mobile App

རྒྱ་གཞུང་གིས་རྒྱ་རིགས་ལི་ཤུའོ་ཝུ་ལྷ་ས་གྲོང་ཁྱེར་གྱི་སྤྱི་ཁྱབ་ཏུ་བསྐོས་འདུག

ཆུ་ཚོད་ ༡༣ སྔོན་ལ།
རྒྱལ་མཚན་ནོར་བུས་ལྟ་སྐོར་བྱེད་བཞིན་པ། དྲ་ལམ་གྱི་པར།
Mobile App

རྒྱལ་མཚན་ནོར་བུ་བོད་མངའ་རིས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཟེར་བའི་ལས་དོན་ཚོགས་འདུར་ཞུགས། 

ཆུ་ཚོད་ ༡༣ སྔོན་ལ།
རྒྱ་གཞུང་གིས་ཉེས་ཆད་བཅད་པའི་དྲ་དམངས། པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

རྒྱ་གཞུང་གིས་དྲ་ལམ་དུ་ས་ཡོམ་དང་འབྲེལ་བའི་གནས་ཚུལ་སྤེལ་མི་ཆོག་ཟེར།

༢༠༢༦/༡༠/༢༦
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གྲོས་ཆོད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱལ་སྤྱིའི་དགེ་ལྷན་ཁྱབ་ཁོངས་ཀྱི་དགེ་འདུན་པ་རྣམས་སྤྱི་འཐུས་ཀྱི་འོས་མིར་བཞེངས་མི་ཆོག་པའི་ཐག་གཅོད་གནང་། 

༢༠༢༦/༡༠/༢༦

མཆན། 11

  1. རྫ་ཆུའི་ཟླ་བ། says:
    ལོ་ 17 སྔོན།

    འདི་ནི་ང་ཚོའི་སྤྲོ་སེམས་དགོང་དུ་འཕུར་བའི་དུས་བཟང་ཡིནལ།
    ལྔ་རིག་གི་དྲོད་ཁོལ་འཚོལ་བའི་རྗེད་མེད་ཀྱི་དན་རྟགས་ཀྱང་ཡིན།

    Reply
  2. རྐང་རྗེན་པ། says:
    ལོ་ 17 སྔོན།

    གོ་སྒྲིག་གནང་མཁན་དང་ཚོགས་ཞུགས་པ་ཚང་མ་ལ་བཀྲ་་་་ཤིས་བདེ་ལེགས་ཞུ།
    བརྗོད་གཞི་ཡང་རྒྱ་ཇེ་ཆེ་དང་ཇེ་ལེགས་སུ་འགྲོ་བཞིན་འདུག འོན་ཀྱང་མཁས་པ་རྒན་རབས་པ་རྣམས་རྫོགས་འགྲོ་གི་ཡོད་པ་ཞིག་མཐོང་གི་འདུག་ལ། དབུས་གཙང་ཁུལ་ནས་ཀྱང་འདིའི་ནང་སུ་སླེབས་མེད་པ་འདྲ། མ་ཡོད་པ་ཡིན་ནམ།

    Reply
  3. གཅན་བཟོད་རྒྱམ། says:
    ལོ་ 17 སྔོན།

    ཁོང་རྣམ་པས་བོད་ཀྱི་ཤེས་རིག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ལས་མཛད་རྗེས་རླབས་ཆེན་གནང་བའི་མཛད་པ་ལ་མངོན་པར་བསྟོད་དོ།།
    མུ་ནས་མུ་མཐུད་དེ་འདི་ལྟར་གནང་བར་མཛོད་ཅིག

    Reply
  4. དབྱངས་ཅན་རོལ་བའི་འོ་མཚོ་། says:
    ལོ་ 17 སྔོན།

    མཁས་དབང་ཚུལ་བློ་ཁོང་སྐུ་པར་ནང་ནས་མཇལ་ཐེངས་གཉིས་པ་དེ་ཡིན་བྱས་ན་ཁོང་ལ་གོ་སྐབས་འདིའི་རྒྱུད་ནས་བཀྲ་ཤིས་བདེ་ལེགས་ཞུས་འདོད་སྐྱེས
    སླར་ཡང་རྒྱལ་བསྟན་མི་རོ་རྨང་ནས་གསོལ་ཐུག་པས་རེ་བ་ཡོད་

    Reply
  5. ནད་པ says:
    ལོ་ 17 སྔོན།

    ངོ་མ་དགའ་འོས་པའི་གཏམ་བཟང་ཞིག་རེད། ཁ་བྲོ། བཀའ་ཤིས།

    ངེད་ཅག་བོད་པ་ཚང་ལ་འདི་འདྲའི་འི་རླབས་ཆེ་བའི་རིག་གཞུང་ཟབ་མོ་ཞིག་ཡོད་སྟབས་འཛམ་གླིང་འདིའི་སྟེང་གངས་ཅན་བོད་རིགས་ཚོར་འདུན་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་འདུག

    Reply
  6. ཚེ་རིང་བཀྲ་ཤིས། says:
    ལོ་ 17 སྔོན།

    འདི་ནི་ངེས་པར་དགའ་འོས་པའི་ཤིས་འཕྲིན་བཟང་བོ་ཞིག་རེད།
    ངས་བཅོས་མིན་སེམས་ཁོང་ནས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

    Reply
  7. དབང་ལྡན་མཚོ་མོ། says:
    ལོ་ 17 སྔོན།

    ངོ་མ་ཡག་པོ་རེད།
    འགྲོ་བ་ཅི་སྲིད་གནས་གྱུར་པ།།
    དེ་སྲིད་དག་ནི་གནས་གྱུར་ཅིག།

    Reply
  8. གྲགས་པ་རྒྱ་མཚོ། says:
    ལོ་ 17 སྔོན།

    མཁས་དབང་ཚུལ་ཁྲིམས་བློ་གྲོས་མཆོག་ལ་ཕྱག་འཚལ་ལོ།།

    Reply
  9. phonya says:
    ལོ་ 17 སྔོན།

    ཨ་ཧོ། གོང་ནས་གོང་དུ་འཕེལ་བར་གྱུར་ཅིག

    Reply
  10. བསེ་རུ། says:
    ལོ་ 17 སྔོན།

    ཨེ་མ་ཧོ་བསྐལ་པ་བཟང་།
    གངས་ཅན་ཤེས་རིག་གི་ཉི་མ་ཆེན་པོ་མི་ནུབ་པར་གྱུར་ཅིག།

    Reply
  11. ཁང་གསར་རྡོ་རྗེ། says:
    ལོ་ 17 སྔོན།

    མངོན་པར་བསྟོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese